ཆིང་ཀྲོའུ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆིང་ཀྲོའུ་གྲོང་ཁྱེར།
ཆིང་ཀྲོའུ་གྲོང་ཁྱེར་ནི་ཧྲན་ཏུང་ཞིང་ཆེན་ཁོངས་གཏོགས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཝེ་ཧྥང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད་ལ། ཧྲན་ཏུང་ཕྱེད་གླིང་གི་དབུས་ཁུལ་དུ་ཆགས་ཡོད། ཤར་དུ་ཁྲང་ལེ་རྫོང་དང་འབྲེལ་ཞིང་། ནུབ་ཏུ་ཙི་པོ་གྲོང་ཁྱེར་གྱི་ཙི་ཁྲོན་དང་ལིན་ཅི་ཆུས་གཉིས་དང་འབྲེལ་ཡོད་ལ། ལྷོ་རུ་ལིན་དབྱི་དང་འབྲེལ་ཡོད། བྱང་དུ་ཏུང་ཡིང་གྲོང་ཁྱེར་གྱི་ཀོང་རའོ་དང་ས་མཚམས་འབྲེལ་ཡོད་ཅིང་། བྱང་ཤར་དུ་ཧྲོའུ་ཀོང་གྲོང་ཁྱེར་དང་འབྲེལ་ཡོད་ལ། གནའ་བོའི“ཅིའུ་ཀྲོའུ”ཡི་གྲས་ཤིག་ཡིན། སྤྱི་ལོ1986ལོར་དེ་སྔའི་ཡི་ཏོ་རྫོང་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དུ་བསྒྱུར། ཆིང་ཀྲོའུ་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1569ཡོད་ལ། ཕྱེད་རི་ཁུལ་དང་ཕྱེད་བདེ་ཐང་ས་དབྱིབས་ཀྱི་ས་བབ་ཡིན། སྤྱི་ལོ2016ལོར་ཁོངས་གཏོགས་སུ་ཁྲོམ་ལམ་དོན་གཅོད་ཁྲུའུ4དང་གྲོང་རྡལ8ཡོད་ཅིང་། མི་འབོར་ཁྲི94.04ཡོད། ཅའོ་ཅི་ལྕགས་ལམ་དང་། དབྱང་ལིན་ལྕགས་ལམ། ཅི་ཆིང་མྱུར་བགྲོད་གཞུང་ལམ། ཁྲང་ཧྲེན་མྱུར་བགྲོད་གཞུང་ལམ་བཅས་ཆིང་ཀྲོའུ་ནང་ཁུལ་དུ་བསྣོལ་ནས་ཤར་བགྲོད་ཐུབ་པ་དང་། རྒྱལ་ལམ309དང་ཞིང་ཆེན་རིམ་པའི་གཞུང་ལམ352སོགས་བརྒྱུད་ཡོད། ཆིང་ཀྲོའུ་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་ཕུལ་བྱུང་གི་རྫོང་བརྒྱ་དང་། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར། རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར། རྒྱལ་ཁབ་རིམ་པའི་སྣོད་བཅུད་འཛུགས་སྐྱོང་དཔེ་སྟོན་ཁུལ་སོགས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན17ཐོབ་ཡོད། སྤྱི་ལོ2013ལོའི་ཟླ11པའི་ཚེས18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་དུ་བདམས་ཤིང་། སྤྱི་ལོ2017ལོར་ཆིང་ཀྲོའུ་གནའ་གྲོང་མཛེས་ལྗོངས་ཁུལ“རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ”དུ་བདམས། སྤྱི་ལོ2017ལོར“ཀྲུང་གོའི་གནས་སྡོད་ཁོར་ཡུག་བྱ་དགའ”ཐོབ་ཅིང་། སྤྱི་ལོ2017ལོའི་ཟླ12པར་ཀྲུང་གོའི་བཟོ་ལས་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི་ནང་བདམས་ཐོན་བྱུང་། སྤྱི་ལོ2018ལོའི་ཟླ10པར་ཆིང་ཀྲོའུ་གྲོང་ཁྱེར་དེ“ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང་བརྒྱ”དང་། རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ་བཅས་སུ་བདམས་ཐོན་བྱུང་། སྤྱི་ལོ2018ལོའི་ཟླ11པར། སྤྱི་ལོ2018ལོའི་བཟོ་ལས་ཕུལ་བྱུང་ཅན་བརྒྱའི་རྫོང(གྲོང་ཁྱེར)དུ་བདམས་པ་དང་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྟོན་གྲངས100ཡི་མདུན་གྲལ་དུ་ཚུད་ཅིང་། ཟླ12པར་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་སྟོབས་ཆེན100ཡི་ནང་ཚུད་ཡོད། སྤྱི་ལོ2018ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར(ཆུས)བསྐྱར་དུ་གཏན་འཁེལ་བྱས། སྤྱི་ལོ2019ལོའི་ཟླ9པའི་ཚེས25ཉིན། ཆིང་ཀྲོའུ་གྲོང་ཁྱེར་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོའི་མིང་ཐོའི་ནང་བདམས་ཐོན་བྱུང་། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲོང་ཁྱེར་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་བརྒྱའི་རྫོང་དང་གྲོང་ཁྱེར་དུ་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青州市
ཕྱི་ཡིག་གི་མིང་།
Qingzhou City
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཝེ་ཧྥང་།
མངའ་ཁོངས།
ཁྲོམ་ལམ4དང་གྲོང་རྡལ8ཡོད།
སྲིད་གཞུང་གནས་ཡུལ།
ཝང་ཧྥུ་ཁྲོམ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0536
སྦྲག་སྲིད་ཨང་རྟགས།
262500
གནས་ཡུལ།
ཧྲན་ཏུང་ཕྱེད་གླིང་གི་དབུས་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1569ཡོད།
མི་འབོར།
ཁྲི96.36ཡོད།(སྤྱི་ལོ2017ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླ།
དྲོད་ཁུལ་དུས་རླུང་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུGདང་ལུའུV (鲁G、鲁V)
སྲིད་འཛིན་ཚབ་ཨང་།
370781
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར704.1ཡིན།(སྤྱི་ལོ2018ལོ)
1 འཛུགས་སྐྲུན་འཕེལ་རིམ།

ཆིང་ཀྲོའུ་ཞེས་པའི་མིང་དེ་ཐོག་མར《ཧྲང་ཧྲུའུ·ཡུས་ཀུང》ཞེས་པར་གསལ་ཞིང་། གནའ་བོའི“ཅིའུ་ཀྲོའུ”ཡི་གྲས་ཤིག་ཡིན་ལ། གནའ་རབས་སུ་ཏུང་དབྱི་ཡི་ས་ཆ་ཡིན། ཞ་ཧྲང་གི་དུས་སྐབས་སུ། སྔ་རྗེས་སུ་ཧྲོང་ཅིའུ་རུས་རྒྱུད་དང་། ཅི་ཙེ་རུས་རྒྱུད། སི་པོ་ལིང་རུས་རྒྱུད་བཅས་ཀྱིས་བཟུང་། ཀྲོའུ་རྒྱལ་རབས་ཀྱི་དུས་འགོར་ལུའེ་ཧྲང་ཆི་ཧོའུ་ལ་བསྐོས་པ་དང་། ས་ཆ་འདི་ཐོག་མར་ཆི་ཡི་མངའ་ཁོངས་སུ་བསྡུས། ཁྲུན་ཆིའུ་ཀྲན་གོའི་དུས་སུ་ཆི་ཡི་ཁོངས་གཏོགས་ཡིན།

ཆིན་རྒྱལ་རབས་ཀྱིས་གནམ་འོག་གཅིག་གྱུར་བྱས་ཏེ། ཆི་ཅུན་བཙུགས།

ཧན་རྒྱལ་རབས་ནུབ་མའི་ཝུའུ་ཏི་ཡོན་ཧྥུན་ཁྲི་ལོ་ལྔ་པར(སྤྱི་ལོ་སྔོན་གྱི106ལོ)ཆིང་ཀྲོའུ་ཚི་ཧྲི་པུའུ་བཙུགས་ཏེ། ཀོང་རྫོང་དུ་བཅའ་སྡོད་བྱས་ཤིང་མིང་ལ་ཆིང་ཀྲོའུ་ཁྲེང་ཟེར།

ཧན་ཤར་མ་ནས་རྒྱལ་ཁབ་གསུམ་གྱི་བར་དུ། ཆིན་ཀྲོའུ་ཁྲེང་ནི་ཤར་ཕྱོགས་ཀྱི་གྲོང་མཁར་གཙོ་བོ་ཞིག་ཡིན།

སུའེ་རྒྱལ་རབས་ཀྱི་སྐབས་སུ་ཆིང་ཀྲུའུ་ཙུང་ཀོན་གྱི་ཧྥུ་ཀྲི་ཡིན་ཞིང་། རྗེས་སུ་པེ་ཧའེ་ཅུན་ཀྲི་རུ་བསྒྱུར།

ཐང་གི་དུས་འགོར་ཡང་བསྐྱར་ཆིན་ཀྲོའུ་ཙུང་ཀོན་གྱི་ཧྥུ་ཀྲི་ཡིན་ལ། རྗེས་སུ་སྔར་བཞིན་པེ་ཧའེ་ཅུན་ཀྲི་རུ་བསྒྱུར།

སུང་རྒྱལ་རབས་ཀྱི་སྐབས་སུ་ཅིན་ཏུང་ཏུང་ལུའུ་ཡི་ལུའུ་ཀྲི་ཡིན།

ཅིན་རྒྱལ་རབས་ཀྱི་སྐབས་སུ་ཧྲན་ཏུང་ཏུང་ལུའུ་ཡི་ཡེ་ཏུའུ་ཙུང་ཀོན་གྱི་ཧྥུ་ཀྲི་ཡིན།

ཡོན་རྒྱལ་རབས་ཀྱི་སྐབས་སུ་ཧྲན་ཏུང་ཏུང་ཞི་ཏའོ་ཞོན་ཝུའུ་སི་ཡི་སི་ཀྲི་ཡིན།

མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་དུས་སུ་ཆིང་ཀྲོའུ་ཧྥུ་ཀྲི་ཡིན།

མིན་གོའི་དུས་སྐབས་སུ་ཆིང་ཀྲོའུ་ཧྥུ་ཕྱིར་འཐེན་བྱས་པ་དང་། ཡེ་ཏུའུ་རྫོང་ཧྲན་ཏུང་ཞིང་ཆེན་གྱི་ཐད་གཏོགས་ས་ཁོངས་སུ་བསྡུས།

སྤྱི་ལོ1948ལོར་ཆིང་ཀྲོའུ་བཅིངས་འགྲོལ་བཏང་ནས་ཆིང་ཀྲོའུ་དམིགས་བསལ་གྲོང་ཁྱེར་བཙུགས་པ་དང་། ཁྲེན་ཀོང་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་དང་། ཧྥེང་དབྱི་ཀྲིས་ཧྲི་ཀྲང་གི་འགན་ཁུར། སྤྱི་ལོ1952ལོར་དབྱི་ཏུའུ་རྫོང་སླར་གསོ་བྱས། སྤྱི་ལོ1986ལོར་ཆིང་ཀྲོའུ་གྲོང་ཁྱེར་ཞེས་པར་བསྒྱུར།

2 སྲིད་འཛིན་ཁུལ་དབྱེ།
2_1 དབྱེ་མཚམས་འཕེལ་རིམ།

སྤྱི་ལོ2007ལོར། ཆིང་ཀྲོའུ་གྲོང་ཁྱེར་སྲིད་འཛིན་ཁུལ་དབྱེ་བསྐྱར་དུ་ལེགས་སྒྲིག་བྱས་ནས་ཝུའུ་ལི་གྲོང་རྡལ་དེ་ཝང་ཧྥུའུ་ཁྲོམ་ལམ་དུ་ཟླ་སྒྲིལ་བཏང་ཞིང་། ཏུང་ཀའོ་གྲོང་རྡལ་ཕྱིར་འཐེན་བྱས་ནས་ཡེ་ཏུའུ་ཁྲོམ་ལམ་དུ་ཟླ་སྒྲིལ་བཏང་། ཀྲུའུ་ལེང་གྲོང་རྡལ་ཕྱིར་འཐེན་བྱས་ནས་ཀའོ་ལིའུ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ཕུའུ་ཐོང་གྲོང་རྡལ་ཕྱིར་འཐེན་བྱས་ཏེ་ཧྲའོ་ཀྲོང་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ཁུའུ་ཀའོ་གྲོང་རྡལ་ཕྱིར་འཐེན་བྱས་ཏེ་ཧུའུ་ཀོང་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ཀྲེན་མུའུ་གྲོང་རྡལ་ཕྱིར་འཐེན་བྱས་ནས་ཐན་ཧྥང་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ཝང་མུའུ་ཀོང་ཁྲོམ་ལམ་མེད་པ་བཟོས་ནས་དེ་སྔའི་ཝང་མུའུ་ཀོང་ཁྲོམ་ལམ་གྱི་ཏ་ཚུའེ་ཅ་སོགས་གྲོང་ཚོ8དང་ཏུང་ཞ་གྲོང་རྡལ་གྱི་ཏུང་ཧོའུ་མའོ་སོགས་གྲོང་ཚོ15ཧུང་ལོའུ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་། ཝང་མུའུ་ཀོང་ཁྲོམ་ལམ་གྱི་ཞུས་ཆི་ལི་སོགས་གྲོང་ཚོ34ཏུང་ཞ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། དེ་སྔའི་ཡུན་མོན་ཧྲན་ཁྲོམ་ལམ་དང་། ཝང་ཧྥུན་གྲོང་རྡལ། མའོ་ཙི་གྲོང་རྡལ། མི་ཧོ་གྲོང་རྡལ་བཅས་སྲིད་འཛིན་ས་ཁོངས4ལ་འགྱུར་བ་བྱུང་མེད།

2_2 ཁུལ་དབྱེའི་གནས་ཚུལ་ཞིབ་ཕྲ།

སྤྱི་ལོ2015ལོར། ཆིང་ཀྲོའུ་གྲོང་ཁྱེར་སྲིད་འཛིན་ཁུལ་དུ་ཁྲོམ་ལམ4དང་། གྲོང་རྡལ8ཡོད་པ་སྟེ། ཡེ་ཏུའུ་ཁྲོམ་ལམ་དང་། ཝང་ཧྥུའུ་ཁྲོམ་ལམ། ཡུན་མོན་ཧྲན་ཁྲོམ་ལམ། ཧོང་ལོའུ་ཁྲོམ་ལམ། ཀའོ་ལིའུ་གྲོང་རྡལ། ཧོ་ཀོན་གྲོང་རྡལ། ཏུང་ཞ་གྲོང་རྡལ། ཐན་ཧྥང་གྲོང་རྡལ། སྨི་ཧོ་གྲོང་རྡལ། ཝང་ཏུའུ་གྲོང་རྡལ། མའོ་ཙི་གྲོང་རྡལ། ཧྲའོ་ཀྲོང་གྲོང་རྡལ་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཆིང་ཀྲོའུ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཁྲང་ལེ་རྫོང་དང་འབྲེལ་ཞིང་། ནུབ་ཕྱོགས་སུ་ཙི་པོ་གྲོང་ཁྱེར་གྱི་ཙི་ཁྲོན་དང་ལིན་ཆི་ཁུལ་གཉིས་དང་ས་མཚམས་འབྲེལ་ཡོད། ལྷོ་ཕྱོགས་སུ་ལིན་ཆིའུ་དང་འབྲེལ་ཞིང་། བྱང་ཕྱོགས་ཏུང་ཡིང་གྲོང་ཁྱེར་གྱི་ཀོང་རའོ་དང་འབྲེལ་ཡོད་ལ། བྱང་ཤར་དུ་ཧྲོའུ་ཀོང་གྲོང་ཁྱེར་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1563.8ཡོད་ཅིང་། ཤར་གྱི་གཞུང་ཐིག118°10′~118°46′དང་། བྱང་གི་འཕྲེད་ཐིག་36°24′~36°56′བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ1569ཡིན།

3_2 ནམ་ཟླ།

ཆིང་ཀྲོའུ་གྲོང་ཁྱེར་ནི་དྲོད་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་གི་ནམ་ཟླའི་ཁུལ་དུ་གནས་པ་དང་། གནམ་གཤིས་དྲོ་འཇམ་ལྡན་ཞིང་། དུས་བཞིའི་དབྱེ་བ་གསལ་ལ། དགུན་དུས་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ། དབྱར་དུས་ཚ་བ་ཆེ་ལ། དཔྱིད་དུས་དྲོད་ཚད་འོས་འཚམ་ཡིན། ལོ་མང་རིང་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི664ཡིན་ལ། དེའི་ཁྲོད་དུ་ལྷོ་ནུབ་རི་ཁུལ་གྱིས་ཧའོ་སྨི697.6ཟིན་ཞིང་། བྱང་རྒྱུད་བདེ་ཐང་གིས་ཧའོ་སྨི638.9ཟིན་ལ། ཐན་སྐམ་གྱི་སྟོན་གྲངས2.24ཟིན་ཡོད། ཆིང་ཀྲོའུ་གྲོང་ཁྱེར་དུ་ལོ་མང་རིང་ཆ་སྙོམས་དྲོད་ཚད12.7℃ཡིན་ལ། དྲོད་ཚད་ཆེས་མཐོ་བའི་ལོར(སྤྱི་ལོ1961ལོ)13.5℃ཡིན་ཞིང་། དྲོད་ཚད་ཆེས་དམའ་བའི་ལོར(སྤྱི་ལོ1969ལོ)11.4℃ཡིན། ཟླ་བ་བདུན་པ་ནི་ལོ་ཧྲིལ་པོའི་དྲོད་ཚད་ཆེས་མཐོ་བའི་དུས་ཚིགས་ཡིན། ལོ་མང་ངང་ཆ་སྙོམས་ཀྱི་དྲོད་ཚད26.3℃ཡིན། ཟླ་བ་དང་པོ་ནི་ལོ་ཧྲིལ་པོའི་དྲོད་ཚད་ཆེས་དམའ་བའི་དུས་ཚིགས་ཡིན། ལོ་མང་པོའི་ཆ་སྙོམས་ཀྱི་དྲོད་ཚད-2.9℃ཡིན། ལོ་རེའི་དྲོད་ཚད་ཀྱི་ཧེ་བག་ནི29.2℃ཡིན་ལ། ཆེས་ཐལ་དྲགས་པའི་དྲོད་ཚད་ནི40.9℃(སྤྱི་ལོ1959ལོའི་ཟླ8པའི་ཚེས1ཉིན)ཡིན། ཆེས་དམའ་བའི་དྲོད་ཚད་ནི-19.3℃(སྤྱི་ལོ1959ལོའི་ཟླ8པའི་ཚེས1ཉིན)ཡིན། ལོ་མང་ཆ་སྙོམས་ཀྱི་སད་མེད་དུས་ནི་ཉིན191.7ཡིན།

4 མི་གྲངས་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2018ལོར། ཆིང་ཀྲོའུ་གྲོང་ཁྱེར་གྱི་གསར་སྐྱེས་མི་འབོར11404ཡོད་པ་དང་སྐྱེས་ཚད11.99‰ཟིན་ལ། དེའི་ཁྲོད་དུ་ཕྲུ་གུ་གཉིས་སྐྱེས་མཁན7260ཡོད་ལ་ལོ་གོང་མ་ལས་34.8%ཇེ་ཉུང་དུ་ཕྱིན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་འབོར4662ཟིན་ལ་ཤི་ཚད4.9‰ཟིན་ཞིང། རང་བྱུང་འཕར་ཚད7.09‰ཡིན། སྐྱེས་པའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད་105.6ཟིན་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཆིང་ཀྲོའུ་གྲོང་ཁྱེར་གྱི་ཁྱིམ་ཐོའི་དུད་ཚང་ཁྲི26.9ཟིན་པ་དང་ཁྱིམ་ཐོའི་མི་འབོར་ཁྲི95.5ཟིན་པའི་ནང་སྐྱེས་པ་ཁྲི48.0དང་བུད་མེད་ཁྲི47.5ཟིན་ཡོད།

4_2 མི་རིགས།

ཆིང་ཀྲོའུ་གྲོང་ཁྱེར་གྱི་མི་རིགས་གཙོ་བོ་རྒྱ་རིགས་ཡིན་པ་དང་། དེའི་ནང་དུ་གྲངས་ཉུང་མི་རིགས་ལ་ཧུའེ་རིགས་དང་མན་ཇུ་རིགས་སོགས་མི་རིགས29ཡོད།

5 གཟི་བརྗིད་མཚན་སྙན།

ཆིང་ཀྲོའུ་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་ཕུལ་བྱུང་གི་རྫོང་བརྒྱ་དང་། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར། རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར། རྒྱལ་ཁབ་རིམ་པའི་སྣོད་བཅུད་འཛུགས་སྐྱོང་དཔེ་སྟོན་ཁུལ་སོགས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན17ཐོབ་ཡོད། སྤྱི་ལོ2013ལོའི་ཟླ11པའི་ཚེས18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་དུ་བདམས་ཤིང་། སྤྱི་ལོ2017ལོར་ཆིང་ཀྲོའུ་གནའ་གྲོང་མཛེས་ལྗོངས་ཁུལ“རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ”དུ་བདམས། སྤྱི་ལོ2017ལོར“ཀྲུང་གོའི་གནས་སྡོད་ཁོར་ཡུག་བྱ་དགའ”ཐོབ་ཅིང་། སྤྱི་ལོ2017ལོའི་ཟླ12པར་ཀྲུང་གོའི་བཟོ་ལས་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི་ནང་བདམས་ཐོན་བྱུང་། སྤྱི་ལོ2018ལོའི་ཟླ10པར་ཆིང་ཀྲོའུ་གྲོང་ཁྱེར་དེ“ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང་བརྒྱ”དང་། རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ་བཅས་སུ་བདམས་ཐོན་བྱུང་།

སྤྱི་ལོ2018ལོའི་ཟླ11པར། སྤྱི་ལོ2018ལོའི་བཟོ་ལས་ཕུལ་བྱུང་ཅན་བརྒྱའི་རྫོང(གྲོང་ཁྱེར)དུ་བདམས་པ་དང་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྟོན་གྲངས100ཡི་མདུན་གྲལ་དུ་ཚུད་ཅིང་། ཟླ12པར་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་སྟོབས་ཆེན100ཡི་ནང་ཚུད་ཡོད། སྤྱི་ལོ2018ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར(ཆུས)བསྐྱར་དུ་གཏན་འཁེལ་བྱས། སྤྱི་ལོ2019ལོའི་ཟླ9པའི་ཚེས25ཉིན། ཆིང་ཀྲོའུ་གྲོང་ཁྱེར་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོའི་མིང་ཐོའི་ནང་བདམས་ཐོན་བྱུང་། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲོང་ཁྱེར་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་བརྒྱའི་རྫོང་དང་གྲོང་ཁྱེར་དུ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། ས་ཁོངས། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-06

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།