པའོ་ཁང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའོ་ཁང་རྫོང་།
པའོ་ཁང་རྫོང་ནི་ཧུའུ་པེ་ཞིང་ཆེན་ཞང་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧུའུ་པེའི་ནུབ་བྱང་རྒྱུད་དང་། ཞང་དབྱང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཤར་ནི་ཞང་ཧྥན་དང་། ལྷོ་ནི་དབྱི་ཁྲང་། ནུབ་ནི་ལེན་ཧྲེན་ནུང་ཅ། བྱང་ནི་ཝུའུ་ཏང་ཧྲན་བཅས་ལ་འབྲེལ་ཡོད། ཞང་དབྱང་གྲོང་ཁྱེར་ཁོངས་ཀྱི་རི་ཁུལ་རྫོང་གཅིག་པུ་ཡིན། ཅིན་ཧྲན་གྱི་རི་རྒྱུད་གཙོ་བོས་ཤར་ནུབ་འཕྲེད་དུ་བཅད་ཡོད་ལ། ཅིན་ཧྲན་གྱི་བྱང་ངོས་དང་ལྷོ་ངོས་ཀྱི་ཆུ་བོའི་རྒྱུད་དེ་ཧན་ཅང་གཙང་པོར་འབབ་པ་དང་། ཅིན་ཧྲན་ལྷོ་ངོས་ཀྱི་ཅུའུ་ཆུའི་ཆུ་རྒྱུད་དེ་འབྲི་ཆུར་འབབ་པ་ཡིན། པའོ་ཁང་རྫོང་གི་མིང་གི་ནང་དོན་ནི“དམངས་སྲུང་སྤྲོ་སྐྱིད་ཁང”ཞེས་པ་དེ་ཡིན་པ་དང་། ཡུས་མིང་ཧུང་ཀྲི་ཁྲི་ལོ་བཅུ་གཅིག(སྤྱི་ལོ1498ལོར)བཙུགས་ནས་ད་བར་ལོ500ལྷག་ཙམ་སོང་ཡོད། ཁྲུའུ་རྒྱལ་ཁབ་ཀྱི་འབྱུང་རྩ་དང་ཅིན་ཁྲུའུ་རིག་གནས་ཀྱི་འབྱུང་གནས་ཡིན། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3225ཡོད་པ་དང་། རྫོང་ཁོངས་སུ་ཤང་གྲོང11དང་། གྲོང་ཚོ257 སྡེ་ཁུལ19ཡོད། སྤྱི་ལོ2016ལོར་སྤྱིའི་མི་འབོར་ཁྲི35ཡོད་པ་རེད། རྫོང་སྲིད་གཞུང་ནི་ཁྲེང་ཀོན་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
保康县
ཕྱི་ཡིག་གི་མིང་།
Baokang County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧུའུ་པེ་ཞང་དབྱང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ10དང་། ཞང1 སྲིད་འཛིན་གྲོང་ཚོ257ཡོད།
སྲིད་གཞུང་གནས་ཡུལ།
ཁྲེང་ཀོན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0710
སྦྲག་སྲིད་ཨང་རྟགས།
441600
གནས་ཡུལ།
ཧུའུ་པེ་ནུབ་བྱང་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3225ཡོད།
མི་གྲངས།
ཁྲི35(སྤྱི་ལོ2016ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཧྲེན་ནུང་ཅ་གནམ་གྲུ་ཐང་དང་། ཞང་དབྱང་ལིའུ་ཅི་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
པའོ་ཁང་རྫོང་ས་ཚིགས། ཞང་དབྱང་ཏུང་ཅིན་ས་ཚིགས། ཞང་དབྱང་ས་ཚིགས། ཞང་དབྱང་ཏུང་ས་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)F
སྲིད་འཛིན་ཚབ་ཨང་།
420626
1 ​འཛུགས་སྐྲུན་གྱི་འཕེལ་རིམ།

ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ་ཁྲུའུ་ཡི་མངའ་ཁོངས་ཡིན། ཁྲུའུ་རྒྱལ་ཁབ་ཀྱི་རྒྱལ་པོ་དང་པོ་ཞུང་དབྱི་ཡིས་ཅིན་ཧྲན་དུ་བྱ་གཞག་གསར་གཏོད་བྱས་པ་དང་། ཆིན་དང་ཧན་གྱི་དུས་སྐབས་སུ། རྫོང་ཁོངས་ཀྱི་ལྷོ་ཕྱོགས་ནི་ལིན་ཅུའུ་རྫོང་གི་ཁོངས་སུ་གཏོགས་པ་དང་། ཤར་བྱང་ཁུལ་ནི་ཅིན་ཀྲོའུ་ནན་ཅུན་རྫོང་གི་ཁོངས་སུ་གཏོགས།

པའོ་ཁང་ནི་མིང་རྒྱལ་རབས་ཀྱི་ཧུང་ཀྲི་ཁྲི་ལོ་བཅུ་གཅིག་པར་བཙུགས་པ་དང་ད་བར་ལོ500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།

སུང་རྒྱལ་རབས་བྱང་མའི་གཡུང་ཞི་ཡིས་སྲིད་ལོ་གསུམ་པའི་རིང་ལ་ཧྥང་རྫོང་དུ“པའོ་ཁང་དམག”(དམག སུང་རྒྱལ་རབས་ཀྱི་ས་ཁོངས་དབྱེ་མིང་། ཀྲོའུ་སྲིད་གཞུང་དང་རིམ་པ་འདྲ)བཙུགས་པ་དང་། དེ་ལ་བརྟེན་ནས་མིང་དེ་ལྟར་ཐོགས་པ་རེད། དང་ཐོག་ཧུའུ་ཀོང་པུའུ་ཡི་སྲིད་བློན་སི་ཡན་དབྱང་ཧྥུ་ཡི་ཁོངས་སུ་གཏོགས། ཆིང་རྒྱལ་རབས་ཀྱི་ཐོག་མའི་དུས་སུ་མིང་རྒྱལ་རབས་ཀྱི་ལམ་ལུགས་སོར་འཇོལ་བྱས།

ཁང་ཞི་སྲིད་ལོ་གསུམ་པར(སྤྱི་ལོ1664ལོར)པའོ་ཁང་དེ་ཧུའུ་པེ་པུའུ་ཀྲེང་ཧྲི་སི་ཞ་ཅིན་ནན་ཏའོ་དབྱང་ཧྥུ་ཡི་ཁོངས་སུ་གཏོགས། མིན་གོའི་དུས་འགོར་ཞང་དབྱང་ལམ་དབྱི་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས་པ་དང་། མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོར)སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བརྒྱད་པའི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་ཉེར་ལྔ་པར་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ(ཞང་དབྱང)ལ་བསྒྱུར། དེའི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ལོ1948ལོའི་ཟླ10པར་པའོ་ཁང་རྫོང་དང་ནན་པའོ་ཞིང་དབྱི་རྫོང་གི་རྒྱལ་གཅེས་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་། ཀྲུང་ཡོན་གནས་སྐབས་མི་དམངས་སྲིད་གཞུང་ཐུང་པའེ་སྲིད་འཛིན་ཀུང་ཧྲུའུ་ཧན་ནན་དོན་གཅོད་ཁང་གི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ4པར། ནན་པའོ་ཞིང་དབྱི་རྫོང་མེད་པར་བཟོས་ཏེ། ནན་ཀྲང་གི་ཁྲུང་དབྱང་དང་མཱ་ལིའང་། ཏེན་ཡ་བཅས་པའོ་ཁང་གི་ཁོངས་སུ་གཏོགས། རྒྱལ་ཁབ་བཙུགས་རྗེས་པའོ་ཁང་རྫོང་ནི་ཐོག་མཐའ་བར་གསུམ་དུ་ཞང་དབྱང་ཁུལ་གྱི་ཀྲོན་ཡོན་ལས་ཁུངས་སུ་གཏོགས།

སྤྱི་ལོ1983ལོའི་ཟླ8པར། ཞང་དབྱང་ས་ཁུལ་དང་ཞང་ཧྥན་གྲོང་ཁྱེར་གཉིས་ཟླ་སྒྲིལ་བྱས་ཏེ། གྲོང་ཁྱེར་གྱིས་རྫོང་ཁྲིད་པའི་སྒྲིག་སྲོལ་བཙུགས། པའོ་ཁང་ཞང་ཧྥན་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

པའོ་ཁང་རྫོང་ཁོངས་སུ་ཁྲེང་ཀོན་དང་། ཧོང་པའོ། ཧོའུ་ཕིང་། ལུང་ཕིང་། མ་ལིའང་། ཏན་ཡ། ཞེ་མ། མ་ཆའོ། སི་ཕིང་། ཀའོ་ཏུའུ་ཝན་བཅས་གྲོང་རྡལ10དང་ཤང་གཅིག་སྟེ་ལིང་ཡུས་ཤང་ཡིན་ལ། ཁྱོན་སྲིད་འཛིན་གྲོང་ཚོ257ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

པའོ་ཁང་ནི་ཧུའུ་པེའི་ནུབ་བྱང་རྒྱུད་དང་། ཞང་དབྱང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཤར་གྱི་གཞུང་ཐིག110º45’-111º31’དང་བྱང་གི་འཕྲེད་ཐིག31º21’-32º06’བར་ཡིན། ཤར་ནི་ཞང་ཧྥན་དང་། ལྷོ་ནི་དབྱི་ཁྲང་། ནུབ་ནི་ལེན་ཧྲེན་ནུང་ཅ། བྱང་ནི་ཝུའུ་ཏང་ཧྲན་བཅས་ལ་འབྲེལ་ཡོད།  རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3225ཡོད་པ་དང་། རྫོང་ཁོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ82.5ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ68.5ཡོད།

3_2 ས་དབྱིབས།

མངའ་ཁོངས་སུ་རི་བོ་གཅིག་ཐོག་ཉིས་བརྩེགས་དང་། གྲོག་རོང་འཕྲེད་གཞུང་། ས་བབ་འཕར་ཆག་འགྱུར་ལྡོག་ཆེ་བས། “རི་བརྒྱད་ཆུ་གཅིག་ས་ཞིང་གཅིག”ཅེས་པའི་མཚན་སྙན་ཡོད། ཅིན་ཧྲན་རི་བོ་ནི་ནུབ་ནས་ཤར་དུ་རྫོང་དབུས་བརྒྱུད་ཅིང་། རང་བྱུང་གིས་པའོ་ཁང་ལྷོ་བྱང་གཉིས་སུ་དབྱེ་ཡོད་དེ། པའོ་ཁང་གི་ལྷོ་ངོས་རི་བོ་ཁོད་སྙོམས་པ་དང་། ལུང་གཞུང་ཅུང་ཡངས། བྱང་ངོས་རི་བོ་མཐོ་བ་དང་། ལུང་གཞུང་ཅུང་དོག རྫོང་ཡོངས་སུ་རི་ཆེ་ཆུང3100ལྷག་ཙམ་ཡོད་པ་དང་། གྲོག་རོང་ཆེ་ཆུང3300ལྷག་ཙམ་ཡོད། ཆ་སྙོམས་ས་བབ་མཐོ་ཚད་སྨི910ཡོད་པ་རེད།

3_3 ནམ་ཟླ།

པའོ་ཁང་ནི་ཚ་ཁུལ་ཕལ་བའི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན། དགུན་གྲང་ལ་དབྱར་ཚ་བ་ཡིན། དུས་བཞིའི་དབྱེ་བ་གསལ་བ་དང་ཆར་ཆུ་གཅིག་སྡུད་ཡིན། ས་ཁོངས་ནང་གི་ས་ངོས་ཆགས་ཚུལ་རྙོག་འཛིང་ཆེ་བ་དང་། མཐོ་དམན་གྱི་ཁྱད་པར་ཆེ་བ། ས་གནས་ཁག་གི་གནམ་གཤིས་ལ་ཁྱད་པར་ཅུང་ཆེ་བ། རི་དམའ་བའི་ལུང་གཞུང་དུ་ཉི་འོད་ཕོག་ཚད་ཆེ་བ་དང་། དྲོད་ཚད་ཕུན་སུམ་ཚོགས་པ། ཆར་ཆུ་འབེལ་བ། དུས་ཚིགས་ཀྱི་འགྱུར་ལྡོག་མངོན་གསལ་དོད་པ། རི་མཐོའི་ས་ཁུལ་དུ་ཆར་ཆུ་མང་བ་དང་། དྲོད་ཚད་དམའ་བ། རླན་ཚད་ཆེ་བ། བ་མོ་འབབ་སྔ་བ་དང་གངས་གསོག་དུས་ཡུན་ཅུང་རིང་བ་རེད། རི་བོ་དམའ་སའི་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད15℃ཡིན་པ་དང་། རི་བོ་འབྲིང་གི་ཆ་སྙོམས་དྲོད་ཚད12℃དང་། རི་བོ་མཐོ་སའི་ཆ་སྙོམས་དྲོད་ཚད7℃ཡིན། དྲོད་ཚད་ཆེས་མཐོ་ཤོས42℃དང་དྲོད་ཚད་དམའ་ཤོས16.5℃ཡིན། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི934.6ཡིན་པ་དང་། ལོ་རེར་ཆ་སྙོམས་སད་མེད་དུས་ཉིན240ཡིན།

4 མི་གྲངས་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་པའོ་ཁང་རྫོང་གི་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི26.9ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར98962དང་ལོ60དང་དེ་ཡན་གྱི་རྒན་རྒོན་མི་གྲངས56745ཡོད་པ་དེས་རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད་ཀྱི21.09%བཟུང་ཡོད། གསར་དུ་སྐྱེས་པའི་མི་འབོར2877དང་། ཤི་བའི་མི་འབོར2259ཡོད། སྐྱེས་པའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད114.22ཡིན། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི25.48ཡིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད42.71%ཡིན།      

4_2 མི་རིགས།      

པའོ་ཁང་དུ་རྒྱ་རིགས་ལས་གཞན། ཧྲེ་རིགས་དང་ཧུའེ་རིགས་སོགས་གྲངས་ཉུང་མི་རིགས་ཡོད། 

5 དཔལ་འབྱོར།

སྤྱི་ལོ2016ལོར་པའོ་ཁང་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར109.57ལེགས་འགྲུབ་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན8.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར21.08ཡིན་པ་དང་དུས་མཚུངས་ལས4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར46.97ཡིན་པ་དང་དུས་མཚུངས་ལས5.6%འཕར་བ་དེའི་ནང་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར50.67ཡིན་པ་དང་དུས་མཚུངས་ལས8%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར37.82ཡིན་པ་དང་དུས་མཚུངས་ལས11.4%འཕར་ཡོད། དེའི་ནང་ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར2.43ཡིན་པ་དང་དུས་མཚུངས་ལས34.2%འཕར་བ་དང་། ཁེ་གཉེར་རང་བཞིན་མིན་པའི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར8.34ཡིན་པ་དང་དུས་མཚུངས་ལས20.7%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི19.24:46.24:34.51ཡིན། 

6 སྤྱི་ཚོགས་ཀྱི་ལས་དོན།
6_1 སློབ་གསོ།

སྤྱི་ལོ2016ལོར་པའོ་ཁང་རྫོང་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ85(བུ་བཅོལ་ཁང་ཚུད་མེད་པ)ཡོད་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ21311ཡོད། དེའི་ནང་འབྲིང་རིམ་ལས་རིགས་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ1239ཡོད་པ་དང་། སློབ་འབྲིང་དཀྱུས་མ13(དམའ་རིམ་དང་མཐོ་རིམ་སློབ་འབྲིང) སློབ་གྲྭར་ཡོད་མུས་ཀྱི་སློབ་མ7613ཡོད། སློབ་ཆུང71དང་སློབ་གྲྭར་ཡོད་པའི་སློབ་མ12692ཡོད། བུ་བཅོལ་ཁང25དང་བུ་བཅོལ་ཁང་གི་བྱིས་པ5302ཡོད། རྫོང་ཡོངས་སུ་ད་ལྟ་ཆེད་བསྐོས་དགེ་རྒན1899ཡོད།

6_2 ཚན་རྩལ།

སྤྱི་ལོ2016ལོར་པའོ་ཁང་རྫོང་གི་རིམ་པ་དེ་གའི་ཚན་རྩལ་འགྲོ་གྲོན་སྒོར་ཁྲི4774བཏང་བ་དེས་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོའི2%བཟུང་བ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིགས་ཁག་གི་ཚན་རྩལ་རྣམ་གྲངས2བརྩོན་ལེན་བྱས་པ་དང་། སྲིད་ཇུས་ཀྱི་མ་དངུལ་སྒོར་ཁྲི512བརྩོན་ལེན་བྱས། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ198རེ་ཞུ་བྱས་པ་དང་། ཁེ་བེད་བདག་ཐོབ54ལ་དབང་ཆ་སྤྲད།  

6_3 རིག་གནས།     

སྤྱི་ལོ2016ལོར་པའོ་ཁང་རྫོང་གི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ558དང་། རིག་གནས་ཁང1 སྤྱི་པའི་དཔེ་ཁང(ས་ཚིགས)12 དཔེ་དེབ་ཁྲི8བཅས་ཡོད་པ་རེད། རླུང་འཕྲིན་ལེ་ཚན་གྱི་ཕྱོགས་བསྡུས་མི་འབོར་ཁྱབ་ཚད96.99%ཟིན་པ་དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད99%ཟིན།

6_4 ལུས་རྩལ།

སྤྱི་ལོ2016ལོར་པའོ་ཁང་རྫོང་གི་མི་རེའི་ཆ་སྙོམས་ལུས་རྩལ་བྱེད་སྒོའི་རྒྱ་ཁྱོན་སྨི་གྲུ་བཞི་མ1.7ཡོད་པ་དང་། གྲོང་ཁུལ་གྱི་ལུས་རྩལ་མི་འབོར65%ལ་སླེབས་ཡོད། གྲོང་ཁུལ་དུ་ལན་ཆིའུ་སྤོ་ལོ་ཐང19དང་། སྒོ་མོའི་སྤོ་ལོ་ཐང3 དྲ་བའི་སྤོ་ལོ་ཐང2 བྱ་སྒྲོའི་སྤོ་ལོ་ཐང6 བྱ་སྒྲོའི་སྤོ་ལོ་ཁང1བཅས་བསྐྲུན་ཡོད། དམངས་ཁྲོད་དུ་ད་དུང་ཕིང་ཕང་སྤོ་ལོའི་སྤྲོ་སྐྱིད་ཁང2དང་ནུས་མང་ཕྱོགས་བསྡུས་རང་བཞིན་གྱི་ལུས་སྦྱོང་འདུ་ཚོགས1བཙུགས་ཡོད་པ་དེའི་ནང་ཕིང་ཕང་སྤོ་ལོའི་མཐུན་ཚོགས་དང་། ཐའེ་ཅི་དྲག་རྩལ་མཐུན་ཚོགས། བྱ་སྒྲོའི་སྤོ་ལོའི་མཐུན་ཚོགས། མིག་མངས་མཐུན་ཚོགས། སྒོ་རྩེད་མཐུན་ཚོགས། ཝང་ཆིའུ་སྤོ་ལོའི་མཐུན་ཚོགས། མཉེན་ཤུགས་སྤོ་ལོ་མཐུན་ཚོགས། རྒན་རྒོན་ལུས་སྦྱོང་ལུས་རྩལ་མཐུན་ཚོགས། རི་འཛེག་མཐུན་ཚོགས། ཐའེ་ཅི་གྲི་རྩལ་མཐུན་ཚོགས་བཅས་ཡོད། 

6_5 འཕྲོད་བསྟེན།      

སྤྱི་ལོ2016ལོར་པའོ་ཁང་རྫོང་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི19ཡོད་པའི་ནང་འཕྲོད་བསྟེན་ཁང14དང་། མ་བུ་འཕྲོད་སྦྱོར་སྨན་ཁང1 རྫོང་མི་དམངས་སྨན་ཁང1 ཀྲུང་ལུགས་སྨན་ཁང1 རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས1བཅས་ཡོད་པ་དང་། འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲིའི་གྲངས་ཀ1998ཡིན། འཕྲོད་བསྟེན་ལག་རྩལ་མི་སྣ2706ཡོད་པའི་ནང་འཕྲོད་བསྟེན་ལག་རྩལ་མི་སྣ1445དང་། ལས་གཉེར་སྨན་པ་དཀའ་བཅུ་པ(ལས་རོགས་ཚུད)597ཡོད་པ། ནད་གཡོག664ཐོ་འགོད་བྱས་ཡོད། 

6_6 སྤྱི་ཚོགས་ཀྱི་འགན་སྲུང་།      

སྤྱི་ལོ2016ལོར་པའོ་ཁང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས29736ཡོད་པའི་ནང་ཁེ་ལས་ཀྱི་ལས་བཟོ(ཤང་ཚུད་པ)21244དང་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བཟོ1954ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས139590ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས50578ཡོད་པ་དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས14275ཡོད། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས22057ཡོད་པ་དང་། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས9728ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས4231གསར་དུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་སླར་ཡང་ལས་ཞུགས་ཐུབ་པའི་མི་གྲངས1355ཡོད། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣའི་ལས་ཞུགས་མི་གྲངས1233ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆ4ཟིན་ཡོད་པ་རེད། 

7 ཐོབ་པའི་མཚན་སྙན།

སྤྱི་ལོ2019ལོའི་ཟླ5པའི་ཚེས18ཉིན་པའོ་ཁང་དེ“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་ཡག་ཤོས་ཀྱི་མིང་ཐོའི”ནང་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-18

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།