ཆིང་ཧུ་མོན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆིང་ཧུ་མོན་ཆུས།
ཆིང་ཧུ་མོན་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཞིན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་པ་དང་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཞིན་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་ཆིང་ཧུ་མོན་ནི་སུང་ལིན་རི་རྒྱུད་དུ་གནས་པ་དང་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ25.18ཡོད་པ་དང་ཅིན་ཀྲོའུ་རྒྱ་མཚོའི་གྲུ་ཁ་དང་བར་ཐག་སྤྱི་ལེ115ཡོད། སྤྱི་ལོ2010ལོའི་བར་ཆིང་ཧུ་མོན་ཆུས་ཀྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ100ཟིན་པ་དང་། མི་འབོར་ཁྲི8ཡོད། ཁོངས་གཏོགས་སུ་ཆུས4དང་གྲོང་རྡལ2ཡོད། ཆིང་ཧོ་མོན་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཞིན་གྲོང་ཁྱེར་ལྷོ་ནུབ་རྒྱུད་དུ་གནས་པ་དང་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ25.18ཡོད་པ་དང་ཅིན་ཀྲོའུ་རྒྱ་མཚོའི་གྲུ་ཁ་དང་བར་ཐག་སྤྱི་ལེ115ཡོད། ཤར་གྱི་གཞུང་ཐིག་ཏུའུ121དང་སྐར་ཆ19-29-121ཏུའུ31དང་སྐར་ཆ45དང་བྱང་གི་འཕྲེད་ཐིག་ཏུའུ41དང་སྐར་ཆ28-41དང་སྐར་ཆ48ཡི་བར་དུ་གནས་ཡོད། ཁོངས་གཏོགས་ཆུས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ100ཡོད་པ་དང་ས་ཁོངས་ནང་གི་ས་ཆ་ཁོད་སྙོམས་ལ་ས་རྒྱུ་གཤིན་པོ་ཡོད། ཆུ་བོ་མང་ལ་ཡུལ་ལྗོངས་ལྟ་ན་སྡུག ས་ཞིང་དང་། གཏེར་ཁའི་ཐོན་ཁུངས། ཆུའི་ཐོན་ཁུངས་སོགས་ཕུན་སུམ་ཚོགས་པོ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
清河门
ཕྱི་ཡིག་གི་མིང་།
Qinghemen Area
གནས་ཡུལ།
ལིའོ་ཉིང་ཞིང་ཆེན་ཧྥུའུ་ཞིན་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས།
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
​རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ100ཡོད། (སྤྱི་ལོ2010ལོ)
མི་གྲངས།
ཁྲི8ཡོད། (སྤྱི་ལོ2010ལོ)
​ཡུལ་སྐད།
བྱང་ཤར་སྐད།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཧྥུའུ་ཞིན་གྲོང་ཁྱེར།
མངའ་ཁོངས།
མངའ་ཁོངས་སུ་ཆུས4དང་གྲོང་རྡལ2ཡོད།
གནས་གཤིས།
སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་གཞུང་གནས་ཡུལ།
ཆིང་ཧུ་ལམ་ཆེན་ཨང་རྟགས1པོ་རུ་གནས།
མཛེས་ལྗོངས་གྲགས་ཅན།
ལིའོ་ཧྲེན་ཙུའུ་ཡི་བང་སོ་དང་། སན་ཐཱ་ལུང་པ་སོགས་ཡོད།
ས་ཁོངས་ཁ་པར་ཨང་རྟགས། 
0418
​སྦྲག་སྲིད་ཨང་རྟགས། 
123006
མེ་འཁོར་འབབ་ཚུགས།
ཧྥུའུ་ཞིན་མེ་འཁོར་འབབ་ཚུགས། རླངས་འཁོར་ཚབ་ཨང་།
རླངས་འཁོར་ཚབ་ཨང་།
​ ལིའོ(辽) J
​སྲིད་འཛིན་ཚབ་ཨང་། 
210905
1 ​ངོ་སྤྲོད་མདོར་བསྡུས།

ཆིང་ཧུ་མོན་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཞིན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་པ་དང་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཞིན་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་ཆིང་ཧུ་མོན་ནི་སུང་ལིན་རི་རྒྱུད་དུ་གནས་པ་དང་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ25.18ཡོད་པ་དང་ཅིན་ཀྲོའུ་རྒྱ་མཚོའི་གྲུ་ཁ་དང་བར་ཐག་སྤྱི་ལེ115ཡོད།

སྤྱི་ལོ2010ལོའི་བར་ཆིང་ཧུ་མོན་ཆུས་ཀྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ100ཟིན་པ་དང་། མི་འབོར་ཁྲི8ཡོད། ཁོངས་གཏོགས་སུ་ཆུས4དང་གྲོང་རྡལ2ཡོད།

ཆིང་ཧུ་མོན་ཆུས་སུ་ལིའོ་ཧྲེན་ཙུའུ་ཡི་བང་སོ་དང་། སན་ཐཱ་ལུང་པ། ལི་ཧྲན་གྱི་སྙན་ངག་རི་མོ་སོགས་རང་བྱུང་མཛེས་ལྗོངས་ཁུལ་ཡོད། ལཱ་མཱའི་ཤ་ཐུག་དང་བྱི་ལའི་རྣ་ཐང་ནི་ཆིང་ཧུ་མོན་ཆུས་ཀྱི་ཁྱད་ལྡན་སིལ་ཟས་ཡིན།

2 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པ་སྤྱི་ལོ1945ལོར་རི་པིན་མགོ་བཏགས་པ་དང་། ཀྲུང་གོ་སླར་གསོ་བྱུང་ཞིང་། ལོ་དེའི་ཟླ9པར་ཀྲུང་གུང་ལིའོ་ཞི་ས་ཁུལ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཆིང་ཧུ་མོན་ནི་ལིའོ་ཞི་ས་ཁུལ་ཨུ་ཡོན་ལྷན་ཁང་གི་དབྱི་རྫོང་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་ལྔ་པ་སྤྱི་ལོ1946ལོའི་ཟླ3པར་གོ་མིན་ཏང་གི་དམག་དཔུང་གིས་ཆིང་ཧུ་མོན་བཟུང་བ་དང་། ཆིང་ཧུ་མོན་ནི་ལིའོ་ཉིང་ཞིང་ཆེན་དབྱི་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ1947ལོའི་ཟླ11པར་བྱང་ཤར་དམངས་གཙོ་མཉམ་འབྲེལ་དམག་གིས་ཆིང་ཧུ་མོན་བཅིངས་འགྲོལ་བཏང་། སྤྱི་ལོ1948ལོའི་ལོ་འགོར་རེ་ལིའོ་ཀྲོན་ཆུས་ཀྱི་པེ་ཧྥུའུ་དབྱི་རྫོང་མཉམ་འབྲེལ་སྲིད་གཞུང་དེ་ཆིང་ཧུ་མོན་དུ་བཙུགས་པ་དང་། ཆིང་ཧུ་མོན་ནི་རེ་ཧུ་ཞིང་ཆེན་རེ་ལིའོ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་པ་དང་། པེ་ཧྥུའུ་དབྱི་རྫོང་གི་ཆུས་དགུ་པ་ཡིན།

སྤྱི་ལོ1948ལོའི་ལོ་འགོར། རེ་ལིའོ་ཀྲོན་ཆུས་དང་པེ་ཧྥུའུ་དབྱི་རྫོང་གིས་མཉམ་འབྲེལ་སྲིད་གཞུང་ཆིང་ཧུ་མོན་དུ་བཙུགས། པེ་ཧྥུའུ་དབྱི་རྫོང་ལ་ཆུས17ཡོད་པ་དང་། ཆིང་ཧུ་མོན་ནི་ཆུས་དགུ་པ་ཡིན།

སྤྱི་ལོ1949ལོའི་ཟླ5པར། པེ་ཧྥུའུ་དབྱི་རྫོང་གི་མཉམ་འབྲེལ་སྲིད་གཞུང་མེད་པར་བཏང་། ཆིང་ཧུ་མོན་ལིའོ་ཞི་ཞིང་ཆེན་དབྱི་རྫོང་ཁོངས་སུ་བསྒྱུར་ཞིང་། ཆུས་དགུ་པ་ཡིན།

སྤྱི་ལོ1954ལོའི་ཟླ6པའི་ཚེས19ཉིན་ལིའོ་ཞི་དང་ལིའོ་ཏུང་ཞིང་ཆེན་གཉིས་ལིའོ་ཉིང་ཞིང་ཆེན་དུ་ཟླ་བསྒྲིལ་བཏང་བ་དང་། ཆིང་ཧུ་མོན་ནི་ལིའོ་ཉིང་ཞིང་ཆེན་དབྱི་རྫོང་ཁོངས་སུ་གཏོགས་པ་དང་། དབྱི་རྫོང་གི་ཆུས་དགུ་པ་ཡིན།

སྤྱི་ལོ1955ལོའི་ཟླ3པར་དབྱི་རྫོང་གི་ཆུས་དགུ་པ་མེད་པར་བཟོས་ནས་དབྱི་རྫོང་ཆིང་ཧུ་མོན་ཤང་བཙུགས།

སྤྱི་ལོ1956ལོ་ནས་སྤྱི་ལོ1958ལོའི་བར་ཆིང་ཧུ་མོན་ལིའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་ཀྲོན་ཆུས་དབྱི་རྫོང་གི་ཁོངས་སུ་གཏོགས། མངའ་ཁོངས་སུ་དབྱི་རྫོང་ཆིང་ཧུ་མོན་ཤང་དང་། ཆིང་ཧུ་མོན་གྲོང་རྡལ། ཆིང་ཧུ་མོན་ཆུས་བཅས་ཡིན།

སྤྱི་ལོ1959ལོའི་ཟླ8པར་ཧྥུའུ་ཞིན་གྲོང་ཁྱེར་དུ་བགོས་པར་མ་ཟད། ཧྥུའུ་ཞིན་གྲོང་ཁྱེར་ཆིང་ཧུ་མོན་མི་དམངས་ཀུང་ཧྲེ་བཙུགས། ལོ་དེའི་ཟླ10པར་ཧྥུའུ་ཞིན་གྲོང་ཁྱེར་ཉེ་འཁོར་དོན་གཅོད་ཁང་གི་མངའ་འོག་ཏུ་བཅུག

སྤྱི་ལོ1978ལོའི་ཟླ3པར་ཧྥུའུ་ཞིན་སོག་རིགས་རང་སྐྱོང་རྫོང་ཀྲི་ཀྲུའུ་ཧྲན་ཀུང་ཧྲེ་ཡི་ཆིན་ཚའེ་ཀོའུ་རུ་ཆེན་དང་དབྱི་མཱ་ཐུའུ་ཀུང་ཧྲེ་ཝུའུ་ཅཱ་ཡའོ་རུ་ཆེན་གཉིས་ཆིང་ཧུ་མོན་གྲོང་རྡལ་མི་དམངས་ཀུང་ཧྲེའི་མངའ་ཁོངས་སུ་བཅུག

སྤྱི་ལོ1980ལོར་མི་དམངས་ཀུང་ཧྲེའི་སྒྲིག་གཞི་མེད་པར་བཟོས་ནས་ཆིང་ཧུ་མོན་གྲོང་རྡལ་མི་དམངས་སྲིད་གཞུང་དུ་བསྒྱུར་ཞིང་། སྔར་བཞིན་ཧྥུའུ་ཞིན་གྲོང་ཁྱེར་ཉེ་འདབས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1983ལོའི་ཟླ2པའི་ཚེས21ཉིན། ལིའོ་ཉིན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་ཆིང་ཧུ་མོན་ཆུས་གྲབས་འཛུགས་བྱས།

སྤྱི་ལོ1983ལོའི་ཟླ9ཚེས20ཉིན་ཆིང་ཧུ་མོན་ཆུས་གྲ་སྒྲིག་ཚོགས་ཆུང་གིས་ཕྱི་ཕྱོགས་སུ་གཞུང་དོན་སྒྲུབ་འགོ་དངོས་སུ་ཚུགས།

སྤྱི་ལོ1984ལོའི་ཟླ3པའི་ཚེས31ཉིན། ཆིང་ཧུ་མོན་ཆུས་མི་དམངས་སྲིད་གཞུང་བཙུགས་པ་དང་། ལིའོ་ཉིང་ཞིང་ཆེན་གྱི་ཧྥུའུ་ཞིན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2010ལོའི་བར་ཆིང་ཧུ་མོན་ཆུས་ཀྱི་ཁོངས་གཏོགས་ཁྲོམ་གཞུང4དང་གྲོང་རྡལ2ཡོད་པ་རེད།

3_1 ཁོངས་གཏོགས་ཁྲོམ་གཞུང་།

ལིའུ་ཐའེ་ཁྲོམ་གཞུང་དང་། ཞིན་པེ་ཁྲོམ་གཞུང་། ཆིང་ཧུ་ཁྲོམ་གཞུང་། ཨའེ་ཡོའུ་ཁྲོམ་གཞུང་བཅས་ཡོད།

3_2 ཁོངས་གཏོགས་གྲོང་རྡལ།

ཝུའུ་ལུང་པཱ་གྲོང་རྡལ་དང་ཧུ་ཞི་གྲོང་རྡལ།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཆིང་ཧོ་མོན་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཞིན་གྲོང་ཁྱེར་ལྷོ་ནུབ་རྒྱུད་དུ་གནས་པ་དང་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ25.18ཡོད་པ་དང་ཅིན་ཀྲོའུ་རྒྱ་མཚོའི་གྲུ་ཁ་དང་བར་ཐག་སྤྱི་ལེ115ཡོད། ཤར་གྱི་གཞུང་ཐིག་ཏུའུ121དང་སྐར་ཆ19-29-121ཏུའུ31དང་སྐར་ཆ45དང་བྱང་གི་འཕྲེད་ཐིག་ཏུའུ41དང་སྐར་ཆ28-41དང་སྐར་ཆ48ཡི་བར་དུ་གནས་ཡོད། ཁོངས་གཏོགས་ཆུས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ100ཡོད་པ་དང་ས་ཁོངས་ནང་གི་ས་ཆ་ཁོད་སྙོམས་ལ་ས་རྒྱུ་གཤིན་པོ་ཡོད། ཆུ་བོ་མང་ལ་ཡུལ་ལྗོངས་ལྟ་ན་སྡུག ས་ཞིང་དང་། གཏེར་ཁའི་ཐོན་ཁུངས། ཆུའི་ཐོན་ཁུངས་སོགས་ཕུན་སུམ་ཚོགས་པོ་ཡོད།

4_2 ནམ་ཟླ།

ཆིང་ཧུ་མོན་ཆུས་ནི་འཕྲེད་ཐིག་བར་མར་གནས་པ་དང་། སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། ཁྱད་ཆོས་ནི། དུས་བཞི་གསལ་ལ་ཆར་ཆུ་མོད། ཉི་འོད་ཕོག་ཚད་འདང་ངེས་དང་། དྲོད་ཚད་ཉིན་རེར་ཧེ་བག་ཅུང་ཆེ། ཆར་ཆུ་དང་ཚ་བའི་དུས་མཚུངས།

དྲོད་ཚད། ལོ་རེའི་ཆ་སྙོམས་དྲོད་ཚད7.5℃དང་། དམའ་ཤོས་ཀྱི་ཆ་སྙོམས་དྲོད་ཚད-11.9℃དང་། མཐོ་ཤོས་ཀྱི་ཆ་སྙོམས་དྲོད་ཚད23.7℃ཡིན།

ཆར་ཆུ་འབབ་ཚད་ཀྱི་ཁྱད་ཆོས་ནི། དགུན་དུས་ཉུང་བ་དང་། དབྱར་དུས་མང་བ། སྟོན་དུས་དཔྱིད་ལས་ཅུང་མང་བ་དང་། ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི544.7ཡིན།

རླུང་ཕྱོགས་དང་རླུང་གི་མྱུར་ཚད། དགུན་དུས་བྱང་རླུང་དང་དབྱར་དུས་ནི་ལྷོ་རླུང་ཡིན། ཆ་སྙོམས་རླུང་འགྲོས་ནི་སྐར་ཆ་རེར་སྨི2.9དང་། རླུང་འགྲོས་ཆེས་ཆེ་བ། སྐར་ཆ་རེར་སྨི4.1ཡིན།

ཆ་སྙོམས་ས་དྲོད9.3℃དང་། ཆེས་ཚ་བའི་ཟླ28℃དང་། ཆེས་འཁྱག་པའི་ཟླ་བ11.9℃ཡིན།

འཁྱགས་ས། ཆ་སྙོམས་འཁྱགས་སའི་གཏིང་ཚད་ལི་སྨི111དང་། འཁྱགས་སའི་གཏིང་ཚད་ཆེ་ཤོས་ལི་སྨི140འཁྱགས་སའི་གཏིང་ཚད་ཆུང་ཤོས་ལི་སྨི86.4བཅས་ཡིན།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2010ལོའི་བར་ཆིང་ཧུ་མོན་གྱི་མི་འབོར་བསྡོམས་འབོར་ཁྲི8ཡོད་པ་དང་གྲོང་གསེབ་ཀྱི་མི་འབོར་གྱིས35%བཟུང་ཡོད།

5_2 མི་རིགས།

ཆིང་ཧུ་མོན་ཆུས་སུ་རྒྱ་རིགས་ཕུད་ད་དུང་སོག་རིགས་དང་། མན་ཇུ་རིགས། ཞི་པོ་རིགས། ཧུའེ་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་འདུས་སྡོད་བྱས་ཡོད།

6 སྤྱི་ཚོགས་ལས་དོན།
6_1 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2010ལོར་ཆིང་ཧུ་མོན་ཆུས་ཀྱི་མི9177ལས་ཞུགས་བཀོད་སྒྲིག་བྱས་པ་དེ་འཆར་གཞིའི263%ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་ནུས་ཕྱིར་གཏོང་བྱེད་མཁན4031ཟིན་ནས་འཆར་གཞིའི269%ཟིན་ཡོད། གྲོང་གསེབ་ཀྱི་ངལ་ནུས་ཕྱིར་གཏོང་བྱས་པའི་མི་གྲངས4733གྱིས་འཆར་གཞིའི316%ཟིན་ཡོད། ཀུན་ཕན་ལམ་ལུགས་ཀྱི་ལས་ཞུགས་གསོ་སྦྱོང5236ལེགས་གྲུབ་བྱུང་བ་དེ་འཆར་གཞིའི143%ལེགས་གྲུབ་བྱུང་ཡོད། ལས་ཞུགས་མེད་པའི་ཁྱིམ་ཚང་གི་གནས་ཚུལ་མེད་པ་མངོན་འགྱུར་བྱུང་ཡོད། ལྗོངས་ལས་ཞུགས་གསོ་སྦྱོང་ལྟེ་གནས་ལས་མཇུག་འགྲིལ་ནས་བེད་སྤྱོད་བྱ་རྒྱུར་རྩིས་སྤྲད་པ་དང་། སྤྱི་ཚོགས་འགན་བཅོལ་ནང་ཞུགས་མཁན་མི7400ཡོད་པ་དེས་སྔོན་དཔག་བྱས་ན་སྒོར་ཁྲི2450བསྡུ་རྩིས་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་གྲངས17609ཟིན་ཡོད། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་གནས་སྐབས་རོགས་སྐྱོབ་དང་། རིགས་དབྱེ་རོགས་སྐྱོབ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ལས་དོན་སྤེལ་བ་དང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་གྲངས11219ཟིན་པ་དེས་གྲོང་ཁྱེར་མི་འབོར་གྱི22%བཟུང་ནས་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་པ་བྱུང་ཡོད། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་གྲངས1300ཟིན་པ་དེས་གྲོང་གསེབ་ཀྱི་མི་འབོར་གྱི5%བཟུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང1430ལ་རོགས་སྐྱོབ་བྱས། རྒན་གསོ་ཁང་གི་ཐོག་ཁང་གསར་པ་བེད་སྤྱོད་བྱ་རྒྱུར་རྩིས་སྤྲོད་བྱས་ཡོད། རྡོ་སོལ་སྔོག་འདོན་བྱེད་མཁན་གྲོང་མི་དུད་ཚང169བཀོད་སྒྲིག་བྱས་པ་དང་ཉམས་གསོ་བརྟན་གཏོང་གི་མ་དངུལ་སྒོར་ཁྲི252བརྩོན་ལེན་བྱས་ཡོད།

སྤྱི་ལོ2013ལོར་ཆིང་ཧུ་མོན་ཆུས་ཀྱི་དངོས་མིང་ལམ་ལུགས་ནང་མི3458ལས་ཞུགས་ཐུབ་པ་དང་། ལོ་རེའི་འཆར་གཞིའི115%ལེགས་གྲུབ་བྱུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.5%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། གྲོང་གསེབ་ཀྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་བྱེད་མཁན2195ཡོད་པ་དང་ལོའི་འཆར་གཞིའི110%ལེགས་གྲུབ་ཟིན་ནས་ཞིང་པ་ལས་མིའི་གླ་ཆ་སྒོར་ཁྲི962གཙང་སྤྲོད་བྱས་ཡོད། ལས་ཞུགས་དང་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་ཚང་གི་གནས་ཚུལ་སྔར་བཞིན་མེད།

6_2 སློབ་གསོའི་བྱ་གཞག

སྤྱི་ལོ2010ལོར་ཆིང་ཧུ་མོན་ཆུས་ཤིན་པེ་སློབ་ཆུང་གི་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་དང་འགྱིག་བཟོས་ལུས་རྩལ་ཐང་གཉིས་ཀྱི་ལས་གྲྭ་ཚང་མ་སྤྱོད་འགོ་ཚུགས་ཡོད། སློབ་འབྲིང་བཅུ་པའི་སློབ་ཁྲིད་ཐོག་ཁང་གསར་པ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་ཡོན་ཙག་ཙིག་ཚང་མ་མེད་པར་བཏང་བ་དང་། སློབ་གྲྭ་འབྲིང་ཆུང་དུ“རིན་མེད་གཉིས་དང་ཁ་གསབ་གཅིག” མི6129ལོངས་སྤྱོད་བྱས་ཡོད་ལ། “རིན་མེད་གཉིས་དང་ཁ་གསབ་གཅིག”གི་མ་དངུལ་སྒོར་ཁྲི229གཤམ་སྤྲོད་བྱས་པ་རེད།

6_3 རིག་གནས་བྱ་གཞག

སྤྱི་ལོ2013ལོར་ཆིང་ཧུ་མོན་ཆུས་སུ་རིག་རྩལ་ཤང་དང་གྲོང་རྡལ་དུ“དཔྱིད་ཀྱི་ཆུང་ཧུ”དང“ཆིང་ཧུའི་བཞུར་སྒྲ”སོགས་རིག་གནས་སྒྱུ་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། སྤྱི་ཕན་གློག་བརྙན་ཐེངས323བསྟན། ཞིང་དུད་དཔེ་དེབ་ཁང་ཁྱོན་ཡོངས་ལ་ཁྱབ་ཡོད། གྲངས་གཞི་ཅན་གྱི་དཔེ་མཛོད་ཁང་བསྐྲུན། ལོ་རྒན་ཞབས་ཞུའི་མཐུན་ཚོགས་བཙུགས་པ་དང་། དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་འོས་འཚམ་བཀོད་སྒྲིག་ལས་དོན་སོགས་སྤེལ།

6_4 ཚན་རྩལ་བྱ་གཞག

སྤྱི་ལོ2010ལོར་ཆིང་ཧུ་མོན་ཆུས་ཀྱིས་ཚན་རྩལ་དམིགས་བསལ་མངགས་གཏོང་གི་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ་ཞིང་ལས་ཀྱི་སྣ་ཁ་གསར་པ50ཁྱབ་གདལ་བཏང་བ་དང་། ལག་རྩལ་གསར་པ30ཁྱབ་གདལ་བཏང་། ཚན་རྩལ་མཚམས་སྦྱོར་ཞབས་ཞུའི་རྩ་འཛུགས5བཙུགས། ཞིང་པའི་ཚན་རྩལ་བར་ཁེ་བ30གསར་དུ་ཁ་སྣོན་བྱས། ཚན་རྩལ་དཔེ་སྟོན་དུད་ཚང100གསོ་སྐྱོང་བྱས་པ་དང་། ཚན་རྩལ་གྱིས་ཞིང་ལས་ལ་ལེགས་སྐྱེས་འབུལ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ཡོད། རིགས་གཅིག་མཁས་ཅན་གདན་དྲངས་ནས་འཛིན་གྲྭ་ཐེངས50ལྷག་ཙམ་གཉེར་བ་དང་མང་ཚོགས600ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཕྱི་ཕྱོགས་སུ་ཕན་ཆེའི་ཞིང་ལས་ལག་རྩལ་གསར་པ་སློབ་སྦྱོང་བྱེད་པར་བསྐྱོད་ཡོད། སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་སྟེགས་བུ་ཧུར་ཐག་གིས་བསྐྲུན་ནས་རྣམ་གྲངས་དང་ལག་རྩལ་དགོས་མཁོའི་ཆ་འཕྲིན100ལྷག་ཙམ་གྲབས་གསོག་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-12

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།