ཅ་ཤིན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅ་ཤིན་གྲོང་ཁྱེར།
ཅ་ཤིན་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། མིང་གཞན་ལ་ཧི་ཁྲེང་ཞེས་ཀྱང་འབོད། སྤྱི་ལོ2018ལོའི་བར། གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས2དང་། རྫོང2 རྫོང་རིམ་པའི་གྲོང་ཁྱེར3བཅས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ4275.05ཡོད་པ་དང་། བསྐྲུན་ཟིན་ཁུལ་གྱི་རྒྱ་ཁྱོན་གྱིས་སྟོང་སྨི་གྲུ་བཞི་མ152ཟིན་པ་རེད། རྒྱུན་སྡོད་མི་འབོར་ཁྲི472.6ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི311.91ཟིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་ཀྱིས66.0%ཟིན་ཡོད། ཅ་ཤིན་ནི་ཀྲུང་གོའི་ཧྭ་ཏུང་ས་ཁུལ་དང་། ཀྲེ་ཅང་ཞིང་ཆེན་གྱི་བྱང་ཤར་བྱང་རྒྱུད། འབྲི་ཆུའི་ཟུར་གསུམ་གླིང་ཧང་ཅ་ཧུའུ་བདེ་ཐང་ཁུལ་གྱི་དབུས་ཁུལ་དུ་གནས་པ་དང་། གཙང་པོ་དང་། མཚེའུ། མཚོ་གསུམ་བཅས་ཀྱི་འབྲེལ་མཚམས་སུ་གནས་པ་དང་། ཁེ་ཐའེ་ཧུའུ་ལྷོ་ཁྱམས་ཀྱི་གྲེ་བ་ཡིན་ཞིང་། དེ་ནི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར་མུ་ཁྱུད་དང་། ཧྲང་ཧའེ་ཏ་ཏུའུ་གྲོང་ཁྱེར་མུ་ཁྱུད་ཀྱི་གྲོང་ཁྱེར་གལ་ཆེན། ཀྲེ་ཅང་ཏ་ཝན་ཁུལ་གྱི་ལྟེ་བའི་གྲོང་ཁྱེར། ཧང་ཀྲོའུ་གྲོང་ཁྱེར་མུ་ཁྱུད་ཀྱི་ལྟེ་བའི་གྲོང་ཁྱེར་བཅས་ཡིན། ཧྲང་ཧའེ་དང་། ཧང་ཀྲོའུ། སུའུ་ཀྲོའུ། ཉིང་པོ་སོགས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བརྒྱ་ཡང་ཟིན་གྱི་མེད། ཧྲང་ཧའེ་དང་། ཧང་ཀྲོའུ། སུའུ་ཧང་བཅས་ཀྱི་འགྲིམ་འགྲུལ་མ་ལམ་གྱི་ལྟེ་བ་ཡིན་པའི་ངོས་ནས་འགྲིམ་འགྲུལ་སྟབས་བདེ་བས་ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་ཞིག་རེད། ཅ་ཤིན་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་ཡིན་ཞིང་། སྒྲིག་གཞི་དེ་ཆིན་རྒྱལ་རབས་ནས་བཙུགས་པ་དང་། ལོ་ངོ་ཉིས་སྟོང་ལྷག་ཙམ་རིང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ལྡན་པ་དང་། གནའ་དུས་ནས་བཟུང་དར་རྒྱས་ཕུན་སུམ་ཚོགས་པའི་ས་ཆ་ཡིན། “ཉ་དང་འབྲས་ཀྱི་ཕ་ཡུལ”དང“དར་གོས་ཀྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད་པ་དང་། རང་བྱུང་མཛེས་ལྗོངས་དེ་རླབས་ཕྲེང་དང་། མཚེའུ། གཙང་པོ། རྒྱ་མཚོ་བཅས་མཉམ་དུ་གནས་པའི་འབྲི་ཆུའི་ལྷོ་རྒྱུད་དུ་སྐད་གྲགས་ཆོད་ཅིང་། ཅ་ཤིན་གྱི་གྲགས་ཅན་མི་སྣ་ཟམ་མི་ཆད་པར་ཐོན་པ་ནི། མའོ་ཏུན་དང་། ཅིན་ཡུང་། ཞུས་ཀྲི་མོ། ཁྲེན་ཧྲེང་། ཝང་གོ་ཝེ། ཧྥེང་ཙེ་ཁའེ། ཀྲང་ལེ་ཕིང་སོགས་དང་། ནན་ཧུའུ་མཚེའུ་དང་། ཝུའུ་ཀྲེན་གྲོང་རྡལ། ཤིས་ཐང་བཅསA5རིམ་པའི་མཛེས་ལྗོངས་ཁུལ་གསུམ་དང་། དེ་བཞིན་ཡན་ཀོན(ཆན་ཅང་ཁྲའོ)དང་། ནན་པེ་མཚེའུ། ཆི་ཡོན་གླིང་ག། ཡུའེ་ཧོ་ལོ་རྒྱུས་སྲང་ལམ། མེ་ཧྭ་ཀྲོའུ། ཅིའུ་ལུང་རི་བོ། ཏུང་ཧུའུ་མཚེའུ། མའོ་ཚང་གི་གཞིས་ཀ། མའོ་ཏུན་བཞུགས་གནས་རྙིང་པ། ཞུས་ཀྲི་མོའི་བཞུགས་གནས་རྙིང་པ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་ཡོད་པས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆུ་བོའི་ཕ་ཡུལ་ཞེས་པའི་ཁྱད་ཆོས་གྲུབ་ཡོད། ཀྲུང་གུང་ཚོགས་ཆེན་དང་པོ་ཅ་ཅིན་དུ་རྒྱལ་ཁའི་ངང་མཇུག་བསྡུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ས་ཡིན་པས། ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཐོག་གི་གསར་བརྗེའི་དྲན་གསོའི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྱི་ལོ2014ལོར་ཅ་ཤིན་ཝུའུ་གྲོང་རྡལ་འདི་ཉིད་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ཡུན་རིང་ཚོགས་གནས་སུ་གྱུར་ཡོད། སྤྱི་ལོ2017ལོའི་ཀྲུང་གོའི་ས་ཁུལ་རིམ་པའི་གྲོང་ཁྱེར་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་འགྱུར་བའི་སྟོན་གྲངས(ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ཚུད་པ)ཀྱི་ཨང་རིམ17པ་ཡིན། སྤྱི་ལོ2018ལོའི་ཟླ9པར། “2018ལོའི་ཀྲུང་གོ་དང་ཡོ་རོབ་ཀྱི་ལྗང་མདོག་རིག་ལྡན་གྲོང་ཁྱེར་གྱི་བྱ་དགའ”ཐོབ་པ་རེད། སྤྱི་ལོ2019ལོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར5370.32ཟིན་པ་དང་མི་རེའི་ཆ་སྙོམསGDPསྒོར112751ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
嘉兴市
མིང་གཞན།
嘉禾、禾城、长水、由拳、禾兴、秀州
ཕྱི་ཡིག་གི་མིང་།
Jiaxing
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ4275.05ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་གནས་རིམ་པའི་གྲོང་ཁྱེེར།
མི་འབོར།
ཁྲི 472.6ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཁུལ།
གནམ་ཐང་།
ཅ་ཤིན་གནམ་ཐང་།
མངའ་ཁོངས།
ཆུས2དང་རྫོང2 རྫོང་རིམ་པའི་གྲོང་ཁྱེར3ཡོད།
མེ་འཁོར་ས་ཚིགས།
ཅ་ཤིན་མེ་འཁོར་ས་ཚིགས། ཅ་ཤིན་ལྷོ་ཚིགས་སོགས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0573
རླངས་འཁོར་ཚབ་ཨང་།
浙F
སྦྲག་སྲིད་ཨང་རྟགས།
314000、314001
དོན་རྐྱེན་ཆེ་གྲས།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ས་ཡིན།
གནས་ཡུལ་ས་ཁོངས།
ཀྲེ་ཅང་ཞིང་ཆེན་གྱི་བྱང་ཤར། ཧྲང་ཧའེ་དང་ཧང་ཀྲོའུ་གྲོང་ཁྱེར་གཉིས་དང་ཉེེ་བ་ཡིན།
སྲིད་འཛིན་ཚབ་ཨང་།
330400
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཆིང་རྒྱལ་རབས་ཀྱི་དུས་འགོར། ཆིང་སྲིད་གཞུང་གིས་དཔྱ་ཁྲལ་བཅོས་བསྒྱུར་དང་དག་ཐེར་བྱས་པར་མ་ཟད། ཧང་ཀྲོའུ་མཚོ་ཁུག་འགྲམ་རྒྱུད་ཀྱི་མཚོ་རྫིང་ལ་ཐེངས་མང་པོར་བཟོ་སྐྲུན་བྱས་པས། ཅ་ཤིན་སྤྱི་ཚོགས་དཔལ་འབྱོར་མུ་མཐུད་དུ་ཇེ་ལེགས་སུ་སོང་བ་དང་། གྲོང་རྡལ་སྔར་ལས་དར་རྒྱས་སུ་སོང་།

སྤྱི་ལོ1860ལོར་ཞི་བདེ་གནམ་རྒྱལ་གྱི་དམག་གིས་ཅ་ཤིན་བླངས་པ་དང་། ཅན་ཐིང་དཔོན་སྒར་ནི་ས་གནས་དེ་གའི་དམག་སྲིད་འགོ་ཁྲིད་ལས་ཁུངས་སུ་བྱས། ཆིང་རྒྱལ་རབས་ཀྱི་དུས་དཀྱིལ་ནས་བཟུང་བཙན་རྒྱལ་རིང་ལུགས་ཀྱི་འཕྲོག་བཅོམ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་བཤུ་གཞོག་མྱོང་དགོས་བྱུང་ཞིང་། ཅ་ཤིན་གྱི་དཔལ་འབྱོར་དང་གྲོང་ཁྱེར་གྱི་རྣམ་པ་ཉིན་རེ་བཞིན་ཉམས་རྒུད་དང་ཉམས་རྒུད་དུ་གྱུར།      

སྤྱི་ལོ1911ལོའི་ཟླ11པའི་ཚེས7ཉིན། ལྕགས་ཕག་ལོའི་གསར་བརྗེ་ཏང་མིས་ཅ་ཤིན་གྱི་དམག་སྲིད་ཡན་ལག་ཁང་བཙུགས། མི་སེར་རྒྱལ་ཁབ་ཀྱི་དུས་འགོར་བེད་མེད་དུ་གྱུར་པའི་སྲིད་གཞུང་རྣམས་རྫོང་དུ་བཅོལ་ཡོད་ཅིང་། མིང་དེ་ཅ་ཧོ་རྫོང་དུ་བསྒྱུར་པ་དང་། རྗེས་སུ་སླར་ཡང་ཅ་ཤིན་རྫོང་ཞེས་འབོད་ཀྱི་ཡོད།

སྤྱི་ལོ1921ལོའི་ཟླ8པའི་ཟླ་འགོར། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ཅ་ཤིན་ནན་ཧུའུ་མཚེའུ་ཡི་གྲུ་གཟིངས་ཤིག་གི་སྟེང་ནས་གྲོལ་བ་དང་། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་ཁྱབ་བསྒྲགས་བྱས།     

སྤྱི་ལོ1949ལོའི་ཟླ་5པའི་ཚེས7ཉིན། ཅ་ཤིན་བཅིངས་འགྲོལ་བཏང་ཞིང་། ཅ་ཤིན་རྫོང་དང་ཅ་ཤིན་གྲོང་ཁྱེར་སོ་སོར་བཙུགས་པ་དང་། རྗེས་སུ་ཕྱིར་འཐེན་ཐེངས་མང་བྱས།     

སྤྱི་ལོ1983ལོའི་ཟླ8པར། ཅ་ཤིན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཏང་ནས། ཅ་ཤིན་དང་ཧུའུ་ཀྲོའུ་གྲོང་ཁྱེར་སོ་སོར་བཙུགས། ཅ་ཤིན་གྲོང་ཁྱེར་དུ་གྲོང་ཁུལ་དང་གྲོང་ཕྱི་གཉིས་བཙུགས། དེའི་མངའ་འོག་ཏུ་ཅ་ཧྲན་དང་ཕིང་ཧུའུ། ཐུང་ཞང་། ཧའེ་ཉིང་། ཧའེ་ཡན་བཅས་རྫོང5ཡོད།     

སྤྱི་ལོ1985ལོའི་ཟླ1པོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཅ་ཤིན་གྲོང་ཁུལ་དང་དེའི་ཁོངས་གཏོགས་ཅ་ཧྲན་དང་ཐུང་ཞང་། ཧའེ་ཉིན་རྫོང་བཅས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་སྒོ་འབྱེད་ཁུལ་དུ་བརྩིས་པ་དང་། 

སྤྱི་ལོ1988ལོར་ཅ་ཤིན་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ཀྱི་རྫོང5ཚང་མ་དཔལ་འབྱོར་སྒོ་འབྱེད་ཁུལ་དུ་བཞག     

སྤྱི་ལོ2017ལོའི་ཟླ4པའི་ཚེས3ཉིན། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་ཅ་ཤིང་དུ་ཀྲེ་ཅང་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་ཧྲང་ཧའེ་སྦྲེལ་མཐུད་དཔེ་སྟོན་ཁུལ་འཛུགས་རྒྱུར་མོས་མཐུན་བྱས་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2015ལོའི་ལོ་མཇུག་བར། ཅ་ཤིན་གྲོང་ཁྱེར་ཁོངས་གཏོགས་སུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས(ནན་ཧུའུ་ཆུས་དང་ཤིའུ་ཀྲོའུ་ཆུས)2དང་། རྫོང་རིམ་པའི་གྲོང་ཁྱེར(ཧའེ་ཉིང་གྲོང་ཁྱེར་དང་། ཕིང་ཧུའུ་གྲོང་ཁྱེར། ཐུང་ཤང་གྲོང་ཁྱེར)3 རྫོང(ཅ་ཧྲན་རྫོང་དང་ཧའེ་ཡན་རྫོང)2བཅས་ཡོད་པ་རེད། ཁྱོན་གྲོང་རྡལ44དང་། སྲང་ལམ29(ཞིང་འབྲེལ་སྲང་ལམ22)དང་། གྲོང་ཁྱེར་དང་སྡེ་ཁུལ246 གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ115 སྲིད་འཛིན་གྲོང་ཚོ809བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 ས་ཁམས་གནས་ཡུལ།

ཅ་ཤིན་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་འབྲི་ཆུའི་ཟུར་གསུམ་གླིང་ཧང་ཅ་ཧུའུ་བདེ་ཐང་དབུས་ཁུལ་དུ་གནས་པ་དང་། འབྲི་ཆུའི་ཟུར་གསུམ་གླིང་གི་གྲོང་ཁྱེར་གལ་ཆེན་ཞིག་ཡིན། གྲོང་ཁྱེར་གྱི་མངའ་ཁོངས་ནི་འཕྲེད་ཐིག་བྱང་མའི་ཏུའུ30དང་སྐར་མ21ནས31དང་སྐར་མ2བར་དང་གཞུང་ཐིག་ཤར་མའི་ཏུའུ120དང་སྐར་མ18ནས་ཏུའུ121དང་སྐར་མ16བར་དུ་ཆགས་ཡོད་པ་དང་། ཤར་ངོས་རྒྱ་མཚོ་དང་ཉེ་ཞིང། ལྷོ་ངོས་ཆན་ཐང་གཙང་པོར་འབྲེལ་ཡོད། བྱང་ངོས་ཐའེ་ཧུའུ་མཚེའུ་དང་འབྲེལ་བ། ནུབ་ངོས་ཐེན་མུའུ་ཆུ་དང་འབྲེལ་ཡོད་པ་ཡིན། 

མིས་བཟོས་གཙང་པོ་ཆེན་པོ་ནི་ཅ་ཤིན་གྱི་མངའ་ཁོངས་སུ་གནས་ཡོད་ཅིང་། གྲོང་ཁྱེར་ནི་གཙང་པོ་དང་། རྒྱ་མཚོ། མཚེའུ། གཙང་པོ་བཅས་ཀྱི་འབྲེལ་མཚམས་སུ་གནས་ཡོད་པ་དང་། ཧྲང་ཧའེ་དང་། ཧང་ཀྲོའུ། སུའུ་ལེན། ཧུའུ་སོགས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བརྒྱ་ཡང་ཟིན་གྱི་མེད་པས་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད།     གྲོང་ཁྱེར་མངའ་ཁོངས་ཀྱི་སྐམ་ཁོངས་ཀྱི་ཤར་ནུབ་རིང་ཚད་ལ་སྤྱི་ལེ92དང་། ལྷོ་བྱང་ཞེང་ཚད་ལ་སྤྱི་ལེ76ཡོད་རེད། སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3915ཡོད་པ་དེའི་ནང་བདེ་ཐང་ལ་སྤྱི་ལེ་གྲུ་བཞི་མ3477དང་། ཆུ་ངོས་ལ་སྤྱི་ལེ་གྲུ་བཞི་མ328རི་མ་ཐང་ལ་སྤྱི་ལེ་གྲུ་བཞི་མ40གྲོང་ཁྱེར་མངའ་ཁོངས་ཀྱི་མཚོ་ཁོངས་ལ་སྤྱི་ལེ་གྲུ་བཞི་མ4650བཅས་ཡོད།

.png

3_2 ས་དབྱིབས་རྣམ་པ།

གྲོང་ཁྱེར་གྱི་ས་བབ་དམའ་བ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི3.7ཡོད་པའི་ནང་ཤིའུ་ཀྲོའུ་ཆུས་དང་ཅ་ཧྲན་བྱང་རྒྱུད་ཀྱི་ས་བབ་དམའ་ཤོས་ཡིན་ཞིང་། ས་ངོས་ཀྱི་མཐོ་ཚད་སྤྱིར་བཏང་སྨི3.2ནས3.6བར་ཡིན་པ་དང་། ས་བབ་དམའ་བའི་སྨི2.8ནས3.0བར་ཡིན། གྲོང་ཁྱེར་ཡོངས་སུ་རི་སྒང200ལྷག་ཙམ་ཡོད་པ་དེ་དག་ཆན་ཐང་ཅང་ཧང་ཀྲོའུ་མཚོ་ཁུག་གི་བྱང་ངོགས་སུ་ཐར་ཐོར་དུ་གནས་པ་དང་། ས་བབ་མཐོ་ཚད་སྨི200མན་ཟིན་པ་དང་གྲོང་ཁྱེར་གྱི་ས་བབ་མཐོ་ཤོས་ནི་མཚོ་ཚྭ་དང་ཧའེ་ཉིང་འབྲེལ་མཚམས་སུ་གནས་པའི་ཀའོ་དབྱང་རི་བོ་ཡིན་པ་རེད།

3_3 ནམ་ཟླ།

ཅ་ཤིན་གྲོང་ཁྱེར་ནི་བྱང་གི་ཚ་ཁུལ་ཕལ་བའི་ལྷོ་སྣེར་གནས་པ་དང་། དེ་ནི་ཤར་གྱི་དུས་རླུང་ཕལ་བའི་ཁུལ་ཡིན་པ་དང་། དབྱར་དགུན་གྱི་དུས་རླུང་རེས་མོས་དང་། དུས་བཞི་དབྱེ་བ། དྲོད་ཚད་འབྲིང་བ། གནམ་གཤིས་ལེགས་པ། ཆར་ཆུ་འབེལ་བ། ཉི་འོད་ཕོག་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ15.9ཟིན་ཡོད། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1168.6ཟིན་ཡོད། ཉི་འོད་ཕོག་ཚད་ལོ་རེར་ཆ་སྙོམས་ཆུ་ཚོད2017.0ཟིན་གྱི་ཡོད།

4 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་ཐེམ་ཐོའི་མི་འབོར་ཁྲི360.44ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི4.07འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་འབོར་གྱི་སྐྱེ་ཚད8.93‰ཟིན་པ་དང་། ཤི་ཚད7.18‰ཟིན་པ་རེད། རང་བྱུང་འཕར་ཚད 1.75‰ཟིན་ཡོད། ལོ་ཧྲིལ་པོར་ནང་ཞུགས་མི་གྲངས་ཁྲི4.83ཟིན་པ་དང་། ཕྱིར་བསྐྱོད་མི་གྲངས་ཁྲི1.38ཟིན་པ་རེད། མི་འབོར་བརྟན་ཆགས་སུ་འཕར་ཚད9.62‰ཟིན་ཡོད།     

ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་མི་འབོར་འཐེན་བཤེར་བརྟག་དཔྱད་བྱས་འབྲས་ལ་ཞིབ་བཤེར་གཏན་འབེབས་བྱས་པར་གཞིགས་ན། སྤྱི་ལོ2018ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་བསྡོམས་འབོར་ཁྲི472.6ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི311.92ཟིན་པ་དང་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད66.0%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.5མཐོ་རུ་ཕྱིན་ཡོད་པ་རེད།

5 ཆབ་སྲིད།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཀྲང་པིན། 

ཧྲི་ཀྲང་། མའོ་ཧུང་ཧྥང་། 

རྒྱུན་ལས་ཧྲི་ཀྲང་གཞོན་པ། ཧུའེ་ལིའང་ཆུན། 

ཧྲི་ཀྲང་གཞོན་པ། ཀྲའོ་ཧྲུའུ་མེ། ཁྲའེ་ཡུང་ཆང་། ཀྲུའུ་ཡ་ཝེ། ཀྲང་རེན་ཀུའེ། ཧྲེང་ཆོན་ཧྲེང་། 

དྲུང་ཡིག་ཆེན་མོ། ཏུང་མོའུ་ཧུའུ།

6 དཔལ་འབྱོར།

སྤྱི་ལོ2018ལོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར4871.98ཟིན་ནས་ལོ་གོང་མ་ལས7.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར115.03ཟིན་ནས0.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར2624.49ཟིན་ནས8.4%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར2132.46ཟིན་ནས7.1%འཕར་ཡོད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་ནི2.3:53.9:43.8ཡིན། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར103858(ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ཨ་སྒོར15695ཡིན)ཡིན་པས6.3%འཕར་ཡོད།

7 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2019ལོའི་ཟླ12ཚེས28ཉིན་ཅ་ཤིན་གྱི་མ་འོངས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འགྲིམ་འགྲུལ་ལས་གྲྭ་ཆེན་པོ་གསུམ་སྟེ། ཅ་ཤིན་གྲོང་ཁྱེར་གྱི་ལྕགས་ལམ་གློག་འཁོར་དང་། མེ་འཁོར་བབས་ཚུགས་ཀྱི་ལྟེ་བ། ཧུའུ་ཅ་གྲོང་ཁྱེར་དབར་གྱི་ལྕགས་ལམ་གྱི་སྔོན་སྐྱོད་ལས་གྲྭ་བཅས་གཅིག་སྡུད་ཐོག་ལས་འགོ་ཚུགས་ཡོད།

སྤྱི་ལོ2013ལོའི་བར་ཅ་ཤིན་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ8000ཟིན་པའི་ནང་རིམ་པ་བཞི་པ་ཡན་གྱི་གཞུང་ལམ་སྤྱི་ལེ7867ཡོད་པ་རེད།

ཅ་ཤིན་ནས་ཆུ་ཚོད་གཅིག་ནང་ཧྲང་ཧའེ་བར་འབྱོར་ཐུབ་པའི་ཧུང་ཆའོ་རྒྱལ་སྤྱིའི་གནམ་ཐང་དང་། ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་། ཧང་ཀྲོའུ་ཞའོ་ཧྲན་རྒྱལ་སྤྱིའི་གནམ་ཐང་སོགས་གནམ་ཐང་སོགས་ཡོད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོའི་ལས་དོན།

སྤྱི་ལོ2013ལོ་བར་ཅ་ཤིན་གྲོང་ཁྱེར་དུ་རིགས་ཁག་གི་སློབ་གྲྭ(བུ་བཅོལ་ཁང་ཚུད་པ)666ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི66.81ཡོད་པ་རེད། རིགས་ཁག་གི་མཐོ་རིམ་སློབ་གསོའི་སློབ་གྲྭ་10དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི9.58ཡོད་པའི་ནང་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མ6ཡོད་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི6.37ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མ36དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི6.63ཡོད་པ་རེད། དམའ་རིམ་སློབ་འབྲིང121དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི་10.87ཡོད་པ་རེད། སློབ་ཆུང161དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི22.68ཡོད། དམའ་རིམ་སློབ་འབྲིང་དང་སློབ་ཆུང་གི་སློབ་གྲྭར་ཞུགས་ཚད་དང་སྲ་བརྟན་གཏོང་ཚད་ཚང་མ100%ཟིན་ཡོད། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་མཐོ་འབྲིང་དུམ་བུའི་རིགས་ཁག་གི་སློབ་གྲྭའི་བསྡུར་ཚད99.02%ཟིན་ཡོད། མཐོ་སློབ་དཀྱུས་མར་སློབ་མ19890བསྡུས་པ་དང་སློབ་ཐོན་སློབ་་14011ཡོད་པ་དེ་ལོ་གོང་མ་ལས6.3%འཕར་ཡོད། 

མཐོ་རིམ་རང་སྦྱོང་ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་ཁྲི3.63ཟིན་པ་དང་ཆེད་ཚན་སློབ་ཆེན་ཡན་གྱི་སློབ་ཐོན་ལག་ཁྱེར་ཐོབ་མཁན་མི་གྲངས2247ཡོད་པ་དང་། དར་མའི་འབྲིང་རིམ་ཆེད་ལས་སློབ་གསོས་སློབ་མ917དང་མཐར་ཕྱིན་འཛིན་གྲྭའི་སློབ་མ868བསྡུས་ཡོད། གྲོང་གསེབ་ཀྱི་རིག་གནས་ལག་རྩལ་སྣ་ཚོགས་གསོ་སྦྱོང་ཐེངས་གྲངས་ཁྲི38ལྷག་བྱས། ཅ་ཤིན་གྲོང་ཁྱེར་གྱི་རིགས་ཁག་གི་དམངས་གཉེར་སློབ་གྲྭ33དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི7.26ཡོད་པ་རེད།

8_2 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2013ལོའི་ལོ་མཇུག་བར་ཅ་ཤིན་གྲོང་ཁྱེར་དུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས1340དང་རིགས་ཁག་གི་འཕྲོད་བསྟེན་ལས་དོན་པ26439ཡོད་པའི་ནང་སྨན་པ་8837དང་། ནད་གཡོག10546 སྨན་བཅོས་ཉལ་ཁྲི19412བཅས་ཡོད་པ་རེད། ཆ་སྙོམས་མི་སྟོང་རེར་སྨན་པ2.55ཡོད་པ་དང་། མི་སྟོང་རེར་སྨན་ཁང་གི་ཉལ་ཁྲི5.61ཡོད། ལོ་ཧྲིལ་པོར་སྒོ་བསྟེན་སྨན་ཁང་གི་ནད་པ་མི་ཐེངས་ཁྲི3246དང་སྨན་ཁང་དུ་བསྡད་དེ་མི་ཐེངས་ཁྲི58.6ཟིན་ཡོད།

9 སྙན་གྲགས་ཅན་གྱི་སྐྱེ་བོ།

ཅ་ཤིན་གྱི་གྲགས་ཅན་མི་སྣ་ཟམ་མི་ཆད་པར་ཐོན་པ་ནི། མའོ་ཏུན་དང་། ཅིན་ཡུང་། ཞུས་ཀྲི་མོ། ཁྲེན་ཧྲེང་། ཝང་གོ་ཝེ། ཧྥེང་ཙེ་ཁའེ། ཀྲང་ལེ་ཕིང་སོགས་ཡིན།

10 གཟི་བརྗིད་མཚན་སྙན།

ཅ་ཤིན་གྲོང་ཁྱེར་ལ་སྔ་ཕྱིར། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར།རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་དང་པོ། རྒྱལ་ཁབ་ཀྱི་ཁག་དང་པོའི་སྲིང་བལ་གྲོང་ཁྱེར་འཛུགས་སྐྲུན་ཚོད་ལྟའི་གྲོང་ཁྱེར། རྒྱལ་ཡོངས་ཀྱི་སྔོ་འགྱུར་དཔེ་བཟང་གྲོང་ཁྱེར། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་པའི་གྲོང་ཁྱེར། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར། རྒྱལ་ཁབ་ཤེས་བྱའི་ཐོན་དབང་དཔེ་སྟོན་གྲོང་ཁྱེར་གྱི་སྔོན་ཐོན་ཚོགས་པ། རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར)། རྒྱལ་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་སྔོན་ཐོན་རྫོང(གྲོང་ཁྱེར)། རྒྱལ་ཁབ་ཀྱི་དཔལ་འབར་འཆར་གཞིའི་ཕིང་ཧུའུ་འོད་འཕྲུལ་གློག་ཐོན་ལས་རྟེན་གཞི། ཀྲུང་གོའི་ཀོ་ཆས་ཀྱི་ཕ་ཡུལ།   ཀྲུང་གོའི་ཀོ་གོས་ཀྱི་རྒྱལ་ས།  གྱོན་ཆས་གྲགས་ཅན་གྱི་གྲོང་ཁྱེར། ཀྲུང་གོའི་བྱིས་པའི་རླངས་འཁོར་ཐོན་སྐྱེད་རྟེན་གཞི། ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་གི་སྟོབས་ཆེན་གྲོང་ཁྱེར་ཨང28པ། རྒྱལ་ཡོངས་ཀྱི་རིམ་པ་གཉིས་པའི་ཟོག་འགྲེམས་གླིང་ཁུལ་གྱི་ཁྱབ་ཚུལ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་གྱི་སློབ་གསོ་སྟོབས་ལྡན་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་ཆ་འཕྲིན་ཅན་གྱི་ཚོད་ལྟའི་རྫོང(གྲོང་ཁྱེར)སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་ཡིན་ནོ།།    


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-09

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།