ཨན་དབྱང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་དབྱང་རྫོང་།
ཨན་དབྱང་རྫོང་ནི་ཨན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག113°53′—114°45′དང་། བྱང་གི་འཕྲེད་ཐིག35°57′—36°21′བར་དུ་ཡོད། ལྷོ་ཕྱོགས་སུ་ཐང་དབྱིན་རྫོང་དང་ཧོ་པེ་གྲོང་ཁྱེར་གྱི་ས་མཚམས། བྱང་ཕྱོགས་སུ་ཧོ་པེ་ཞིང་ཆེན་གྱི་ཁབ་ལེན་རྫོང་དང་། ལིན་ཀྲང་རྫོང་། ནུབ་ཕྱོགས་སུ་པེ་ཀོན་ཆུས་དང་ཝུན་ཧྥུང་ཆུས་ཀྱི་ས་མཚམས། ཤར་ཕྱོགས་སུ་ནེ་ཧོང་རྫོང་བཅས་དང་འབྲེལ་ཡོད། ཨན་དབྱང་རྫོང་གི་ཤར་ནུབ་རིང་ཚད་ལ་སྤྱི་ལེ73.75དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ44ཡོད། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1201དང་རྨོ་ཞིང་གི་རྒྱ་ཁྱོན་ལ་སྤྱི་ཆིང69080བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安阳县
སྲིད་འཛིན་ཁུལ་གྱི་རིགས།
རྫོང་དང་གྲོང་ཁྱེར་ཆུང་གྲས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཨན་དབྱང་།
མངའ་ཁོངས།
གྲོང་རྡལ8དང་ཤང13ཡོད།
སྲིད་གཞུང་གི་ས་གནས།
ཨན་དབྱང་གྲོང་ཁྱེར་པེ་ཀོན་ཁུལ་བཅིངས་འགྲོལ་ལམ་ཆེན།
ས་ཁོངས་ཁ་པར་ཨང་རྟགས།
0372
སྦྲག་སྲིད་ཨང་རྟགས།
455100
ས་གནས།
ཧོ་ནན་ཞིང་ཆེན་གྱི་བྱང་ཕྱོགས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1201ཡོད།
མི་གྲངས།
ཁྲི85.42ཡོད།(2011ལོར)
སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ཚབ་ཨང་།
410522
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར346ཡོད།(2012ལོར)
རླངས་འཁོར་ཚབ་ཨང་།
ཡུས(豫)E
1 ​ལོ་རྒྱུས་ཀྱི་འཕེལ་རིམ།     

ཆིན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དྲུག་གཅིག་གྱུར་བྱས་རྗེས། ཨན་དབྱང་དུ་རྫོང་བཙུགས།     

ཧན་ཀའོ་ཏིའི་ལོ་བཞི་པར(སྤྱི་ལོའི་སྔོན་གྱི203ལོར)ཀྲའོ་ཝང་གོ་རུ་གཏོགས། 

ཅིན་ཏི་ཁྲི་ལོ་གསུམ་པར(སྤྱི་ལོའི་སྔོན་གྱི154ལོར)ཀྲའོ་རྒྱལ་ཁབ་ཧན་ཏན་ཅུན་དུ་བསྒྱུར་བ་དང་། ལོ་ལྔ་ལ་ཀྲའོ་རྒྱལ་ཁབ་ཏུ་བསྒྱུར། 

ཅན་ཨན་ཁྲི་ལོ་བཅོ་བརྒྱད་པར(སྤྱི་ལོ213ལོར)ཨན་དབྱང་ནི་ཝེ་ཀུང་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་དང་། ཅན་ཨན་ཁྲི་ལོ་ཉེར་གཅིག་པར(སྤྱི་ལོ216ལོར)ཞ་ཝེ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།     

ཝེ་ཤར་མའི་ཐེན་ཕིན་གྱི་ལོ་འགོར(སྤྱི་ལོ534ལོར)ཡན་དབྱིན་རྫོང་དང་ཨན་དབྱང་རྫོང་གཉིས་ཡུས་རྫོང་དུ་བགོས། ཨན་དབྱང་རྫོང་དང་མཉམ་དུ་རྫོང་སྤྱི་ལོ590ལོར་ཁྱོན་བསྡོམས་ལོ56སོང་ཡོད།    

ཀྲོའུ་བྱང་མའི་གླང་ཆེན་ཁྲི་ལོ་གཉིས་པར(སྤྱི་ལོ580ལོར)སུའེ་ཀུང་དང་བློན་ཆེན་གཅིག་ལྕོགས་དབྱང་ཅན་གྱིས་རང་ཉིད་ཀྱི་བློར་མ་བབས་པའི་ཞང་ཀྲོའུ(དེང་གི་ཨན་དབྱང)གི་སྤྱི་ཁྱབ་དོ་དམ་པ་ཝེ་ཁྲི་ཅུང་ལ་དྲག་གནོན་བྱས་ཤིང་། ཧོ་པེ་དབྱང་ལ་རྒོལ་བའི་སྟོབས་ཤུགས་བསྐྱར་དུ་འབར་དུ་མི་འཇུག་པའི་ཆེད་དུ། ཞང་ཀྲོའུ་དང་། ཝེ་ཅུན། ཆི་རྫོང་། དེ་མིན་སྡོད་དམངས་ཚང་མ་ལྷོ་ཕྱོགས་ཨན་དབྱང་གྲོང་ཁྱེར་དུ་གནས་སྤར། དུས་དེ་ནས་བཟུང་ཨན་དབྱང་གྲོང་ཁྱེར་གྱིས་གྲོང་ཁྱེར་དེའི་ཚབ་ཏུ་ས་ཁུལ་དེའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་སུ་གྱུར་པ་དང་གྲོང་ཁྱེར་གསར་པ་ཞིག་ཏུ་གྱུར་ཡོད།                    མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་དང་པོར(སྤྱི་ལོ1368ལོར)མིན་ཅང་དམག་དཔོན་ཞུས་ཏ་ཡིས་པེན་ལིའང(ད་ལྟའི་ཁའེ་ཧྥེང་གྲོང་ཁྱེར)དུ་ལམ་ལ་ཆས། ཧོ་པེ་ཡི་ཀྲང་ཏེ་ལ་ཕར་རྒོལ་བྱས་ཤིང་། དེ་རྗེས་ཀྲང་ཏེ་ཧྥུ་བཙུགས། ཨན་དབྱང་སྔ་རྗེས་སུ་སྨན་ཁང་དུ་གྱུར།   

མིན་གོའི་སྲིད་ལོ་གཉིས་པར་ཨན་དབྱང་རྫོང་ནི་ཧོ་པེ་ཡི་ཁོངས་སུ་གཏོགས། 

ལོ་བཅུ་དྲུག་པར(སྤྱི་ལོ1927)ཧོ་ནན་ཞིང་ཆེན་ལ་གཏོགས་ཤིང་། སྤྱི་ལོ1932ལོའི་ཟླ10པར་རྒྱལ་དམངས་སྲིད་གཞུང་གིས་ཞིང་ཆེན་འོག་ཏུ་ཁུལ་བཙུགས་པ་དང་། ཨན་དབྱང་ནི་ཧོ་ནན་ཞིང་ཆེན་ཁུལ་གསུམ་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བདག་སྐྱོང་ཁང་ཡིན།     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རྫོང་སྲིད་གཞུང་གིས་ཁྲུང་དབྱི་ལ་གནས་སྤར་བ་དང་། སྤྱི་ལོ1953ལོར་སླར་ཡང་པའེ་པི་རུ་སྤོས། 

སྤྱི་ལོ1954ལོའི་ཟླ9པར་རྫོང་ཨན་དབྱང་རྫོང་དུ་ཟླ་སྒྲིལ་བཏང་ཞིང་། ཧོ་ནན་ཞིང་ཆེན་ཨན་དབྱང་ཀྲོན་ཆུས་སུ་གཏོགས་པ་དང་། རྫོང་སྲིད་གཞུང་ཨན་དབྱང་གྲོང་ཁྱེར་གྱི་ཨེར་ཏའོ་ཁྲོམ་ལམ་དུ་སྤོས་པ་དང་། རྗེས་སུ་དེང་གི་བཅིངས་འགྲོལ་ལམ་ཆེན་དུ་སྤོས།     

སྤྱི་ལོ1954ལོར་རྫོང་ཨན་དབྱང་རྫོང་དུ་ཟླ་སྒྲིལ་བཏང་རྗེས་ཨན་དབྱང་རྫོང་གི་པའེ་པི་གྲོང་རྡལ་དུ་གྱུར་པ་དང་། ད་ལྟའི་ས་ཁོངས་ནི་ཨན་དབྱང་ཁུལ་གསར་གྱི་མངའ་ཁོངས་སུ་དབྱེ་ཡོད།

2 ས་ཁམས་ཁོར་ཡུག  
2_1 ས་གནས།    

ཨན་དབྱང་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན་པ་དང་། ས་ཁམས་གནས་ཚད་ནི་ཤར་གྱི་ཞུང་ཐིག113°53′—114°45′དང་། བྱང་གི་འཕྲེད་ཐིག35°57′—36°21′བར་དུཡོད། ལྷོ་ཕྱོགས་སུ་ཐང་དབྱིན་རྫོང་དང་ཧོ་པེ་གྲོང་ཁྱེར་གྱི་ས་མཚམས། བྱང་ཕྱོགས་སུ་ཧོ་པེ་ཞིང་ཆེན་གྱི་ཁབ་ལེན་རྫོང་དང་། ལིན་ཀྲང་རྫོང་། ནུབ་ཕྱོགས་སུ་པེ་ཀོན་ཆུས་དང་ཝུན་ཧྥུང་ཆུས་ཀྱི་ས་མཚམས། ཤར་ཕྱོགས་སུ་ནེ་ཧོང་རྫོང་བཅས་དང་འབྲེལ་ཡོད། ཨན་དབྱང་རྫོང་གི་ཤར་ནུབ་རིང་ཚད་ལ་སྤྱི་ལེ73.75ཟིན་པ་དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ44ཡོད། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1201དང་རྨོ་ཞིང་གི་རྒྱ་ཁྱོན་ལ་སྤྱི་ཆིང69080ཡོད།

2_2 ནམ་ཟླ     

ཨན་དབྱང་རྫོང་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད13.6℃དང་། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི650དང་སད་མེད་དུས་ཉིན200ཡིན། ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད14.2℃དང་། ལོ་རེའི་དུས་མཚུངས་ཀྱི་ཆ་སྙོམས་དྲོད་ཚད14.1℃ལས་ཅུང་མཐོ་བ་དང་། ལོ་མཇུག་གི་དྲོད་ཚད་མཐོ་ཤོས38.3℃ཡིན་པ་དེ་ཟླ6ཚེས8ཉིན་ཡིན་པ་དང་། ལོའི་དྲོད་ཚད་དམའ་ཤོས-9.3℃ཡིན་པ་དེ་དག་ཟླ1པོའི་ཚེས7ཉིན་དང་། ཚེས9ཉིན། ཚེས13ཉིན་བཅས་སོ་སོར་ཐོན་གྱིན་ཡོད། དེའི་ནང་དགུན་དུས་ཀྱི་ཆ་སྙོམས་དྲོད་ཚད1.3℃ཡིན་པ་དེ་རྒྱུན་གཏན་གྱི་ཁོངས་སུ་གཏོགས་མོད། འོན་ཀྱང་ཟླ་རེར་དྲོད་ཚད་མངོན་གསལ་དོད་པོས་འཕར་བའི་རྣམ་པ་མངོན་པ་དང་། ལྷག་པར་དུ་ཟླ་དང་པོའི་ཟླ་སྨད་ནས་དུས་ཚིགས་དུས་མཇུག་བར་དྲོད་ཚད་ལོ་གོང་མ་ལས་ཅུང་མཐོ་བ་ཡོད་པས་དགུན་བརྒལ་དུས་མཇུག་དང་སྔོ་ལོག་བྱ་རྒྱུར་ཕན་པ་མེད། དཔྱིད་དུས་ཀྱི་དྲོད་ཚད་རྒྱུན་ལྡན་ཡིན་པ་དང་དུས་ཚིགས་ཀྱི་ཆ་སྙོམས་དྲོད་ཚད14.9℃ཡིན་པས་དྲོད་ཚད་ཀྱིས་དགུན་གྲོ་སྐྱེ་འཚར་གྱི་དགོས་མཁོ་སྐོང་ཐུབ། འོན་ཀྱང་ཟླ3པའི་ཟླ་དཀྱིལ་དང་ཟླ་སྨད་དུ་དྲོད་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ཟླ3པའི་ཟླ་དཀྱིལ་དུ་ཆ་སྙོམས་དྲོད་ཚད་རྒྱུན་གཏན་ལས་ཧྲེ་ཧྲི་ཏུའུ2ཀྱིས་དམའ་བ་དང་ཟླ་སྨད་དུ་རྒྱུན་གཏན་དང་མི་འདྲ་བར་ཧྲེ་ཧྲི་ཏུའུ4ཡིས་མཐོ་བ་ཡོད་པས་གྲོ་སྔོ་ལོག་བྱེད་པར་ཕན་པ་མེད། དབྱར་དུས་ཆ་སྙོམས་དྲོད་ཚད25.0℃ཡིན་པ། སྟོན་དུས་ཀྱི་ཆ་སྙོམས་དྲོད་ཚད14.1℃ཡིན་པ་ཚང་མ་རྒྱུན་ལྡན་གྱི་དུས་ཚིགས་སུ་གཏོགས།     

2_3 ས་དབྱིབས།      

ཨན་དབྱང་རྫོང་གི་ས་བབ་ནི་ནུབ་བྱང་མཐོ་ལ་ཤར་ལྷོར་དམའ། ནུབ་རྒྱུད་ནི་རི་བོ་ཐའེ་ཧང་དང་ཤར་དུ་ཧྭ་པེ་བདེ་ཐང་དང་འབྲེལ་ཡོད།  ས་བབ་མཐོ་ཚད་ལ་སྨི674ཡོད་པ་དང་། དམའ་ཤོས་ནི་ཝ་ཏེན་ཤང་གི་ཀོང་རུན་ཕི་རུ་ཡོད་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི54.5ཡོད། རི་དང་། ཆུ། ཕིང་། ཝ་བཅས་ས་བབ་སྣ་ཚོགས་ལས་གྲུབ་པ་དང་། ཨན་དབྱང་རྫོང་གི་རྙོག་འཛིང་ཆེ་བའི་ས་དབྱིབས་ཆགས་གཞི་གྲུབ་ཡོད།     

2_4 ཐོན་ཁུངས།  

ཨན་དབྱང་རྫོང་གི་ནུབ་རྒྱུད་རི་ཁུལ་དུ་གཏེར་གནས150ལྷག་ཙམ་རྙེད་ཡོད། རྡོ་སོལ་དང་རྡོ་སོལ་ཆགས་རིམ་གྱི་སོལ་རླངས། ལྕགས། མཱན། ཞ་ཉེ། ཟངས། ཅཱ། ལིན། ཞ་ཧྲི་ཀྲེང་ཁྲང་བྲག་རྡོ། ཐལ་སྐྱ་རིང་པོ། སྤྲིན་དཀར་བྲག་རྡོ། བཞུ་རྫས་ཐལ་རྡོ། ཆུ་འདམ་ཐལ་རྡོ། རྡོ་རིང་། རྡོ་ཀ་མ་རུའི་རྡོ། རྡོ་ཀ་མ་རུའི་བྱེ་མ། དཀར་ཡོལ། རྡོ་ཅུ་གང་སོགས་ལྕགས་རིགས་སམ་ལྕགས་རིགས་མིན་པའི་གཏེར་རིགས30ལྷག་ཡོད་ཅིང་། མང་ཆེ་བ་ནི་ལོ་བརྒྱ་ཡན་སྔོག་འདོན་བྱེད་ཐུབ། རྡོ་སོལ་དང་། ལྕགས་བཞུ། ཡང་བའི་འཁེལ་འཐག་སོགས་གཙོ་བོར་བྱས་པའི་བཟོ་ལས་ཐོན་སྐྱེད་མ་ལག་ཆགས་ཡོད།     སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     སྤྱི་ལོ2010ལོའི་བར་ཨན་དབྱང་རྫོང་ཁོངས་སུ་གྲོང་རྡལ12དང་། ཤང7ལ་ཁྱོན་གྲོང་ལྷན6སྲིད་འཛིན་གྲོང་ཚོ608རང་བྱུང་གྲོང་ཚོ707བཅས་ཡོད་པ་རེད། རྫོང་སྲིད་གཞུང་ནི་ཨན་དབྱང་གྲོང་ཁྱེར་པེ་ཀོན་ཆུས་བཅིངས་འགྲོལ་ལམ་ཆེན་ན་ཡོད།     

3 འགྲིམ་འགྲུལ་སྐྱེལ་འདྲེན།     

ཨན་དབྱང་རྫོང་ལ“ཧོ་ནན་བྱང་རྒྱུད་དུ་རྒྱུག་དུས། ཞིང་ཆེན་བཞི་བགྲོད་ཐུབ”ཅེས་འབོད་སྲོལ་ཡོད། བྱང་དུ་རྒྱལ་ས་པེ་ཅིན་དང་། ལྷོ་རུ་ཀྲིན་ཀྲོའུ་དང་འབྲེལ་ཡོད། སྤྱི་ལོ2013ལོའི་བར། པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་དང་། རྒྱལ་ལམ107 ཅིང་ཀྲུའུ་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་ས་ཁོངས་ཧྲིལ་པོ་དང་། ཨན་ལི་དང་ཧྲི་ལིན་བར་གྱི་ལྕགས་ལམ། ཨན་ལིན་དང་ཨན་ཀུའུ་བར་གྱི་གཞུང་ལམ་བཅས་ཤར་ནུབ་འཕྲེད་བརྒལ་བྱས་ནས་སྐྲུན་བཞིན་པའི་ཨན་ལིན་མྱུར་བགྲོད་གཞུང་ལམ་ནུབ་རྒྱུད་རི་ཁུལ་དུ་བརྒལ་བཞིན་ཡོད་པ་དང་། རྫོང་ཁོངས་ཀྱི་རྒྱལ་ལམ་དང་། ཞིང་ཆེན་ལམ། རྫོང་དང་ཤང་གི་གཞུང་ལམ་བཅས་འཕྲེད་གཞུང་དུ་བསྣོལ་ནས་དྲ་བ་ཆགས་ཡོད་པ་རེད།     ཅིང་ཀོང་ལྕགས་ལམ་ནི་ཨན་དབྱང་རྫོང་གི་ལྷོ་བྱང་ལ་སྤྱི་ལེ32.25ཡོད་པ་དང་། པའེ་ཀྲོང་དང་པའོ་ལེན་དགོན་གཉིས་བཙུགས་ཡོད། ཨན་ལི་ལམ་ཐིག(ཧོ་པེ་ཚི་རྫོང་ཀང་ཙི་དོང་བར)ཤར་ངོས་པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་ཨན་དབྱང་བབས་ཚུགས་ནས་ནུབ་ངོས་ཨན་དབྱང་ཤིས་བབས་ཚུགས་དང་། ཧྲུའེ་ཡེ་ས་ཚིགས། ཧྲི་ཅན་ས་ཚིགས། ལི་ཀྲེན་བབས་ཚུགས་བཅས་སུ་སླེབས་ཀྱི་ཡོད། ཉིན་ལྟར་འགྲུལ་སྐྱེལ་རླངས་འཁོར2ཨན་དབྱང་བབས་ཚུགས་ནས་ཐོན་ཏེ་ཀང་ཙེ་ཡའོ་བབས་ཚུགས་སུ་འབྱོར་གྱི་ཡོད་པ་དང་ཁྱོན་རིང་ཚད་སྤྱི་ལེ33.1 ཡོད།

4 མི་གྲངས་དང་མི་རིགས།    

ཨན་དབྱང་རྫོང་ནི་སྔར་ནས་རྒྱ་རིགས་འདུས་སྡོད་ཁུལ་ཡིན་པ་དང་། བར་དུ་གྲངས་ཉུང་མི་རིགས་གཞིས་ཆགས་ཡོད། མན་ཇུ་རྒྱལ་རབས་ཀྱི་དུས་མཇུག་ཏུ་ལི་ཡོན་ཀྲེན་གྱི《ཨན་དབྱང་རྫོང་གི་ཡུལ་སྐྱེས་ལོ་རྒྱུས་》ཞེས་པའི་ནང་འཁོད་པ་ལྟར་ན། “རང་ཡུལ་དེ་གའི་ཡུལ་སྐྱེས་ཀྱི་རྒྱ་རིགས་དུད་ཚང་དང་། ཧུའེ་རིགས་ཀྱི་དུད་ཚང་བཅུ་ལྷག་ཙམ་ཡོད་ཅིང་། མི་རབས་ནས་མི་རབས་བར་རྫོང་མཁར་གྱི་ཞི་ཀོན(ཨན་དབྱང་གྲོང་ཁྱེར་གྱི་ཞི་ཀོན་ལ་ཟེར)དུ་གནས་ཡོད”ཟེར།     ཀྲུང་གོ་གསར་པ་དབུ་བརྙེས་རྗེས། མངའ་ཁོངས་ནང་གི་མི་རིགས་ཀྱི་གྲུབ་ཆ་གཞི་རྩའི་ཆ་ནས་སྔར་རྒྱུན་རང་འཇགས་སུ་གནས་པ་དང་། སྤྱི་ལོ1980ལོའི་རྗེས་སུ་གཉེན་སྒྲིག་གམ་ལས་ཀའི་འབྲེལ་བའི་དབང་གིས་རིམ་བཞིན་གྲངས་ཉུང་མི་རིགས་ཀྱི་མི་འབོར་རྫོང་ཁོངས་སུ་གནས་སྤོས། སྤྱི་ལོ1982ལོར་མི་འབོར་ཡོངས་བཤེར་བྱས་པ་དང་། མངའ་ཁོངས་སུ་གྲངས་ཉུང་མི་རིགས7དང་ཁྱིམ་དུད53ཡོད། སྤྱི་ལོ1990ལོར་མི་འབོར་ཡོངས་བཤེར་བྱས་པ་དང་། མངའ་ཁོངས་སུ་གྲངས་ཉུང་མི་རིགས19དང་ཁྱིམ་དུད400ལྷག་ཡོད། སྤྱི་ལོ2002ལོར་མངའ་ཁོངས་ནང་གི་གྲངས་ཉུང་མི་རིགས19དང432སོ་སོར་སོག་རིགས་ཀྱི་དུད་ཚང37དང་། ཧུའེ་རིགས་ཀྱི་དུད་ཚང52བོད་རིགས་ཀྱི་དུད་ཚང19མིའོ་རིགས་ཀྱི་དུད་ཚང50དབྱིས་རིགས་ཀྱི་དུད་ཚང18ཀྲོང་རིགས་ཀྱི་དུད་ཚང90པུའུ་དབྱི་རིགས་ཀྱི་དུད་ཚང36མན་ཇུ་རིགས་ཀྱི་དུད་ཚང17ཏུང་རིགས་ཀྱི་དུད་ཚང15ཡའོ་རིགས་ཀྱི་དུད་ཚང25ཐུའུ་ཅ་རིགས་ཀྱི་དུད་ཚང14 ལི་རིགས་ཀྱི་དུད་ཚང4དང་། ཆའང་རིགས་ཀྱི་དུད་ཚང5ལ་ཧུའུ་རིགས་ཀྱི་དུད་ཚང5ཧྲུའེ་རིགས་ཀྱི་དུད་ཚང2ཏ་ཝོར་རིགས་ཀྱི་དུད་ཚང1མུའུ་ལའོ་རིགས་ཀྱི་དུད་ཚང2ཧྲེ་རིགས་ཀྱི་དུད་ཚང2ས་ལར་རིགས་ཀྱི་དུད་ཚང2བཅས་ཡོད། གྲངས་ཉུང་མི་རིགས་དེ་དག་གཙོ་བོ་ཞུས་ཅ་ཀོའུ་དང་། ལའེ་ཁོའུ། ལུའི་ཚུན། ཞིན་ཚུན། པེ་ཀུའོ་དང་ཡུང་ཧོ། ཧྲུའེ་ཡེ། ཐུང་ཡེ། ཧྲན་ཡིང་། པའེ་པི། ཅང་ཚུན། ལུན་ཀྲང་། ཏུའུ་ལི། ཆུས་ཀུའུ། ཀའོ་ཀྲོང་། ཝ་ཏེན། པའེ་ཀྲོང་སོགས་ཤང་གྲོང19རུ་ཁྱབ་ཡོད་པ་དེ་དག་ཀོང་ཤིས་དང་། ཡུན་ནན། ཀུའེ་ཀྲོའུ། ནང་སོག ཧོ་པེ། སི་ཁྲོན། མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ནས་ཡིན་པ་རེད།     སྤྱི་ལོ2011ལོའི་ལོ་མཇུག་ཏུ་ཨན་དབྱང་རྫོང་གི་མི་འབོར་བསྡོམས་འབོར་ཁྲི98.81ཡོད་པའི་ནང་རྒྱུན་སྡོད་མི་འབོར་ཁྲི85.42ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི36.51ཡོད།     

5 ཆབ་སྲིད།       

རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཚུང་ཀྲི།     རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ཝང་ཧུང་པིང་།     

ཏང་ཙུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་རྒན་པའི་རིམ་པའི་ལས་བྱེད་པ། ཝང་ཕེ་ཁྲེན།     

རྫོང་ཨུ་ཡི་རྒྱུན་ཨུ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་ལི་ཅུན་ཀོང་།     

རྫོང་དཔོན་གཞོན་པ། མ་ཡུས་ཧུང་དང་། ཀྲེང་ཧྥ་ཝུན། མེང་ཧྥན་ཡུང་། ཧོ་གོ་ཧྥེང་།      

6 དཔལ་འབྱོར།     

སྤྱི་ལོ2012ལོར་ཨན་དབྱང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར346ཟིན་པ་དེ་དུས་མཚུངས་ལས8%འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར288.8བཏང་ནས25%འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར11.4ལེགས་གྲུབ་བྱུང་བ་དེ0.55%འཕར་བ། ཕྱོགས་བསྡུས་དངོས་ཤུགས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ཤང་གྲོང7ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཤང་གྲོང་བརྒྱའི་གྲས་སུ་སླེབས་ནས་བསྡོམས་འབོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཧྲུའེ་ཡེ་གྲོང་རྡལ་དུ་བསྟུད་མར་ཨང་དང་པོ་ཐེངས་བརྒྱད་ཐོབ་པ་དང་ཁེ་ལས3ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁེ་ལས་སྟོབས་ཆེན་བརྒྱའི་ནང་ཚུད་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་བའི་ཆུ་ཚད་ལས་མཐོ་བ་ཡོད་པ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9848.7ཟིན་ནས12.3%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18596ཟིན་ནས12.6%འཕར་ཡོད།

6_1 ཞིང་ལས་དང་ནགས་ལས།      

ཨན་དབྱང་རྫོང་ནི་འབྲུ་རིགས་སྤུས་ལེགས་དང་སྲིང་བལ་ཐོན་ཁུལ་གལ་ཆེན་ཞིག་ཡིན། ཞིང་ལས་ནི་ཨན་དབྱང་རྫོང་གི་སྲོལ་རྒྱུན་ལེགས་ཆའི་ཐོན་ལས་ཤིག་ཡིན་པ་དང་ལྷག་པར་དུ་དབུས་ཤར་རྒྱུད་ཀྱི་བདེ་ཐང་ས་ཁུལ་དུ་ས་རྒྱུ་གཤིན་པོ་དང་། ཆུའི་ཐོན་ཁུངས་དང་ཉི་འོད་འདང་ངེས་ཡོད་པ། དུས་བཞིར་དབྱེ་བ་གསལ་པོ་ཡོད་པ། ལོ་ཧྲིལ་པོར་སད་མེད་དུས་ཉིན208ཡིན་པ་བཅས་ཞིང་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་འཛོམས་ཡོད། གྲོ་དང་། མ་རྨོས་ལོ་ཏོགསྲིང་བལ་བཅས་དགེ་མཚན་ལྡན་པའི་ཐོན་རྫས་ཆེན་པོ་གསུམ་ཆགས་ཡོད།     ཚད་ལྡན་གྱི་ས་ཞིང་གཤིན་པོའི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤུས་ལེགས་འབྲུ་རིགས་ཐོན་ལས་ཅན་དུ་འགྱུར་བའི་ཁྱུ་ཚོགས་སྐྱེད་སྲིང་བྱེད་པ། གཞི་ཁྱོན་ཅན་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་རྒྱུར་དམིགས་ནས“ཀུང་སི་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་དཔེ་དབྱིབས་བརྒྱུད་སྣེ་འདྲེན་ཁེ་ལས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེ་རུ་བཏང་ནས་ཤུགས་རྐྱེན་ལྡན་པ་དང་། གཞི་ཁྱོན་ཆེ་བ། ཕན་འབྲས་ལེགས་པ་བཅས་ཀྱི་ཐོན་ལས་ཅན་གྱི་ཁྱུ་ཚོགས་ཁག་གཅིག་རིམ་བཞིན་ཆགས་པ་བྱས་ནས་ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།     ཨན་དབྱང་རྫོང་ཡང་ཕྱུགས་ལས་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན། སྤྱི་ལོ2012ལོའི་ཟླ6པའི་ཟླ་མཇུག་ཏུ་བསྡོམས་རྩིས་བྱས་པ་ལྟར་ན། ཨན་དབྱང་རྫོང་གི་ཕྱུགས་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར11.2ཟིན་པ་དང་། ཤ་སྒོང་འོ་མའི་ཐོན་ཚད་ཏུན་ཁྲི7.5ཟིན་པ་དང་། ཕག་པ་མགོ་གྲངས་ཁྲི་27དང་། ཁྱིམ་བྱ་མགོ་གྲངས་ཁྲི787བ་གླང་མགོ་གྲངས་ཁྲི6.5བཅས་ཡོད། གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བའི་དུད་ཚང5500ལྷག་ཙམ་ཡོད་པ་དང་། གཞི་ཁྱོན་ཡན་གྱི་ཚད་ལྡན་ཅན་གྱི་ཁེ་ལས214ཡོད་པ། འབྲོག་ལས་ཞིང་པའི་ཆེད་ལས་མཉམ་ལས་ཁང166ཡོད་པ། འབྲོག་ལས་ཀྱིས་ངལ་རྩོལ་ནུས་ཤུགས་མི་ཁྲི3.8བསྡུ་ལེན་བྱས་པ། ལོ་ལྟར་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར5.4ཙམ་ཐད་ཀར་འཕར་བ་བཅས་རེད། 

6_2 བཟོ་ལས།     

བཟོ་ལས་ནི་ཨན་དབྱང་རྫོང་གི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་ཡིན་པ་དང་། ཨན་དབྱང་རྫོང་དུ་ལས་རིགས་ཅུང་ཆ་ཚང་བའི་བཟོ་ལས་མ་ལག་ཅིག་ཆགས་ཡོད། སྤྱི་ལོ2012ལོར་ཨན་དབྱང་རྫོང་གི་གཞི་ཁྱོན་ཡན་གྱི་ཁེ་ལས་བསྡོམས་འབོར209ཟིན་ནས་ཨན་དབྱང་གྲོང་ཁྱེར་གྱི་སྣེ་ཁྲིད་དེ་མུ་མཐུད་ཧོ་ནན་གྱི་ཨང་གཉིས་པར་སླེབས་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར194.7ལེགས་གྲུབ་བྱུང་བ་དང9.8%འཕར་ནས་ཨན་དབྱང་གྲོང་ཁྱེར་དང་གྲོང་ཁྱེར་གྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཏེ་ཁེ་ལས་བརྟན་པོའི་ངང་བསྐྱར་འཕར་བྱུང་ནས་ཧོ་ནན་ཞིང་ཆེན་ཁེ་ལས་ཀྱི་ཞབས་ཞུའི་ལས་དོན་གྱི་སྔོན་ཐོན་རྫོང་དུ་བདམས་པ་རེད། བཟོ་ལས་དར་རྒྱས་ཀྱི“152”དམིགས་ཚད་དཔྱད་ཞིབ་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཤང་གྲོང་ཁག་གིས་བཟོ་ལས་དམ་འཛིན་དང་རྣམ་གྲངས་གཉེར་བའི་ཧུར་སེམས་སྐུལ་སློང་ཤུགས་ཆེན་ཐུབ་ནས་ཨན་དབྱང་རྫོང་གིས་ཁྱོན་མ་དངུལ་སྒོར་དུང་ཕྱུར81བཏང་ནས་བཟོ་ལས་རྣམ་གྲངས135འཛུགས་སྐྲུན་བྱས་ཡོད།     

6_3 ཞབས་ཞུའི་ལས་རིགས།     

ཨན་དབྱང་རྫོང་ནི་ཚོང་ཟོག་ཟོག་འགྲེམས་རྟེན་གཞི་གལ་ཆེན་ཞིག་ཡིན། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། འགྲིམ་འགྲུལ་གྱི་ཁོར་ཡུག་སྟབས་བདེ་བ། ཐུན་མོང་མ་ཡིན་པའི་ས་ཁམས་གནས་བབ་ཐོབ་པ་བཅས་ཀྱི་དབང་གིས་ཨན་དབྱང་རྫོང་འདི་ཉིད་དབུས་རྒྱུད་ས་ཁུལ་གྱི་ཚོང་ཟོག་དང་དངོས་ཟོག་བསྡུ་འགྲེམས་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཨན་དབྱང་རྫོང་དུ་ཧྲུའེ་ཡེ་དང་། པའེ་ཀྲོང་། ཆུས་ཀུའུ། ལུའི་གྲོང་ཚོ་སོགས་ཚོང་ཟོག་དང་དངོས་ཟོག་ཉོ་ཚོང་ཁྲོམ་ར་མང་པོ་ཞིག་ཆགས་ཡོད། དེའི་ནང་པའེ་ཀྲོང་ནང་གོས་ཁྲོམ་ར་དང་ཆུས་ཀོའུ་གྲོང་རྡལ་གྱི་ལྕགས་རིགས་བསྲེས་མ་ཉོ་ཚོང་ཁྲོམ་ར་རྒྱལ་ཡོངས་སུ་གནས་བབ་གལ་ཆེན་བཟུང་ཡོད།

7  སྤྱི་ཚོགས་ལས་དོན།     
7_1 འཛུགས་སྐྲུན་མ་འཇོག     

སྤྱི་ལོ2012ལོར་ཨན་དབྱང་རྫོང་གི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས43གྱི་གཙོ་གནད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར45.2བཏང་ནས་ཨན་དབྱང་གྲོང་ཁྱེར་གྱི་རྫོང(གྲོང་ཁྱེར)ལྔ་ཡི་ཨང་དང་པོར་སླེབས་ཡོད། འགྲོ་ལམ19ཡི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་པ་དང་སྤྱིའི་ལམ་ཚད་སྤྱི་ལེ90.8ཟིན་ཡོད། རྫོང་ཐོན་ལས་གཅིག་སྡུད་ཁུལ་དུ་འགྲོ་ལམ8གསར་སྐྲུན་བྱས་པ་དང་ལམ5བསྐྲུན་པ་དང་ལམ་གཞི3ཤར་གཏོང་ཐུབ་ནས་གླིང་ཁུལ་གྱི་ཁ་ཟུམ་ལམ་དྲ་བ་གཞི་རྩའི་ཆ་ནས་གྲུབ་ཡོད། རྡོ་སོལ་ནུབ་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། མ་དངུལ་སྒོར་དུང་ཕྱུར5.3བཏང་ནས་ཞིང་ནང་ཆུ་བེད་ཀྱི་གཞི་རྩའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་དེ་ཡོངས་ཀྱི“དར་དམར་ཆུ་ཡུར་གྱི་སྙིང་སྟོབས་བུམ་པ”ཐེངས12ཐོབ་པ་རེད། ཧུང་ཧོ་ཐོན་དང་ཧྲུའེ་ཡེ་ཤིས་ཀྱི་ཆན་ཕུའུ220ཡི་གློག་སྒྱུར་ས་ཚིགས2འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་ལེགས་གྲུབ་བྱུང་། ཨན་དབྱང་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་རྣམ་གྲངས70ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར17.2བཏང་ནས་རྣམ་གྲངས53ལེགས་གྲུབ་བྱུང་ཡོད། གྲོང་གསེབ་ཀྱི་སྡེ་ཁུལ་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། སྡེ་ཁུལ36དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་གྲས་ཀྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་འབད་བརྩོན་བྱས་ཡོད།     

7_2 དམངས་གཙོའི་ཁྲིམས་སྐྱོང་།     

བསྡོམས་རྩིས་བྱས་པར་གཞིགས་ན།   སྤྱི་ལོ2012ལོར་ཨན་དབྱང་རྫོང་སྲིད་གཞུང་གིས་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི257ནན་ཏན་བསྒྲུབས་པ་དང་བློ་ཡིད་ཚིམ་ཚད100%ཟིན་ཡོད། ཧོ་ནན་ཞིང་ཆེན་གྱི་གྲོང་དོན་ཡོངས་བསྒྲགས་ཀྱི་དམངས་གཙོའི་དོ་དམ་དཔེ་སྟོན་རྫོང་དུ་ཐོབ་ནས“རྫོང་ཨུད་ཧྲུའུ་ཅིས་གྱོད་གཞི་འཁྱེར་ནས་གཤམ་སྐྱོད་བྱེད་པའི”བྱེད་སྒོ་གསར་གཏོད་ངང་སྤེལ་བ་སོགས་རེད།     

7_3 ཚན་རིག་ལག་རྩལ།       

སྤྱི་ལོ2012ལོར་ཨན་དབྱང་རྫོང་ལ་རྒྱལ་ཁབ་རིམ་པའི་ཚན་རྩལ་གྲུབ་འབྲས་ཁག1ཐོབ་པ་དང་། དཔལ་འབར་འཆར་གཞིའི་རྣམ་གྲངས32ལག་བསྟར་བྱས་པ། ཚན་ཞིབ་རྣམ་གྲངས74ལེགས་གྲུབ་ཟིན་པའི་ནང་ཞིང་ཆེན་དང་གྲོང་ཁྱེར12ལ་ཚན་རྩལ་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པ་དང་། “འགག་སྒྲོལ”དང“མེ་སྟག”གི་རྣམ་གྲངས104ལེགས་གྲུབ་ཟིན་པ་དང་། ཞིང་ཆེན་རིམ་པས་ཚན་རྩལ་མཐོ་བའི་ཐོན་རྫས་ཁག5ངོས་འཛིན་བྱས་པ་བརྒྱུད། “ཧུང་ཆི་ལུས་ཟུངས་གསོ་བའི་ནོར་བུ”དང“གསར་གཏོར་སོས་སོང”“གློག་རྡུལ་རྐུན་འགོག་ཚད་འཇལ་སྒམ”“བར་ཟེ་རྨང་པུན་ཀ་སྐྱུར། ”“རྩ་སྨན་འབུ་གསོད་སྨན་རྫས”སོགས་ཚང་མ་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད། སྔོན་ཐོན་དངོས་སྤྱོད་ལག་རྩལ་ཁག28ཁྱབ་གདལ་བཏང་བ་དང་། ཞིང་ཆེན་རིམ་པའི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྟེན་གཞི2བསྐྲུན་པ། ཞིང་ཆེན་རིམ་པའི་ཚན་རིག་ཁྱབ་གདལ་དཔེ་སྟོན་ཤང་གྲོང14བསྐྲུན་པ། ཚན་རྩལ་དཔེ་སྟོན་གྲོང་ཚོ205སྐྱེད་སྲིང་བྱས་པ། ཚན་རྩལ་གྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད40%ཟིན་པ་བཅས་རེད།     

7_4 སློབ་གསོ།       

སྤྱི་ལོ2011ལོར་ཨན་དབྱང་རྫོང་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ517དང་། དགེ་རྒན་དང་ལས་བཟོ10745སློབ་གྲྭར་ཡོད་པའི་སློབ་མ166376བཅས་ཡོད། སློབ་ཆུང་དུ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི100ཟིན་པ་དང་། དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི95.2ཟིན་པ། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་སྤྱི་ལོ1997ལོར4336ཡིན་པ་ནས་སྤྱི་ལོ2002ལོའི་མི12561ལ་འཕར་སྣོན་བྱུང་ཞིང་། ལོ་རེར་ཆ་སྙོམས་བརྒྱ་ཆའི37.9འཕར་ཡོད། ཨན་དབྱང་རྫོང་གི་མཐོ་རྒྱུགས་ཞིང་ཆེན་གྱི་ཆེད་དོན་དྲ་ཞུགས་མི་གྲངས་ལོ11བསྟུད་མར་ཨན་དབྱང་གྲོང་ཁྱེར་གྱི་རྫོང(གྲོང་ཁྱེར)ལྔའི་ཨང་དང་པོར་སླེབས་ཡོད། ཨན་དབྱང་རྫོང་སློབ་གསོ་པུའུ་དང་ཞིང་ཆེན་སྲིད་གཞུང་གིས་སྔ་རྗེས་སུ་གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་བ་དང་དགུ་སྤེལ་སྔོན་ཐོན་རྫོང་དུ་གཏན་འཁེལ་བྱས་པ་དང་། གློག་སྤྱད་སློབ་གསོ་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་རྩེ་གྲ་དང་རྫོང་བཅུའི་གྲས་སུ་གྱུར་པ་དང་། རྫོང་གི་ལས་རིགས་མཐོ་སློབ་དང་པོ་དེ་སློབ་གསོ་པུས་རྒྱལ་ཁབ་རིམ་པའི་གཙོ་གནད་ལས་རིགས་མཐོ་སློབ་ལ་གཏན་འཁེལ་བྱས་པ་རེད།     

7_5 འཕྲོད་བསྟེན་དང་ལུས་རྩལ།     

འཕྲོད་བསྟེན་བྱ་གཞག་ཐད་ཨན་དབྱང་རྫོང་གི་སྨན་བཅོས་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཁྱད་ལྡན་སྨན་ཁང་གོང་ལས་མང་དུ་ཕྱིན་ནས་ནད་འགོག་ནད་བཅོས་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།   སྤྱི་ལོ2012ལོར་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་གྱིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་འགན་ལེན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ལེགས་སུ་གཏོང་བའི་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། འཆར་ཡོད་བུ་བཙའ་དང་མི་འབོར་སྐོར་གྱི་ལས་ཀར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་། ས་ཞིང་དོ་དམ་དང་ཁོར་ཡུག་སྲུང་སྐྱོང་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཨན་དབྱང་རྫོང་སྤྱི་ཁྱབ་སྨན་ཁང་གི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཕར་འགྲོ་ཚུར་འོང་བྱེད་མཁན་སྨན་བཅོས་འཕྲོད་བསྟེན་མི་སྣ100ཟིན་ཡོད་པ་རེད། དེའི་ནང་ཨན་དབྱང་རྫོང་སྤྱི་ཁྱབ་སྨན་ཁང་གིས་འཕྲོད་བསྟེན་ཁང་ལ་སྨན་བཅོས་འཕྲོད་བསྟེན་མི་སྣ71མངགས་གཏོང་བྱས་པ་དང་འཕྲོད་བསྟེན་ཁང་གིས་མི29ཨན་དབྱང་རྫོང་སྤྱི་ཁྱབ་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་བཏང་ཡོད།   སྤྱི་ལོ2012ལོའི་ཟླ་དང་པོ་ནས་བཞི་པའི་བར། འཕྲོད་བསྟེན་ཁང11གི་ཆ་སྙོམས་སྒོ་བསྟེན་སྨན་བཅོས་བྱེད་ཚད་སྤྱི་ལོ2011ལོའི་དུས་མཚུངས་དང་བསྡུར་ན6.30%འཕར་བ་དང་། སྨན་ཁང་དུ་སྡོད་པའི་མི་གྲངས37.80%འཕར་བ། ལས་སྒོའི་ཡོང་འབབ40%འཕར་བ་བཅས་རེད།   སྤྱི་ལོ2011ལོར་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལག་བསྟར་བྱས་པ་ནས་བཟུང་། ཨན་དབྱང་རྫོང་གི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནད་པ་ཕྱི་ཕྱོགས་སུ་སྐྱོད་ཚད་དང་རྫོང་ཕྱིའི་མ་དངུལ་གཏོང་ཚད་མུ་མཐུད་དམའ་རུ་ཕྱིན་ཡོད། ཨན་དབྱང་རྫོང་གི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནད་པ་ཕྱིར་གཏོང་བྱེད་ཚད་བརྒྱ་ཆའི་གྲངས9.1ཆག་པ་དང་རྫོང་ཕྱིའི་མ་དངུལ་གཏོང་ཚད་བརྒྱ་ཆའི་གྲངས2.44ཆག་ཡོད་པ་རེད།     ལུས་རྩལ་བྱ་གཞག་ཐད་ཨན་དབྱང་རྫོང་གི་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་ཉིན་བཞིན་འཁྲུག་ཏུ་ཕྱིན་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལུས་རྩལ་སྦྱོང་བརྡར་ཚད་ལོན་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་པ། པའེ་ཅའོ་ཅི་སློབ་ཆུང་ལ་རྒྱལ་ཁབ་ལུས་རྩལ་ཨུ་ལྷན་གྱིས་ཕིང་ཕང་སྤོ་ལོའི་སྲོལ་རྒྱུན་རྣམ་གྲངས་སློབ་གྲྭར་མིང་བཏགས་པ། ཨན་དབྱང་རྫོང་ལོ10ལྷག་ཙམ་བསྟུད་མར་ཧོ་ནན་ཞིང་ཆེན་སློབ་གྲྭའི་ལུས་རྩལ་ཚད་ལོན་སྔོན་ཐོན་རྫོང་དུ་བདམས་པ་རེད།

7_6  རིག་གནས་ལོ་རྒྱུས།     

ཨན་དབྱང་རྫོང་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་རྨང་མཐུག  ལོ་ཁྲི2.5གོང་དུ་མིའི་རིགས་ཀྱིས་དེ་གར་བྱེད་སྒོ་སྤེལ་བ་དང་རྡོ་ཆས་གསར་པའི་དུས་རབས་ཀྱི་དབྱང་ཧྲའོ་རིག་གནས་དང་ལུང་ཧྲན་རིག་གནས་ཡོད་པས་རྫོང་ཁོངས་སུ་ཤུལ་ལུས་མང་པོ་ཡོད། ཧྲང་རྒྱལ་རབས་ཀྱི་རྒྱལ་པོ་ཕན་ཀེང་དབྱིན་དུ་སྤོས་པ་ནས་བཟུང་། སྔ་རྗེས་སུ་རྒྱལ་རབས་བདུན་གྱིས་རྒྱལ་ས་འདི་བཙུགས་པ་དང་། ཨན་དབྱང་ནི་ཀྲུང་ཡོན་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་སུ་ཐེངས་དུ་མར་གྱུར། རྫོང་རིམ་པའི་སྲིད་ཁུལ་ཞིག་ཡིན་པའི་ཆ་ནས་ཨན་དབྱང་ཆིན་དུ་བསྡད། ཧན་ཡུས་དང་ཅིན་བསྐྱར་སྒྲིག ཝེ་རྒྱལ་རབས་ཤར་མའི་སྐབས་སུ་ཆི་རྫོང་དུ་ཟླ་སྒྲིལ་བཏང་བ་དང་སུའེ་ཡང་རྫོང་ནས་ཨན་དབྱང་རྫོང་དུ་མིང་སླར་གསོ་བྱས། དེའི་རྗེས་ཀྱི་ལོ་ངོ་ཆིག་སྟོང་ལྷག་ཙམ་རིང་གཏོགས་ཁོངས་འགྱུར་ལྡོག་ཆེ་མོད། འོན་ཀྱང་རྫོང་རིམ་པའི་སྒྲིག་གཞིར་བརྩིས་ནས་ད་བར་རྒྱུན་མཐུད་བྱས་ཡོད།     ཝན་ཧྥོ་ཀོའུ་ཀྲི་ཐི་ཐ་ལིན་དང་། ལིང་ཆོན་དགོན་གྱི་བྲག་ཕུག་གི་སྐུ་བརྙན། ནན་ཧའེ་ཞའོ་པེ་ཆི་བྲག་ཕུག་གི་བྲག་ཕུགཞིའུ་ཏིང་དགོན་གྱི་ཐང་ཐ་བརྐོས་མ། 《ཞི་མོན་ཏ་ཧྥུ་ལྷ་ཁང་གི་ཟིན་ཐོ》ཞེས་པའི་རྡོ་རིང་གི་ཡིག་གཟུགས་དང་། “ཧན་ལིན་གྱི་རྡོ་ལེན”ཞེས་པའི་མཚར་སྡུག་ལྡན་པའི་ཚིག་གཟུགས། དེ་བཞིན་སུང་རྒྱལ་རབས་ཀྱི་ཡུང་ཧོ་རྡོ་ཟམ་དུ་བཞེངས་པའི་བརྗིད་ཆེའི་སྲོལ་རྒྱུན་སོགས་གནའ་བོའི་རིག་གནས་ཀྱི་གཟི་འོད་རབ་ཏུ་འཕྲོ་བ་དང་ཨན་དབྱང་ཧྭ་ཞ་གནའ་གྲོང་གི་འོད་མདངས་དང་ཤེས་དཔལ་མངོན་པར་བྱས་ཡོད།     

8 ལོ་རྒྱུས་ཀྱི་རྗེས་ཤུལ།     

སྤྱི་ལོ25000ལོའི་སྔོན་གྱི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་དུས་མཇུག་ཏུ་མིའི་རིགས་ཀྱི་མེས་པོ་དེ་གར་འཚོ་བ་རོལ་གྱིན་ཡོད། “ཆན་ཧྲུའེ་ཨན་དབྱང་ནི་མིང་དོན་མཚུངས་ལ། ལོ་ངོ་སུམ་སྟོང་གི་གོང་ཡིན”ཞེས་པ་ལྟར། ཀྲུང་ཡོན་གནའ་བོའི་ཁུལ་དང་། རྒྱལ་རབས་བདུན་དང་། རྒྱལ་རབས་བདུན་ལ་རྗེས་ཤུལ་མང་པོ་ཡོད། ཨན་དབྱང་ཤེས་དཔལ་གྱི་འཇིག་རྟེན་དུ་གནས་པའི་དབྱིན་ཤིའུ་གནའ་ཤུལ་ནི་མིག་སྔར་ཀྲུང་གོའི་ཡི་གེར་བཀོད་པའི་གནའ་བོའི་རྒྱལ་ས་གནའ་ཤུལ་སྔ་ཤོས་དེ་ཡིན་པ་དང་། མངའ་ཁོངས་སུ་དབྱང་ཧྲའོ་དང་། ལུང་ཧྲན། ཧྲང་ཀྲོའུ་སོགས་རིག་གནས་གནའ་ཤུལ500ལྷག་ཙམ་ཡོད། ཆུས་ཀོའུ་གྲོང་རྡལ་ཧུང་ཡན་གྲོང་ཚོ་ནས་རྙེད་པའི་ལོ་ངོ8000ལྷག་གི་སྔོན་གྱི་རྡོ་ཆས་གསར་པའི་དུས་སྐབས་སུ་མིའི་རིགས་ཀྱིས་བཀོལ་སྤྱོད་བྱེད་མྱོང་བའི་རྡོ་གཞོང་དང་། རང་རྒྱལ་དུ་ད་ཡོད་ཆེས་སྔ་བའི་པ་ལི་ཀྲོང་ལུང་ཧྲན་རིག་གནས་གནའ་ཤུལ་ནས་ཐོན་པའི་གྱང་བརྩིགས་པ་དང་། འཛམ་གླིང་གི་ཆེས་གནའ་བོའི་དཀར་ཆས་དཀར་པོའི་མཐའ་སྐོར། ཀྲུང་གོའི་ཆེས་ཆེ་བའི་ཝན་ཧྥོ་ལུང་ཤུར་གྱི་ཀྲི་ཐི་ཐ་ལིན། ཧོ་ཧྲུའོ་དང་པོ་ཀུའུ་སན་ལིང་ཆོན་དགོན་གྱི་བྲག་ཕུག་གི་འཇིམ་བརྙན་དང་། ནན་ཧའེ་ཆུང་ངུར་པེ་ཆི་བྲག་ཕུག་གི་ཚོགས། འཛམ་གླིང་ཐོག་མཐོང་དཀོན་པའི་སོ་ཕག་བརྐོས་མའི་སྒྱུ་རྩལ་གྱི་རྩ་ཆེའི་དངོས་པོ་ཞིའུ་ཏིང་དགོན་གྱི་ཐང་ཐ། ཧྲུའུ་ཀྲེན་ལྷ་ཁང་གི་རྡོ་རིང་སོགས་ཡོད། མང་ཆེ་བ་ནི་རྒྱལ་ཡོངས་ཀྱི་ཆེས་རྩ་ཆེན་ཡིན་པས་གནའ་བོའི་རིག་གནས་ཀྱི་བཀྲག་མདངས་འཚེར་བཞིན་ཡོད། རྫོང་ཡོངས་ཀྱི་ཁོངས་སུ་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ3དང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ8རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ85བཅས་ཡོད་པ་རེད།      ལྷོ་རྒྱ་མཚོའི་གདོད་མའི་མིའི་བྲག་ཕུག་གི་གནའ་ཤུལ་ནི་ཧོ་ནན་ཞིང་ཆེན་གྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པ་དང་དེ་ནི་བྲག་ཞུན་བྲག་ཕུག་ཅིག་རེད། བྲག་ཕུག་གི་དམའ་རིམ་རིག་གནས་ནི་ད་བར་དུ་ལོ་ཁྲི2.5ཡོད་པ་དང་མཐོ་རིམ་རིག་གནས་ད་བར་དུ་ལོ་ཁྲི1.3འདས་ཡོད། བྲག་ཕུག་དེའི་རྗེས་ཤུལ་ནི་ཧྭ་པེ་ས་ཁུལ་དུ་རྡོ་ཆས་རྙིང་མའི་དུས་མཇུག་ཏུ་རྙེད་པའི་རིག་གནས་ཤུལ་བཞག་ཅིག་ཡིན་པ་དང“ལྷོ་རྒྱ་མཚོའི་རིག་གནས”ཞེས་མིང་བཏགས་ཡོད།     གྲང་ངར་ཆེ་བའི་གནའ་ཤུལ་ནི་གནའ་རྫས་སྔོག་འདོན་བྱས་པ་བརྒྱུད་རིག་གནས་གནའ་ཤུལ་གྱི་སྤུང་གསོག་རིམ་པ་མཐུག་ཅིང་། སྨི2~8ཡོད། རྫ་ལེབ་དང་། ཁང་པ། བང་སོ། རྫ་ཁང་སོགས་ཡོད་ཅིང་། དེ་ནི་དབྱང་ཧྲའོ་ནས་ཧྲང་ཀྲོའུ་བར་གྱི་ཤུལ་བཞག་དངོས་པོ་དང་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་ཡིན།     ཐོག་ཁང་གི་རི་ལྡེབས་དཀར་དོང་གནའ་ཤུལ་ནི་སུང་དང་ཡོན་རྒྱལ་རབས་སྐབས་ཡིན་པ་དང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན། གནའ་ཤུལ་གྱི་ལྷོ་བྱང་གི་རིང་ཚད་ལ་སྨི200ལྷག་ཡོད་པ་དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྨི100ལྷག་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-19

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།