ནན་ཀྲང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནན་ཀྲང་རྫོང་།
ནན་ཀྲང་རྫོང་ནི་ཧུའུ་པེ་ཞིང་ཆེན་ཞང་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧུའུ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཧན་ཆུའི་ལྷོ་རྒྱུད། ཅིན་ཧྲན་རི་རྒྱུད་ཀྱི་ཤར་ངོས་སུ་གནས་ཡོད་ལ། ཧུའུ་པེའི་ནུབ་བྱང་རྒྱུད་ཀྱི་རི་ཁུལ་ནས་ཧན་ཆུའི་བར་རྒྱུད་དུ་བར་བརྒལ་བྱེད་པའི་ས་ཁུལ་ཡིན། གཞུང་ཐིག་ཤར་མའི111°26′~112°9′དང་། འཕྲེད་ཐིག་བྱང་མའི31°13′~32°1′བར་དུ་གནས། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3859ཡོད། ནན་ཀྲང་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་ཡིན། ནན་ཀྲང་རྫོང་གི་ཁོངས་སུ་ནན་ཀྲང་ཆུ་ཡོད་པས་མིང་དེ་ལྟར་ཐོགས་པ་རེད། སྤྱི་ལོ2018ལོའི་བར་ནན་ཀྲང་རྫོང་ཁོངས་གཏོགས་སུ་གྲོང་རྡལ10དང་དེ་བཞིན་ཞིང་ར་དོ་དམ་ཁུལ1ཡོད་པ་དང་རྫོང་སྲིད་གཞུང་ཁྲེང་ཀོན་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། རྒྱུན་སྡོད་མི་འབོར་ཁྲི4.54ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南漳县
ཕྱི་ཡིག་གི་མིང་།
Nanzhang
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཧུའུ་པེ་ཞིང་ཆེན་ཞང་དབྱང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ10དང་ཞིང་ར་དོ་དམ་ཁུལ1ཡོད།
སྲིད་གཞུང་གནས་ཡུལ།
ཁྲེང་ཀོན་གྲོང་རྡལ་ཝན་ཧྲན་ལམ་ཨང81པ།
ས་ཁོངས་ཁ་པར་ཨང་རྟགས།
(+86)0710
སྦྲག་སྲིད་ཨང་རྟགས།
441500
གནས་ཡུལ།
ཧུའུ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3857ཡོད།
མི་འབོར།
མི་ཁྲི54.54(སྤྱི་ལོ2018ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།་
ནན་ཀྲང་ས་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)F
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
420624
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར273.65(སྤྱི་ལོ2018ལོར)
1 ལོ་རྒྱུས་ཀྱི་འཕེལ་རིམ།

ནན་ཀྲང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གནའ་རྫས་རྟོག་ཞིབ་ལས་ལོ་ངོ་ཁྲི170ལྷག་ཙམ་གྱི་གོང་ནས་སྤྱི་ལོའི་སྔོན་གྱི་དུས་རབས21པའི་བར་དུ། ནན་ཀྲང་ཁོངས་སུ་རྡོ་ཆས་རྙིང་པ་དང་རྡོ་ཆས་གསར་པའི་དུས་རབས་ཀྱི་རྗེས་ཤུལ་དང་ཤུལ་བཞག་མང་པོ་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། ལུའོ་ཁྲོན་གནའ་ཤུལ་ནི་རྡོ་ཆས་གསར་པའི་དུས་རབས་ཀྱི་མིའི་རིགས་ཀྱི་བྱེད་སྒོ་གཅིག་སྡུད་བྱ་ཡུལ་ཡིན་པ་ཤེས་རྟོགས་བྱུང་ཡོད། ནན་ཀྲང་མངའ་ཁོངས་སུ་མིའི་རིགས་ཀྱི་བྱ་འགུལ་གྱི་ཤེས་རིག་ལོ་རྒྱུས་ལོ་ངོ4600ཡན་གྱི་ལོ་རྒྱུས་ཡོད།

སུང་རྒྱལ་རབས་ལྷོ་མའི་ཧྲའོ་ཞིན་སྲིད་ལོ་ལྔ་པར(སྤྱི་ལོ1135ལོར)ཧོ་ཀྲུང་ལུའུ་དང་ནན་ཡོན་རྫོང་གཉིས་ནི་ནན་ཀྲང་རྫོང་ཡིན་པ་དང་། རྫོང་བཅོས་སྐྱོང་ཁང་ནི་ཡུས་ཞི་ཧྲན་གྱི་བྱང་རྒྱུད་ཀྱི་མན་ཧོ་ཆུ་བོའི་དབུས་རྒྱུད་དུ་གཏན་འཁེལ་བྱས།

ཡོན་རྒྱལ་རབས་ཀྱི་སྐབས་སུ། ནན་ཀྲང་རྫོང་ནི་ཧོ་ནན་ཞིན་ཀྲུང་ཧྲུའུ་ཞིང་ཆེན་གྱི་ཞང་དབྱང་ལམ་དུ་གཏོགས།

མིང་རྒྱལ་རབས་ཀྱི་སྐབས་སུ་ནན་ཀྲང་རྫོང་ནི་ཧུའུ་ཀོང་པུའུ་སྲིད་སི་ཞང་དབྱང་ཧྥུ་ལ་གཏོགས།

ཆིང་རྒྱལ་རབས་ཀྱི་དུས་འགོར་ཆིང་རྒྱལ་རབས་ཀྱིས་ཡོན་རྒྱལ་རབས་ཀྱི་ནན་ཀྲང་རྫོང་གི་མིང་རྒྱུན་བཞིན་བཟུང་ཞིང་། ཧུའུ་པེ་པུའུ་ཀྲེང་སི་ཞང་དབྱང་ཧྥུ་ཡི་ཁོངས་གཏོགས་ཡིན།

ཀྲུང་ཧྭ་མིན་གོའི་དུས་སྐབས་སུ་ཆིན་རྒྱལ་རབས་ཀྱི་རྫོང་མིང་སྔར་མུས་བཞིན་སྤྱད་པ་དང་། སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་ཞང་དབྱང་ཏའོ་དང་། ཧུའུ་པེ་ཞིང་ཆེན་ཆུས་བརྒྱད་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་དང་། ཧུའུ་པེ་ཞིང་ཆེན་ཆུས་ལྔ་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཅས་ཀྱི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པར་(སྤྱི་ལོ1948ལོར)ཀྲུང་གོ་གུང་ཁྲན་ཏང་གིས་གསར་བརྗེའི་དྲག་དཔུང་གི་འགོ་ཁྲིད་ནས་རི་ཁུལ་དུ་མི་དམངས་ཀྱི་སྲིད་དབང་བཙུགས་ཏེ་གོ་མིན་ཏང་སྲིད་གཞུང་དང་མཉམ་དུ་གནས་པ་དང་། ཐུང་པའེ་སྲིད་འཛིན་ཀུང་ཧྲུའུ་ཧན་ནན་དོན་གཅོད་ཁང་གི་ཁོངས་སུ་གཏོགས་ཡོད། ལོ་དེའི་ཟླ7པར་ནན་ཀྲང་རྫོང་གི་རྒྱལ་གཅེས་དམངས་གཙོའི་སྲིད་གཞུང་བཙུགས་ཤིང་། ཐུང་པའེ་སྲིད་འཛིན་ཀུང་ཧྲུའུ་ཧན་ནན་དོན་གཅོད་ཁང་གི་ཁོངས་སུ་གཏོགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ནན་ཀྲང་རྫོང་གི་མིང་སྤྱད་ནས་ད་བར་སྔ་གཞུག་ཏུ་ཧུའུ་པེ་ཞིང་ཆེན་ཞང་དབྱང་སྲིད་འཛིན་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་དང་། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་ཞང་དབྱང་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ། ཧུའུ་པེ་ཞིང་ཆེན་ཞང་དབྱང་ཀྲོན་ཡོན་ཀུང་ཧྲུའུ། ཧུའུ་པེ་ཞིང་ཆེན་ཞང་དབྱང་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་། ཧུའུ་པེ་ཞིང་ཆེན་ཞང་དབྱང་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའ་། ཞང་ཧྥན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཞང་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱི་ཁོངས་སུ་གཏོགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་བར་ནན་ཀྲང་རྫོང་ཁོངས་གཏོགས་སུ་གྲོང་རྡལ10དང་དེ་བཞིན་ཞིང་ར་དོ་དམ་ཁུལ1ཡོད་པ་དང་རྫོང་སྲིད་གཞུང་ཁྲེང་ཀོན་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ནན་ཀྲང་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཧན་ཆུའི་ལྷོ་རྒྱུད། ཅིན་ཧྲན་རི་རྒྱུད་ཀྱི་ཤར་ངོས་སུ་གནས་ཡོད་ལ། ཧུའུ་པེའི་ནུབ་བྱང་རྒྱུད་ཀྱི་རི་ཁུལ་ནས་ཧན་ཆུའི་བར་རྒྱུད་དུ་བར་བརྒལ་བྱེད་པའི་ས་ཁུལ་ཡིན།   ཤར་དུ་དབྱི་ཁྲེང་དང་། ནུབ་ཏུ་པའོ་ཁང་། བྱང་ཤར་དུ་ཞང་ཁྲེང་། ནུབ་བྱང་དུ་ཀུའུ་ཁྲེང་། ལྷོ་རུ་ཡོན་ཨན། ཤར་ལྷོ་རུ་ཅིན་མོན་བཅས་ལ་འབྲེལ་ཡོད། ཤར་ཕྱོགས་ནས་ཞིང་ཆེན་ལྟེ་གནས་ཝུའུ་ཧན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ400ཡོད། གཞུང་ཐིག་ཤར་མ111°26′~112°9′དང་། འཕྲེད་ཐིག་བྱང་མ31°13′~32°1′བར་དུ་གནས། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3859ཡོད།  ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ66དང་ལྷོ་བྱང་གི་རིང་ཚད་ལ་་སྤྱི་ལེ81ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3859ཡོད། 

3_2 ས་དབྱིབས།     

ནན་ཀྲང་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་རི་ཁུལ་རྫོང37གྱི་གྲས་ཤིག་ཡིན་པ་དང་ས་ཁོངས་ནང་གི་ས་དབྱིབས་ནུབ་མཐོ་ལ་ཤར་དམའ་བས་སྐས་དབྱིབས་ཀྱི་ཁྱབ་ཚུལ་ཞིག་ཡིན། ནུབ་རྒྱུད་རི་ཚོགས་ཀྲོང་ངེར་ལངས་པ་དང་། ནུབ་ཕྱོགས་ནས་ཤར་ཕྱོགས་སུ་རིམ་གྱིས་ཇེ་དམའ་རུ་སོང་ཡོད། ནུབ་རྒྱུད་ནི་རི་མཐོ་བའི་ས་ཁུལ་ཡིན་པ་དང་། དབུས་རྒྱུད་ནི་རི་དམའ་བ་དང་རི་མ་ཐང་གི་ཁོངས་སུ་གཏོགས། ཤར་རྒྱུད་ནི་བདེ་ཐང་དང་སྒང་ས་ཡིན། ཆེས་མཐོ་ཤོས་ནི་སན་ཅིན་རི་བོ(པའོ་ཁང་དང་འབྲེལ་མཚམས)ཡིན་པ་དང་། ས་བབ་མཐོ་ཚད་ལ་སྨི1570ཡོད། ཆེས་དམའ་ཤོས་ནི་པའེ་ཐིག(དབྱི་ཁྲེང་དང་ས་མཚམས་འབྲེལ་བ)ཡིན་ལ། ས་བབ་མཐོ་ཚད་ལ་སྨི65ཡོད། མངའ་ཁོངས་ཀྱི་ས་རྒྱ་ཆེ་ཚད་མི་འདྲ་བ་དང་ས་དབྱིབས་ཀྱི་ཁྱད་ཆོས་མི་འདྲ་བས། ས་རྒྱུ་དེ་ས་སེར་དང་། རྡོ་ཐལ(བྲག་རྡོ)ས། ས་སྨུག་པོ། མཚོ་རླབས། ཆུ་འབྲས་ས་བཅས་ས་རིགས་ལྔ་ཡོད། རིགས་ཕལ་བ13དང་། ས་ཁོངས34 ས་རིགས117བཅས་ཡོད། 

3_3 ནམ་ཟླ།     

ནན་ཀྲང་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་ནམ་ཟླའི་ཁུལ་དུ་གནས་ཡོད། གནམ་གཤིས་དྲོ་པོ་ཡོད་པ་དང་ཆར་ཆུ་དང་ཚ་བ་ཆེ་བའི་དུས་མཚུངས། དུས་བཞིའི་དབྱེ་བ་གསལ་ཞིང་དབྱར་གྱི་དུས་ཡུན་རིང་བ་དང་། ཉི་འོད་འབེལ་ཞིང་ཆར་ཆུ་འབེལ་བ། མངའ་ཁོངས་ནང་གི་གནམ་གཤིས་ལ་ས་ཁུལ་གྱི་ཁྱད་པར་དང་དྲང་འཕྱང་གི་ཁྱད་པར་མངོན་གསལ་ཡོད། 

4 མི་འབོར།     

སྤྱི་ལོ2018ལོའི་ལོ་མཇུག་བར་ནན་ཀྲང་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི54.54ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི24.76ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི45.42ཟིན། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར5770ཡོད་པ་དང་སྐྱེས་ཚད་ཀྱིས་སྟོང་ཆའི9.51ཟིན། འཆི་བའི་མི་འབོར2585ཡོད་པ་དང་། ཤི་ཚད་སྟོང་ཆའི4.26ཡིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི5.25%ཡིན། 

5 དཔལ་འབྱོར།     

སྤྱི་ལོ2018ལོར་ནན་ཀྲང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར273.65ཡིན་པ་དང་དུས་མཚུངས་ལས8.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར45.5ཡིན་པ་དང་དུས་མཚུངས་ལས3.1%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར110.41ལེགས་གྲུབ་བྱུང་བ་དང་དུས་མཚུངས་ལས8.1%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར117.74ལེགས་གྲུབ་བྱུང་བ་དང་དུས་མཚུངས་ལས11.4%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་སྤྱི་ལོ2017ལོའི21.1:38.7:40.2ནས16.6:40.4:43.0བར་ལེགས་སྒྲིག་བྱས་ཡོད། ཐོན་ལས་གསུམ་པའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་མཛོད་ཉར་དང་སྦྲག་སྲིད་ལས་རིགས། སྡེབ་ཚོང་དང་སིལ་ཚོང་ལས་རིགས། ཞག་སྡོད་དང་བཟའ་བཏུང་ལས་རིགས། དངུལ་རྩའི་ལས་རིགས། ས་ཁང་ཐོན་ལས། ཁེ་གཉེར་རང་བཞིན་མིན་པའི་ཞབས་ཞུའི་ལས་རིགས་བཅས་ཀྱི་རིན་ཐང་འཕར་མ8.2%དང་། 10.1% 7.0% 11.4% 11.7% 21.7% 11.1% 11.1%བཅས་སོ་སོར་འཕར་ཡོད། 

6 སྤྱི་ཚོགས་ཀྱི་ལས་དོན།      
6_1 སློབ་གསོ།      

སྤྱི་ལོ2018ལོའི་ལོ་མཇུག་བར་ནན་ཀྲང་རྫོང་དུ་རིགས་ཁག་གི་སློབ་གྲྭ92དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ46813ཡོད་པའི་ནང་དམའ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ10758དང་སློབ་ཆུང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ28545ཡོད། ཆེད་བསྐོས་དགེ་རྒན4022ཡོད་པའི་ནང་དམའ་རིམ་སློབ་འབྲིང་གི་དགེ་རྒན1292དང་སློབ་ཆུང་གི་དགེ་རྒན2084ཡོད་པ་རེད། 

6_2 ཚན་རིག་ལག་རྩལ།      

སྤྱི་ལོ2018ལོར་ནན་ཀྲང་རྫོང་གི་གཞི་ཁྱོན་ཡན་གྱི་མཐོ་གསར་ལག་རྩལ་ཁེ་ལས13དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཁྲོད་མཐོ་གསར་ལག་རྩལ་ཐོན་རྫས་ཐོན་སྐྱེད་ཁེ་ལས16ཡོད་པ་དེས་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར16.99མངོན་འགྱུར་བྱུང་ཡོད་པ་རེད།      སྤྱི་ལོ2018ལོའི་ལོ་མཇུག་བར་ནན་ཀྲང་རྫོང་ལ་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ7568ཡོད་པའི་ནང་འབྲིང་རིམ་ལག་རྩལ་གྱི་གོ་མིང་ཡན་གྱི་མི་སྣ4361དང་ཞིང་ལས་ལག་རྩལ་མི་སྣ100ཡོད་པ་རེད། 

6_3 རིག་གནས།     

སྤྱི་ལོ2018ལོའི་ལོ་མཇུག་བར་ནན་ཀྲང་རྫོང་དུ་སྤྱི་པའི་རིག་གནས་སྒྲིག་གཞི20དང་། རིག་གནས་ཁང1 སྤྱི་པའི་དཔེ་མཛོད་ཁང1 རྟེན་རྫས་བཤམས་མཛོད་ཁང1བཅས་ཡོད་པ་རེད། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་རྒྱང་བསྒྲགས་བརྒྱུད་གཏོང་ཁང2 བརྙན་འཕྲིན་ཁང་དང་བརྙན་འཕྲིན་བརྒྱུད་གཏོང་ཁང3ཡོད་པ་དང་། དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི27.15ཉར་ཡོད། རིག་རྩལ་འཁྲབ་སྟོན་ཐེངས380བྱས་པ་དང་ལྟད་མོ་བ་མི་ཐེངས་ཁྲི21ཡོད།  

སྤྱི་ལོ2018ལོའི་བར། ནན་ཀྲང་རྫོང་དུ་རིགས་ཁག་གི་ལུས་རྩལ་ར་བ453ཡོད་པ་དང་། དེའི་ཁྲོད་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས1 ཤང་དང་གྲོང་རྡལ་གྱི་ལུས་རྩལ་སྦྱོར་བརྡར་བྱ་ཡུལ18 གྲོང་ཚོ་རིམ་པའི་ཞིང་བའི་ལུས་སྦྱོང་བྱ་ཡུལ312ཡོད།

6_4 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2018ལོའི་ལོ་མཇུག་བར་ནན་ཀྲང་རྫོང་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི22ཡོད་པའི་ནང་སྨན་ཁང3དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི12 ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང1བཅས་ཡོད་པ་དང་། རྫོང་ཡོངས་སུ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་མི་སྣ2510ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ1224ཡོད་པ་དང་། ནད་གཡོག889ཐོ་འགོད་བྱས་པ། རྫོང་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི2825ཡོད་པའི་ནང་སྨན་ཁང་གི་ཉལ་ཁྲི1580དང་འཕྲོད་བསྟེན་ཁང་གི་ཉལ་ཁྲི1245ཡོད་པ་རེད། ཁ་ཅེ་འགོག་སྨན་རྒྱག་ཚད99.36%ཟིན་པ་དང་། སྒལ་ཐལ་འགོག་སྨན་རྒྱག་ཚད95.94%ཟིན། པའེ་པའེ་རལ་གསུམ་འབྲེལ་སྨན་རྫས་ཀྱི་འགོག་སྨན་རྒྱག་ཚད97.46%ཟིན། མཆིན་ཚད་ཁ་པའི་འགོག་སྨན་རྒྱག་ཚད98.48%ཟིན་པ་བཅས་རེད། སྦྲུམ་མའི་མ་ལག་དོ་དམ་བྱེད་ཚད86%དང་གཉེན་མ་སྒྲིག་གོང་གི་གསོ་རིག་བརྟག་དཔྱད་བྱེད་ཚད91.37%ཟིན་ཡོད་པ་རེད། 

6_5 སྤྱི་ཚོགས་ཀྱི་འགན་སྲུང་།      

སྤྱི་ལོ2018ལོའི་ལོ་མཇུག་བར་ནན་ཀྲང་རྫོང་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་ཁྲི4.17དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི4.0ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་མི་ཁྲི45.39ཞུགས། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི3.69ཡོད། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་ཁྲི1.95ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི2.03ཡོད།      སྤྱི་ལོ2018ལོར་ནན་ཀྲང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ2479དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས12234ཡོད་པ་རེད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་སྤྱི་ཚོགས་ཕན་བདེ་སྣ་ཚོགས་ཀྱི་གསོ་ཉར་ཉལ་ཁྲི3885དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་ཞབས་ཞུའི་ལྟེ་གནས་དང་ས་ཚིགས་ཁྱོན214ཡོད་པ་རེད། 

7 གཟི་བརྗིད་མཚན་སྙན།      

ནན་ཀྲང་རྫོང་ལ་སྔ་རྗེས་སུ“གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཁག་དང་པོས་ཧུའུ་ནན་དང་ཧུའུ་པེའི་ནུབ་རྒྱུད་གློག་བརྙན་བེད་སྤྱོད་གཏོང་བའི་དབྱེ་འབྱེད་རྫོང་གི་མིང་ཐོ”དང་། “སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་མཛེས་ཤོས་ཀྱི་མིང་ཐོ” “རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་ཁག་གཉིས་པ” “ཡག་པོ་བཞིའི་གྲོང་གསེབ་ལམ་གྱི་རྒྱལ་ཡོངས་དཔེ་སྟོན་རྫོང” སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-17

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།