དབྱི་ཝུའུ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱི་ཝུའུ་གྲོང་ཁྱེར།
དབྱི་ཝུའུ་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། གནའ་བོའི་དུས་སུ“ཝུའུ་ཧྲང”ཟེར། ཅིན་ཧྭ—དབྱི་ཝུའུ(ཀྲེ་ཅང་དབུས་རྒྱུད་)དང་ཧང་ཀྲོའུ(ཀྲེ་ཅང་བྱང་རྒྱུད་)དང་། ཉིང་པོ། (ཀྲེ་ཅང་ཤར་རྒྱུད། )ཝུན་ཀྲོའུ། (ཀྲེ་ཅང་ལྷོ་རྒྱུད་)བཅས་ཀྲེ་ཅང་གི་ས་ཁོངས་ལྟེ་བའི་གྲོང་ཁྱེར་ཆེ་གྲས་བཞི་ཞེས་འབོད་ཀྱིན་ཡོད། ཀྲེ་ཅང་ཞིང་ཆེན་གྱི་དབུས་རྒྱུད་དང་ཅིན་ཡན་གཤོངས་སའི་ཤར་རྒྱུད་དུ་ཆགས་པ། གྲོང་ཁྱེར་གྱི་ཤར་ངོས་དང་། ལྷོ་རྒྱུད། བྱང་ངོས་བཅས་ཕྱོགས་གསུམ་རི་ཚོགས་ཀྱིས་བསྐོར་བ་རེད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ58.15ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ44.41ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1105.46ཡོད་པ་བཅས་རེད། སྤྱི་ལོ2018ལོ་བར་དབྱི་ཝུའུ་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི81.8362ཟིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1248.1ཟིན་ཡོད། སྔ་ཕྱིར“ཐང་གི་ཐོག་མའི་དུས་ཀྱི་མཁས་ཆེན་བཞི”ཡི་གྲས་ཀྱི་ལུའོ་པིན་ཝང་དང་། སུང་རྒྱལ་རབས་ཀྱི་དམག་དཔོན་གྲགས་ཅན་ཙུང་ཙེ། ཅིན་ཡོན་སྨན་པ་གྲགས་ཅན་བཞིའི་གྲས་ཀྲུའུ་ཏན་ཞི། དེང་རབས་སློབ་གསོ་མཁས་པ་ཁྲེན་ཝང་ཏའོ། རིག་རྩལ་གཞུང་ལུགས་མཁས་པ་ཧྥེང་ཞུའེ་ཧྥེང་། ལོ་རྒྱུས་རིག་པ་བ་ཝུའུ་ཧན་སོགས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་བྱུང་། དབྱི་ཝུའུ་ནི་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ཐོག་མ་དེ་ཡིན་པ་དང་། སྔ་རྗེས་སུ་ཀྲུང་གོའི་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དང་། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་དཔེ་བཟང་གྲོང་ཁྱེར། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར། རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་ཤེས་དཔལ་དཔེ་སྟོན་གྲོང་ཁྱེར་སོགས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད། དབྱི་ཝུའུ་རྒྱལ་སྤྱིའི་ཚོང་དོན་གྲོང་དུ་ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཀྲུང་གོའིA4རིམ་པའི་ཉོ་སྒྲུབ་ཡུལ་སྐོར་ཁུལ་ཐོག་མ་དེ་སྤྲད་པ་རེད། དབྱི་ཝུའུ་ནི་ཀྲུང་གོའི་སྐམ་ས་ཆེ་མོའི་སྟོབས་ལྡན་རྫོང(གྲོང་ཁྱེར)དྲུག་གི་གྲས་ཤིག་ཡིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ཆུ་ཚད་དང་རྒྱས་སྤྲོས་རླངས་འཁོར་གྱི་སྟུག་ཚད་དེ་ཀྲུང་གོའི་སྐམ་ས་ཆེ་མོར་གནས་ཡོད། དེ་ནི་ཀྲུང་གོའི་ཆེས་འབྱོར་ཕྱུག་ལྡན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ཧྥུའུ་པུ་སིས་བསྒྲགས་པའི་སྤྱི་ལོ2013ལོའི་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར10ཁྱབ་བསྒྲགས་བྱས་པ་ལས་ཨང་དང་པོ་ཡིན། དབྱི་ཝུའུ་ནི་གོ་ལ་ཧྲིལ་པོའི་ཚོང་ཟོག་ཆུང་གྲས་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་དེ་ཡིན་པ་དང་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་དབང་གྲགས་སྒྲིག་གཞིས་འཛམ་གླིང་གི་ཁྲོམ་ར་ཆེ་ཤོས་སུ་གཏན་འཁེལ་བྱས་ཡོད། དབྱི་ཝུའུ་ནི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་དང་པོའི་གྲས་སུ་བཅུག་པ་རེད། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ཕུལ་བྱུང་ཅན་གྱི་རྫོང་བརྒྱ་དང་། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་འགྲན་རྩོད་ནུས་པའི་ཨང་དྲུག་པ་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
义乌
མིང་གཞན།
乌伤、乌孝
ཕྱི་ཡིག་གི་མིང་།
Yiwu City、Nyi'u City
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1105.46ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མི་འབོར།
ཁྲི81.8362(2018ལོའི་རྒྱུན་སྡོད་མི་འབོར)
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
སྲང་ལམ8དང་གྲོང་རྡལ6ཡོད།
རླངས་འཁོར་ཚབ་ཨང་།
浙G
ས་ཁོངས་ཁ་པར་ཨང་རྟགས།
0579
གནམ་ཐང་།
དབྱི་ཝུའུ་གནམ་ཐང་།
སྦྲག་སྲིད་ཨང་རྟགས།
322000
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
330782
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཁྲུན་ཆིའུ་དུས་སྐབས་སུ། ཡུའེ་རྒྱལ་ཕྲན་གྱི་ཁོངས་སུ་གཏོགས་པ་རེད།

ཆིན་ཧྲི་ཧོང་སྲིད་ལོ་ཉེར་ལྔ(སྤྱི་ལོ་སྔོན་གྱི222ལོ)པར། རྫོང་བཙུགས་པ་དེའི་མིང་ལ་ཝུའུ་ཧྲང་ཞེས་ཟེར་བ་དང་། ཧུའེ་ཅི་ཅུན་གྱི་ཁོངས་གཏོགས་ཡིན།

མིང་ཆིང་གི་སྐབས་སུ། དབྱི་ཝུའུ་ཡི་ཁོངས་གཏོགས་འབྲེལ་བར་འགྱུར་བ་ཆེར་མ་བྱུང་བར། ཧྥུའུ་ཡིན་པ་རེད།

ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ་ཧྥུའུ་ཡི་ལམ་ལུགས་མེད་པར་བྱས་ནས། དེའི་ཚབ་ཏུ་ཏའོ་བཙུགས་པ་དང་། དབྱི་ཝུའུ་ནི་ཅིན་ཧྭ་ཏའོ་ཡི་ཁོངས་གཏོགས་ཡིན། སྤྱི་ལོ1927ལོར་ཏའོ་ཡི་ལམ་ལུགས་མེད་པར་བཟོས་ནས་ཞིང་ཆེན་དང་རྫོང་རིམ་པ་གཉིས་ཀྱི་ལམ་ལུགས་སུ་བསྒྱུར་བ་དང་། དབྱི་ཝུའུ་ནི་ཐད་ཀར་ཀྲེ་ཅང་ཞིང་ཆེན་ལ་གཏོགས་པ་དང་། རྗེས་སུ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། དབྱི་ཝུའུ་ནི་ཅིན་ཧྭ་ཀྲོན་ཆུས་སམ་ཀྲེ་ཅང་ཞིང་ཆེན་གྱི་ཀྲོན་ཆུས་བཞི་པར་གཏོགས། སྤྱི་ལོ1949ལོར་དབྱི་ཝུའུ་བཅིངས་འགྲོལ་བཏང་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། དབྱི་ཝུའུ་ནི་ཅིན་ཧྭ་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1959ལོར་ཕུའུ་ཅང་དབྱི་ཝུའུ་རུ་ཟླ་སྒྲིལ་བཏང་བ་དང་སྤྱི་ལོ1967ལོར་ཕུའུ་ཅང་སྔར་བཞིན་ལོགས་སུ་བཀར།

སྤྱི་ལོ1988ལོར་དབྱི་ཝུའུ་རྫོང་མེད་པར་བཟོས་ནས་དབྱི་ཝུའུ་གྲོང་ཁྱེར་བཙུགས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2014ལོའི་ཟླ10པར།《ཀྲེ་ཅང་མི་དམངས་སྲིད་གཞུང་གི་དབྱི་ཝུའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་མཆན་འགོད་བཀའ་ལན》གཞིར་བཟུང་དབྱི་ཝུའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱས་ཚུལ་གཤམ་གསལ།     གཅིག གྲོང་ཁྱེར་གྱི་སྲང་ལམ་བདག་སྐྱོང་བྱེད་ཁོངས་ལེགས་སྒྲིག་བྱས་ཏེ། ལེགས་སྒྲིག་བྱས་རྗེས་ཁྲང་ཁྲེང་སྲང་ལམ་ཁོངས་ཀྱི་ཐུང་ཧུའེ་དང་། ཧྲེང་ལི། ཅང་པིན། ཞུའེ་ཧྥེང་། མིང་ལིན། ཤང་དབྱང་། ཞ་ཁྲེ་མིན། ཁྲོམ་ར། ཞའོ་ཙི་མཆོད་ཁང་། ཞིའུ་ཧུའུ། པིང་ཝང་། དབྱིན་ཡོན། རླངས་འཁོར་བབས་ཚུགས་བཅས་སྡེ་ཁུལ13ཡོད་པ་དང་། དོན་གཅོད་ཁང་གི་སྡོད་གནས་ནི་པིང་ཝང་ལམ་ཨང་223ཡིན།

གཉིས། ཧྥུ་ཐེན་སྲང་ལམ་གསར་འཛུགས་བྱེད་རྒྱུ། ཧྥུ་ཐེན་གྲོང་ཁྱེར་ཁོངས་ཀྱི་ཁྲེང་ཞིན་དང་། ཁྲང་ཁྲུན། ཧྥུ་ཐེན་བཅས་སྡེ་ཁུལ3དང་། ཏུང་ཆན་ཝང་དང་། ཁང་ཅི། ཞི་ལུའོ་ཏུན། ཧྲི་ལི་པའེ། ལེན་ཕིན། ཙུང་ཧྥང་། ཧུའུ་ཐང་། ཧུའུ་ཐང་། ཞི་ཀྲང་། ཏ་ཝང་། ཞི་ལི། པང་ཧུའུ་ཐང་། ཝང་ཕའེ། སི་ཀུའུ་ཐང་། ཧྲང་ཅིང་། ཧྲང་ཅིང་། ཏུང་ཞང་ཧྲན། ཀོན་ཏོན་ཆན། མེ་ཡོན་ཞ། ཆོན་ཀྲའེ། ལུའོ་ཏེན། ལུའོ་ཧྥང་། ལུའོ་ཏེན། ཧྲི་ཐང་། ལི་ཧྲི་ཐང་། ལི་ཏུང་ཐང་། ཆི་ཏའོ། ཞ་ཞི་ཐའོ། པའེ་ཡུན་ཐང་སོགས་སྲིད་འཛིན་གྲོང་ཚོ59ཡོད་ཅིང་། དོན་གཅོད་ཁང་ནི་གནས་སྐབས་སུ་ཧྲང་ཁྲེང་ལམ་ཆེན་གྱིL33ན་གནས་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་བར་དབྱི་ཝུའུ་གྲོང་ཁྱེར་ཁོངས་གཏོགས་སུ་སྲང་ལམ8དང་གྲོང་རྡལ6ཡོད་པ་རེད། གྲོང་ཁྱེར་སྲིད་གཞུང་ནི་ཏི་ཁྲུའུ་ཁྲེང་སྲང་ལམ་དུ་གནས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

དབྱི་ཝུའུ་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་གྱི་དབུས་རྒྱུད་དུ་ཆགས་ཡོད་པ་དང་། ཤར་གྱི་གཞུང་ཐིག119°49′~120°17′དང་། བྱང་གི་འཕྲེད་ཐིག 29°02′13″~29°33′40″བར་ཡིན། ཤར་ནས་ཏུང་དབྱང་དང་ཉེ་ཞིང་། ལྷོ་མཚམས་ཡུང་ཁང་དང་ཝུའུ་དབྱི་དང་། ནུབ་ཏུ་ཅིན་ཧྭ་དང་ལན་ཞིར་འབྲེལ་བ་དང་། བྱང་དུ་ཀྲུའུ་ཅི་དང་ཕུའུ་ཅང་ལ་འབྲེལ་ཡོད། རྫོང་སྐྱོང་ཡུལ་ཁྲུུའུ་ཁྲེང་གྲོང་རྡལ་ནས་ཏུང་དབྱང་རྫོང་གྲོང་བར་སྤྱི་ལེ18ཡོད་པ་དང་། ཡུང་ཁང་རྫོང་གྲོང་བར་སྤྱི་ལེ78ཡོད། ཝུའུ་དབྱི་རྫོང་གྲོང་བར་སྤྱི་ལེ71ཡོད་པ་དང། ཅིན་ཧྭ་གྲོང་ཁུལ་བར་སྤྱི་ལེ55ཡོད། ཕུའུ་ཅང་རྫོང་གྲོང་བར་སྤྱི་ལེ35ཡོད་པ་དང་། ཀྲུའུ་ཅི་རྫོང་གྲོང་བར་སྤྱི་ལེ55ཡོད། ཞིང་ཆེན་ལྟེ་གནས་ཧང་ཀྲོའུ་བར་སྤྱི་ལེ158ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1105.46ཡོད།

3_2 ས་དབྱིབས་རྣམ་པ།

དབྱི་ཝུའུ་གྲོང་ཁྱེར་གྱི་ས་ཁོངས་ཤར་དང་། ལྷོ་དང་། བྱང་བཅས་ཕྱོགས་གསུམ་རི་ཚོགས་ཀྱིས་བསྐོར་ཡོད་པ་དང་། མངའ་ཁོངས་སུ་རི་བོ་མཐོན་པོ་དང་འབྲིང་བ། རི་མ་ཐང་། སྒང་ཁུལ། ཐང་གཤོངས་བཅས་ཡོད་པ་དང་། ས་རྒྱུའི་རིགས་སྣ་མང་བ། འོད་དྲོད་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད་པས་དཔེ་མཚོན་གྱི་རི་མ་ཐང་རྫོང་ཞིག་ཡིན་པ་དང་། ས་དབྱིབས་ཆགས་ཚུལ་སྣ་ཁ་མང་པོ་ཡོད། བྱང་ཤར་རི་ཁུལ་གྱི་ཁོངས་སུ་ཏུང་ཐང་ཞང་ཧྲིལ་པོ་དང་། སྐྱུ་རུ་ཤིང་། ཆའོ་ཞི། ཧྭ་ཞི་སོགས་ཡུལ་ཚོའི་རི་ཁུལ་འབྲིང་བ་དང་དམའ་བའི་ས་ཁུལ་ཚུད་ཡོད། རི་བོ་འབྲིང་བ་དང་དམའ་བའི་རིགས་དང་དེའུ་འབུར་གྱི་རྒྱ་ཁྱོན་སོ་སོས་རང་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི62.7%དང33.3%ཟིན། རི་བོ་གཙོ་བོའི་མཚོ་ངོས་ལས་མཐོ་ཚད་སྨི900ཡས་མས་དང་། ཏུའུ25ཡན་གྱི་གཟར་ངོས་དང་ཏུའུ15-25ཡི་གསེག་ངོས་ཀྱིས་རང་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི89.78%ཟིན།

3_3 གནམ་གཤིས་ཀྱི་ཁྱད་ཆོས།

དབྱི་ཝུའུ་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་ཡིན་པ་དང་། དྲོད་འཇམ་ལྡན་ཞིང་བརླན་གཤེར་ཆེ་བ་དང་། དུས་བཞི་གསལ་བ་དང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད17℃ཡས་མས་ཡིན་པ་དང་། ཆ་སྙོམས་ཀྱི་དྲོད་ཚད་ནི་ཟླ་བདུན་པའི་ནང་ཆེས་མཐོ་བ་དང་29.3℃ཡིན་པ་རེད། ཟླ་དང་པོའི་ནང་ཆེས་དམའ་བ་སྟེ4.2℃ཡིན། ལོ་རེའི་ཆ་སྙོམས་སད་མེད་དུས་ནི་ཉིན243ཡས་མས་ཡིན་པ་དང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1100ནས1600བར་ཡིན།

3_4 ཆུ་དཔྱད།

དབྱི་ཝུའུ་གྲོང་ཁྱེར་ཁོངས་ཀྱི་ཆུ་བོ་ནི་ཆན་ཐང་གཙང་པོའི་ཆུ་རྒྱུད་ཡིན་པ་དང་། གཙོ་བོ་ཏུང་དབྱང་ཅང་གཙང་པོ་དང་ཏ་ཁྲེན་ཅང་གཙང་པོ་ཡོད། ཏུང་དབྱང་ཅང་གཙང་པོ་ནི་ཕེན་ཨན་རྫོང་གི་ཏ་ཕན་ཧྲན་ནས་བྱུང་བ་དང་། ཡུས་སན་ལི་ཞང་གི་ཧོ་ཀྲའེ་རྫོང་དེའི་ཁོངས་སུ་ཞུགས་རྗེས།ཡུལ་ཚོ13དང་གྲོང་རྡལ2བརྒྱུད་པ་དང་། ཧང་ཀྲོའུ་ཡུལ་ཚོའི་ས་ཞིང་དམའ་ཞིང་གི་ནུབ་ཕྱོགས་ནས་ཅིན་ཧྭ་ས་མཚམས་སུ་སླེབས་པ་དང་། རྫོང་ནང་གི་སྤྱིའི་རིང་ཚད་ལ་སྤྱི་ལེ39.75ཙམ་ཡོད། གྲམ་ཐང་གི་ཞེང་ཚད་སྤྱིར་བཏང་སྨི135~185ཡིན་པ་དང་། ལོ10ནང་ཐེངས་གཅིག་ལ་ཆུ་ལོག་བྱུང་བ་ལྟར་ཆ་སྙོམས་ཀྱི་ཆུའི་ཟབ་ཚད་སྨི5.01དང་། གཏིང་ཟབ་ཤོས་ཀྱི་ཆུ་བོའི་དུམ་བུའི་སྨི5.9ཡིན། རིམ་པ་དང་པོའི་ཆུ་ལག21ཡོད་པའི་ནང་ཅུང་ཆེ་བ10ལྷག་ཡོད། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ812.7ཡོད། ཏ་ཁྲེན་ཅང་གཙང་པོའི་བཞུར་རྒྱུན་དེ་ཆའོ་ཞི་དང་། སུའུ་ཞི། ཏ་ཁྲེན་བཅས་ཞང་གསུམ་བརྒྱུད་དེ་ཕུའུ་ཅང་གཙང་པོར་འབབ་པ་དང་། རྫོང་ཁོངས་ཀྱི་བཞུར་ཚད་སྤྱི་ལེ17.5དང་། ཞེང་ཚད་ལ་སྨི60ཙམ། རྒྱུག་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ200ཙམ་བཅས་ཡོད། གཞན་ཡང་ད་དུང་ཕུའུ་དབྱང་གཙང་པོའི་ཡན་ལག་ཆུ་ཕྲན་སོགས་ཡོད།

4 མི་འབོར་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2018ལོ་བར་དབྱི་ཝུའུ་གྲོང་ཁྱེར་གྱི་ཐེམ་ཁུངས་མི་གྲངས818362ཟིན་པ་དེ་སྤྱི་ལོ2017ལོ་ལས་མི་གྲངས18349འཕར་བ་དང་། ཐེམ་ཐོའི་མི་འབོར་ཁྲོད་གྲོང་གསེབ་ཀྱི་མི་འབོར349342དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར469020ཡོད་པ་རེད། ཐེམ་ཐོའི་མི་འབོར་ཁྲོད་སྐྱེས་པའི་མི་འབོར411832དང་བུད་མེད་མི་འབོར406530ཡོད་པ་རེད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར12249ཡོད་པ་དང་། མི་འབོར་སྐྱེ་ཚད15.13‰ཡིན། རྐྱེན་ལམ་དུ་ཤོར་བའི་མི་འབོར4465དང་མི་འབོར་ཤི་ཚད5.52‰ཟིན་པ་རེད། མི་འབོར་རང་ཤུགས་སུ་འཕར་ཚད9.61‰ཟིན་པ་རེད། སྤྱི་ལོ2018ལོར་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི131.04ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད77.6%ཟིན་ཡོད།

4_2 མི་རིགས།

དབྱི་ཝུའུ་གྲོང་ཁྱེར་ཁོངས་སུ་མི་གྲངས་ཅུང་མང་བའི་རྒྱ་རིགས་ཡིན་པ་དང་། གྲངས་ཉུང་མི་རིགས་ལ་མིའོ་རིགས་དང་། པུའུ་དབྱི་རིགས། ཐུའུ་ཅ་རིགས། ཧུའེ་རིགས། ཀྲོང་རིགས། ཏུང་རིགས། ཁྲའོ་ཞན་རིགས། དབྱིས་རིགས། ཡུ་གུར་རིགས། ཡའོ་རིགས་སོགས་ཡོད། དེའི་ཁྲོད་མིའོ་རིགས་དང་། པུའུ་དབྱི་རིགས། ཐུའུ་ཅ་རིགས་བཅས་ཀྱི་མི་གྲངས་ཁྲི1ལས་བརྒལ་ཡོད།

5 ཆབ་སྲིད།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ལིན་དབྱི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཁྲེན་ཞིའུ་ཞན། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་། ཝང་ཅན། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀོ་ཀའོ་ཆིན།

6 དཔལ་འབྱོར།

སྤྱི་ལོ2018ལོར་དབྱི་ཝུའུ་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1248.1ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན7.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར21.1ཟིན་ནས2.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར409.5ཟིན་ནས9.2%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར817.5ཟིན་ནས6.0%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱིས་ཐེམ་ཐོའི་མི་འབོར་ལ་གཞིགས་ནས་བརྩིས་ན་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར154242(སྤྱི་ལོ2018ལོའི་ཆ་སྙོམས་འཛའ་ཐང་ལྟར་ཨ་སྒོར23309ཡིན་པ)ཟིན་ནས4.6%འཕར་བ་དང་རྒྱུན་སྡོད་མི་འབོར་ལ་གཞིགས་ནས་བརྩིས་ན་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར95795ཟིན་ཡོད་པ་རེད། ཐོན་ལས་གསུམ་པའི་གྲུབ་ཆ་དེ་པྱི་ལོ2017ལོའི1.9:32.3:65.8ནས1.7:32.8:65.5བར་ལེགས་སྒྲིག་བྱས་ཏེ་ཐོན་ལས་གསུམ་པའི་བསྡུར་ཚད་སྤྱི་ལོ2017ལོ་ལས་བརྒྱ་ཆའི་གྲངས0.3ཆག་ཡོད་པ་རེད།

7 སྤྱི་ཚོགས་ལས་དོན།
7_1 ཚན་རིག་ལག་རྩལ།     

སྤྱི་ལོ2018ལོར་དབྱི་ཝུའུ་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་མཐོ་གསར་ལག་རྩལ་ཁེ་ལས52གསོ་སྐྱོང་དང་། ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང84ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས4བཅས་གསོ་སྐྱོང་བྱས་ཡོད། ཞིང་ཆེན་རིམ་པའི་ཁེ་ལས་ཞིབ་འཇུག་ཁང2དང་ཞིང་ཆེན་རིམ་པའི་ཀུན་གཏོད་བར་མཐོངས4གསར་དུ་སྐྱེད་སྲིང་བྱས་ཡོད། ས་བོན་ཐེབས་རྩའི་མ་འཇོག་རྣམ་གྲངས12ལ་མ་དངུལ་སྒོར་དུང་ཕྱུར1.11བཏང་བའི་ནང་དབྱི་ཝུའུ་རྣམ་གྲངས4ལ་མ་དངུལ་སྒོར་ཁྲི3750བཏང་ཡོད་པ་རེད།     ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད6991ཟིན་ནས་འདུན་ཞུ་བྱེད་ཚད་ལོ་སྔོན་མ་ལས26.1%འཕར་བ་དང་ཁེ་བེད་བདག་ཐོབ་སྤྲོད་དབང4374ཟིན་ནས28.2%འཕར་བའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་སྤྲོད་དབང269ཡོད་པ་རེད།    

7_2 ​སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2018ལོའི་བར་དབྱི་ཝུའུ་གྲོང་ཁྱེར་དུ་ད་ཆ་སྨན་ཁང་དང་འཕྲོད་བསྟེན་ཁང47ཡོད་པའི་ནང་རིམ་གསུམ་ཡན་གྱི་སྨན་ཁང4ཡོད་པ་དང་། དངོས་སུ་སྒོ་ཕྱེ་བའི་ཉལ་ཁྲི6339ཡོད་པའི་ནང་རིམ་གསུམ་ཡན་གྱི་སྨན་ཁང་གི་ཉལ་ཁྲི2804ཡོད་པ། གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣ9324ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ4638ཡོད་པ་དང་ཐོ་འགོད་བྱས་པའི་ལས་གཉེར་ནད་གཡོག་པ5257ཡོད།

8 གཟི་བརྗིད་མཚན་སྙན།

ཧྥུའུ་པུ་སིས་བསྒྲགས་པའི་སྤྱི་ལོ2013ལོའི་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར10ཁྱབ་བསྒྲགས་བྱས་པ་ལས་ཨང་དང་པོ་ཡིན། དབྱི་ཝུའུ་ནི་གོ་ལ་ཧྲིལ་པོའི་ཚོང་ཟོག་ཆུང་གྲས་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་དེ་ཡིན་པ་དང་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་དབང་གྲགས་སྒྲིག་གཞིས་འཛམ་གླིང་གི་ཁྲོམ་ར་ཆེ་ཤོས་སུ་གཏན་འཁེལ་བྱས་ཡོད། དབྱི་ཝུའུ་ནི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་དང་པོའི་གྲས་སུ་བཅུག་པ་རེད། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ཕུལ་བྱུང་ཅན་གྱི་རྫོང་བརྒྱ་དང་། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་འགྲན་རྩོད་ནུས་པའི་ཨང་དྲུག་པ་ཡིན་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-24

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།