ལེན་ཨང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལེན་ཨང་རྫོང་།
ལེན་ཅང་རྫོང(གནའ་བོའི་ཧྥུའུ་ཀྲོའུ་སྲིད་གཞུང་གི་ལེན་ཅང་རྫོང)ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན་ཞིང་། བྱང་གི་འཕྲེད་ཐིག26°07′-26°27′དང་། ཤར་གྱི་གཞུང་ཐིག119°17′-120°31′བར་དང་། ཤར་གྱི་འཕྲེད་ཐིག་ཐའེ་ཝན་མཚོ་འགག་ཏུ་གནས་ཡོད། ཤར་ཐའེ་ཝན་དང་། མ་ཙུའུ་ལེ་གླིང་ཕྲན་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ནུབ་ཞིང་ཆེན་ལྟེ་གནས་ཧྥུའུ་ཀྲོའུ་རུ་སྐམ་ས་དང་བར་ཐག་སྤྱི་ལེ50ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
连江县
རྒྱ་ཁྱོན།
སྤྱི་ལེ4280
མངའ་ཁོངས།
གྲོང་རྡལ་དང་ཡུལ་ཚོ22དང་གླིང་ཕྲན་སོགས་ཡོད།
མི་གྲངས།
ཁྲི58.10  (སྤྱི་ལོ2015ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
རྫོང་།
ནམ་ཟླ།
ས་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཀྲུང་གོ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར།
རླངས་འཁོར་ཚབ་ཨང་།
闽A
སྦྲག་ཨང་།
350500
ཡུལ་སྐད།
ཧྥུའུ་ཀྲོའུ་སྐད།
1 ངོ་སྤྲོད།

ལེན་ཅང་རྫོང(གནའ་བོའི་ཧྥུའུ་ཀྲོའུ་སྲིད་གཞུང་གི་ལེན་ཅང་རྫོང)ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན་ཞིང་། བྱང་གི་འཕྲེད་ཐིག26℃07-26℃དང་། ཤར་གྱི་གཞུང་ཐིག119℃-120℃བར་དང་། ཤར་གྱི་འཕྲེད་ཐིག་ཐའེ་ཝན་མཚོ་འགག་ཏུ་གནས་ཡོད། ཤར་ཐའེ་ཝན་དང་། མ་ཙུའུ་ལེ་གླིང་ཕྲན་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ནུབ་ཞིང་ཆེན་ལྟེ་གནས་ཧྥུའུ་ཀྲོའུ་རུ་སྐམ་ས་དང་བར་ཐག་སྤྱི་ལེ50ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4280ཡོད་པ་བཅས་ཀྱི་ནང་མཚོ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3112དང་སྐམ་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1168(གཅིག་གྱུར་བྱ་རྒྱུར་ལུས་པའི་མ་ཙུའུ་ལེ་གླིང་ཕྲན་ཚུད)ཡོད་པ་རེད།

ལེན་ཅང་རྫོང་ནི་ལིན་ཧྥེང་རི་བོའི་རི་རྒྱུད་ཀྱི་ཁོངས་སུ་གཏོགས་པ་དང་། ནུབ་བྱང་དང་བྱང་ཤར་རྒྱུད་ཀྱི་རི་མཐོ་ལ་ས་བབ་མཐོ་བ། མངའ་ཁོངས་སུ་རི་མང་པོ་ཡོད་པ་བཅས་རེད། ལེན་ཅང་རྫོང་ནི་ཚ་ཁུལ་དབུས་མའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། དྲོ་ཞིང་བཞའ་ཚན་ཆེ་བ། ཆར་ཆུ་འབེལ་བ། ལོ་རེའི་ཆ་སྙོམས་དྲོད་ཚད16.7-19.4℃བར་ཡིན།

སྤྱི་ལོ2014ལོའི་ལོ་མཇུག་བར་ལེན་ཅང་རྫོང་གིས་མ་ཙུའུ་ལེ་གླིང་ཕྲན་གཅིག་གྱུར་བྱས་པ་ཕུད། ཡུལ་ཚོ་དང་གྲོང་རྡལ22བཙུགས་ཡོད། སྤྱི་ལོ2015ལོར་ལེན་ཅང་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི58.10ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི25.54ཟིན་ཞིང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར352.45ལ་བུད་པ་རེད།

སྤྱི་ལོ1933ལོའི་ཟླ11པར་(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གཉིས་པ)རྒྱལ་དམངས་གསར་བརྗེའི་དམག་གི་དམག་སྡེ་བཅུ་དགུ་པས“ཧྥུའུ་ཅན་དུས་འགྱུར”བསླངས་ནས་ཧྥུའུ་ཀྲོའུ་རུ་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་གསར་བརྗེའི་སྲིད་གཞུང་བཙུགས་པ་དང་། ཧྥུའུ་ཅན་གྱི་ཞིང་ཆེན4དམིགས་བསལ་གྲོང་ཁྱེར2ལ་བགོས་པའི་ཁྲོད། ལེན་ཅང་ནི་ཧྥུའུ་ཅན་ཞིང་ཆེན་གྱི་ཁོངས་སུ་བཞག་པ་རེད། ཕྱི་ལོའི་ཟླ་དང་པོར་དུས་འགྱུར་ལ་རྒྱལ་ཁ་མ་ཐོབ་པར་བརྟེན། ལེན་ཅང་ཡང་བསྐྱར་ཞིང་ཆེན་ཐད་གཏོགས་རྫོང་དུ་གྱུར།

2 འཕེལ་རིམ།

སྤྱི་ལོ1934ལོའི་ཟླ7པར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གསུམ་པ)ཧྥུའུ་ཅན་སྲིད་འཛིན་ལྟ་ཞིབ་ཁུལ10ལ་བགོས་ཤིང་། ལེན་ཅང་ཁོངས་གཏོགས་ཀྱི་སྲིད་འཛིན་ལྟ་ཞིབ་ཁུལ་དང་པོ་ཡིན།

སྤྱི་ལོ1936ལོའི་ཟླ12པར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ25པར)ཏུང་ཏའོ་གླིང་ཕྲན་ལེན་ཅང་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ1937ལོའི་ཟླ2པར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ26པར)ནུབ་ཕྱོགས་ཀྱི་ཞིན་ཏའོ་དང་ཀུང་ཡུས། ཐང་ཐོའུ། ཀྲུའུ་ཆི། དབྱང་ཆི། ཧྲན་ཐུའོ། ཐང་པའེ། ཞི་པན་སོགས་ཡུལ་ཚོ8དང་། སི་ཁྲོན་ཧྲི། ཧུའུ་ཅང་བཅས་ཀྱི་གླིང་ཕྲན་གཉིས་ཧྥུའུ་ཅན་ཧོའུ་རྫོང་ནས་ལེན་ཅང་རྫོང་གི་ཁོངས་སུ་བགོས།

སྤྱི་ལོ1941ལོའི་ཟླ2པ(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་བར)ལེན་ཅང་རྫོང་གི་ཆུས་གཉིས་པའི་ཁྲི་ཧྲི་བྱང་རྒྱུད་ཀྱི་ཁྲི(ཡུའུ)པེ་ཧྲན་ཡུལ་ཚོ་ནི་ལུའོ་ཡོན་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ1947ལོར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སོ་དྲུག་པར)ཧྥུའུ་ཅན་ལྟ་ཞིབ་ཁུལ7ལ་བགོས་ཤིང་། ལེན་ཅང་ནི་ཐེངས་གསུམ་ལ་ཞིང་ཆེན་ཐད་གཏོགས་རྫོང་དུ་གྱུར།

སྤྱི་ལོ1949ལོའི་ཟླ8པར། ཧྥུའུ་ཀྲོའུ་དང་ལེན་ཅང་བཅིངས་འགྲོལ་བཏང་རྗེས། ལེན་ཅང་རྫོང་ནི་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་བཞི་པའི་ཀུང་ཧྲུའུ་ཡིན།

སྤྱི་ལོ1950ལོར་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་བཞི་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་མིང་ཧྥུའུ་ཅན་ཧོའུ་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་བསྒྱུར།

སྤྱི་ལོ1956ལོའི་ཟླ6པར། མིང་ཧོའུ་ཀྲོན་ཧྲུའུ་ཕྱིར་འཐེན་བྱས་ཤིང་། ལེན་ཅང་ཧྥུའུ་ཨན་ཀྲོན་ཧྲུའུ་རུ་ཐེངས་དང་པོར་བསྒྱུར།

སྤྱི་ལོ1956ལོའི་ཟླ5པར་ལུའོ་ཡོན་རྫོང་ཧྲང་ཧང་ཤང་གི་ཧུའེ་ཐོའུ་གྲོང་ཚོའི་ཁོངས་ལན་ཅང་རྫོང་ཏན་དབྱང་ཆུས་ཝུན་ཀྲུའུ་ཡུལ་ཚོ་རུ་གཏོགས། དེའི་རིང་ལང་ཆི་གླིང་ཕྲན་ནི་སྤྱི་ལོ1956ལོའི་ཟླ6པ་ནས10པའི་བར་དང་། སྤྱི་ལོ1970ལོའི་ཟླ7པ་ནས་སྤྱི་ལོ1975ལོའི་ཟླ12པའི་བར་ལེན་ཅང་རྫོང་གི་ཁོངས་སུ་གཏོགས་པ་དང་། རྗེས་སུ་ཧྥུའུ་ཀྲོའུ་ཉེ་འདབས་སུ་གཏོགས་པ་རེད།

སྤྱི་ལོ1959ལོའི་ཟླ་8པར་མིང་ཧོའུ་ཀྲོན་ཧྲུའུ་སླར་གསོ་བྱས་པ་དང་། ལན་ཅང་གཙང་པོ་དེ་རང་གི་མངའ་འོག་ཏུ་བཅུག

སྤྱི་ལོ1961ལོའི་ཟླ11པར། ལེན་ཅང་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་བགོས།

སྤྱི་ལོ1963ལོའི་ཟླ8པར་མིང་ཧོའུ་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1970ལོའི་ཟླ7པར་ཧྥུའུ་ཨན་ཀྲོན་ཧྲུའུ་ཐེངས་གཉིས་པར(ཕྱི་ལོ་གནས་ཡུལ་སྤོ་སྐབས་ཉིང་ཏེ་ས་ཁུལ་ཞེས་མིང་བསྒྱུར)བསྒྱུར་བ་རེད།

སྤྱི་ལོ1983ལོའི་ཟླ7པར། ལེན་ཅང་བསྐྱར་དུ་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག

3 སྲིད་འཛིན་བགོས་ཁོངས།

སྤྱི་ལོ1929ལོར་རྫོང་ཡོངས་སུ་ཆུས8དང་ཁོངས་སུ་ཡུལ་ཚོ149(ཡུལ་ཚོའི་ཟུར་གཏོགས396)ཡོད། སྤྱི་ལོ1935ལོར་པའོ་ཅའི་ལམ་ལུགས་ལག་བསྟར་བྱས་པ་དང་། རྫོང་ཡོངས་སུ་ཆུས་དང་ཧྲུའུ3བཙུགས། དེའི་ཁོངས་སུ་མཉམ་འབྲེལ་འགན་ལེན55(རྗེས་སུ་འགན་སྲུང40རུ་ལེགས་སྒྲིག་བྱས་པ)བྱས།

སྤྱི་ལོ1940ལོར་མཉམ་འབྲེལ་འགན་ལེན་དེ་ཤང་གྲོང་གཞུང་དོན་ཁང་དུ་བསྒྱུར་བ་དང་རྫོང་ཡོངས་སུ་ཤང་གྲོང31བཙུགས།

སྤྱི་ལོ1941ལོའི་ཟླ4པར་ཤང་གྲོང15བར་ཁུ་བསྡུ་བྱས་ཡོད། སྤྱི་ལོ1945ལོའི་ཟླ9པར་ཧུའུ་དང་། ཆའོ་ཐང་། ནུབ་གླིང་བཅས་ཡུལ་ཚོ3མང་དུ་བཏང་བ་དང་། རྫོང་ཡོངས་ལ་ཤང་གྲོང18བཙུགས།

སྤྱི་ལོ1949ལོའི་ཟླ8པར་རྫོང་ཡོངས་སུ་ཤང་གྲོང18བཙུགས།    

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ལེན་ཅང་གིས་ཆུས6བཙུགས་པ་དང་། གཞི་རིམ་གྱི་པའོ་ཅ་གནས་སྐབས་མི་འགུལ་བར་བྱས།

སྤྱི་ལོ1950ལོར་གཞི་རིམ་དུ་དམངས་གཙོའི་སྒོ་ནས་སྲིད་དབང་བཙུགས་པ་དང་1952ལོར་མཇུག་སྒྲིལ། རྫོང་ཡོངས་སུ་ཆུས10དང་ཤང་གྲོང123བཙུགས།    

སྤྱི་ལོ1956ལོར་ཆུས་དང་ཤང་གི་གཞི་ཁྱོན་ཆེ་རུ་བཏང་ནས་ཆུས5དང་ཤང་དང་གྲོང་རྡལ69བཀོད་སྒྲིག་བྱས་པ་དང་།

སྤྱི་ལོ1958ལོར་ཤང་གྲོང་གྲངས74བར་མང་དུ་ཕྱིན་ཡོད། ལོ་དེའི་ཟླ9བར་ནན་ཇའོ་དང་། པེ་ཇིན་དང་། ཏུང་ཡུན་བཅས་ཡུལ་ཚོ3སོར་བཞག་བྱས་པའི་སྒྲིག་གཞི་གནས་སྐབས་ཙན་དན་དང་ཧོང་ཆི་ཕུད། དེ་བྱིངས་ཡུ་ཚོ71ཤང་དང་གྲོང་རྡལ17དུ་ཟླ་སྒྲིལ་བཏང་བ་དང་། དེ་རྗེས་མི་དམངས་ཀུང་ཧྲེ17བཙུགས་པ་དང་། སྲིད་འཛིན་ཧྲེ་གཅིག་ཏུ་འདྲེས་ནས་ཆུས་དང་ཤང་གི་སྒྲིག་གཞི་མེད་པར་བཟོས། ཀུང་ཧྲེའི་ཁོངས་གཏོགས་ཀྱི་ཐོན་སྐྱེད་རུ་ཆེན115དང་ཐོན་སྐྱེད་རུ་ཆུང461ཡོད། དེའི་རྗེས་སུ་མཉམ་ལས་ཁང་དང་རུ་ཁག་གི་གཞི་ཁྱོན་ལེགས་སྒྲིག་ཡང་ཡང་བྱས།     སྤྱི་ལོ1983ལོར་རྫོང་ཡོངས་སུ་ཀུང་ཧྲེ18དང་། ཐོན་སྐྱེད་རུ་ཆེན254དང་ཐོན་སྐྱེད་རུ་ཆུང་3532བཅས་བཙུགས།     སྤྱི་ལོ1984ལོར་མི་དམངས་ཀུང་ཧྲེའི་སྒྲིག་སྲོལ་མེད་པར་བཟོས་ནས་སྔ་རྗེས་སུ་ཡུལ་ཚོ་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང18བཙུགས་པ་དང་། དེ་སྔའི་གྲོང་གསེབ་ཀྱི་ཐོན་སྐྱེད་རུ་ཆེན་ཚང་མ་གྲོང་མིའི་ཨུ་ཡོན་ལྷན་ཁང་དུ་བསྒྱུར་འཛུགས་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྲང་ལམ་གྲོང་མིའི་ཨུ་ཡོན་ལྷན་ཁང་དུ་བསྒྱུར་འཛུགས་བྱས།

4 ས་ཁམས་ཁོར་ཡུག 
4_1 གནས་ཡུལ།    

ལེན་ཅང་རྫོང་ནི་ཧྥུའུ་ཅན་ཞིང་ཆེན་ཤར་ལྷོའི་མཚོ་རྒྱུད་དང་ཧྥུའུ་ཅན་ཅང་ཁོའུ་ཡི་བྱང་ངོགས་སུ་གནས་པ་དང་། ཤར་དུ་ཐའེ་ཝན་དང་མ་ཙུའུ་ལེ་གླིང་ཕྲན་དང་། ནུབ་ཏུ་ཞིང་ཆེན་ལྟེ་གནས་ཧྥུའུ་ཀྲོའུ་རུ་གནས་ཡོད། ལྷོ་རྒྱུད་ཀྱི་ཆན་ཐོའུ་གྲོང་རྡལ་དང་ལང་ཆི་གླིང་ཕྲན་གཉིས་གཙང་པོ་དང་ཕན་ཚུན་ཁ་གཏད་དུ་གནས་པ་དང་། ནུབ་རྒྱུད་ནི་ཧྥུའུ་ཀྲོའུ་གྲོང་ཁྱེར་མ་ཝེ་ཆུས་ཁྲང་ཨན་གྲོང་ཚོ་དང་འབྲེལ་ཡོད། དེ་ནི་མིང་ཅང་ཁོའུ་ཅིན་སན་ཅའོ་ཁུལ(ཧྥུའུ་ཀྲོའུ་གྲོང་ཁྱེར་ཆུས་དང་། ལེན་ཅང་རྫོང་། ཁྲང་ལེ་རྫོང)བཅས་ཀྱི་བྱང་གཤོག་ཡིན། འཕྲེད་ཐིག་བྱང་མ26℃07-26℃དང་། ཤར་ཕྱོགས་ཀྱི་གཞུང་ཐིག119℃-120℃བར་དུ་གནས་ཡོད། ཤར་བྱང་དང་ཤར་ལྷོར་རྒྱ་མཚོ་དང་། ཤར་དུ་ཤར་འདྲེན་གླིང་ཕྲན་ཡིན་པ་དང་། རྫོང་གི་སྐམ་ས་དང་ཐག་ཉེ་ཤོས་ལ་སྤྱི་ལེ42ཡོད། ཤར་ལྷོར་མ་ཙུའུ་ལེ་གླིང་ཕྲན་ཡིན་པ་དང་། སྐམ་ས་ཆེན་པོ་དང་ཐག་ཉེ་ཤོས་ལ་སྤྱི་ལེ9.25ཡོད། བྱང་དང་ནུབ་བྱང་གཉིས་ལུའོ་ཡོན་རྫོང་དང་འབྲེལ་ཡོད། ནུབ་དང་ལྷོ་ནུབ་གཉིས་ཧྥུའུ་ཀྲོའུ་གྲོང་ཁྱེར་ཅིན་ཨན་ཆུས་དང་འབྲེལ་ཡོད། ལྷོ་རུ་མེན་ཅང་གཙང་པོ་དང་ལང་ཆི་གླིང་ཕྲན་གཉིས་ཁ་སྤྲོད་དུ་གནས་པ་དང་ལྷོ་སྣེ་ནི་ཧུའུ་ཅང་གླིང་ཕྲན་ཡིན་པ་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4280ཡོད་པའི་ནང་མཚོ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3112དང་སྐམ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1168(གཅིག་གྱུར་བྱ་འཆར་ཡོད་པའི་མ་ཙུའུ་ལེ་གླིང་ཕྲན་ཚུད་ཡོད)ཡོད་པ་རེད།

4_2 ས་དབྱིབས་ས་ངོས།     

ལེན་ཅང་རྫོང་གི་ནུབ་བྱང་དང་བྱང་ཤར་རྒྱུད་ཀྱི་རི་མཐོ་ལ་ས་བབ་མཐོ་བ་དང་། མངའ་ཁོངས་སུ་རི་མང་བ། རི་ཁུལ་རི་མ་ཐང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ850ཟིན་པ་དེ། སྐམ་སའི་རྒྱ་ཁྱོན་གྱི་བསྡོམས་འབོར་ལས72.8%ཟིན་པ། བདེ་ཐང་གཤོང་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ318ཟིན་པ་དེས། སྐམ་སའི་རྒྱ་ཁྱོན་གྱི་བསྡོམས་འབོར་ལས27.2%ཟིན་ཡོད།

ཆེས་མཐོ་བའི་རི་ནི་ཆོའེ་པིས་རི་རྩེ་སྟེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1029ཡོད་པ་དང་། མངའ་ཁོངས་སུ་ཨའོ་ཅང་བདེ་ཐང་དང་། ཧུའེ་ཐོའུ་བདེ་ཐང་། མ་ཆན་བདེ་ཐང་བཅས་བདེ་ཐང་ཆེན་པོ་གསུམ་ཡོད།    སྤྱི་ལོ2014ལོར་ལེན་ཅང་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི57.6ཟིན་པ་དེ་སྤྱི་ལོ2013ལོའི་ལོ་མཇུག་ལས་མི་ཁྲི0.6འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི24.77ཟིན་པ་དེས་སྤྱིའི་མི་འབོར་གྱི་བསྡུར་ཚད་ཀྱི43.0%བཟུང་བ་དེ་སྤྱི་ལོ2013ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་2.1འཕར་ཡོད་པ་རེད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར9011ཡོད་པ་དང་སྐྱེས་ཚད13.2%ཟིན་པའི་ནང་སྐྱེས་པ4615དང་བུད་མེད4396ཡོད། སྐྱེས་པ་ཕོ་མོའི་བསྡུར་ཚད104.98:100ཡིན། རྐྱེན་ལམ་དུ་ཤོར་བའི་མི་འབོར3722དང་ཤི་ཚད7.7%ཡིན། རང་བྱུང་འཕར་ཚད་སྟོང་ཆ5.5ཡིན།     སྤྱི་ལོ2015ལོར་ལན་ཅང་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི58.10ཟིན་པ་དེ་སྤྱི་ལོ2014ལོའི་ལོ་མཇུག་ལས་མི་ཁྲི0.5འཕར་ནས0.9%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི25.54ཡོད་པ་དེས་སྤྱིའི་མི་འབོར་གྱི་བསྡུར་ཚད་ཀྱི44.0%བཟུང་བ་དེ་སྤྱི་ལོ2014ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས1.0འཕར་ཡོད། སྐྱེ་ཚད13.07 ཤི་ཚད5.11སྟོང་ཆ་དང་རང་བྱུང་འཕར་ཚད7.96%བཅས་ཡོད་ལ། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཐེམ་ཐོའི་དུད་ཚང192347དང་ཐེམ་ཐོའི་མི་འབོར665101ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི་མི་འབོར283161ཡོད་པ་བཅས་རེད།

5 དཔལ་འབྱོར།
5_1 ཕྱོགས་བསྡུས། 

སྤྱི་ལོ2015ལོར་ལན་ཅང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར352.45ཟིན་པ་དེ2014ལོ་ལས8.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར119.73ཟིན་ནས4.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར141.49ཟིན་ནས་11.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར91.23ཟིན་ནས8.7%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར60925ཡིན་པས7.8%འཕར། ཐོན་ལས་དང་པོའི་རིན་ཐང་འཕར་མས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད34.0%ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མའི་བསྡུར་ཚད40.1%ཟིན་པ། ཐོན་ལས་གསུམ་པའི་རིན་ཐང་འཕར་མའི་བསྡུར་ཚད་25.9%ཟིན་པ་བཅས་ཡིན།     སྤྱི་ལོ2016ལོར་ལེན་ཅང་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར387.43ཟིན་པ་དེ་སྤྱི་ལོ2015ལོ་ལས6.5%འཕར་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར138.37ཟིན་ནས5.5%ལ་འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར149.01ཟིན་ནས8.7%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་100.05ཟིན་ནས་4.5%འཕར་ཡོད།  ཐེངས་གསུམ་པའི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ཚུལ35.7:38.5:25.8ཡིན།

6 གཟི་བརྗིད་མཚན་སྙན།     

སྤྱི་ལོ2019ལོའི་ཟླ12ཚེས28ཉིན“2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་སྟོབས་ཆེའི་རྫོང(གྲོང་ཁྱེར)བརྒྱའི་ནང་ཚུད།

སྤྱི་ལོ2015ལོར་ལེན་ཅང་རྫོང་གི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར212.09ཟིན་པ་དེ་སྤྱི་ལོ2014ལོ་ལས5.1%འཕར་བ་དང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལོ་རེར་ཆ་སྙོམས5.2%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར13.09ཟིན་ནས6.7%ཆག་པ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.43ཟིན་ནས29.3%འཕར་བ། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.31ཟིན་ནས་8.4%ཆག་པ། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར190.21ཟིན་ནས6.3%འཕར་བ། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.05ཟིན་ནས5.4%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-31

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།