སི་མེང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སི་མེང་ཆུས།
སི་མེང་ཆུས་ནི(SimingDistrict)ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་ལ་གཏོགས་ཤིང་ཞ་མོན(ཞ་མོན་གླིང་ཕྲན)གྱི་ལྷོ་རྒྱུད་དུ་ཆགས་ཡོད། འཕྲེད་ཐིག་བྱང་མ24°26′~24°28′ཡིན། གཞུང་ཐིག་ཤར་མ118°03′~118 °13′བར་ཡིན། ཞ་མོན་གླིང་ཕྲན་གྱི་ལྷོ་རྒྱུད་དང་ཀུའུ་ལང་ཡུས་ཆོན་ཡུས་གཉིས་ཀྱིས་གྲུབ་པ་དང་། བྱང་དུ་ཧུའུ་ལི་ཆུས་དང་འབྲེལ་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ84ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
思明区
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ84
ཕྱི་ཡིག་གི་མིང་།
Siming District
མི་གྲངས།
ཁྲི99.1  (སྤྱི་ལོ2015ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ནམ་ཟླ།
ས་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཀྲུང་གོ་ཧྭ་ཏུང་།
རླངས་འཁོར་ཚབ་ཨང་།
闽D
སྦྲག་ཨང་།
361001
ས་ཁུལ་ཁ་པར་ཨང་རྟགས།
0592
1 ​ངོ་སྤྲོད།

སི་མེང་ཆུས་ནི(SimingDistrict)ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་ལ་གཏོགས་ཤིང་ཞ་མོན(ཞ་མོན་གླིང་ཕྲན)གྱི་ལྷོ་རྒྱུད་དུ་ཆགས་ཡོད། འཕྲེད་ཐིག་བྱང་མ24°26′~24°28′ཡིན། གཞུང་ཐིག་ཤར་མ118°03′~118 °13′བར་ཡིན། ཞ་མོན་གླིང་ཕྲན་གྱི་ལྷོ་རྒྱུད་དང་ཀུའུ་ལང་ཡུས་ཆོན་ཡུས་གཉིས་ཀྱིས་གྲུབ་པ་དང་། བྱང་དུ་ཧུའུ་ལི་ཆུས་དང་འབྲེལ་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ84ཡོད།     སི་མེང་ཆུས་ནི་ལྷོ་རྒྱུད་ཀྱི་ཚ་ཁུལ་གྱི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ལ་གཏོགས་པ་དང་། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ། ཆར་པ་འབབ་ཚད་མང་ཞིང་དྲོད་ཚད་རན་པོ་ཡོད།

སྤྱི་ལོ2015ལོའི་བར་སི་མེང་ཆུས་ཁོངས་ཀྱི་ཁྲོམ་གཞུང10དང་སྡེ་ཁུལ98ལ་རྒྱུན་སྡོད་མི་འབོར་ཁྲི99.1ཡོད། སྤྱི་ལོ2015ལོར་སི་མེང་ཆུས་ཀྱི་ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1056.1ལ་བུད་ཡོད།     སྤྱི་ལོ2018ལོའི་ཟླ9པར《སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཆུས་བརྒྱའི་འཕེལ་རྒྱས་དེབ་དཀར》པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་དང་དེབ་དཀར་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟོན་ཕྱོགས་སུ་བྱས་ནས་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར968ཀྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་ཕྱོགས་བསྡུས་དཔྱད་ཞིབ་བྱས་པ་དང་འབྲེལ་བསྡོམས་རྩིས་གྲངས་གཞི་གཞི་འཛིན་སར་བྱས་ནས་སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཆུས་བརྒྱ་ཚད་འབེབས་དཔྱད་འདེམས་བྱས་པའི་ནང་སི་མེང་ཆུས་ཀྱི་ཨང33པར་སླེབས་ཡོད་པ་རེད། སྤྱི་ལོ2018ལོའི་ཟླ12པར་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་རམ་རྫོང་ཁག་གི་མཚན་སྙན་ཐོབ་ཡོད།

2 འཕེལ་རིམ།

སྤྱི་ལོ2003ལོར་ཞ་མོན་གྲོང་ཁྱེར་སྲིད་འཛིན་ཁུལ་ལེགས་སྒྲིག་བྱས་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་མཆན་བཀོད་བཀའ་ལན་ལྟར། དེ་སྔའི་ཁའེ་ཡོན་དང་སི་མེང་། ཀུའུ་ལང་ཡུས་བཅས་ཁུལ་གསུམ་སྡེབ་སྒྲིག་བྱས་ནས་སི་མེང་ཆུས་གསར་བ་རུ་གྱུར།

སྤྱི་ལོ2004ལོའི་ཟླ9བར་སི་མེང་དང་། ཀྲུང་ཧྭ། ཝུན་ཨན་བཅས་ཁྲོམ་གཞུང་གསུམ་ཀྲུང་ཧྭའི་ཁྲོམ་གཞུང་དུ་ཟླ་སྒྲིལ་བཏང་བ་དང་། སྤྱི་གླིང་ཁྲོམ་གཞུང་དེ་ཁའེ་ཡོན་ཁྲོམ་གཞུང་དུ་མིང་བསྒྱུར། སྔོན་ཆད་ཝུན་ཨན་དང་ཞ་མོན་ཁྲོམ་གཞུང་གཉིས་འཕྲེད་བརྒལ་བྱས་པའི་ཧུའུ་ཐུག་རི་བོ་དེ་ཀྲུང་ཧྭ་ཁྲོམ་གཞུང་གི་ཁོངས་སུ་བཅུག་པ་དང་། ཝུའུ་གྲོང་ཚོའི་ཁྲོམ་གཞུང་ཝུན་ཚང་སྡེ་ཁུལ་ཝུན་ཐ་ཁུལ་དེ་ཁའེ་ཡོན་ཁྲོམ་གཞུང་ནུབ་མཐའ་སྡེ་ཁུལ་དུ་བགོས། དེ་སྔའི་སྤྱི་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དེ་ཀྲུང་ཧྭ་ཁྲོམ་གཞུང་གི་ཀྲུང་ཧྭའི་སྡེ་ཁུལ་དུ་བགོས། མཚོ་འགྲམ་ཁྲོམ་གཞུང་གི་ཁྱབ་ཁོངས་སུ་གནས་པའི་ཞ་མོན་ཁྲོམ་གཞུང་གི་ཨོ་སི་ཁྲུ་ལི་ཡའི་སྡེ་ཁུལ་ཁོངས་གཏོགས་ཀྱི་སློབ་ཆེན་ལམ་ཨང595པའི་ཐོག་བརྩེགས་ཁང་ཆེན་གསུམ་པ(ཨང་གྲངས595པ་དང་595པ།  2པ)ལོ་བཅུའི་ལོ་རྒྱུས་མཇུག་སྒྲིལ་ནས་པིན་ཧའེ་ཁྲོམ་གཞུང་པའེ་ཁྲེང་སྡེ་ཁུལ་དུ་བགོས།

3 ས་ཁམས་ཁོར་ཡུག

སི་མེང་ཆུས་ཧྥུ་ཅན་ཞིང་ཆེན་ཞ་མོན་གྱི་ལྷོ་རྒྱུད་དུ་ཆགས་ཡོད། འཕྲེད་ཐིག་བྱང་མ24°26′~24°28′ཡིན། གཞུང་ཐིག་ཤར་མ118°03′~118 °13′བར་ཡིན། ཞ་མོན་གླིང་ཕྲན་གྱི་ལྷོ་རྒྱུད་དང་ཀུའུ་ལང་ཡུས་ཆོན་ཡུས་གཉིས་ཀྱིས་གྲུབ་པ་དང་། བྱང་དུ་ཧུའུ་ལི་ཆུས་དང་འབྲེལ་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ84ཡོད།

4 དཔལ་འབྱོར།
4_1 ཕྱོགས་བསྡུས།

སྤྱི་ལོ2015ལོར་སི་མེང་ཆུས་ཆུས་ཀྱིས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1056.1ཟིན་པ་དེ་སྤྱི་ལོ2014ལོ་དང་བསྡུར་ན། ལོ་རེར7.0%འཕར་ཡོད། དེའི་ནང་ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར154.0ཟིན་པ་དེ་སྤྱི་ལོ2014ལོ་ལས3.5%འཕར་བ་དང་ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར900.6ཟིན་པ་དེ་སྤྱི་ལོ2014ལོ་ལས7.5%འཕར་བ་དང་ཐོན་ལས་གསུམ་པའི་བསྡུར་ཚད་གྲུབ་ཆ0.13:14.59:85.28ཟིན་ཡོད།     སྤྱི་ལོ2014ལོར་སི་མེང་ཆུས་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར965.15ལེགས་སྒྲུབ་བྱས་པ་དེ་ལོ་གོང་མ་ལས7.6%འཕར་བ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་དང་ཆུས་རིམ་པའི་ནོར་སྲིད་ཡོང་འབབ་སོ་སོར་སྒོར་དུང་ཕྱུར180.30དང་སྒོར་དུང་ཕྱུར47.33ཡིན་པས11.8%དང12.0%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར234.28བཏང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར47704ཟིན་ཡོད།

4_2 ཐོན་ལས་གཉིས་པ།     

སྤྱི་ལོ2015ལོར་སི་མེང་ཆུས་ཀྱི་ལོ་ཧྲིལ་པོའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར80.32ཟིན་པ་དེ་སྤྱི་ལོ2014ལོ་ལས2.5%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར277.58ལེགས་གྲུབ་ཟིན་པ་དེ་སྤྱི་ལོ2014ལོ་ལས1.4%འཕར་བ་དེའི་ནང་སྒོར་དུང་ཕྱུར་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར243.24ལེགས་གྲུབ་ཟིན་པ་དེས་ཆུས་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི87.6%བཟུང་ཡོད། ཐོན་འཚོང་ཐད་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར267.41ལེགས་གྲུབ་ཟིན་པ་དེ་སྤྱི་ལོ2014ལོ་ལས0.6%ཆག་པ་དང་། ཕྱིར་གཏོང་ཚོང་ཟོག་གི་རིན་ཐང་སྒོར་དུང་ཕྱུར49.21ཟིན་པ་དེ་སྤྱི་ལོ2014ལོ་ལས3.2%ཆག་པ། ཐོན་འཚོང་བྱེད་ཚད96.3%ཟིན་པ་དེ་སྤྱི་ལོ2014ལོ་ལས་བརྒྱ་ཆའི་གྲངས2.0ཆག་ཡོད་པ་རེད། གཞི་ཁྱོན་ཡན་གྱི་མཐོ་གསར་ལག་རྩལ་བཟོ་ལས་ཁེ་ལས39ཡི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར112.07ཟིན་པ་དེ་སྤྱི་ལོ2014ལོ་ལས0.4%འཕར་བའི་ནང་འོད་གློག་རྡུལ་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར27.77ཟིན་པ་དེ་སྤྱི་ལོ2014ལོ་ལས2.5%འཕར་ཡོད་པ་རེད།     སྤྱི་ལོ2015ལོར་སི་མེང་ཆུས་སུ་འོས་ཐོབ་ཡན་གྱི་ཨར་སྐྲུན་ཁེ་ལས253ཡོད་པ་དང་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར525.56ཟིན་པ་དེ་སྤྱི་ལོ2014ལོ་ལས8.7%འཕར་བ་དང་རིན་ཐང་འཕར་མ་སྒོར་དུང་ཕྱུར73.77ཟིན་པ་དེ་སྤྱི་ལོ2014ལོ་ལས4.7%འཕར་ཡོད། དེའི་ནང་ཐད་ཀར་འཛུགས་སྐྲུན་ཚན་པ་ནས་འགན་གཙང་བླངས་པའི་ལས་གྲྭའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར515.56ཟིན་པ་དེས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི98.1%བཟུང་བ་དང་། འཛུགས་སྐྲུན་ཚན་པ་ཕུད་པའི་ལས་གྲྭ་འགན་གཙང་བླངས་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར12.18ཟིན་པ་དེས2.3%བཟུང་ཡོད། གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར974.2ཟིན་པ་དེ་སྤྱི་ལོ2014ལོ་ལས5.2%འཕར་བའི་ནང་སྤྱི་ལོ2014ལོར་རྩིས་ཁུངས་སྤོས་པའི་གན་རྒྱ་སྒོར་དུང་ཕྱུར523.46ཟིན་པ་དེས53.7%བཟུང་བ་དང་། འདི་ལོ་གསར་དུ་བཞག་པའི་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར450.74ཟིན་པ་དེས43.3%བཟུང་ཡོད། ལོ་ཧྲིལ་པོར་ཁང་པ་རྒྱག་ཁྱོན་སྨི་ངོས་གྲུ་ཁྲི421.2ཟིན་པ་དེ་སྤྱི་ལོ2014ལོ་ལས3.7%ཆག་པ་དེའི་ནང་གསར་དུ་ལས་འགོ་བཙུགས་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི71.57ཟིན་པ་དེ་སྤྱི་ལོ2014ལོ་ལས28.4%མར་ཆག་ཡོད།     

4_3 ཐོན་ལས་གསུམ་པ།     

སྤྱི་ལོ2015ལོར་སི་མེང་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར443.94ཟིན་པ་དེ་སྤྱི་ལོ2014ལོ་ལས6.2%འཕར་ཡོད། བཅད་གྲངས་ཡན་གྱི་སྡེབ་ཚོང་སིལ་ཚོང་ཁེ་ལས་ཁྲོད་གྱོན་ཆས་དང་། ཞྭ་མོ། ཁབ་བསླས་ཐོན་རྫས་རིགས་ཀྱི་སིལ་ཚོང་སྒོར་དུང་ཕྱུར68.79ཟིན་པ་དེ་སྤྱི་ལོ2014ལོ་ལས43.83%འཕར་བ་དང་། འབྲུ་སྣུམ་དང་བཟའ་བཅའི་རིགས་ཀྱི་སིལ་ཚོང་སྒོར་དུང་ཕྱུར30.27ཟིན་པ་དེ་སྤྱི་ལོ2014ལོ་ལས7.8%འཕར་བ། རྡོ་སྣུམ་དང་དེ་བཞིན་ཐོན་རྫས་རིགས་ཀྱི་སིལ་ཚོང་སྒོར་དུང་ཕྱུར57.07ཟིན་པ་དེ་སྤྱི་ལོ2014ལོ་ལས15.12%ཆག རླངས་འཁོར་རིགས་ཀྱི་སིལ་ཚོང་སྒོར་དུང་ཕྱུར38.54ཟིན་པ་དེ་སྤྱི་ལོ2014ལོ་ལས10.2%ཆག་ཡོད་པ་རེད། ཆུས་ཡོངས་ཀྱི་བརྒྱ་ཟོག་སྒོ་རྩིས་ཚོང་ཁང་གཙོ་གྲས་ཁེ་ལས་ལ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར186.92ཟིན་པ་དེ་སྤྱི་ལོ2014ལོ་ལས8.4%ཆག་པ་དེའི་ནང་བརྒྱ་ཟོག་ཁེ་ལས་ལ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར31.14ཟིན་པ་དེ་སྤྱི་ལོ2014ལོ་ལས9.6%ཆག་པ་དང་། སྒོ་རྩིས་ཚོང་ཁང་རིགས་ཀྱི་ཁེ་ལས་ལ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར41.56ཟིན་པ་དེ་སྤྱི་ལོ2014ལོ་ལས4.5%ཆག་ཡོད། སྤྱི་ལོ2015ལོར་ཆུས་ཡོངས་ཀྱི་ཚད་བཀག་ཚད་བཀག་ཁེ་ལས་ཀྱིས་དྲ་སྦྲེལ་བརྒྱུད་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར34.67ཟིན་པ་དེ་སྤྱི་ལོ2014ལོ་ལས56.4%འཕར་བ་དང་། ཚད་བཀག་ལས་བརྒལ་བའི་ཁེ་ལས་ཀྱི་སིལ་ཚོང་བྱེད་ཚད་བརྒྱ་ཆའི་གྲངས4.7འཕར་ཡོད། ཞག་སྡོད་བཟའ་བཏུང་ཁེ་ལས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར38.24ཟིན་པ་དེ་སྤྱི་ལོ2014ལོ་ལས1.6%ཆག་པའི་ནང་ཟས་རིན་ཡོང་འབབ་སྒོར་དུང་ཕྱུར34.22ཟིན་པ་དེ་སྤྱི་ལོ2014ལོ་ལས1.1%ལ་འཕར་ཡོད་པ་རེད།     སྤྱི་ལོ2015ལོར་སི་མེང་ཆུས་ཀྱིས་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི4300ལ་སྣེ་ལེན་ཞུས་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྣེ་ལེན་བསྡོམས་འབོར་གྱི71.3%བཟུང་བ་དེ་སྤྱི་ལོ2014ལོ་ལས5.4%འཕར་བ་དང་། དེའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི4086ལ་སྣེ་ལེན་ཞུས་པ་དེ་2014ལོ་ལས0.7%འཕར་བ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི216ལ་སྣེ་ལེན་ཞུས་པ་དེ་སྤྱི་ལོ2014ལོ་ལས8.8%འཕར་ཡོད། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར520.32ཟིན་པ་དེ་སྤྱི་ལོ2014ལོ་ལས་15.7%འཕར་ཡོད། སྤྱི་ལོ2015ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཁྱོན་ཡུལ་སྐོར་ལས་དོན་ཁང179ཡོད་པའི་ནང་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང32དང་། སྐར་མ་རིམ་པའི་ཨར་ཁང48ཡོད་པ་དེའི་ནང་སྐར་མ་ལྔའི་ཨར་ཁང12དང་སྐར་མ་བཞིའི་ཨར་ཁང17ཡོད།     སྤྱི་ལོ2015ལོར་སི་མེང་ཆུས་ཀྱི་དངུལ་རྩའི་འགན་བཅོལ་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར250.39ཟིན་པ་དེ་སྤྱི་ལོ2014ལོ་ལས14.7%འཕར་བ་དེས་ཆུས་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི23.7%བཟུང་ཡོད།

5 སྤྱི་ཚོགས་བྱ་གཞག 
5_1 སློབ་གསོའི་བྱ་གཞག 

སྤྱི་ལོ2015ལོ་བར་སི་མེང་ཆུས་སུ་རིམ་ཁག་སློབ་གྲྭ(སློབ་ཞུགས་གོང་གི་སློབ་གསོ་དང་སྤྱི་ཚོགས་སློབ་གཉེར་ཚུད)203ཡོད་པ་དང་། ལོ་སྟོད་དུ་སློབ་མ་ཁྲི4.51བསྡུས། སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ་ཁྲི16.01ཡོད་པ་རེད། དེའི་ནང་འབྲིང་རིམ་སློབ་གྲྭ་དཀྱུས་མ25ཡོད་པ་དང་ལོ་འགོའི་སློབ་མ་ཁྲི1.81དང་སློབ་གྲྭར་ད་ཡོད་ཀྱི་སློབ་མ་ཁྲི5.35ཡོད། སློབ་ཆུང47ཡོད་པའི་ལོ་འགོར་སློབ་མ་ཁྲི1.2བསྡུ་བ་དང་སློབ་གྲྭར་འགྲོ་བཞིན་པའི་སློབ་མ་ཁྲི7.01ཡོད་པ་དང་། བྱིས་སྐྱོང་ཁང131དང་ལོ་སྟོད་དུ་བྱིས་སྐྱོང་ཁང་དུ་སློབ་མ་ཁྲི1.51ཡོད་པ་དང་བྱིས་སྐྱོང་ཁང་དུ་བྱིས་པ་ཁྲི3.64ཡོད་པ་རེད། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ནང་ལས་གནས་འཛིན་པའི་ཆེད་བསྐོས་དགེ་རྒན9995ཡོད་པ་དང་ཆ་སྙོམས་དགེ་རྒན་རེས་སློབ་མ16གི་འགན་འཁུར་གྱི་ཡོད། ལོ་ཧྲིལ་པོར་སྡེ་ཁུལ་དུ་གཉེན་ཉེའི་བྱེད་སྒོ་ཐེངས604སྤེལ་བ་དང་། ཁྱིམ་བདག་གིས་འཆད་ཁྲིད་ཐེངས38བྱས། ཞབས་ཞུའི་མི་ཐེངས་བསྡོམས་འབོར14071ཟིན། སྔོན་ཚུད་དགེ་འོས་བྱ་གཞག་ལ་ཁ་གཏད་ནས་གསོ་སྦྱོང་བྱེད་སྒོ84སྤེལ་བ་དང་གསོ་སྦྱོང་མི་གྲངས3286ཟིན་ཡོད་པ་རེད།

6 རྩོམ་རིག་རིག་གནས་བྱ་གཞག 

སྤྱི་ལོ2015ལོར་སི་མེང་ཆུས་སུ་རིག་གནས་དཔེ་སྟོན་ས་ཚིགས2གསར་སྐྲུན་བྱས་པ་དང་། ཆུ་ཚོད24ཡི་རང་འདེམས་དཔེ་མཛོད་ཁང40གཉེར་སྐྱོང་བྱས་ཤིང་། དཔེ་མཛོད་ཁང་དུ་དེབ་ཁྲི47ཉར་ཡོད། ལུས་སྦྱོང་རྐང་ལམ10མཐོ་རུ་དང་སྒྱུར་བཀོད་བྱས་པ། པིན་ལང་ལུས་སྦྱོང་སྤྱི་གླིང་དང་ཧུའུ་པིན་སི་ལི་ལུས་སྦྱོང་སྤྱི་གླིང་བསྐྲུན་པ། ཁེ་ལས་དང་། བྱ་གཞག་ཚན་པ། སྡེ་ཁུལ་བཅས་ལ་རིན་མེད་ངང་ཁང་པའི་ཕྱི་ནང་གི་ལུས་སྦྱོང་ཡོ་བྱད314བཀོད་སྒྲིག་བྱས། ལུས་སྦྱོང་ཐབས་ལམ34དང་བྱིས་པའི་དགའ་ཚལ5སྒྲིག་སྦྱོར་བཅས་བྱས་ཡོད། ཡིག་རིས་འགྲེམས་སྟོན་དང་དེ་བཞིན་འགྲེམས་སྟོན་སྣ་ཚོགས་ཐེངས26སྤེལ་བ་དང་། འཆད་ཁྲིད་སྣ་ཚོགས་ཐེངས57སྤེལ་ཞིང་། གསོ་སྦྱོང་ཐེངས18  གློག་བརྙན་སྡེ་ཁུལ་དང་གཟའ་མཇུག་གློག་བརྙན་སོགས་བརྗོད་དོན་གཙོ་བོའི་གློག་བརྙན་འགྲེམས་སྟོན་ཐེངས196བྱས། མེང་ནན་ཟློས་གར་རིན་མེད་འཁྲབ་སྟོན་ཐེངས36བྱས། “ཆི་ཅང་འཆད་སྟེགས”ཀྱི་ཡིག་རིས་ཆེད་དོན་སྤྱི་ཕན་བྱེད་སྒོ་ཐེངས12སྤེལ།  རིག་གནས་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས365སྤེལ་བ་བཅས་རེད། ལུས་རྩལ་བྱེད་སྒོར་རྟག་ཏུ་ཞུགས་མཁན་གྱིས་ཆུས་ཡོངས་ཀྱི་མི་འབོར་གྱི55%བཟུང་བ་དང་རིམ་གསུམ་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ1420ཟིན་པ་དེ་སྤྱི་ལོ2014ལོ་ལས་མི100འཕར་ཡོད། སྤྱི་ལོ2015ལོའི་ཟླ8པ་དང9པར་མཚོ་འགག་ངོགས་གཉིས་ཀྱི་མཐོ་སློབ་ཀྱི་བྱེ་ཐང་ཕའེ་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དང་། རྒྱལ་ཡོངས་ཀྱི་བྱེ་ཐང་ཕའེ་ཆིའུ་སྤོ་ལོའི་ཏ་མན་ཀོན་འགྲན་བསྡུར། འཛམ་གླིང་གི་བྱེ་ཐང་ཕའེ་ཆིའུ་སྤོ་ལོའི་སྐོར་སྐྱོད་འགྲན་བསྡུར་བཅས་སོ་སོར་གཉེར་མྱོང་བ་རེད།

7 མི་འབོར། 

སྤྱི་ལོ2015ལོའི་བར་སི་མེང་ཆུས་ཀྱི་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི73.02དང་རྒྱུན་སྡོད་མི་འབོར་ཁྲི99.1ཡོད་པ་རེད། ཆུས་ཡོངས་ཀྱི་མི་འབོར་སྐྱེ་ཚད14.8  མི་འབོར་ཤི་ཚད4.6  མི་འབོར་རང་ཤུགས་སུ་འཕར་ཚད0.2བཅས་ཟིན་པ་དེ་སྤྱི་ལོ2014ལོ་ལས་སྟོང་ཆའི1མཐོ་རུ་ཕྱིན་ཡོད། ཐེམ་ཐོའི་མི་འབོར་ཁྲོད་སྐྱེས་པའི་མི་འབོར་དང་བུད་མེད་མི་འབོར་སོ་སོར་ཁྲི35.66དང་ཁྲི37.36ཡོད།

8 གཟི་བརྗིད་མཚན་སྙན། 

སྤྱི་ལོ2019ལོའི་ཟླ11པར“ ‘ལྔ་བདུན’ ཁྲིམས་ལུགས་ཁྱབ་གདལ་གྱི་དུས་དཀྱིལ་གྱི་སྔོན་ཐོན་ཆུས”ཀྱི་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-31

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།