ལིན་ཧྲུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིན་ཧྲུའུ།
ལིན་ཧྲུའུ(སྤྱི་ལོ1852ལོ་ནས་སྤྱི་ལོ1924ལོའི་བར)ནི་ཉེ་རབས་ཀྱི་རྩོམ་རིག་པ་དང་ལོ་ཙཱ་བ་ཞིག་ཡིན། ཧྥུའུ་ཅན་རྨིན་རྫོང(དེང་གི་ཧྥུའུ་ཀྲོའུ་གྲོང་ཁྱེར)གྱི་མི་ཡིན། གཞོན་དུས་རྫོང་གཅིག་པའི་ཞུའེ་ཞི་ཅི་ནས་ཐང་སུང་མཁས་མཆོག་བརྒྱད་ཀྱི་ཡ་གྱལ་ཨོའུ་དབྱང་ཞིའུ་དང་ཏུའུ་ཧྥུའུ་ཡི་སྙན་ངག་སོགས་ཀློག་མྱོང་མཁན་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
林纾
རྒྱལ་ཁོངས།
ཀྲུང་གོ
མིང་གཞན།
ཆིང་ནན།  ཧོ་ཝེ་ལུའུ།  ལིན་ཧུང་ཧྲེང་།
ཕ་ཡུལ།
ཧྥུའུ་ཅན་ཧྥུའུ་ཀྲོའུ།
འཁྲུངས་ལོ།
སྤྱི་ལོ1852ལོ།
ལས་རིགས།
ལོ་ཙཱ་བ།  རྩོམ་པ་པོ།
འདས་ལོ།
སྤྱི་ལོ1924ལོ།
མི་རིགས།
རྒྱ།
1 ངོ་སྤྲོད།

གཞོན་དུས་རྫོང་གཅིག་པའི་ཞུའེ་ཞི་ཅི་ནས་ཐང་སུང་མཁས་མཆོག་བརྒྱད་ཀྱི་ཡ་གྱལ་ཨོའུ་དབྱང་ཞིའུ་དང་ཏུའུ་ཧྥུའུ་ཡི་སྙན་ངག་སོགས་ཀློག་མྱོང་། ཕྱིས་སུ་རྫོང་གཅིག་པའི་ལི་ཙུང་ཡན་གྱི་ཁྱིམ་དུ་ཉར་བའི་དཔེ་ཆ་ཀློག  དེ་ནི་བམ་པོ་གསུམ་བཞི་ཙམ་ལས་མེད་ལ། མཁས་ཤིང་བློ་ལ་ངེས་ཐུབ་པ་དང་། སྙན་ངག་ལ་མཁས་པ། རྩོམ་ལ་མཁས་པ། རི་མོ་འབྲི་ཐུབ་པ་བཅས་ཀྱི་ཁྱད་ཆོས་ཡོད། སྤྱི་ལོ1900ལོར་པེ་ཅིན་དུ་ཝུའུ་ཁྲེང་སློབ་འབྲིང་གི་རྒྱ་ཡིག་དགེ་རྒན་གྱི་འགན་བཞེས། ཁོང་གིས་བརྩམས་པའི་གནའ་བོའི་རྩོམ་ཡིག་ལ་ཐུང་ཁྲེང་ལྷུག་རྩོམ་གྲུབ་མཐའི་སློབ་དཔོན་ཝུའུ་རུའུ་ལུན་གྱིས་གཙིགས་སུ་བཟུང་ནས་བརྩམས་ཆོས་གྲགས་ཅན་དུ་བརྩིས་པས། པེ་ཅིང་སློབ་གྲྭ་ཆེན་མོའི་འཆད་ཁྲིད་ཀྱི་འགན་ཡང་བཞེས་དགོས་པ་རེད།

2 འཚོ་བའི་བརྒྱུད་རིམ།

ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ། པེ་དབྱང་དུ་དམག་མི་ཞུས་ཧྲུའུ་ཀྲེང་གིས་བཙུགས་པའི་ཀྲེང་ཀྲི་སློབ་གྲྭའི་སློབ་ཁྲིད་ཀྱི་ནང་དུ། ཐུང་ཁྲེང་གྲུབ་ལྷུག་རྩོམ་མཐའི་གནའ་ཡིག་ལ་བརྩི་མཐོང་བྱས་ནས་བཀོད་ཡོད་པ་རེད།

ཕྱིས་སུ་པེ་ཅིང་དུ་ལོ་ཙཱ་བྱེད་པ་དང་རྩོམ་ཡིག་འཚོང་བ། རི་མོ་འཚོང་བ་སོགས་ལ་བརྟེན་ནས་འཚོ་བ་རོལ། “ཚང་ཞ་ཅིན་ཧྲེ”སྟེ་དེང་གི་ཧྥུའུ་ཅན་བཟོ་སྐྲུན་སློབ་གླིང་སྔོན་མ་རུ་གནའ་བོའི་སྙན་ངག་དང་གནའ་བོའི་སྙན་ཚིག་དང་།  ཕྱི་རྒྱལ་གྱི་བརྩམས་སྒྲུང་གྲགས་ཅན་བསྒྱུར་བའི་དུས་སུ། ཡང་བསྐྱར་གང་ཐུབ་ཀྱིས་རི་མོ་བྲིས། ཁོང་ན་རེ། “ཚེ་གང་རྒྱལ་གསུམ་གྲུབ་མཐར་མ་མཉེས་ཡང་།། ཁྱིམ་ཆོས་སྒྲུབ་ལས་འབྲས་བུ་ཕྲན་ཙམ་ཐོབ།།  གཅིག་པུ་རི་ཆུ་ནགས་གསུམ་མྱངས་པས་དགའ།།  སྙན་གྲགས་འཐོབ་ཕྱིར་དཀའ་བ་སྤྱད་དོན་མེད།།”ཅེས་གསུངས་སོ།།

ཚེ་མཇུག་ཏུ་པེ་ཅིང་ལ་བཞུགས། བརྩམས་ཆོས་ཕྱོགས་བསྒྲིགས་དང་། སྙན་ངག་ཕྱོགས་བསྒྲིགས། ཁྲུན་ཅུའེ་ཀྲའེ་ཡི་ཕྱག་བྲིས་དང་བརྩམས་སྒྲུང་ཟིན་བྲིས་སོགས་ཡོད།

3 ལོ་ཙཱའི་ཁྱད་ཆོས།

ལིན་ཧྲུའུ་ཡིས་ལོ་ཙཱ་བྱས་པའི་བརྩམས་སྒྲུང་གི་འགྱུར་ཡིག་ལ་རང་གཅིག་པུའི་ཁྱད་ཆོས་མངའ་སྟེ། དཔེར་ན《ས་ཁི་ཞུན་གྱི་བསྐལ་པའི་དཔའ་བོའི་རྣམ་བཤད》ཅེས་པའི་འགྱུར་ནི། མ་ཡིག་གི་ཉམས་ཇི་བཞིན་ལྡན་ལ། དོན་ཡང་ཇི་བཞིན་འཁྲོལ་ཡོད་པ་ཞིག་ཡིན། 《བུ་མོ་སྲི་ཞུ་ཅན་གྱི་གཏམ་རྒྱུད》ནང་བུད་མེད་ཚོན་པོ་ཞིག་བྲིས་ཏེ་བདག་མོ་ཞིག་གི་ཨ་མར་ཁོང་ཁྲོ་བསླངས་ནས་ཁོ་པའི་ཁྱོ་གར་ཆད་པ་ལྗིད་མོ་བཅད་པའི་སྐོར་དེ་རྒྱ་ཡིག་གི་སྒང་ནས་ཐད་ཀར་བརྩམས་པ་དང་འདྲ་ལ། ཁོའི་འགྱུར་ཡིག་ནི་སྤྱིར་བཏང་དུ་དེ་ལྟའི་བདེ་ལྕག་འཁྱུག་པ་ཞིག་རེད།

4 བརྩམས་ཆོས།
4_1 འགྱུར་མ།

《ར་བྷེན་སུན་གྱི་འཁྱམ་ཉུལ་ཟིན་ཐོ》

《དབྱི་སུའུ་ཡི་གབ་སྒྲུང》

《མི་ནག་དྲན་གཡོག་ཅིག་གི་གདུང་འབོད་ཟིན་ཐོ》

《མྱ་ངན་གྱི་ཟིན་ཐོ》

4_2 གསར་རྩོམ།

《ཝེ་ལུའུ་ཡི་རྩོམ་ཡིག་ཕྱོགས་བསྒྲིགས》

《ཝེ་ལུའུ་ཟིན་ཐོ》

《ཅིན་ཀོ་དབྱང་གི་སྟོན་ཁ》


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-30

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།