ཆུས་ཧྥུ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུས་ཧྥུ་གྲོང་ཁྱེར།
ཆུས་ཧྥུ་ནི་གནའ་བོའི་ལུའུ་རྒྱལ་ཁབ་ཀྱི་རྒྱལ་ས་དང་ཁུང་ཙི་ཡི་ཕ་ཡུལ་ཡིན་ཞིང་། ཧྲན་ཏུང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། བྱང་ཕྱོགས་སུ་ཞིང་ཆེན་གྱི་ལྟེ་གནས་ཅི་ནན་དང་བར་ཐག་སྤྱི་ལེ135ཡོད། ཤར་དུ་སི་ཧྲུའི་ཆུ་དང་འབྲེལ་ཞིང་། ནུབ་ཏུ་ཧྥུ་ཀྲོའུ་དང་འབྲེལ་ཡོད། ལྷོ་རུ་ཙོའུ་ཁྲེང་དང་འབྲེལ་ཞིང་། བྱང་དུ་ཐའེ་ཧྲན་དང་ཁ་གཏད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ895.93ཡོད། གཏན་སྡོད་མི་འབོར་ཁྲི65.45(སྤྱི་ལོ2016ལོ)ཡོད། ཧྲན་ཏུང་ཞིང་ཆེན་གྱི་ཞིང་ཆེན་ཁོངས་གཏོགས་ཀྱི་རྫོང(གྲོང་ཁྱེར)གི་གྲས་ཤིག་ཡིན་པ་དང་། སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ནི་ཅི་ཉིང་གི་ཁོངས་སུ་གཏོགས། སྤྱི་ལོ2018ལོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར407.19ཟིན་པ་དང་གྲོང་ཁྱེར་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར25.39ཟིན་ཡོད། ཆུས་ཧྥུ་ནི་ཀྲུང་གོའི་གནའ་རབས་ཀྱི་རླབས་ཆེ་བའི་བསམ་བློ་བ་དང་། སློབ་གསོ་བ། རུའུ་ལུགས་པའི་སྲོལ་གཏོད་མཁན་ཁུང་ཙི་ཡི་ཕ་ཡུལ་ཡིན་ཞིང་། ཆུས་ཧྥུ་ནི་འཛམ་གླིང་རུའུ་ལུགས་རིག་པའི་ཞིབ་འཇུག་དང་བགྲོ་གླེང་ལྟེ་གནས་ཁུང་ཙི་ཞིབ་འཇུག་ཁང་བཅས་ཡིན། སྤྱི་ལོ1982ལོར། ཆུས་ཧྥུ་གྲོང་ཁྱེར་ནི་རྒྱལ་ཁབ་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཁག་དང་པོར་བདམས་ཤིང་། སྤྱི་ལོ1991ལོར་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཀྲུང་གོའི་ཡུལ་སྐོར་གནས་མཆོག་ཕུལ་བྱུང40ལ་བདམས། སྤྱི་ལོ1994ལོར་ཁུང་ཙི་ལྷ་ཁང་དང་། ཁུང་ཙི་ཡི་གཞིས་ཤག ཁུང་ཙི་ལིན་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི《འཛམ་གླིང་ཤུལ་བཞག་མིང་ཐོ》ཡི་ནང་དུ་བཅུག་ཡོད། སྤྱི་ལོ1997ལོར་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཆུས་ཧྥུ་ཀྲུང་གོའི་ཡུལ་སྐོར་གྲོང་ཁྱེར་རྩེ་གྲ35ཡི་གྲས་སུ་གཏན་ཁེལ་བྱས། སྤྱི་ལོ1998ལོའི་ཟླ12པར། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར་ཁག་དང་པོར་བདམས་ཐོན་བྱུང་། སྤྱི་ལོ2004ལོར་ཀྲུང་གོའི་རིག་དངོས་ལས་དོན་གྱི་སྔོན་ཐོན་གྲོང་ཁྱེར་དུ་བདམས་པ་དང་། སྤྱི་ལོ2007ལོར་ཁུང་ཙིའི་ལྷ་ཁང་དང་། ཁུང་ཙིའི་གཞིས་ཤག ཁུང་ལིན་བཅས་རྒྱལ་ཁབ་ཀྱིAAAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས། སྤྱི་ལོ2017ལོའི་ཟླ10པར། སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་ཞེས་པའི་མཚན་བསྩལ། ཆུས་ཧྥུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲོང་ཁྱེར་ཆེ་གྲས200དང་། འཛམ་གླིང་གི་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲོང་ཁྱེར་སྟོབས་ལྡན200རུ་བདམས་ཡོད། སྤྱི་ལོ2017ལོའི་ཀྲུང་གོའི་ལོ་འཁོར་གྱི་རིག་གནས་ཤུགས་རྐྱེན་ལྡན་པའི་གྲོང་ཁྱེར་དང་། སྤྱི་ལོ2018ལོའི་ཟླ10པར“རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར”གྱི་མཚན་སྙན་ཐོབ་མྱོང་། སྤྱི་ལོ2018ལོའི་ཟླ11པར་གཟི་བརྗིད་ངང“སྤྱི་ལོ2018ལོའི་ཀྲུང་གོའི་བདེ་སྐྱིད་ལྡན་པའི་རྫོང་བརྒྱའི་མིང་ཐོར”བདམས། སྤྱི་ལོ2019ལོ་ནས་བཟུང་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ཚོད་ལྟའི་ཚན་པར་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
曲阜市
ཕྱི་ཡིག་གི་མིང་།
Qufu
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ཧྲན་ཏུང་ཞིང་ཆེན་ཞིང་ཆེན་ཁོངས་གཏོགས་ཀྱི་རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་ཅི་ཉིང་།
ས་ཁོངས་ཁ་པར་ཨང་རྟགས།
0537
མངའ་ཁོངས།
ལུའུ་ཁྲིན་ཁྲོམ་ལམ། ཧྲི་ཀྲོང་ཁྲོམ་ལམ། ཞོ་ཞེའུ་ཁྲོམ་ལམ་སོགས་ཡོད།
སྦྲག་སྲིད་ཨང་རྟགས།
273100
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ895.93ཡོད།
མི་འབོར།
མི་ཁྲི64.94ཡོད།(སྤྱི་ལོ2018ལོ)
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཅི་ཉིང་ཆུས་ཧྥུ་གནམ་གྲུ་ཐང་། (JNG)
མེ་འཁོར་འབབ་ཚུགས།
ཆུས་ཧྥུ་མེ་འཁོར་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ལུའུH (鲁H)
ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ།
ཁུང་ཙི། མེང་ཙི། ཡན་ཙི། ལུའུ་པན།
སྲིད་འཛིན་ཚབ་ཨང་།
370881
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར407.19ཡིན།(སྤྱི་ལོ2018ལོ)
1 ​ལོ་རྒྱུས་འཕེལ་རིམ།

ཆིང་རྒྱལ་རབས་ཀྱི་དུས་སུ། ཆུས་ཧྥུ་ས་གནས་ཀྱི་སྒྲིག་གཞི་མིང་རྒྱལ་རབས་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན།

མིན་གོ་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)ཆུས་ཧྥུ་ཧྲན་ཏུང་ཞིང་ཆེན་གྱི་ཁོངས་སུ་ཐད་གཏོགས་ས་ཁུལ་ཡིན། མིན་གོ་སྲིད་ལོ་ཉེར་དགུ་པར(སྤྱི་ལོ1940ལོ)ཡན་ཆུས་ཏའོ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)སི་ཧྲུའེ་དང་ཆུས་ཧྥུ་ཟླ་སྒྲིལ་བྱས་ནས་ཆུས་སི་རྫོང་བཙུགས། མིན་གོ་སྲིད་ལོ་སུམ་ཅུ་སོ་བདུན་པར(སྤྱི་ལོ1948ལོ)ཧྲན་ཏུང་དབུས་ལྷོ་སྲིད་འཛིན་ས་ཁུལ་གྱི་ཀྲོན་ཆུས་བཞི་པའི་ཁོངས་སུ་གཏོགས། རྗེས་སུ་མིང་ལ་ཉི་ཧྲན་ཀྲོན་ཆུས་དང་ཐེང་རྫོང་ཀྲོན་ཆུས་ཞེས་པར་བསྒྱུར་ཞིང་། ལོ་དེར་ཆུས་ཧྥུ་བཅིངས་འགྲོལ་བཏང་།

ཀྲུང་གོ་གསར་པའི་དུས་སྐབས་སུ། སྤྱི་ལོ1949ལོར་ཆུས་ཧྥུ་ཐེང་རྫོང་ཀྲོན་ཆུས་ཀྱི་མངའ་འོག་ཏུ་གཏོགས། སྤྱི་ལོ1953ལོར། ཐེང་རྫོང་ཀྲོན་ཆུས་ཅི་ཉིང་དུ་གནས་སྤོས་པ་དང་ཆུས་ཧྥུ་ཅི་ཉིང་ཀྲོན་ཧྲུའུ་ཡི་མངའ་འོག་ཏུ་བསྒྱུར། སྤྱི་ལོ1983ལོར་ཅི་ཉིང་ཀྲོན་ཧྲུའུ་ཞིང་ཆེན་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར། ཆུས་ཧྥུ་སྔར་བཞིན་ཅི་ཉིང་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། སྤྱི་ལོ1986ལོའི་ཟླ6པར་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར་ཞིང་། ཐོག་མར་ཆུས་ཧྥུ་གྲོང་ཁྱེར་ཞེས་པའི་མིང་བཏགས། ཅི་ཉིང་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། སྤྱི་ལོ2000ལོའི་ཟླ12པར་ཆུས་ཧྥུ་གྲོང་རྡལ་མེད་པར་བཟོས་ཏེ། དེ་སྔའི་ཆུས་ཧྥུ་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་སུ་ལུའུ་ཁྲེང་ཁྲོམ་ལམ་དོན་གཅོད་ཁྲུའུ་བཙུགས་པ་དང་། དེ་སྔའི་ཆུས་ཧྥུ་གྲོང་རྡལ་མི་དམངས་སྲིད་གཞུང་གནས་ཡུལ་དུ་ལས་ཁུངས་བཙུགས་ཡོད། ཧྲུའུ་ཡོན་གྲོང་རྡལ་མེད་པར་བཟོས་ཏེ་དེ་སྔའི་ཧྲུའུ་ཡོན་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་སུ་ཧྲུའུ་ཡོན་ཁྲོམ་ལམ་དོན་གཅོད་ཁྲུའུ་བཙུགས། དེ་སྔའི་ཧྲུའུ་ཡོན་དང་གྲོང་རྡལ་མི་དམངས་སྲིད་གཞུང་གི་སྡོད་གནས་སུ་ལས་ཁུངས་བཙུགས། ཉི་ཧྲན་ཡུལ་ཚོ་མེད་པར་བཟོས་ནས། སྲིད་འཛིན་ས་ཁོངས་དེ་ནན་ཞིན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2011ལོའི་ཟླ9པའི་བར་དུ། ཆུས་ཧྥུ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་ལམ4དང་གྲོང་རྡལ8ཡོད་པ་སྟེ། ལུའུ་ཁྲེང་ཁྲོམ་ལམ་དང་། ཧྲུའུ་ཡོན་ཁྲོམ་ལམ། ཧྲི་ཀྲོང་ཁྲོམ་ལམ། ཞའོ་ཞུའེ་ཁྲོམ་ལམ། ཝུའུ་ཚུན་གྲོང་རྡལ། ཡའོ་ཚུན་གྲོང་རྡལ། ལིང་ཧྲན་གྲོང་རྡལ། ལི་ཧྲན་གྲོང་རྡལ། ཝང་ཀྲོང་གྲོང་རྡལ། ཧྲི་མོན་ཧྲན་གྲོང་རྡལ། ཧྥང་ཧྲན་གྲོང་རྡལ་བཅས་ཡིན། ཁྱོན་བསྡོམས་པའི་སྡོད་དམངས་ཨུ་ཡོན་ལྷན་ཁང41དང་སྡེ་དམངས་ཨུ་ཡོན་ལྷན་ཁང355 རང་བྱུང་གྲོང་ཚོ483ཡོད།

3 གནས་ཡུལ།

ཆུས་ཧྥུ་ནི་ཧྲན་ཏུང་ཞིང་ཆེན་ལྷོ་ནུབ་རྒྱུད་དང་། པེ་ཅིང་ནས་ཧྲང་ཧའེ་ལྟེ་གནས་སུ་གནས་ཤིང་། བྱང་དུ་ཞིང་ཆེན་ལྟེ་གནས་ཅི་ནན་དང་བར་ཐག་སྤྱི་ལེ135ཡོད་པ་དང་། བྱང་དུ་ཐའེ་ཧྲན་རི་བོ་དང་འབྲེལ་ཞིང་། ལྷོ་རུ་ཀྲན་ཧྥུ་ཡུས་དང་འབྲེལ་ཡོད། ཤར་དུ་སི་ཧྲུའེ་ཆུ་དང་འབྲེལ་ཞིང་ནུབ་ཏུ་ཆི་ཀྲོའུ་ལ་སླེབས་ཡོད། ལྷོ་བྱང་གི་བར་ཐག་རིང་ཤོས་སྤྱི་ལེ35.8དང་ཤར་ནུབ་ཀྱི་བར་ཐག་རིང་ཤོས་སྤྱི་ལེ25དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ895.93ཡོད།

4 མི་འབོར་དང་མི་རིགས།
4_1 མི་འབོར།

མི་འབོར་འཕར་ཚད་དལ་བ་རྒྱུན་འཁྱོངས་བྱས་ཡོད། སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི65.45ཟིན་ནས་ལོ་སྔོན་མ་ལས0.6%འཕར་ཞིང་། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི39.80དང་གྲོང་གསེབ་ཀྱི་མི་འབོར་ཁྲི25.65ཟིན་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར9666ཡོད་པ་དང་སྐྱེས་ཚད14.90‰ཟིན་པ། རྐྱེན་ལམ་དུ་ཤོར་བའི་མི་འབོར3892ཟིན་ནས་ཤི་ཚད5.96‰ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད8.94‰ཟིན་ཡོད། གསར་དུ་སྐྱེས་པའི་ཕྲུ་གུའི་ཕོ་མོའི་བསྡུར་ཚད110.4:100ཡིན། ཁྲིམས་མཐུན་གྱི་ཕྲུ་གུ་སྐྱེ་ཚད99.5%ཡིན།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི64.94ཡོད་པའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི41.67དང་གྲོང་གསེབ་ཀྱི་མི་འབོར་ཁྲི23.27ཡོད། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད64.2%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི1.4འཕར་ཡོད།

4_2 མི་རིགས།

ཆུས་ཧྥུ་གྲོང་ཁྱེར་དུ་ཁྱོན་བསྡོམས་པའི་མི་རིགས15ཡོད་པ་དང་། རྒྱ་རིགས་ཕུད་པའི་གྲངས་ཉུང་མི་རིགས་ལ་གཙོ་བོ་ཧུའེ་རིགས་དང་། མན་ཇུ་རིགས། སོག་རིགས། མིའོ་རིགས། ཁྲའོ་ཞན་རིགས། ཀྲོང་རིགས། ཨུ་རུ་སུ་རིགས་སོགས་ཡོད།

5 དཔལ་འབྱོར།

སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར413.69ཟིན་པ་དེ་ལོ་སྔོན་མ་ལས8.4%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར37.07ཟིན་ནས་ལོ་སྔོན་མ་ལས4.2%འཕར་ཡོད་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར136.85ཟིན་ནས་ལོ་སྔོན་མ་ལས5.9%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར239.77ཟིན་ནས་ལོ་སྔོན་མ་ལས10.6%འཕར་ཡོད། ཐོན་ལས་གྲུབ་ཚུལ་ཐེངས་གསུམ་གྱི་བསྡུར་ཚད་དེ་ལོ་གོང་མའི8.9:35.4:55.7ནས8.9:33.1:58.0བར་ལེགས་སྒྲིག་བྱས་ཡོད་ཅིང་། ཞབས་ཞུའི་ལས་རིགས་ཀྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གྲངས2.3འཕར་ཡོད། ཐོན་ལས་ཐེངས་གསུམ་པོསGDPའཕར་བར4.5%ཡི་བྱས་རྗེས་བཞག་ཡོད་ཅིང་། སོ་སོར་ལཕ་སྔོན་མ་ལས4.5%དང25.0% 70.5%འཕེལ་ཡོད། དཔལ་འབྱོར་འཕར་ཚད་སོ་སོར་བརྒྱ་ཆའི་གཞི་གྲངས0.4དང་། 2.1 5.9བཅས་འཕེལ་རྒྱས་བྱུང་ཡོད། ལས་རིགས་དབྱེ་ནས་བལྟས་ན། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས། ཞབས་ཞུའི་ལས་རིགས་བཅས་ཀྱི་འཕར་ཐང་སྒོར་དུང་ཕྱུར38.19ཟིན་ནས་ལོ་སྔོན་མ་ལས4.3%འཕར་ཡོད། བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར121.49ཟིན་ནས་ལོ་སྔོན་མ་ལས6.3%འཕར་ཞིང་། ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར15.57ཟིན་ནས་ལོ་སྔོན་མ་ལས2.8%འཕར་ཡོད། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར47.86ཟིན་ནས་ལོ་སྔོན་མ་ལས10.7%འཕར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་འཕར་ཐང་སྒོར་དུང་ཕྱུར9.16ཟིན་ནས་ལོ་སྔོན་མ་ལས8.1%འཕར་ཞིང་། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར10.91ཟིན་ནས་ལོ་སྔོན་མ་ལས6.4%འཕར་ཡོད། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར10.90ཟིན་ནས་ལོ་སྔོན་མ་ལས3.9%འཕར་ཞིང་། ས་ཁང་བདག་ཁོངས་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར21.14ཟིན་ནས་ལོ་སྔོན་མ་ལས3.6%འཕར་ཡོད། ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར58.97ཟིན་ནས་ལོ་སྔོན་མ་ལས16.8%འཕར་ཞིང་། ཁེ་གཉེར་རང་བཞིན་མ་ཡིན་པའི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར79.50ཡིན་ལ་ལོ་སྔོན་མ་ལས10.1%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར63391(སྤྱི་ལོ2016ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ཨ་སྒོར9544ཡིན)ཟིན་པ་དེ་ལོ་གོང་མ་ལས་སྒོར3832འཕར་བ་དང་ལོ་སྔོན་མ་ལས7.8%འཕར་ཡོད།

སྤྱི་ལོ2018ལོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར407.19ཟིན་པ་དེ་ལོ་གོང་མ་ལས2.1%མར་ཆག་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར25.31ཟིན་ནས་ལོ་སྔོན་མ་ལས3.6%མར་ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར141.22ཟིན་ནས་ལོ་སྔོན་མ་ལས1.8%མར་ཆག ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར240.66ཟིན་ནས་ལོ་སྔོན་མ་ལས2.0%ཆག་ཡོད། ཐོན་ལས་གྲུབ་ཚུལ་ཐེངས་གསུམ་གྱི་བསྡུར་ཚུལ་ནི6.2:34.7:59.1ཡིན། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར62390(སྤྱི་ལོ2018ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ཨ་སྒོར9428ཡིན)ཟིན་པ་དེ་ལོ་སྔོན་མ་ལས1.7%ཆག་ཡོད། སྤྱི་ལོ2017ལོར་ངལ་རྩོལ་ཐོན་སྐྱེད་ཡོངས་འབབ་མི་རེར་སྒོར་ཁྲི10.87ཟིན་པ་དེ་ལོ་གོང་མ་ལས་མི་རེར་སྒོར་ཁྲི1.15མཐོ་རུ་ཕྱིན་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར25.39ཟིན་པའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར17.23ཟིན་ནས་ལོ་སྔོན་མ་ལས8.8%འཕར་ཡོད་ཅིང་། ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར8.17ཟིན་ནས་ལོ་སྔོན་མ་ལས14.8%མར་ཆག་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར62390(སྤྱི་ལོ2018ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ཨ་སྒོར9428ཡིན)ཟིན་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ1982ལོར། ཆུས་ཧྥུ་གྲོང་ཁྱེར་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཁག་དང་པོར་བདམས་ཤིང་། སྤྱི་ལོ1991ལོར་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཀྲུང་གོའི་ཡུལ་སྐོར་གནས་མཆོག་ཕུལ་བྱུང40ལ་བདམས། སྤྱི་ལོ1994ལོར་ཁུང་ཙི་ལྷ་ཁང་དང་། ཁུང་ཙི་ཡི་གཞིས་ཤག  ཁུང་ཙི་ལིན་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི《འཛམ་གླིང་ཤུལ་བཞག་མིང་ཐོ》ཡི་ནང་དུ་བཅུག་ཡོད། སྤྱི་ལོ1997ལོར་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཆུས་ཧྥུ་ཀྲུང་གོའི་ཡུལ་སྐོར་གྲོང་ཁྱེར་རྩེ་གྲ35ཡི་གྲས་སུ་གཏན་ཁེལ་བྱས། སྤྱི་ལོ1998ལོའི་ཟླ12པར། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར་ཁག་དང་པོར་བདམས་ཐོན་བྱུང་། སྤྱི་ལོ2004ལོར་ཀྲུང་གོའི་རིག་དངོས་ལས་དོན་གྱི་སྔོན་ཐོན་གྲོང་ཁྱེར་དུ་བདམས་པ་དང་། སྤྱི་ལོ2007ལོར་ཁུང་ཙིའི་ལྷ་ཁང་དང་། ཁུང་ཙིའི་གཞིས་ཤག ཁུང་ལིན་བཅས་རྒྱལ་ཁབ་ཀྱིAAAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས། སྤྱི་ལོ2017ལོའི་ཟླ10པར། སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་ཞེས་པའི་མཚན་བསྩལ། ཆུས་ཧྥུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲོང་ཁྱེར་ཆེ་གྲས200དང་། འཛམ་གླིང་གི་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲོང་ཁྱེར་སྟོབས་ལྡན200རུ་བདམས་ཡོད། སྤྱི་ལོ2017ལོའི་ཀྲུང་གོའི་ལོ་འཁོར་གྱི་རིག་གནས་ཤུགས་རྐྱེན་ལྡན་པའི་གྲོང་ཁྱེར་དང་། སྤྱི་ལོ2018ལོའི་ཟླ10པར“རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར”གྱི་མཚན་སྙན་ཐོབ་མྱོང་། སྤྱི་ལོ2018ལོའི་ཟླ11པར་གཟི་བརྗིད་ངང“སྤྱི་ལོ2018ལོའི་ཀྲུང་གོའི་བདེ་སྐྱིད་ལྡན་པའི་རྫོང་བརྒྱའི་མིང་ཐོར”བདམས།

སྤྱི་ལོ2019ལོ་ནས་བཟུང་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ཚོད་ལྟའི་ཚན་པར་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-13

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།