ཁྲང་དབྱི་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲང་དབྱི་གྲོང་ཁྱེར།
ཁྲང་དབྱི་གྲོང་ཁྱེར་ནི་ཝེ་ཧྥང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧྲན་ཏུང་ཕྱེད་གླིང་གི་ནུབ་བྱང་རྒྱུད་དང་། ཝེ་ཧོ་ཆུ་བོའི་སྨད་རྒྱུད། ལའེ་ཀྲོའུ་མཚོ་ཁུག་གི་འགྲམ་རྒྱུད་དུ་ཆགས་ཡོད་ལ། བྱང་གི་འཕྲེད་ཐིག36°25′-37°08′བར་དང་། ཤར་གྱི་གཞུང་ཐིག119°13′-119°37′བར་དུ་གནས་ཡོད། ཤར་དུ་དབྱི་རྫོང་དང་། ཕིང་ཏུའུ་རྫོང་གི་བར་མཚམས་སུ་ཅའོ་ལའེ་གཙང་པོས་ཆོད་ཡོད་ལ། ལྷོ་རུ་ཀའོ་སྨི་རྫོང་དང་ཨན་ཆིའུ་རྫོང་དང་འབྲེལ་ཞིང་། ནུབ་ཏུ་ཝེ་ཧྥང་གྲོང་ཁྱེར་གྱི་ཧྥང་ཙི་ཆུས་དང་གྲང་ཐིང་ཆུས་དང་འབྲེལ་ཡོད། བྱང་དུ་ལའེ་ཀྲོའུ་མཚོ་ཁུག་དང་ད་མཚམད་འབྲེལ་ཡོད། གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1578.7ཡིན། སྤྱི་ལོ2016ལོའི་བར་དུ་ཁྲང་དབྱི་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་ལམ3དང་གྲོང་རྡལ6ཡོད་ལ། སྤྱི་ལོ2015ལོར་ཁྲང་དབྱི་གྲོང་ཁྱེར་གྱི་མི་འབོར་ཁྲི58.5ཟིན་ཡོད། སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར400ཟིན་ཞིང་། གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་བཅས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར་ཁྲི3.1དང་སྒོར་ཁྲི1.6ཡིན། ཁྲང་དབྱི་གྲོང་ཁྱེར་ནི་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ཞིག་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་མཚོ་རྒྱུད་ཀྱི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན་ཞིང་། ཀྲུང་གོའི་དར་གོས་ཀྱི་ཕ་ཡུལ་དང་། ཀྲུང་གོའི་ཕྱིར་སྡོད་རང་མིའི་ཕ་ཡུལ། ཀྲུང་གོའི་ཞོའུ་ཡན་གྱི་ཕ་ཡུལ་ཞེས་པའི་མཚན་སྙན་ཡོད་ལ། སྔ་རྗེས་སུ་ཀྲུང་གོའི་བྱང་ཕྱོགས་ཀྱི་སྔོ་འགྱུར་སྡོང་ཕྲུག་རྟེན་གཞི་དང་། ཀྲུང་གོའི་འཁལ་འཐག་ཐོན་ལས་རྟེན་གཞིའི་གྲོང་ཁྱེར། ཀྲུང་གོའི་ཁྲོ་ཆན་ཐོན་ལས་རྟེན་གཞི། ཀྲུང་གོའི་གྲོང་ཁྱེར་ཆུང་འབྲིང་གི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེའི་རྫོང་དང་གྲོང་ཁྱེར། ཀྲུང་གོའི་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་གྲོང་ཁྱེར་ཆུང་འབྲིང་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། སྤྱི་ལོ2018ལོའི་ཟླ10པར་ཁྲང་དབྱི་གྲོང་ཁྱེར་དེ“ཕྱོགས་བསྡུས་སྟོབས་ཤུགས་ཆེན་པོ་ལྡན་པའི་ཕུལ་བྱུང་རྫོང་བརྒྱ”དང་། རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ལེགས་པའི་རྫོང་དང་གྲོང་ཁྱེར་བཅས་སུ་བདམས་ཤིང་། སྤྱི་ལོ2019ལོའི་ཟླ10པའི་ཚེས8ཉིན། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར་བརྒྱ། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བཅས་སུ་བདམས། སྤྱི་ལོ2020ལོར་ཧྲན་ཏུང་ཞིང་ཆེན་གྱི་སྐར་བཞི་རིམ་པའི་རིག་ལྡན་གྲོང་ཁྱེར་གསར་པ་འཛུགས་སྐྲུན་གྱི་སྔོན་ཚུད་ཚོད་ལྟའི་གྲོང་ཁྱེར་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
昌邑
ཕྱི་ཡིག་གི་མིང་།
ChangYi
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ཧྲན་ཏུང་ཞིང་ཆེན།
མངའ་ཁོངས།
ཁྲོམ་ལམ3དང་གྲོང་རྡལ6ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0536
སྦྲག་སྲིད་ཨང་རྟགས།
261300
གནས་ཡུལ།
ཧྲན་ཏུང་ཕྱེད་གླིང་གི་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1578.7ཡོད།
མི་འབོར།
མི་ཁྲི61.83ཡོད། (2017ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླ།
དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུG2ལུའུGYལུའུV2ལུའུVY (鲁G2、鲁GY、鲁V2、鲁VY等)
སྲིད་འཛིན་ཚབ་ཨང་།
370786
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར400ཡོད། (སྤྱི་ལོ2016ལོ)
1 ​ངོ་སྤྲོད་མདོར་བསྡུས།

ཁྲང་དབྱི་གྲོང་ཁྱེར་ནི་ཝེ་ཧྥང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧྲན་ཏུང་ཕྱེད་གླིང་གི་ནུབ་བྱང་རྒྱུད་དང་། ཝེ་ཧོ་ཆུ་བོའི་སྨད་རྒྱུད། ལའེ་ཀྲོའུ་མཚོ་ཁུག་གི་འགྲམ་རྒྱུད་དུ་ཆགས་ཡོད་ལ། བྱང་གི་འཕྲེད་ཐིག36°25′-37°08′བར་དང་། ཤར་གྱི་གཞུང་ཐིག119°13′-119°37′བར་དུ་གནས་ཡོད། ཤར་དུ་དབྱི་རྫོང་དང་། ཕིང་ཏུའུ་རྫོང་གི་བར་མཚམས་སུ་ཅའོ་ལའེ་གཙང་པོས་ཆོད་ཡོད་ལ། ལྷོ་རུ་ཀའོ་སྨི་རྫོང་དང་ཨན་ཆིའུ་རྫོང་དང་འབྲེལ་ཞིང་། ནུབ་ཏུ་ཝེ་ཧྥང་གྲོང་ཁྱེར་གྱི་ཧྥང་ཙི་ཆུས་དང་གྲང་ཐིང་ཆུས་དང་འབྲེལ་ཡོད། བྱང་དུ་ལའེ་ཀྲོའུ་མཚོ་ཁུག་དང་ད་མཚམད་འབྲེལ་ཡོད། གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1578.7ཡིན།

སྤྱི་ལོ2016ལོའི་བར་དུ་ཁྲང་དབྱི་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་ལམ3དང་གྲོང་རྡལ6ཡོད་ལ། སྤྱི་ལོ2015ལོར་ཁྲང་དབྱི་གྲོང་ཁྱེར་གྱི་མི་འབོར་ཁྲི58.5ཟིན་ཡོད། སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར400ཟིན་ཞིང་། གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་བཅས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར་ཁྲི3.1དང་སྒོར་ཁྲི1.6ཡིན།

ཁྲང་དབྱི་གྲོང་ཁྱེར་ནི་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ཞིག་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་མཚོ་རྒྱུད་ཀྱི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན་ཞིང་། ཀྲུང་གོའི་དར་གོས་ཀྱི་ཕ་ཡུལ་དང་། ཀྲུང་གོའི་ཕྱིར་སྡོད་རང་མིའི་ཕ་ཡུལ། ཀྲུང་གོའི་ཞོའུ་ཡན་གྱི་ཕ་ཡུལ་ཞེས་པའི་མཚན་སྙན་ཡོད།

2 འཛུགས་སྐྲུན་འཕེལ་རིམ།
2_1 གནའ་རབས།

པེ་མོང་ཡུལ་ཚོ་ཆན་ཀེ་ཀྲོང་གི་ས་འོག་ནས་ཐོན་པའི་རིག་དངོས་ཀྱིས་ཁུངས་འཚོལ་ར་སྤྲོད་བྱས་པར་གཞིགས་ན། ལུང་ཧྲན་རིག་གནས་ཀྱི་ཁོངས་སུ་གཏོགས་པ་དང་། ལོ་ངོ་བཞི་སྟོང་ལྷག་ཙམ་གྱི་སྔོན་དུ་གནས་འདིར་མིའི་རིགས་འཚོ་གནས་བྱས་ཡོད་པར་མངོན།

ཞ་རྒྱལ་རབས་ཀྱི་སྐབས་སུ། ས་ཆ་དེ་ཆིང་ཀྲོའུ་ཡི་མངའ་ཁོངས་སུ་གཏོགས།

ཧྲང་རྒྱལ་རབས་ཀྱི་དུས་སུ་ལའེ་རྒྱལ་ཁབ་ཀྱི་ས་ཆ་ཡིན།

ཀྲོའུ་རྒྱལ་རབས་ཀྱི་སྐབས་སུ་ཁྲང་དབྱི་གྲོང་ཁྱེར་གྱི་ས་ཁོངས་སུ་རྨི་དང་། ཏུའུ་ཁྲང་། ཐང་ཡུལ་ཚོ་སོགས་ཡོད།

ཆིན་ཧྲི་ཧོང་ཁྲི་ལོ་ཉེར་དྲུག་པར(སྤྱི་ལོ་སྔོན་གྱི221ལོ)ཆིན་རྒྱལ་ཁབ་ཀྱིས་ཆི་སྣུབས་ཏེ་རྫོང་བཙུགས་ཤིང་། ཅའོ་ཏུང་ཅུན་གྱི་ཁོངས་སུ་གཏོགས།  

ཧན་རྒྱལ་རབས་ཤར་མའི་དུས་སུ་ཅའོ་ཏུང་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།

རྒྱལ་ཁབ་གསུམ་གྱི་སྐབས་སུ་ཏུའུ་ཁྲང་དང་ཞ་སྨི་ཆིང་ཀྲོའུ་པེ་ཧའེ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།

ཅིན་ནུབ་མའི་ཝུའུ་ཏི(སི་མ་ཡན)ཐའེ་ཧྲི་ཁྲི་ལོ་དང་པོར(སྤྱི་ལོ265ལོ)རྫོང་གཉིས་ཅིན་གྱི་མངའ་འོག་ཏུ་གཏོགས་ཤིང་། ཐོག་མར་པེ་ཧེ་ཅུན་གྱི་མངའ་ཁོངས་ཡིན་ལ། ཐའེ་ཨན་གྱི་རྗེས་ཆི་ཅུན་ལ་གཏོགས། སྨི་ཡུལ་ཚོ་དང་དེའི་ལྷོ་ཕྱོགས་ཀྱི་ས་ཁུལ་ནི་ཁྲེང་དབྱང་ཅུན་རྫོང་གི་ས་ཁུལ་ཡིན་ཞིང་། ཧོའེ་ཏི་ཡུང་ཅ་ཁྲི་ལོ་བཞི་པར(སྤྱི་ལོ310ལོ)ཟིང་འཁྲུག་ལངས་ཏེ། ཀྲའོ་སྔོན་མའི་མའ་འོག་ཏུ་བསྡུས།

ཅིན་ཤར་མའི་ཡོན་ཏི་ཅན་ཝུའུ་ཁྲི་ལོར(སྤྱི་ལོ317ལོ)རྒྱལ་ས་ཅན་ཁང(ད་ལྟའི་ནན་ཅིང)བཙུགས་རྗེས་སྔ་རྗེས་སུ་ཀྲའོ་ཕྱི་མ(སྤྱི་ལོ323ལོ)དང་། ཡན་སྔོན་མ(སྤྱི་ལོ356ལོ) ཆིན་སྔོན་མ(སྤྱི་ལོ370ལོ) ཡན་ཕྱི་མ(སྤྱི་ལོ387ལོ) ཡན་ལྷོ་མ(སྤྱི་ལོ399ལོ)བཅས་ཀྱིས་བདག་བཟུང་བྱས། ཞའོ་ཝུའུ་ཏི་ཐའེ་ཡོན་ཁྲི་ལོ་བརྒྱད་པའི་ཧྥེ་ཧྲུའེ་དམག་འཁྲུག་མཇུག་སྒྲིལ་བའི་རྗེས(སྤྱི་ལོ383ལོ་ནས་སྤྱི་ལོ387ལོ)དང་ལིའུ་ཡུས་ཀྱིས་ཐེངས་གཉིས་ལ་ཡན་ལྷོ་མ་ཕྱིར་འཐེན་བྱེད་དུ་བཅུག་རྗེས་ཅིན་ཤར་མའི་ཁོངས་སུ་བསྡུས།

ཆིང་རྒྱལ་རབས་ཀྱི་དུས་འགོར། ལའེ་ཀྲོའུ་དང་ཕིང་ཏུའུ་ཀྲའོ་ཡི་ཁོངས་སུ་གཏོགས། སྤྱི་ལོ1734ལོར་ལའེ་ཀྲོའུ་ཧྥུ་ཡི་ཁོངས་སུ་གཏོགས།

2_2 ཉེ་རབས་དང་དེང་རབས།

མིན་གོ་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ) ཅའོ་ཏུང་ཏའོ་ཡི་ཁོངས་སུ་གཏོགས་ཤིང་། ཆུས་བཅུ་བཙུགས།

མིན་གོ་སྲིད་ལོ་བཅུ་བཞི་པར(སྤྱི་ལོ1925ལོ)ཅའོ་ལའེ་ཏའོ་ཡི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)ཏའོ་མེད་པར་བཟོས་ཤིང་། ཧྲན་ཏུང་ཞིང་ཆེན་གྱི་ཐད་གཏོགས་ས་ཁོངས་ཡིན།

མིན་གོ་སྲིད་ལོ་ཉེར་བདུན་པའི(སྤྱི་ལོ1938ལོ)ཟླ2པའི་ཚེས12ཉིན། འཇར་དམག་གིས་རྫོང་མཁར་བཟུང་རྗེས། གོ་མིན་ཏང་རྫོང་སྲིད་གཞུང་དེང་གི་ཁྲང་ཧོ་ཡུལ་ཚོ་ཆུས་ཀན་ཡོན་ཅ་རུ་གནས་སྤོ་བྱས། སྤྱི་ལོ1938ལོར་ལུའུ་ནན་ཏའོ་ཡི་ཁོངས་སུ་གཏོགས། སྤྱི་ལོ1938ལོར་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་བདུན་པའི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་ཉེར་བརྒྱད་པའི(སྤྱི་ལོ1939ལོ)རྗེས་སུ་ཕིང་ཏུའུ་དང་ཀའོ་སྨི་སོགས་ཀྱི་ས་ཁོངས་བྱས་ཤིང་། སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་བཅུ་གསུམ་པའི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་ཉེར་དགུ་པའི(སྤྱི་ལོ1940ལོ)ཟླ7པར། ལའེ་ཝེ་ཏའོ་ཡི་མངའ་ཁོངས་སུ་གཏོགས། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་མེད་པར་བཟོས།

མིན་གོ་སྲིད་ལོ་སུམ་ཅུ་པར(སྤྱི་ལོ1941ལོ)རྫོང་མི་དམངས་སྲིད་གཞུང་ཝ་ཁྲེང་དུ་བཙུགས་པ་དང་། བྱང་རྒྱུད་ས་ཁུལ་གྱི་ཐད་གཏོགས་རྫོང་ཡིན་པ་དང་། ཅའོ་ཏུང་ཆུས་ཀྱི་ཞི་ཧའེ་ཀྲོན་ཆུས་སུ་གཏོགས།

མིན་གོ་སྲིད་ལོ་སུམ་ཅུ་སོ་གཅིག་པའི(སྤྱི་ལོ1942ལོ)ཟླ7པར། ཆིང་ཧོ་ཆུས་ཀྱི་ཆིང་ཏུང་ཀྲོན་ཆུས་སུ་བསྡུས།

མིན་གོ་སྲིད་ལོ་སུམ་ཅུ་སོ་གསུམ་པའི(སྤྱི་ལོ1944ལོ)ཟླ5པར་ཝེ་པེ་རྫོང་དང་ཟླ་སྒྲིལ་བཏང་ཞིང་། མིང་ལ་ཁྲང་ཝེ་རྫོང་ཟེར། པོ་ཧའེ་ཆུས་ཀྱི་ས་ཁུལ་ལྔ་པའི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོ)ཟླ6པར། བསྐྱར་དུ་བགོས་ནས་ཅའོ་ཏུང་ཆུས་ཀྱི་ཞི་ཧའེ་ཀྲོན་ཆུས་སུ་གཏོགས། ཟླ8པར། དེ་སྔའི་ཁྲང་དབྱི་ཡི་ཆུས་བཅུ་པ་ཕིང་ཏུའུ་དང་ཀའོ་སྨི་རུ་བགོས་ཤིང་། སྤྱི་ལོ1945ལོར་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཨང་བཅུ་བདུན་པར་གཏོགས་ལ། རྫོང་སྲིད་གཞུང་ཀྲོན་ཡོན་ཀུང་ཧྲུའུ་ལིའུ་ཧོ་རུ་བཅའ་སྡོད་བྱས།

མིན་གོ་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོ)སྟོན་ཁར་སྲིད་གཞུང་གི་ལས་ཁུངས་མ་ཆུས་ནས་རྫོང་མཁར་དུ་སྤོས་ཤིང་། ཞི་ཧའེ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1950ལོར་ཁྲང་ཡན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།།

སྤྱི་ལོ1956ལོའི་ཟླ4པའི་ཚེས1ཉིན། ཁྲང་ནན་རྫོང་དང་ཟླ་སྒྲིལ་བྱས་ཤིང་། ཆུས་བཅུ་བཞི་བཙུགས།

སྤྱི་ལོ1958ལོའི་ཟླ2པར། ཆུས་དང་ཡུལ་ཚོ་ཟླ་སྒྲིལ་བཏང་ནས་གྲོང་རྡལ་བཞི་དང་ཡུལ་ཚོ་ཉེར་གཅིག་བསྐྱར་བཙུགས་བྱས། ལོ་དེའི་ཟླ9པར་མི་དམངས་ཀུང་ཧྲེ་བཅོ་ལྔ་བཙུགས།

སྤྱི་ལོ1967ལོར། ཁྲང་ཡུས་ཀྲོན་ཆུས་ཀྱི་མིང་ཁྲང་ཡུས་ས་ཁུལ་དུ་བསྒྱུར།

སྤྱི་ལོ1983ལོའི་ཟླ8པར། ཀུང་ཧྲེ་ཡུལ་ཚོ་དང་གྲོང་བརྡལ་དུ་བཅོས་འཛུགས་བྱས་པ་དང་། གྲོང་རྡལ་གཅིག་དང་ཡུལ་ཚོ་བཅུ་དགུ་ཡོད།

སྤྱི་ལོ1981ལོར་ཝེ་ཧྥང་ས་ཁུལ་ཡིན།

སྤྱི་ལོ1983ལོར། ཝེ་ཧྥང་ས་ཁུལ་གྱི་མིང་ཝེ་ཧྥང་གྲོང་ཁྱེར་དུ་བསྒྱུར་བ་དང་། ཁྲང་དབྱི་ཡི་ཁོངས་གཏོགས་ལ་འགྱུར་བ་བྱུང་མེད།

སྤྱི་ལོ1994ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་རྫོང་གྲོང་ཁྱེར་དུ་བསྒྱུར་བ་དང་། ཧྲན་ཏུང་གི་ཐད་གཏོགས་ས་ཁུལ་ཡིན། གནས་སྐབས་ཝེ་ཧྥང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས་ཡོད།

3 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2016ལོའི་བར་དུ། ཁྲང་དབྱི་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཁྲོམ་ལམ3དང་། གྲོང་རྡལ6 དཔལ་འབྱོར་འཕེལ་རྒྱས་ཁུལ1བཅས་ཡོད་པ་སྟེ། ཁུའེ་ཅུས་ཁྲོམ་ལམ་དང་། ཏུའུ་ཁྲང་ཁྲོམ་ལམ། པང་ཙེ་ཁྲོམ་ལམ། ལིའུ་ཙེ་གྲོང་རྡལ། ལུང་ཁྲི་གྲོང་རྡལ། པུའུ་ཀྲོང་གྲོང་རྡལ། ཐུང་མ་གྲོང་རྡལ། པེ་མོང་གྲོང་རྡལ། ཞ་དབྱིང་གྲོང་རྡལ། ཧྲི་ཕུའུ་དཔལ་འབྱོར་འཕེལ་རྒྱས་ཁུལ་བཅས་ཡིན། གཞན་ད་དུང་ཁྲང་དབྱི་དཔལ་འབྱོར་གསར་སྤེལ་ཁུལ་དང་པིན་ཧའེ(ཞ་ཡིང)དཔལ་འབྱོར་གསར་སྤེལ་ཁུལ་ཡང་གཏོགས་ཡོད། གྲོང་ཁྱེར་སྲིད་གཞུང་ཁུའེ་ཡིས་ཁྲོམ་ལམ་ཧྲི་ཧྥུ་ཅེ་ཨང་རྟགས1པར་བཅའ་སྡོད་བྱས་ཡོད།

4 མི་འབོར་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2014ལོར་ཁྲང་དབྱི་གྲོང་ཁྱེར་གྱི་མི་འབོར་བསྡོམས་གྲངས་ཁྲི58.4ཟིན་ཡོད་ལ། སྤྱི་ལོ2015ལོར་ཁྲང་དབྱི་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར་ཁྲི58.5ཟིན་ཡོད།

4_2 མི་རིགས།

ཁྲང་དབྱི་གྲོང་ཁྱེར་གྱི་སྡོད་དམངས་མང་ཆེ་བ་རྒྱ་རིགས་ཡིན་པ་དང་། དེ་མིན་ཧུའེ་རིགས་དང་། མན་ཇུ་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། སོག་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། ཨུ་རུ་སུ་རིགས་སོགས་གྲངས་ཉུང་མི་རིགས་ཀྱང་ཡོད།

5 གཟི་བརྗིད་མཚན་སྙན།

སྔ་རྗེས་སུ་ཀྲུང་གོའི་བྱང་ཕྱོགས་ཀྱི་སྔོ་འགྱུར་སྡོང་ཕྲུག་རྟེན་གཞི་དང་། ཀྲུང་གོའི་འཁལ་འཐག་ཐོན་ལས་རྟེན་གཞིའི་གྲོང་ཁྱེར། ཀྲུང་གོའི་ཁྲོ་ཆན་ཐོན་ལས་རྟེན་གཞི། ཀྲུང་གོའི་གྲོང་ཁྱེར་ཆུང་འབྲིང་གི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེའི་རྫོང་དང་གྲོང་ཁྱེར། ཀྲུང་གོའི་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་གྲོང་ཁྱེར་ཆུང་འབྲིང་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། སྤྱི་ལོ2018ལོའི་ཟླ10པར་ཁྲང་དབྱི་གྲོང་ཁྱེར་དེ“ཕྱོགས་བསྡུས་སྟོབས་ཤུགས་ཆེན་པོ་ལྡན་པའི་ཕུལ་བྱུང་རྫོང་བརྒྱ”དང་། རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ལེགས་པའི་རྫོང་དང་གྲོང་ཁྱེར་བཅས་སུ་བདམས་ཤིང་། སྤྱི་ལོ2019ལོའི་ཟླ10པའི་ཚེས8ཉིན། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར་བརྒྱ། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བཅས་སུ་བདམས། སྤྱི་ལོ2020ལོར་ཧྲན་ཏུང་ཞིང་ཆེན་གྱི་སྐར་བཞི་རིམ་པའི་རིག་ལྡན་གྲོང་ཁྱེར་གསར་པ་འཛུགས་སྐྲུན་གྱི་སྔོན་ཚུད་ཚོད་ལྟའི་གྲོང་ཁྱེར་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། མི་རིགས། གནས་ཡུལ། ཆུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-06

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།