ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་།
ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་ནི་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཁོངས་གཏོགས་ཀྱི་རང་སྐྱོང་རྫོང་ཞིག་ཡིན། ཧུའོ་པེའི་ནུབ་རྒྱུད་ཀྱི་ལྷོ་ཁུལ་རི་ཁུལ་དང་། འབྲི་ཆུ། ཆིང་ཅང་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་དུ་གནས་པ་དང་། རྙིང་། ཉུང་། རི་བོ། དབུལ་པོ། མཛོད་བཅས་གཞི་གཅིག་ཏུ་འདུས་པའི་དམིགས་བསལ་གྱི་རྫོང་ཞིག་ཡིན། སྤྱི་ལོ1984ལོའི་ཟླ7པར། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་བཙུགས། མངའ་ཁོངས་སུ་ཐུའུ་ཅ་རིགས་དང་། རྒྱ་རིགས། མིའོ་རིགས། མན་ཇུ་རིགས། སོག་རིགས། ཏུང་རིགས། ཀྲོང་རིགས་སོགས་མི་རིགས23ཡོད་པའི་ནང་ཐུའུ་ཅ་རིགས་ཀྱིས51%ཙམ་བཟུང་ཡོད། རྫོང་སྲིད་གཞུང་བཅའ་སྡོད་བྱ་ཡུལ་འབྲུག་གྲུ་ཐང་གྲོང་རྡལ་དུཡིན། ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་ནི་ཧུའུ་པེ་ནུབ་རྒྱུད་ཀྱི་ལྷོ་ཁུལ་རི་ཁུལ་དང་། འབྲི་ཆུ་དང་ཆིང་ཅང་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་དུ་གནས་ཡོད། ཤར་ཀྱི་གཞུང་ཐིག110°21’ནས111°21’བར་དང་། བྱང་ཀྱི་འཕྲེད་ཐིག30°12’ནས30°46’བར་དུ་གནས། ཤར་དུ་དབྱི་ཏུའུ་དང་འབྲེལ་བ་ཡོད་པ་དང་། ལྷོ་རུ་ཝུའུ་ཧྥེང་ཐུའུ་ཅ་རིགས་རང་སྐྱོང་རྫོང་དང་། ནུབ་ནི་ཕི་ཨེན་ཧྲི་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་ཁུལ་གྱི་པ་ཏུང་རྫོང་འགྲམ་གྱི་འབྲི་ཆུའི་འགག་གསུམ་དང་འབྲེལ་ཞིང་། བྱང་དུ་དབྱི་ཁྲང་གྲོང་ཁྱེར་དང་འབྲེལ་ཡོད། ཞིང་ཆེན་ལྟེ་གནས་ཝུའུ་ཧན་དང་བར་ཐག་སྤྱི་ལེ320ལྷག་ཙམ་དང་། འགག་གསུམ་གནམ་ཐང་དང་བར་ཐག་སྤྱི་ལེ32དང་། འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་གྲུ་ཁའི་ཧོང་ཧྭ་ཐའོ་རུ་སྤྱི་ལེ་28བཅས་ཡོད་པ་རེད། ད་ཆ་རྒྱལ་ལམ318ས་ཁོངས་ཡོངས་སུ་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་ཡོད། ས་བབ་ནུབ་མཐོ་ལ་ཤར་དམའ་ཞིང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ94.5དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ63ཡོད། མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3430ཡོད། དེའི་ཁོངས་སུ་གྲོང་རྡལ8(ལུང་ཀྲོའུ་ཕིང་གྲོང་རྡལ་དང་། མོ་ཧྲི་གྲོང་རྡལ། ཏུའུ་ཀྲེན་དབན་གྲོང་རྡལ། ཙི་ཆིའུ་གྲོང་རྡལ། ཡུས་ཞ་ཁོའུ་གྲོང་རྡལ། ལང་ཕིང་གྲོང་རྡལ། ཧོ་ཅ་ཕིང་གྲོང་རྡལ། ཀའོ་ཅ་ཡན་གྲོང་བརྡལ)དང་ཤང3(ཏ་ཡན་ཤང་དང་། ཡ་ཅ་ཁོའུ་ཤང་། མེ་སྲེག་ཕིང་ཤང་བཅས) སྲིད་འཛིན་གྲོང་ཚོ154 གྲོང་མིའི་ཨུ་ཡོན་ལྷན་ཁང4 གྲོང་མིའི་ཚོགས་ཆུང970བཅས་ཡོད་པ་དང་སྤྱི་ལོ2016ལོར་སྤྱིའི་མི་འབོར་ཁྲི49ཡོད་པ་རེད། སྤྱི་ལོ2016ལོའི་ཟླ12པའི་ཚེས7ཉིན་ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་དེ་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་གསུམ་པའི་གྲས་སུ་བཅུག་ཡོད། ཁག་བདུན་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
长阳土家族自治县
ཕྱི་ཡིག་གི་མིང་།
Changyang Tujia Autonomous County
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
རང་སྐྱོང་རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་།
མངའ་ཁོངས།
མོ་ཧྲི་གྲོང་རྡལ། ཏུའུ་ཀྲེན་ཝན་གྲོང་རྡལ། ཙི་ཆིའུ་གྲོང་རྡལ་སོགས་གྲོང་རྡལ8དང་། ཞང3ཡོད།
སྲིད་གཞུང་གནས་ཡུལ།
འབྲུག་གྲུ་ཐང་གྲོང་རྡལ།
སྦྲག་སྲིད་ཨང་རྟགས།
443501
ས་ཁོངས་ཁ་པར་ཨང་རྟགས།
0717
གནས་ཡུལ།
ཤར་གྱི་གཞུང་ཐིག110དང་བྱང་གི་འཕྲེད་ཐིག30°
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3430
མི་གྲངས།
མི་ཁྲི49(སྤྱི་ལོ2016ལོར)
ཡུལ་སྐད།
ལྷོ་ནུབ་གཞུང་སྐད། དབྱི་ཁྲང་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཆིང་ཅང་རི་མོའི་བར་ཁྱམས་དང་། ཁྲི་ཞེའེ། ཧེ་ཞུའེ། ཞང་ཝང་ལྷ་ཁང་། ཏེ་ཅི་ཐིང་། ཧྲི་ཧྲེན་ཐའེ། ཁྲབ་རྨོག་བྲག་སོགས།
གནམ་གྲུ་ཐང་།
དབྱི་ཁྲང་འགག་གསུམ་གནམ་གྲུ་ཐང་དང་ཝུའུ་ཧན་ཐེན་ཧོ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཁྲང་དབྱང་འབབ་ཚུགས། དབྱི་ཁྲང་ཏུང་འབབ་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)E
སྲིད་འཛིན་ཚབ་ཨང་།
420528
1 ​ལོ་རྒྱུས་འཕེལ་རིམ།      
1_1 གནའ་སྔ་མོའི་དུས་སྐབས།      

གནའ་རབས་ཀྱི་ཚད་ལྡན་ཡིག་ཆའི་ཐོག་བཀོད་པ་དང་གནའ་རྫས་སྔོག་འདོན་བྱས་པའི་རིག་དངོས་ཀྱིས་གནའ་སྔ་མོ་ནས་དེང་རབས་བར་མིའི་རིགས་ཀྱིས་ཆིང་ཅང་གཙང་པོ་རྒྱུག་ཁུལ་དུ་བྱེད་སྒོ་སྤེལ་མཚམས་འཇོག་མྱོང་མེད་པ་ར་སྤྲོད་བྱས་ཡོད། རྡོ་ཆས་རྙིང་མའི་དུས་ཀྱི་དུས་དཀྱིལ་དུ་ལོ་ངོ་ཁྲི18.5རིང་གི“ཁྲང་དབྱང་བ”ཁུང་ཕུག་ཏུ་བསྡད་ཡོད་ཅིང་། ཁྲག་འཐུང་བ་དང་སྐྱེ་འཕེལ་བྱེད་བཞིན་ཡོད། རྡོ་ཆས་གསར་པའི་དུས་མཇུག་ཏུ་པ་མིའི་འགོ་གཙོ་ཧྲེ་ཅུན་ཚོ་པའི་མནའ་འབྲེལ་གྱི་འགོ་གཙོར་གྱུར། 

1_2 མིན་གོའི་དུས་སྐབས།    

མིན་གོའི་དུས་འགོར་ཧྥུ་ཀྲོའུ་ཡི་སྒྲིག་གཞི་མེད་པར་བཟོས་པ་དང་། ཧུའུ་པེ་རུ་ཅང་ཧན་དང་། ཞང་དབྱང་། ཅིན་ནན་བཅས་ཏའོ3ཡོད་པ་དང་། ཁྱོན་བསྡོམས་རྫོང69ཡོད། ཁྲང་དབྱང་ནི་ཅིན་ནན་ཏའོ་ཡི་ཁོངས་སུ་གཏོགས་ཡོད། དེ་རྗེས་ཧུའུ་པེ་ཞིང་ཆེན་དེ་སྲིད་འཛིན་ལྟ་ཞིབ་ཁུལ་11དང8དུ་བགོས་པ་དང་ཁྲང་དབྱང་སྔ་རྗེས་སུ་ལྟ་ཞིབ་ཁུལ་དགུ་པ་དང་དྲུག་པའི་ཁོངས་སུ་གཏོགས་ཡོད། ས་ཞིང་གསར་བརྗེའི་དུས་སྐབས་སུ། ཁྲང་དབྱང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གསར་བརྗེའི་འཐབ་རྩོད་སྤེལ་བ་དང་། སྔ་གཞུག་ཏུ་སྐབས་བཞི་བའི་རྫོང་ཨུ་དང་སྐབས་གསུམ་པའི་རྫོང་སུའུ་ཝེ་ཨེད་སྲིད་གཞུང(ཁྲང་པ་རྫོང་སུའུ་ཝེ་ཨེད་སྲིད་གཞུང་ཚུད)བཙུགས་པ་དང་། སུའུ་ཝེ་ཨེད་སྲིད་གཞུང་གི་རྒྱ་ཁྱོན་སྐབས་ཤིག་ལ་སྤྱི་ལེ་གྲུ་བཞི་མ3300(ད་ལྟ་ཁྲང་དབྱང་གི་ཁོངས་སུ་གཏོགས་པའི་སྤྱི་ལེ་གྲུ་བཞི་མ2300ཡོད)ཡོད་པ་དེས་སྐབས་དེའི་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི80%ཟིན་ཡོད། 

1_3 རྒྱལ་ཁབ་དབུ་བརྙེས་པའི་རྗེས།

སྤྱི་ལོ1949ལོའི་ཟླ6པར། ཀྲུང་གུང་ཧུའུ་པེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་མཛུབ་སྟོན་ལྟར། ཀྲུང་གུང་ཁྲང་དབྱང་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་ཅིན་མོན་དུ་བཙུགས། སྤྱི་ལོ1949ལོའི་ཟླ7པའི་ཚེས18ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཁྲང་དབྱང་བཀོད་འདོམས་པུའུ་བཅིངས་འགྲོལ་བཏང་ནས་ཁྲང་དབྱང་ལུང་ཀྲོའུ་ཕིང་བཅིངས་འགྲོལ་བཏང་བ་དང་། རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་དེ་མ་ཐག་བསྒྲགས་ཡིག་སྤེལ་ནས། དངོས་སུ་གཞུང་དོན་སྒྲུབ་པ་ཁྱབ་བསྒྲགས་བྱས་ཤིང་། ཐོག་མར་དབྱི་ཁྲང་ས་ཁུལ་གྱི་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1958ལོའི་ཟླ12པར་དབྱི་ཁྲང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས་ནས་དབྱི་ཏུའུ་བཟོ་ལས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཙུགས་པ་དང་ཁྲང་དབྱང་དེའི་ཁོངས་གཏོགས་སུ་གཏོགས། སྤྱི་ལོ1961ལོའི་ཟླ5བར། དབྱི་ཏུའུ་བཟོ་ལས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཕྱིར་འཐེན་བྱས་ཏེ། དབྱི་ཁྲང་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། དེ་ནས་སྤྱི་ལོ1968ལོའི་ཟླ1པོར་དབྱི་ཁྲང་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1978ལོའི་ཟླ8པར་དབྱི་ཁྲང་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས། དབྱི་ཁྲང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཙུགས། ཁྲང་དབྱང་དེའི་ཁོངས་སུ་གཏོགས། སྤྱི་ལོ1984ལོའི་ཟླ7པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡིག་ཨང115”ཡིག་ཆའི་ཐོག་ནས་ཁྲང་དབྱང་རྫོང་མེད་པར་བཟོས་ཏེ་ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་འཛུགས་པར་ཆོག་མཆན་བཀོད་པ་དང་། སྔར་བཞིན་དབྱི་ཁྲང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1992ལོའི་ཟླ8པའི་ཚེས13ཉིན། དབྱི་ཁྲང་ས་ཁུལ་དང་དབྱི་ཁྲང་གྲོང་ཁྱེར་གཉིས་ཀྱིས“ས་ཁུལ་དང་གྲོང་ཁྱེར་ཟླ་སྒྲིལ”ལག་བསྟར་བྱས་ཏེ། ཏ་དབྱི་ཁྲང་གྲོང་ཁྱེར་བཙུགས་པ་དང་། ཁྲང་དབྱང་དབྱི་ཁྲང་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས། 

སྤྱི་ལོ2000ལོར་ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཁོངས་སུ་གྲོང་རྡལ9དང་ཤང7ཡོད།      སྤྱི་ལོ2001ལོའི་ཟླ1པའི་ཚེས5ཉིན། ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་གིས་ཞང་དང་གྲོང་རྡལ་གྱི་སྲིད་འཛིན་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་ཏེ། སྔར་གྱི་གྲོང་རྡལ9དང་ཞང7ནས་གྲོང་རྡལ8དང་ཞང3དུ་ལེགས་སྒྲིག་བྱས་པ་སྟེ། 1.ཅིན་དབྱང་ཁོའུ་དང་ལུང་ཀྲོའུ་ཕིན་ཟླ་སྒྲིལ་བཏང་བ། 2མ་ཁྲི་དང་ཏུའུ་ཀྲེན་ཝན་ཟླ་སྒྲིལ་བཏང་བ། 3ཧོང་པའེ་ཧྲན་དང་ཙི་ཆིའུ་ཟླ་སྒྲིལ་བཏང་བ། 4ལི་ཡོན་དང་ལང་ཕིང་ཟླ་སྒྲིལ་བཏང་བ། 5ཀྲི་ཕིན་དང་ཡུས་ཞ་ཁོའུ་ཟླ་སྒྲིལ་བཏང་། ད་ཆ་གྲོང་རྡལ8དང་ཤང3 གྲོང་མིའི་ཨུ་ཡོན་ལྷན་ཁང4 སྲིད་འཛིན་གྲོང་ཚོ154བཅས་ཡོད་པ་དེར་ཁྱོན་མི་འབོར་ཁྲི42ཡོད་པ་རེད།

སྤྱི་ལོ1996ལོར་ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ3430ཡོད་པ་དང་། མི་གྲངས་ཁྲི43ཡོད། དེའི་ཁོངས་སུ་གྲོང་རྡལ9དང་ཞང7ཡོད་པ་སྟེ། ལུང་ཀྲོའུ་ཕིང་གྲོང་རྡལ་དང་། ཅིན་དབྱང་ཁོའུ་གྲོང་རྡལ། ཀའོ་ཅ་ཡན་གྲོང་རྡལ། ཧོ་ཅ་ཕིང་གྲོང་རྡལ། ལང་ཕིང་གྲོང་རྡལ། ཙི་ཆིའུ་གྲོང་རྡལ། ཡུས་ཞ་ཁོའུ་གྲོང་རྡལ། ཏུའུ་ཀྲེན་ཝན་གྲོང་རྡལ། མོ་ཧྲི་གྲོང་རྡལ། ལི་ཡོན་ཤང་། མ་ཁྲི་ཤང་། ཧོང་པའེ་ཧྲན་ཤང་། ཧའོ་ཧྲའོ་ཕིང་ཤང་། ཀྲི་ཅི་ཕིང་ཤང་། ཡ་ཙི་ཁོའུ་ཤང་། ཏ་ཡན་ཤང་བཅས་ཡོད། རྫོང་སྲིད་གཞུང་ འབྲུག་གྲུ་ཐང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།      སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པར་ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་གི་མི་གྲངས་བསྡོམས་འབོར416782ཡོད་པའི་ནང་འབྲུག་གྲུ་ཐང་གྲོང་རྡལ་གྱི་མི་གྲངས47031དང་། ཅིན་དབྱང་ཁོའུ་གྲོང་རྡལ་གྱི་མི་གྲངས41010 ཀའོ་ཅ་ཡན་གྲོང་རྡལ་གྱི་མི་གྲངས22160 མོ་ཧྲི་གྲོང་རྡལ་གྱི་མི་གྲངས32932 ཏུའུ་ཀྲེན་ཝན་གྲོང་རྡལ་གྱི་མི་གྲངས35003 ཙི་ཆིའུ་གྲོང་རྡལ་གྱི་མི་གྲངས30099 ཡུས་ཞ་ཁོའུ་གྲོང་རྡལ་གྱི་མི་གྲངས20823 ལང་ཕིང་གྲོང་རྡལ་གྱི་མི་གྲངས25495 ཧོ་ཅ་ཕིང་གྲོང་རྡལ་གྱི་མི་གྲངས29647 ཏ་ཡན་ཞང་གི་མི་གྲངས37379 ཡ་ཙི་ཁོའུ་གྲོང་རྡལ་གྱི་མི་གྲངས23458 མ་ཁྲི་ཤང་གི་མི་གྲངས21011དང་། ཧོང་པའེ་ཧྲན་ཤང་གི་མི་གྲངས10210 ཧོ་མེ་ཕིང་ཤང་གི་མི་གྲངས8431ཀྲི་ཅི་ཕིང་ཤང་གི་མི་གྲངས16153 ལི་ཡོན་ཤང་ལ་མི་གྲངས15940བཅས་ཡོད།      སྤྱི་ལོ2001ལོའི་ཟླ1པའི་ཚེས5ཉིན། ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་གིས་སྔར་གྱི་གྲོང་རྡལ9དང་ཞང7པ་དེ་གྲོང་རྡལ8དང་ཞང3ལ་ལེགས་སྒྲིག་བྱས་པ་སྟེ། 1ཅིན་དབྱང་ཁོའུ་དང་ལུང་ཀྲོའུ་ཕིང་ཟླ་སྒྲིལ་བཏང་བ་དང་། 2མ་ཁྲི་དང་ཏུའུ་ཀྲེན་ཝན་ཟླ་སྒྲིལ་བཏང་བ། 3ཧོང་པའེ་ཧྲན་དང་ཙི་ཆིའུ་ཟླ་སྒྲིལ་བཏང་བ། 4ལི་ཡོན་དང་ལང་ཕིང་ཟླ་སྒྲིལ་བཏང་བ། 5ཀྲི་ཡོན་ཕིང་དང་ཡུས་ཞ་ཁོའུ་ཟླ་སྒྲིལ་བཏང་པ་རེད། 

སྤྱི་ལོ2004ལོའི་ལོ་མཇུག་ཏུ། ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་ལ་མི་འབོར་བསྡོམས414816ཡོད། ཐུའུ་ཅ་རིགས་ཀྱིས་སྤྱིའི་མི་འབོར་གྱི47.5%ཟིན་ཡོད། དེའི་ཁོངས་སུ་གྲོང་རྡལ8དང་ཤང3ཡོད་པ་དང་གྲོང་མི་ཨུ་ལྷན5དང་གྲོང་ཚོ་ཨུ་ལྷན154ཡོད།      སྤྱི་ལོ2010ལོར་མི་འབོར་ཡོངས་བཤེར་ཐེངས་དྲུག་པའི་ནང་ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་གི་རྒྱུན་སྡོད་མི་གྲངས388228ཡོད་པའི་ནང་འབྲུག་གྲུ་ཐང་གྲོང་རྡལ་གྱི་མི་གྲངས89679དང་། ཀའོ་ཅ་ཡན་གྲོང་རྡལ་གྱི་མི་གྲངས20590 མོ་གྲོང་གྲོང་རྡལ་གྱི་མི་གྲངས29832 ཏུའུ་ཀྲེན་ཝན་གྲོང་རྡལ་གྱི་མི་གྲངས49755 ཙི་ཆིའུ་གྲོང་རྡལ་གྱི་མི་གྲངས37651 ཡུས་ཞ་ཁོའུ་གྲོང་རྡལ་གྱི་མི་གྲངས33524 ལང་ཕིང་གྲོང་རྡལ་གྱི་མི་གྲངས39348 ཧོ་ཅ་ཕིང་གྲོང་རྡལ་གྱི་མི་གྲངས27170 ཏ་ཡན་ཞང་གི་མི་གྲངས32839 ཡ་ཙི་ཁོའུ་ཞང་གི་མི་གྲངས20087 ཧོ་ཧྲའོ་ཕིང་ཞང་གི་མི་གྲངས7753བཅས་ཡོད།  

2 སྲིད་འཛིན་ས་ཁུལ་དབྱེ་མཚམས།

སྤྱི་ལོ2012ལོའི་ཟླ12པའི་ཚེས31ཉིན་བར་ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཁོངས་གཏོགས་ཀྱི་གྲོང་རྡལ8དང་ཤང3ཡོད་པ་དང་ཁྱོན་གྲོང་མི་ཨུ་ལྷན5དང་གྲོང་ཚོ་ཨུ་ལྷན154ཡོད་པ་རེད། 

3 ས་ཁམས་ཁོར་ཡུག     
3_1 གནས་སའི་ཡུལ་ཁོངས།  

ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་ནི་ཧུའུ་པེ་ནུབ་རྒྱུད་ཀྱི་ལྷོ་ཁུལ་རི་ཁུལ་དང་། འབྲི་ཆུ་དང་ཆིང་ཅང་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་དུ་གནས་ཡོད། ཤར་ཀྱི་གཞུང་ཐིག110°21’ནས111°21’བར་དང་། བྱང་ཀྱི་འཕྲེད་ཐིག30°12’ནས30°46’བར་དུ་གནས། ཤར་དུ་དབྱི་ཏུའུ་དང་འབྲེལ་བ་ཡོད་པ་དང་། ལྷོ་རུ་ཝུའུ་ཧྥེང་ཐུའུ་ཅ་རིགས་རང་སྐྱོང་རྫོང་དང་། ནུབ་ནི་ཕི་ཨེན་ཧྲི་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་ཁུལ་གྱི་པ་ཏུང་རྫོང་འགྲམ་གྱི་འབྲི་ཆུའི་འགག་གསུམ་དང་འབྲེལ་ཞིང་། བྱང་དུ་དབྱི་ཁྲང་གྲོང་ཁྱེར་དང་འབྲེལ་ཡོད། ཞིང་ཆེན་ལྟེ་གནས་ཝུའུ་ཧན་དང་བར་ཐག་སྤྱི་ལེ320ལྷག་ཙམ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ94.5དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ63ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3424ཡོད།      སྤྱི་ལོ2019ལོའི་ཟླ3པའི་ཚེས6ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོ་གཏན་འཁེལ་བྱས་པ་དང་ཁྲང་དབྱང་ཧོར་རིགས་རང་སྐྱོང་རྫོང་དེ་ཤང་ཨེ་ཤིས་ཡུག་ཁུལ་དུ་གཏན་འཁེལ་བྱས་པ་རེད། 

3_2 ས་དབྱིབས།      

མངའ་ཁོངས་སུ་རི་ཁུག་འབར་འབུར་དང་། ལུང་ཁུག་འཕྲེད་གཞུང་དུ་ཡོད། ཤར་མཐོ་ལ་ནུབ་དམའ་བ་དང་། ས་བབ་མཐོ་ཤོས་ནི་ཕིན་ཅན་ཙི་ཡིན་ལ་ས་བབ་ཀྱི་མཐོ་ཚད་ལ་སྨི2259.1ཡོད་པ་དང་དམའ་ཤོས་ནི་ཞིང་ཞི་ཁུའུ་ཡིན་ལ་སྨི48.7mཡོད།    ཁྲང་དབྱང་ས་ཁུལ་ནི་འབྲི་ཆུའི་སྟོད་རྒྱུད་དུ་གཏོགས་པའི་ཆིང་ཅང་གཙང་པོའི་འབབ་རྒྱུད་ཡིན་པ་དང་། མངའ་ཁོངས་སུ་འབབ་རྒྱུད་ཆུང་གྲས85ཡོད། སྤྱི་ལོ1999ལོར་ཧུའུ་པེ་ཞིང་ཆེན་གྱི་སྲུང་སྐར་རྒྱང་ཚོར་ཡོངས་བཤེར་དཔྱད་ཡིག་ལས་མངོན་པར། རྫོང་ཡོངས་ཀྱི་ས་ཆུ་ཤོར་ཁྱོན་སྤྱི་ལེ་གྲུ་བཞི་མ1685ཟིན་པ་དེས་རྫོང་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི49.12%བཟུང་ཡོད། ཆིང་ཅང་གཙང་པོ་ནི་ཁྲང་དབྱང་མངའ་ཁོངས་ཡོངས་ལ་སྤྱི་ལེ148ཡོད་པ་དང་། འབྲི་ཆུ་ནི་ཧུའུ་པེའི་མངའ་ཁོངས་ཀྱི་ཡན་ལག་ཆུ་བོ་ཆེ་གྲས་གཉིས་པ་ཡིན་ཞིང་། ཆིང་ཅང་གཙང་པོའི་རྒྱུད་དུ་འདྲེས་པའི་ཆུ་ཕྲན་ཆེ་ཆུང་ཁྱོན428ཡོད། 

3_3 ནམ་ཟླ།  

ཁྲང་དབྱང་ནི་སྐམ་སའི་ཚ་ཁུལ་ཕལ་བའི་དབྱར་དུས་ཚ་བ་ཆེ་བའི་བརླན་གཤེར་ཆེ་བའི་ནམ་ཟླའི་ཁུལ་ཡིན་པ་དང་། ཉི་འོད་འདང་ངེས་དང་། དྲོད་ཚད་ཕུན་སུམ་ཚོགས་པ། ཆར་ཆུ་འབེལ་བ། ཆར་ཆུ་དུས་ཚིགས་གཅིག་པ། དུས་བཞིའི་དབྱེ་བ་གསལ་བ་བཅས་ཡིན། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད1500ནས1900བར་ཡིན་པ་དང་། ཉི་མའི་འགྱེད་འཕྲོའི་ཚད་ལི་སྨི་གྲུ་བཞི་མ་རེར་སྟོང་ཁཱ96-102ཡིན་པ་དང་། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི1366.2ཡིན། ལོ་རེར་ཆ་སྙོམས་དྲོད་ཚད16.5℃ཡིན་པ་དང་། སད་མེད་དུས་ཉིན250-290ཡིན། ཁྲང་དབྱང་གི་གནམ་གཤིས་དེ་ཐུན་མོང་མ་ཡིན་པའི་ལངས་གཟུགས་རྣམ་པའི་གནམ་གཤིས་ལ་བརྟེན་ནས་སྐད་གྲགས་ཆོད་ཡོད། རྫོང་ཡོངས་ཀྱི་ས་བབ་མཐོ་ཚད་སྨི48.7-2259.1ཡིན་པས་གནམ་གཤིས་དེ“འབུར་གཟུགས་རྣམ་པའི”སྣ་མང་རང་བཞིན་གྱི་ཁྱབ་ཚུལ་ཞིག་ཏུ་གྱུར་ཡོད། རི་དམའ་བའི་ལུང་གཞུང་ས་ཁུལ(ས་བབ་མཐོ་ཚད་སྨི500མན་ཆད་ཡིན་པ)དུ་ལོ་འཁོར་མོར་གངས་དང་སད་མེད་པས། ཚ་ཚད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། རིའི་མཐོ་ཚད་འབྲིང་ཡིན་པའི(རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི500-1200)ས་ཁུལ་ནི་དཔེ་མཚོན་ཅན་གྱི་དྲོད་ཁུལ་གྱི་གནམ་གཤིས་ཡིན་པ་དང་། དབྱར་དུས་ཚ་བ་ཆེ་མེད་པ་དང་། དགུན་དུས་གྲང་ངར་ཆེ་མེད་པ་ཡིན། རི་མཐོ་པོའི(རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1200ཡན)ས་ཁུལ་ནི་དཔེ་མཚོན་གྱི་གྲང་ཁུལ་གྱི་གནམ་གཤིས་ཡིན་པ་དང་། དགུན་དུས་གྲང་ངར་ཆེ་བ་དང་། གངས་འཁྱག་གིས་ཁྱབ་པ། དབྱར་དུས་དྲོ་གྲང་སྙོམས་པ་ཡིན། གནམ་གཤིས་ཀྱི་སྣ་མང་རང་བཞིན་གྱིས་ཞིང་ལས་སྐྱེ་དངོས་སྐྱེ་འཚར་གྱི་སྣ་མང་རང་བཞིན་ཐག་བཅད་པ་དང་བསིལ་འཇམ་གྱི་རི་མཐོའི་གནམ་གཤིས་ཀྱིས་ཐོན་སྐྱེད་བྱས་པའི་ཞིང་ལས་ཐོན་རྫས་ཚང་མར་དུས་ཚིགས་ལྡོག་པའི་ཁྱད་ཆོས་ལྡན་ཡོད། “ཧའོ་ཧྲའོ་ཕིང་གི་པད་ཚལ”ནི་རི་མཐོའི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཐོན་སྐྱེད་བྱས་པའི་དུས་ཚིགས་ལྡོག་པའི་སྔོ་ཚལ་ཞིག་རེད། 

4 མི་འབོར། 

སྤྱི་ལོ2010ལོར་མི་འབོར་ཡོངས་བཤེར་ཐེངས་དྲུག་པའི་ནང་ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་གི་རྒྱུན་སྡོད་མི་གྲངས388228ཡོད་པའི་ནང་འབྲུག་གྲུ་ཐང་གྲོང་རྡལ་གྱི་མི་གྲངས89679དང་། ཀའོ་ཅ་ཡན་གྲོང་རྡལ་གྱི་མི་གྲངས20590 མོ་གྲོང་གྲོང་རྡལ་གྱི་མི་གྲངས29832 ཏུའུ་ཀྲེན་ཝན་གྲོང་རྡལ་གྱི་མི་གྲངས49755 ཙི་ཆིའུ་གྲོང་རྡལ་གྱི་མི་གྲངས37651 ཡུས་ཞ་ཁོའུ་གྲོང་རྡལ་གྱི་མི་གྲངས33524 ལང་ཕིང་གྲོང་རྡལ་གྱི་མི་གྲངས39348 ཧོ་ཅ་ཕིང་གྲོང་རྡལ་གྱི་མི་གྲངས27170 ཏ་ཡན་ཞང་གི་མི་གྲངས32839 ཡ་ཙི་ཁོའུ་ཞང་གི་མི་གྲངས20087 ཧོ་ཧྲའོ་ཕིང་ཞང་གི་མི་གྲངས7753བཅས་ཡོད།  སྤྱི་ལོ2017ལོར་རྫོང་དེ་ཡོངས་ཀྱི་ཐེམ་ཐོའི་མི་འབོར392456ཡོད་པ་དང་དུད་ཚང་བསྡོམས་འབོར152358ཡོད་པ་རེད། དེའི་ནང་སྐྱེས་པའི་མི་འབོར205900དང་། བུད་མེད་ཀྱི་མི་འབོར186556ཡོད། མི3352སྐྱེས་པ་དང་མི5304ཤི་བ་རེད། 

5 དཔལ་འབྱོར། 
5_1 ཕྱོགས་བསྡུས།     

སྤྱི་ལོ2017ལོར་རྫོང་ཡོངས་ཀྱིས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར135.34ཡོད་པ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས3.7%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར41.32ཡོད་པ་དང་དུས་མཚུངས་ལས3.7%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར38.64ཡོད་པ་དང་དུས་མཚུངས་ལས6.7%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར55.39ཡོད་པ་དང་དུས་མཚུངས་ལས1.2%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་སྤྱི་ལོ2016ལོའི29.65:29.13:41.22ནས30.53:28.55:40.92བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར34882ཡོད།      བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང་གི་བསྡུར་གྲངས105.6%དང་། ཨར་ལས་སྒྲིག་སྦྱོར་ལས་གྲྭའི་རིན་གོང་གི་སྟོན་གྲངས108.0% གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས101.5%དང་། ཞབས་ཞུའི་རྣམ་གྲངས་ཀྱི་རིན་གོང་གི་སྟོན་གྲངས103.9% ཚོང་ཟོག་སིལ་ཚོང་རིན་གོང་གི་སྟོན་གྲངས100.3%ཡིན།

རྫོང་དེ་ཡོངས་སུ་ས་གནས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི94837ཡོད་པ་དེ་དུས་མཚུངས་ལས2.07%འཕར་ཡོད། དེའི་ནང་ཀྲུང་དབྱང་གི་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི23533ཡོད་པ་དེ་དུས་མཚུངས་ལས3.83%འཕར་བ་དང་། ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི71304ཡོད་པ་དེ་དུས་མཚུངས་ལས་1.51%འཕར་ཡོད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་ཁྲོད་ཁྲལ་འབབ་སྒོར་ཁྲི43339ཡོད་པ་དེ་དུས་མཚུངས་ལས6.26%འཕར་བ་དང་ཁྲལ་འབབ་ཀྱིས60.78%བཟུང་བ་དང་། ཁྲལ་མིན་ཡོང་འབབ་སྒོར་ཁྲི27965ཡོད་པ་དེ་དུས་མཚུངས་ལས5.07%ཆག་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་བསྡུ་ལེན་སྡེ་ཚན་གྱིས་རྒྱལ་ཁབ་ཁྲལ་དོན་སྡེ་ཚན་ལ་སྒོར་ཁྲི17121བཏང་བ་དེ་དུས་མཚུངས་ལས1.42%འཕར་བ་དང་། ས་གནས་ཁྲལ་དོན་སྡེ་ཚན་གྱིས་སྒོར་ཁྲི27570བཏང་བ་དེ་དུས་མཚུངས་ལས8.77%འཕར་བ། ནོར་སྲིད་སྡེ་ཚན་གྱིས་སྒོར་ཁྲི26613ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས5.01%ཆག་ཡོད།      རྫོང་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་ཁྲི342966ཟིན་པ་དེ་དུས་མཚུངས་ལས5.57%འཕར་བ་རེད།      ལོ་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་ཁྲི923053བཏང་ནས་སྔ་ལོ་ལས1.9%ཆག་ཡོད། དེའི་ནང་སྒོར་ཁྲི5000ཡན་གྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི839735བཏང་བ་དང་སྒོར་ཁྲི5000ཡན་གྱི་ཐོན་ལས་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི460135བཏང་ཡོད། མ་འཇོག་རྣམ་གྲངས་ཀྱི་གྲངས་འབོར་ནས་བལྟས་ན། འདི་ལོ་སྒོར་ཁྲི5000ཡན་ཟིན་པའི་རྣམ་གྲངས129དང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས77ཡོད་པ་རེད། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ29040ཟིན་པ་དེ་དུས་མཚུངས་ལས84.79%ཆག་ཡོད། 

5_2 ཐོན་ལས་དང་པོ།      

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་ལོ་ཧྲིལ་པོའི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི6974ཡོད་པ་དེ་དུས་མཚུངས་ལས5.81%འཕར་ཡོད། དེའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི339516ཡོད་པ་དེ་དུས་མཚུངས་ལས9.62%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི3787ཡོད་པ་དེ་དུས་མཚུངས་ལས2.46%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི282847ཡོད་པ་དེ་དུས་མཚུངས་ལས3.11%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི49012ཡོད་པ་དེ་དུས་མཚུངས་ལས12.36%ཆག ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི22812ཡོད་པ་དེ་དུས་མཚུངས་ལས42.65%འཕར་ཡོད།   

5_3 ཐོན་ལས་གཉིས་པ།      

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས60ཡིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི584681ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས4.0%འཕར་ཡོད། དེའི་ནང་ལྕི་བའི་བཟོ་ལས་སྒོར་ཁྲི296374ལེགས་གྲུབ་ཟིན་པ་དེས་བསྡུར་ཚད་ཀྱི50.69%བཟུང་བ་དང་། ཡང་བའི་བཟོ་ལས་ལ་སྒོར་ཁྲི288307བཏང་བ་དེས49.31%བཟུང་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆའི4.1འཕར་སྣོན་བྱུང་། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ལ་བཟོ་ལས་ཐོན་རྫས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི505071ཟིན་པ་དེ་དུས་མཚུངས་ལས6.3%ཆག ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་ཁྲི5797ཡོད་པ་དང་དུས་མཚུངས་ལས30.9%འཕར་ཡོད། བཟོ་ལས་ཐོན་རྫས་ཕྱིར་འཚོང་བྱེད་ཚད93.5%ཟིན་ཡོད། 

5_4 ཐོན་ལས་གསུམ་པ།     

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་ལོ་ཧྲིལ་པོར་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི528576ཡོད་པ་དེ་ལོ་གོང་མ་ལས7.6%འཕར་ཡོད། ཕྱིར་ཚོང་ས་ཁུལ་གཞིར་བཟུང་ནས་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི385860ཡོད་པ་དང་ལོ་གོང་མ་ལས7.8%འཕར་བ། གྲོང་གསེབ་ཏུ་སིལ་ཚོང་བྱེད་ཚད་སྒོར་ཁྲི142716ཡོད་པ་དང་དུས་མཚུངས་ལས7.0%འཕར་ཡོད། གྲུབ་ཆ་ལྟར་དབྱེ་ན། བཅད་གྲངས་ཡན་གྱི་ཁེ་ལས་ཀྱིས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི101133ཡོད་པ་དེ་དུས་མཚུངས་ལས5.1%འཕར་ཡོད། དེའི་ནང་སྡེབ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི29489ཡོད་པ་དེ་དུས་མཚུངས་ལས1.1%འཕར་བ་དང་། སིལ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི60623ཟིན་པ་དེ་དུས་མཚུངས་ལས6.5%འཕར། ཞག་སྡོད་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་ཁྲི5222ཟིན་པ་དང་དུས་མཚུངས་ལས4.3%འཕར། བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་ཁྲི5800ཡིན་པ་དང་དུས་མཚུངས་ལས12.8%འཕར་ཡོད། བཅད་གྲངས་མན་གྱི་ཁེ་ལས་ལ་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི427443ཡོད་པ་དེ་དུས་མཚུངས་ལས་44.7%འཕར་ཡོད། 

6 སྤྱི་ཚོགས་ཀྱི་ལས་དོན།      
6_1 སློབ་གསོ།     

སྤྱི་ལོ2017ལོར་རྫོང་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ85ཡོད་པ་རེད། དེའི་ནང་བུ་བཅོལ་ཁང38དང་། སློབ་ཆུང་དཀྱུས་མ27(ཆེད་བསྐོས་དགེ་རྒན964) སློབ་འབྲིང་དཀྱུས་མ18(ཆེད་བསྐོས་དགེ་རྒན980) ལས་རིགས་མཐོ་རིམ་སློབ་འབྲིང1(ཆེད་བསྐོས་དགེ་རྒན199) དམིགས་བསལ་སློབ་གྲྭ1(ཆེད་བསྐོས་དགེ་རྒན16)བཅས་ཡོད། བུ་བཅོལ་ཁང་དུ་བྱིས་པ5462ཡོད། སློབ་ཆུང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ14104དང་སློབ་ཐོན་སློབ་མ2322ཡོད། སློབ་འབྲིང་དཀྱུས་མར་སློབ་མ10866ཡོད་པ་དང་སློབ་ཐོན་སློབ་མ3989ཡོད། འབྲིང་རིམ་ལས་རིགས་སློབ་གྲྭར་ཡོད་པའི་སློབ་མ3116ཡོད་པ་དང་སློབ་ཐོན་སློབ་མ955ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ96ཡོད། སློབ་གསོའི“ཕྱོགས་ཡོངས་ནས་ཞན་ཆ་ལེགས་སུ་གཏོང་བའི”འཆར་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་སློབ་གྲྭའི་ཉལ་ཁང་སྨི་གྲུ་བཞི་མ་ཁྲི3.6གསར་བསྐྲུན་བྱས། “སློབ་རོགས་བློ་སྒོ་འབྱེད་པའི”འདུ་འགོད་ཀྱིས་རིམ་རྩིས་བྱས་ན་སློབ་མ་མི་ཐེངས་ཁྲི10.43ལ་རོགས་དངུལ་སྤྲད་པ། ངེད་རྫོང་གིས་སློབ་མ670ཡིས་མཐོ་རྒྱུགས་བཏང་སྟེ་དངོས་གཞི་དང་པོ་ལ་འཕྲོད་པས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

6_2 ཚན་རྩལ།

སྤྱི་ལོ2017ལོར་རྫོང་ཡོངས་སུ་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར30.98ཡོད་པ་དང་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར7.75ཡོད། མཐོ་གསར་ལག་རྩལ་ཁེ་ལས2(ཡིའུ་ཧྲེང་ཉ་ལས་དང་དབྱི་ཐེན་ཚན་རྩལ)གསར་སྣོན་ངོས་འཛིན་དང་། མཐོ་གསར་ཁེ་ལས་མ་ཡིན་པའི་མཐོ་གསར་ཐོན་རྫས2གསར་སྣོན་བྱས་ཡོད། པ་གོ་ཧུའེ་ཀྲི་ལས་གཏོད་གླིང་དེ་རྒྱལ་ཁབ་རིམ་པའི“སྐར་མའི་ལས་གཏོད་ས་གཞིར”གཏན་འཁེལ་བྱས་པ་དང་། པ་ཝང་ཞིང་ལས་ཀུང་སིར་ཞིང་ཆེན་གྱི་སློབ་གྲྭ་དང་ཁེ་ལས་མཉམ་སྐྲུན་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ཁས་ལེན་བྱས། ཧྥུན་རོན་སྐྱེ་དངོས་ཀུང་སིར་གྲོང་ཁྱེར་ལས་གྲྭའི་ལག་རྩལ་ལྟེ་གནས་ཀྱིས་ཁས་ལེན་བྱས་པ་རེད། རྫོང་དེ་ཡོངས་ཀྱི་ཁེ་བེད་བདག་ཐོབ་རེ་ཞུའི་སྤྱི་འབོར259ལེགས་སྒྲུབ་བྱས་པའི་ནང་གསར་གཏོད110དང་། ཆེད་ཁེ་ལ་དབང་ཆ་བསྐུར་བའི་སྤྱི་འབོར87ལེགས་གྲུབ་བྱུང་བ་དེའི་ནང་གསར་གཏོད15བྱས་ཡོད། རྫོང་ཡོངས་ཀྱི་གསར་གཏོད་གྲངས་འབོར56ཟིན་པ་དང་མི་ཁྲི་ཡི་གསར་གཏོད་གྲངས་འབོར1.4ཟིན་ཡོད། ལོ་ཧྲིལ་པོར་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྣམ་གྲངས5ལེགས་སྒྲུབ་བྱས་པ་དང་། ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར1.02ཡིན།      ལོ་མཇུག་ཏུ་རྫོང་ཡོངས་སུ་སྒྲིག་ཁོངས་སུ་ཡོད་པའི་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་མི་སྣ4486ཡོད་པའི་ནང་མཐོ་རིམ་ལས་གནས430དང་། འབྲིང་རིམ་ལས་གནས་ཀྱི་མི2361 དམའ་རིམ་ལས་གནས་ཀྱི་མི1695བཅས་ཡོད་པ་རེད། 

6_3 རིག་གནས།     

སྤྱི་ལོ2017ལོར་རྫོང་ཡོངས་སུ་རིག་གནས་ཁང1དང་། སྤྱི་པའི་དཔེ་མཛོད་ཁང1 དངོས་མང་བཤམས་སྟོན་ཁང1 ལུས་རྩལ་ཁང1 གློག་བརྙན་སྟོན་པའི་དོ་དམ་སྒྲིག་གཞི1 ཀུན་ཁྱབ་རླུང་འཕྲིན་ལས་ཁུངས1 བརྙན་འཕྲིན་ཁང1བཅས་ཡོད་པ་རེད། སྒྱུ་རྩལ་འཁྲབ་སྟོན་ཚོགས་པའི་ལས་ཞུགས་མི་སྣ60དང་རྒྱལ་ནང་དུ་འཁྲབ་སྟོན་ཐེངས289བྱས་པ་དང་ལྟད་མོ་བ་མི་ཐེངས་ཁྲི26ཡོད། སྤྱི་པའི་དཔེ་མཛོད་ཁང་གི་བསྡོམས་དེབ538928ཉར་ཚགས་བྱས་ཡོད། རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས10080ཡོད་པ་རེད།      ལུས་རྩལ།      སྤྱི་ལོ2017ལོར་རྫོང་ཡོངས་སུ་ཆེད་བསྐོས་ལུས་རྩལ་རྩལ་ཁྲིད་པ6དང་། རིམ་ཁག་ཤན་འབྱེད་པ378 ཞིང་ཆེན་རིམ་པ་ཡན་གྱི་ལུས་རྩལ་འགྲན་བསྡུར་ལ་ཐེངས3སྤེབ་བ་དང་འགྲན་བསྡུར་ནང་ཞུགས་མཁན་མི་གྲངས6དང་། གསེར་གྱི་རྟགས་མ5 དངུལ་གྱི་རྟགས་མ1 ཟངས་ཀྱི་རྟགས་མ0བཅས་ཐོབ་ཡོད། ཞིང་ཆེན་ལུས་རྩལ་སློབ་གྲྭར་ལུས་རྩལ་པ1སྐྱེལ་པ་དང་། གྲོང་ཁྱེར་ལུས་རྩལ་སློབ་གྲྭར་ལུས་རྩལ་པ2སྐྱེལ་བ་རེད། 

6_4 འཕྲོད་བསྟེན།

སྤྱི་ལོ2017ལོར་རྫོང་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞི498ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང14དང་། ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས1མ་བུ་འཕྲོད་སྦྱོར་སྨན་ཁང1བཅས་ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ1865ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་རོགས་སྨན་པ་དཀའ་བཅུ་པ757ཡོད། ཐོ་འགོད་བྱས་པའི་ནད་གཡོག754ཡོད། མི་སྟོང་རེར་འཕྲོད་བསྟེན་ལས་ཁུངས་ཀྱི་ཉལ་ཁྲིའི་ཁ་གྲངས5ཡོད་པ་དང་། མི་སྟོང་རེར་འཕྲོད་བསྟེན་ལག་རྩལ་མི་སྣ5ཡོད། མ་བུ་འཕྲོད་སྦྱོར་སྨན་ཁང་གི་ལས་སྒོའི་ཕྱོགས་བསྡུས་ཐོག་ཁང་སྤྱོད་འགོ་ཚུགས་པ་དང་། ཤང་གྲོང་གི་འཕྲོད་བསྟེན་ཁང10“ཅན་བཞིའི”ཚད་གཞི་ལོན་པ། གྲོང་ཚོའི་ལྟེ་བའི་འཕྲོད་བསྟེན་ཁང154“ཅན་ལྔའི”ཚད་གཞི་ལོན་པ། ནད་ཆེན་བྱམས་སྐྱོང་གི“དབྱི་པའོ་ཐེབས་རྩ”ཡིས་མང་ཚོགས་དབུལ་པོ་མི་ཐེངས12739ལ་རོགས་དངུལ་ཁྱོན་བསྡོམས་སྒོར་ཁྲི1933སྤྲད་པ་རེད།

7 ཐོབ་པའི་མཚན་སྙན།

ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ།

རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་རྫོང་།

རྒྱལ་ཡོངས་ཞིང་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་རྫོང་།

ཧུའུ་པེ་ཞིང་ཆེན་ཆེས་བཟང་བའི་དངུལ་རྩའི་ཡིད་རྟོན་རྫོང་།

ཞིང་ཆེན་ཡོངས་ཀྱི་བདེ་ཐང་རྫོང་།

ཞིང་ཆེན་གཉིས་བཀུར་དཔེ་བཟང་རྫོང་།

ཞིང་ཆེན་རིམ་པའི་དཔལ་ཡོན་རྫོང་མཁར།

ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་མཁར།

ཧུའུ་པེ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་སྔོན་ཐོན་རྫོང་།

ཁྲང་དབྱང་ཆིང་ཅང་བདེ་ཐང་བཟའ་བཅའི་ཐོན་ལས་གླིང་དེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ལས་སྣོན་གླིང་དུ་གཏན་འཁེལ་བྱས་པ།

རྒྱལ་ཡོངས་ཀྱིས་ལས་ཞུགས་ལས་གཏོད་ཀྱི་ངལ་ནུས་ཕྱིར་གཏོང་གི་རྫོང་ཆེ་གྲས་ལ་སྐུལ་འདེད་བཏང་བ།

རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་སྔོན་ཐོན་རྫོང་།

རྒྱལ་ཡོངས་རིག་གནས་སྔོན་ཐོན་རྫོང་།

ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ཡུལ།

རྒྱལ་ཡོངས་ཚན་རྩལ་ལས་དོན་གྱི་སྔོན་ཐོན་རྫོང་།

རྒྱལ་ཡོངས་ཀྱི་རི་མཐོའི་སྔོ་ཚལ་རྫོང་དང་པོ།

རྒྱལ་ཡོངས་ཀྱི་མི་རིགས་སློབ་གསོའི་སྔོན་ཐོན་རྫོང་འཕེལ་རྒྱས་གཏོང་བ།

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང་།

ཞིང་ཆེན་ཡོངས་ཀྱི་འཆར་ལྡན་བུ་སྐྱེས་སྤུས་ལེགས་ཞབས་ཞུ་རྫོང་།

ཀྲུང་གོའི་བྲག་རྡོའི་ཕ་ཡུལ།

ཀྲུང་གོའི་རྫོང་ཁོངས་མཛེས་ཤོས།

རྒྱལ་ཡོངས་ཀྱི་ཁག་བདུན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ(ཚན་པ) བཅས་རེད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-06

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།