ཕིང་དབྱང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕིང་དབྱང་རྫོང་།
ཕིང་དབྱང་རྫོང་ནི་ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཀྲེ་ཅང་ཤར་ལྷོའི་མཚོ་རྒྱུད་དུ་གནས་པ་དང་། ཤར་དུ་ཤར་གྱི་རྒྱ་མཚོ་དང་འབྲེལ་བ་དང་། ལྷོ་རུ་ཚང་ནན་རྫོང་དང་འབྲེལ་ཡོད། ནུབ་ཏུ་ཝུན་ཁྲེང་དང་ཐའེ་ཧྲུན་དང་འབྲེལ་ཅིང་བྱང་དུ་རུའེ་ཨན་ཡོད་པ་རེད། ས་དབྱིབས་ནི་མེ་རི་ལས་གྲུབ་པ་གཙོ་བོ་ཡིན་པ་དང་། དེ་ནས་ས་ངོས་སྤུང་གསོག་བྱས་པ་ལས་གྲུབ་པ་དང་། ས་བབ་ནུབ་མཐོ་ལ་ཤར་དམའ་བ། ནུབ་རྒྱུད་ཀྱི་ཕྱོགས་བཞི་མཐོ་ལ་དཀྱིལ་དམའ་བ། མཚོ་འགྲམ་གྱི་ཐིག་ཀྱག་ཀྱོག་ཡིན་པ་བཅས་ནི་ཚ་ཁུལ་ཕལ་བའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་ཡིན། སྐམ་སའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1051.17ཡོད་པ་དང་ཚང་ནན་རྫོང་དང་ཁྱོན་བསྡོམས་མཚོ་ཁུལ་སྟོང་སྨི་གྲུ་བཞི་མ37200ཡོད། ཕིང་དབྱང་རྫོང་ནི་ཅིན་རྒྱལ་རབས་ནུབ་མའི་ཐའེ་ཁང་ཁྲི་ལོ་ལོ་བཞི་པར(སྤྱི་ལོ283)བཙུགས་པ་དང་། ལོ་ངོ1700ལྷག་གི་ལོ་རྒྱུས་ཡོད་པ་དང་། རྒྱལ་རབས་ལྔ་དང་རྒྱལ་རབས་བཅུའི་དུས་སྐབས་སུ(སྤྱི་ལོ914ལོར་)ཏིན་རྫོང་དེ་ཕིང་དབྱང་རྫོང་དུ་མིང་བསྒྱུར་བ་རེད། ཕིང་དབྱང་ནི་ལྷོ་ཡི་ཟློས་གར་གྱི་འབྱུང་གནས་དང་རྒྱུན་འཛིན་བྱ་ཡུལ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི“རྒྱལ་ཡོངས་དྲག་རྩལ་གྱི་ཕ་ཡུལ”དང་། “ཀྲུང་གོའི་མིག་མངས་ཀྱི་ཕ་ཡུལ” “ཀྲེ་ཅང་ཞིང་ཆེན་གྱི་སྲོལ་རྒྱུན་ཟློས་གར་གྱི་ཕ་ཡུལ”བཅས་ཡིན་པ་དང་། ཕིང་དབྱང་གི་རིག་གནས་མི་སྣ་གྲགས་ཅན་ལ“ཧྥུའུ་ཁྲུན་རི་བོའི་གནས་ཐོའི”རྩོམ་པ་པོ་ཧོང་ཀུང་ཝང་དང་། སུང་རྒྱལ་རབས་ལྷོ་མའི་རྒྱལ་གཅེས་སྙན་ངག་པ་ལིན་ཅིང་ཞི། ཆིང་རྒྱལ་རབས་ཀྱི་བསམ་བློ་བ་སུང་ཧྲུའུ། དེང་རབས་རྩིས་རིག་མཁས་ཅན་སུའུ་པུའུ་ཆིང་། ལོ་བརྒྱ་ཅན་གྱི་མིག་མངས་རྒྱལ་པོ་ཞེ་ཡུས་ཤུན་སོགས་ཡོད། ཕིང་དབྱང་གི་ཡུལ་སྐོར་ཐོན་ཁུངས་ཀྱི་རྒྱ་ཁྱོན་གྱིས་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི3/4ཟིན་པ་དང་། འཛམ་གླིང་སྐྱེ་དངོས་མུ་ཁྱུད་སྲུང་སྐྱོང་ཁུལ་དང་། ནན་ཆི་ལེ་གླིང་ཕྲན། ནན་ཡན་ཏང་རི་བོ་སོགས་མཛེས་ལྗོངས་ཁུལ་ཡོད། སྤྱི་ལོ2018ལོ་བར་ཕིང་དབྱང་རྫོང་ཁོངས་གཏོགས་སུ་གྲོང་རྡལ14དང་ཡུལ་ཚོ2ཡོད་པ་དང་། གཞན་ཡང་ནུས་པའི་ཁུལ1བཙུགས་ཡོད་པ་ཡིན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར460.17ཟིན་པ་དང་། རྒྱུན་སྡོད་མི་འབོར་ཁྲི80.27ཟིན། ཐེམ་ཐོའི་མི་འབོར་ཁྲི88.62ཡོད་པ་བཅས་རེད། རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་བཏང་ནས་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་ཚན་པ་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平阳县
མིང་གཞན།
横阳
ཕྱི་ཡིག་གི་མིང་།
Pingyang County
མི་འབོར།
ཁྲི80.27(2018ལོ)
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཁུལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1051.17(སྐམ་སའི་རྒྱ་ཁྱོན)
ས་ཁོངས་ཁ་པར་ཨང་རྟགས།
0577
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
རླངས་འཁོར་ཚབ་ཨང་།
浙C
མངའ་ཁོངས།
གྲོང་རྡལ12དང་ཡུལ་ཚོ2 ནུས་པའི་ཁུལ1བཅས་ཡོད།
གནམ་ཐང་།
ཝུན་ཀྲོའུ་ལུང་ཝན་རྒྱལ་སྤྱིའི་གནམ་ཐང་།
ས་ཁམས་གནས་ཡུལ།
ཀྲེ་ཅང་ཞིང་ཆེན་གྱི་ཤར་ལྷོའི་མཚོ་རྒྱུད་ས་ཁུལ།
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
330326
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1955ལོའི་ཟླ6པར། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ནན་ཡོན་ཡུལ་ཚོ་བཙུགས་ནས་ཅུང་མ་འགོར་བའི་ཏུང་ཐོའུ་རྫོང་གི་མངའ་འོག་ཏུ་བཅུག་པ་དང་། སྤྱི་ལོ1957ལོའི་ཟླ8པར་ཡང་བསྐྱར་ཕིན་དབྱང་དུ་བགོས་ནས་སྔར་གྱི་རྣམ་པ་སླར་གསོ་བྱས།

སྤྱི་ལོ1955ལོའི་སྟོན་ཁར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕིང་དབྱང་མངའ་ཁོངས་ཀྱི་ཐའེ་ཧྲན་གླིང་ཚོམ་དེ་ཧྥུ་ཅན་ཞིང་ཆེན་ཞ་ཕུའུ་རྫོང་དུ་བགོ་རྒྱུའི་ཐག་བཅད། སུང་ཆའོ་ཡུལ་ཚོ་ཏུའུ་ཧྲན་ཐོའུ་རང་བྱུང་གྲོང་ཚོ་ནི་རུའེ་ཨན་དང་ས་འབྲེལ་ཡིན་ཞིང་། ལོ་རྒྱུས་ཐོག་གི་ཕྱེད་ཀ་རུའེ་ཨན་གྱི་ཁོངས་སུ་གཏོགས་པ་དང་། ཕྱེད་ཀ་ཕིང་དབྱང་གི་ཁོངས་སུ་གཏོགས་པས། དོ་དམ་གྱི་ཐད་ལ་སྟབས་བདེ་པོ་མེད། རྫོང་གཉིས་ཀྱི་འབྲེལ་ཡོད་འཐུས་མིས་གྲོས་བསྡུར་བྱས་པ་དང་འབྲེལ་ས་གནས་དེ་གའི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དང་གོང་རིམ་གྱི་ཆོག་མཆན་ཐོབ་རྗེས། སྤྱི་ལོ1958ལོའི་ལོ་སྟོད་དུ་གྲོང་ཚོ་དེ་རུའེ་ཨན་རྫོང་ཞན་ཞ་ཆུས་ཝུའུ་ཆའོ་ཡུལ་ཚོའི་ཁོངས་གཏོགས་སུ་བཅུག་ཡོད།      

སྤྱི་ལོ1980ལོར། ཀྲེ་ཅང་ཞིང་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་ཡོད་གནས་ཚུལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་བ་དང་ལེན་བྱས་ཏེ། (81)རྒྱལ་ཡིག་ཨང68པ་དང་ཀྲེ་ཅང་སྲིད་གཞུང(1981)ཨང68པའི་ཡིག་ཆ《ཕིང་དབྱང་རྫོང་དེ་ཕིང་དབྱང་དང་ཚང་ནན་རྫོང་དུ་དབྱེ་བའི་སྐོར་གྱི་བརྡ་ཐོ》ཞེས་པ་སྤེལ། སྤྱི་ལོ1981ལོ་ནས་བཟུང་ཕིང་དབྱང་རྫོང་གི་ཧྥན་ཧྲན་གྲོང་རྡལ་དང་། དབྱི་ཧྲན། ཆན་ཁུའུ། ཅིན་ཞང་། ལིན་ཞི། ཆའོ་ཏུན། ཧྥན་ཧྲན། མ་ཀྲན་བཅས་ཆུས7ལོགས་སུ་བཀར་ནས་ཚང་ནན་རྫོང་བཙུགས་པ་དེ་ནི་ཕིང་དབྱང་བཙུགས་ཚུན་གྱི་རྫོང་ཁོངས་ཀྱི་འཕོ་འགྱུར་ཆེ་ཤོས་ཤིག་རེད། 

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་བར། ཕིང་དབྱང་རྫོང་ཁོངས་གཏོགས་སུ་གྲོང་རྡལ14དང་ཡུལ་ཚོ2ཡོད་པ་དང་གཞན་ཡང་ནུས་པའི་ཁུལ1བཙུགས་ཡོད། ཕིང་དབྱང་རྫོང་མི་དམངས་སྲིད་གཞུང་ནི་ཁུན་དབྱང་གྲོང་རྡལ་དུ་གནས་ཡོད་པ་ཡིན། 

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ཡུལ་ཁོངས།     

ཕིང་དབྱང་རྫོང་ནི་ཀྲེ་ཅང་ཞིང་ཆེན་ཤར་ལྷོའི་མཚོ་རྒྱུད་དུ་གནས་ཤིང་། རྫོང་ཁོངས་ཀྱི་སྐམ་ཁོངས་ནི་འཕྲེད་ཐིག་བྱང་མའི27 °21ˊ-27 °46ˊདང་གཞུང་ཐིག་ཤར་མའི120 °24ˊ-121 °08ˊབར་དུ་གནས་པ་དང་། ཤར་ནས་ཤར་གྱི་རྒྱ་མཚོ་དང་འབྲེལ་བ་དང་། ལྷོ་ནས་ཚང་ནན་རྫོང་དང་འབྲེལ། ལྷོ་ནུབ་ནས་ཝུན་ཁྲེང་དང་ཐའེ་ཧྲུན་ལ་འབྲེལ་ཅིང་། བྱང་དུ་རུའེ་ཨན་བཅས་སུ་འབྲེལ་ཡོད་པ་ཡིན། སྐམ་སའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1051.17དང་ཚང་ནན་རྫོང་བསྡོམས་ན་ཁྱོན་མཚོ་ཁུལ་སྟོང་སྨི་གྲུ་བཞི་མ37200ཡོད། 

.png

3_2 ས་རྒྱུ་དང་ས་རྣམ།      

ཕིང་དབྱང་གི་ས་གཤིས་ནི་ཀྲེ་ཅང་དང་ཧྥུ་ཅན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་རྒྱུད་ཀྱི་རྨང་མཐིལ་འབུར་ཁུལ་དུ་གཏོགས། ལོ་ངོ་དུང་ཕྱུར6ཙམ་གྱི་ཡར་སྔོན་དུ། གནའ་རབས་ཀྱི་ཀྲེན་ཏན་དུས་རབས་སུ་རྩིག་རྨང་བཏིང་བ་དང་། དེའི་རྗེས་སུ་གནའ་བོའི་སྐྱེ་དངོས་དུས་རབས་ཀྱི་ཆགས་གཞི་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནས་ས་ངོས་རིམ་བཞིན་འབུར་ཞིང་། བྱང་ཤར་དུ་ཕྱོགས་པའི་སྐམ་སའི་དབུས་ཁུལ་གྱི་རི་ཁྲོད་གཞོང་ས་ཆུང་ཆུང་རབ་དང་རིམ་པ་བྱུང་། བར་སྐྱེ་དུས་རབས(ཕལ་ཆེར་ལོ་ངོ་དུང་ཕྱུར1.4ཡས་མས)ནས་མེ་རི་འཕྱུར་འགོ་བརྩམས་ཏེ་པའེ་ཡོན་དུས་རབས་ཀྱི་དུས་མཇུག་ཏུ(ཕལ་ཆེར་ལོ་ངོ་བྱེ་བ་བདུན་གྱི་སྔོན)མཚམས་བཞག་པ་རེད། 

ནན་ཡན་ཏང་རི་བོ་ནི་མེ་རི་འཕྱུར་ཁུལ་གྱི་གྲས་ཤིག་ཡིན་ཞིང་། མི་ལ་ལས་ནན་ཡན་ཡན་ཏང་རི་བོའི་མདུན་གྱི་ཐེན་ཧུའུ་མཚེའུ་ནི་གནའ་བོའི་མེ་ཧྲན་མཚེའུ་ཡིན་པ་དང་། རི་སྒོ་ལྟེ་བར་བྱས་པའི་བྱང་གྲུ་ཁའི་ས་ཁུལ་ནི་མེ་རི་ཆད་རྡིབ་གཤོང་ས་ཡིན་པ་དང་། ཧྥན་ཧྲན་དང་ཝུན་ཁྲེང་སོགས་མེ་རི་གཞོང་ས་དང་བར་སྐྱེས་དུས་རབས་ཀྱི་མེ་རི་གྲུབ་ཚུལ་གྱི་རྗེས་ཤུལ་ཡོད། མེ་རི་འཕྱུར་བའི་མེ་རིའི་བྲག་རྡོ་འབོར་ཆེན་གྱིས་རྫོང་མངའ་ཁོངས་ཀྱི་རྒྱ་ཁྱོན་མང་ཆེ་བར་ཁེབས་ཡོད་པ་དང་། དེའི་ནང་བཞུར་རིས་རིགས་ཀྱི་མེ་རིའི་ཟེགས་རྡོ་དང་སྐྱུར་གཤིས་ཞུན་བྲག་གིས་གཙོ་བོར་བྱས་ཡོད། དེའི་རྗེས་སུ། དབྱང་གཉིས་སྭེལ་གྱི་གྲུབ་ཆ་ཅུང་མང་བའི་སྐྱུར་གཤིས་བྲག་ཞུན་སྔར་བཞིན་མུ་མཐུད་དུ་འགུལ་སྐྱོད་བྱེད་བཞིན་ཡོད་པ་མ་ཟད། ཁྱབ་རྒྱ་ཆེ་བའི་མེ་རི་བྲག་རྡོའི་ཕུང་པོ་དང་ཕུང་པོ་སྣ་ཚོགས་ཆགས་ཡོད། ས་གཞི་ཆགས་རིམ་གསུམ་པའི(ཕལ་ཆེར་ལོ་ངོ་ཁྲི2.5སྔོན)བར་གྱི་མེ་རིའི་ནུས་པ་མཚམས་བཞག་པ་དང་། རྫོང་གི་མངའ་ཁོངས་ཕྱོགས་ཡོངས་ནས་འབུར་དུ་ཐོན་པའི་གནས་ཚུལ་འོག་བསླད་སྐྱོན་དང་བཤུ་ཟད་ཀྱི་ནུས་པ་ཇེ་ཆེར་སོང་སྟེ་ས་གཞི་ཆེན་པོའི་དིམ་བསགས་དངོས་པོ་ཆགས་ཡོད། 

ཕིང་དབྱང་ནི་མེ་རི་ལས་གྲུབ་པའི་ས་དབྱིབས་གཙོ་བོ་ཡིན་པ་དང་། དེ་ནས་ས་ངོ་དིམ་བསགས་བྱས་ཡོད་པས། རིགས་དབྱིབས་རྙོག་འཛིང་ཡིན་ཞིང་། དེར་རི་བོ་འབྲིང་བ(སྨི1000ཡན)དང་། རི་དམའ་མོ(སྨི500ནས་1000བར)དང་། རི་མ་ཐང(སྨི500མན)དང་། གྲོག་རོང་། བདེ་ཐང་། གཙང་ཆུ། གྲམ་ཐང་། གླིང་ཕྲན་བཅས་ཡོད། ནན་ཡན་ཏང་རི་རྒྱུད་དང་ཨོ་ཅང་གཙང་པོའི་ཆུ་རྒྱུད་ས་ཁོངས་ཧྲིལ་པོར་ཁྱབ་ཅིང་། ས་བབ་ནུབ་མཐོ་ལ་ཤར་དམའ་ཞིང་། ནུབ་རྒྱུད་ཀྱི་ཕྱོགས་བཞི་མཐོ་ལ་བར་དམའ་བ་ཡིན། རྒྱ་མཚོའི་འགྲམ་རྒྱུད་དུ་དུས་ཡུན་རིང་པོར་མར་ནུབ་པའི་རྐྱེན་གྱིས་གླིང་ཕྲན་མང་པོ་ཞིག་དང་དུང་ཆེན་དབྱིབས་ཀྱི་མཚོ་ངོགས་སུ་ཆགས་ཡོད་པ་དང་། དེ་ནི་རྒྱ་མཚོའི་འགྲམ་རྒྱུད་ཀྱག་ཀྱོག་ཡིན་པ་དང་། དེ་ནི་ལི་ཡ་སི་དབྱིབས་ཀྱི་མར་ནུབ་པའི་རྣམ་པའི་མཚོ་ངོགས་སུ་གཏོགས་པ་རེད། 

3_3 ནམ་ཟླ།     

ཕིང་དབྱང་ནི་ཀྲེ་ཅང་ཤར་ལྷོའི་མཚོ་རྒྱུད་དུ་གནས་པ་དང་། ཨེ་ཤེ་ཡའི་ཚ་ཁུལ་གྱི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས། 

ཕིང་དབྱང་དུ་ཆར་ཆུ་འབབ་ཚད་ནི1957ལོ་ནས1988ལོའི་བར་དུ། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1674.3ཟིན་པ་དང་། མང་ཤོས་ནི1973ལོར་ཧའོ་སྨི2662.3ཟིན་པ། ཉུང་ཤོས་ནི1967ལོར་ཧའོ་སྨི1065ལས་མེད། ལོ་རེའི་བར་ཧེ་བག་ཧའོ་སྨི1597.3ཟིན་ཡོད།      ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་གཙོ་བོ་དཔྱིད་ཀ་དང་དབྱར་ཁའི་དུས་ཚིགས་གཉིས་སུ་འདུས་ཡོད། དཔྱིད་ཆར་གྱི་དུས་སྐབས(3-4)དྲོད་བརླན་རླུང་ཚོམ་གྱི་སྟོབས་ཤུགས་ཇེ་དྲག་ཏུ་སོང་བ་དང་། མཁའ་རླུང་གྲང་མོའི་སྟོབས་ཤུགས་ཇེ་ཞན་དུ་སོང་བ། གྲང་འཁྱག་གི་རླུང་ཚོམ་ཧྭ་ནན་གྱི་བར་སྣང་དུ་ཞི་འཇགས་མཚམས་སུ་གནས་པས། དེའི་ཤུགས་རྐྱེན་དང་སྤྲིན་ཆར་མང་བའི་གནམ་གཤིས་ཀྱིས་ཆ་སྙོམས་ཀྱི་ཆར་ཉིན37དང་། ཆར་ཚད་ཧའོ་སྨི287ཡིན་པ་དེས་ལོ་ཧྲིལ་བོའི17%ཟིན་ཡོད། 

སོས་ཆར་གྱི་དུས་སྐབས(ཟླ5-6)ལྷོ་ཕྱོགས་ཀྱི་དྲོད་གཤེར་རླུང་རྒྱུན་གྱིས་བྱང་ཕྱོགས་སུ་འདེད་ཤུགས་ཆེ་རུ་བཏང་ནས་མཚམས་ངོས་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་འབབ་རྒྱུད་དུ་སྤོས་པ་དང་། རྫོང་ཁོངས་སུ་ཆར་པ་འབབ་ཚད་མང་བ་མ་ཟད། ཆར་ཆུའི་འབབ་ཚད་ཀྱང་ཅུང་ཆེ་བ་དང་། ཆར་ཆུའི་འབབ་ཚད་ཧའོ་སྨི420ཡིན་ཞིང་། ལོ་ཧྲིལ་པོའི25%དང་། ཆར་པའི་ཉིན39ཡིན། ཟླ5པའི་ཆ་སྙོམས་ཆར་ཉིན20ཟིན་པ་དེ་ལོ་ཧྲིལ་པོའི་ཟླ་ཁག་གི་ཨང་དང་པོ་ཡིན། དྲག་རླུང་འབྲུག་ཆར་གྱི་དུས་སྐབས(7-9)རླུང་འཚུབ་ཀྱི་ཤུགས་རྐྱེན་ཐེབས་ནས་ཆར་པ་འབབ་ཚད་མང་བ་དང་། ཆར་ཤུགས་ཆེ་བ། ནུབ་རྒྱུད་རི་ཁུལ་དུ་ས་དབྱིབས་ཀྱི་བྱེད་ནུས་ཀྱིས་རྐྱེན་པས་འབྲུག་ཆར་ཡང་ཅུང་མང་བ་རེད། 

ཟླ7པ་ནས9པའི་བར་ཆར་པ་འབབ་ཚད་བསྡོམས་འབོར་ཧའོ་སྨི630ཟིན་པ་དང་ལོ་ཧྲིལ་པོའི38%ཟིན་ནས་ཆར་པ་འབབ་ཚད་མང་ཤོས་ཀྱི་དུས་ཚིགས་ཡིན་པ་དང་ཆར་པ་འབབ་ཚད་ཉིན43ཡིན། སྟོན་མཇུག་དང་དགུན་ཁར་ཆར་ཆུ་ཉུང་བའི་དུས་སུ། (ཟླ10-12)མཐའ་སྣེའི་སྐམ་ཤས་ཆེ་བའི་མཁའ་རླུང་གྲང་བའི་ཚོགས་པས་ཚོད་འཛིན་བྱས་པས། ཆར་པ་འབབ་ཚད་ཅུང་ཉུང་བ་མ་ཟད། ས་ཁོངས་ཁྱབ་ཚུལ་སྙོམས་པོ་ཡིན་པས། ཆར་པ་འབབ་ཚད་བསྡོམས་འབོར་ཧའོ་སྨི290-360ལས་མེད། 

3_4 ཆུ་དཔྱད།     

ཕིང་དབྱང་རྫོང་ཁོངས་ནི་བྱང་ཕྱོགས་ཧྥེ་ཡུན་གཙང་པོའི་ཆུ་རྒྱུད་ཡིན་པ་དང་། གཙོ་བོ་ནི་ཕིན་རུའེ་ཐང་གཙང་པོ་དང་། ལྷོ་ནུབ་ཚང་མ་ཨོ་ཅང་གཙང་པོའི་རྒྱུད་དུ་གཏོགས། ཨོ་ཅང་གཙང་པོ་ནུབ་ནས་ཤར་དུ་ཤར་གྱི་མངའ་ཁོངས་ཡོངས་སུ་བརྒལ་ནས་ཤར་གྱི་རྒྱ་མཚོ་དང་། ཕིང་ཨོ་དང་ཞའོ་མ་ཐང་ཆུ་བོ་ཡང་ཨོ་ཅང་གཙང་པོར་བབས་པས། མཚོ་རྒྱུད་ཀྱི་མཚོ་རླབས་དང་ཆུ་དཔྱད་ཀྱི་རྨང་གཞི་གཙོ་བོ་ཆགས་ཡོད།      རྫོང་ཡོངས་ཀྱི་ཆུ་ལམ་གྱི་སྤྱིའི་རིང་ཚད་སྟོང་སྨི550ཡོད་པ་དང་། ཆུ་ཁོངས་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1866ཡོད། ཨོ་ཅང་གཙང་པོ་ནི་ཕིང་དབྱང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ343ཡོད་པ་དང་། གཞུང་རྒྱུན་གྱི་རིང་ཚད་སྟོང་སྨི28.4དང་འབབ་རྒྱུད་ཀྱི་ཆ་སྙོམས་ཞེང་ཚད་སྟོང་སྨི12ཡིན་པ་དང་། ཆུ་མདོ་དང་བར་ཐག་སྟོང་སྨི27ཡོད། ཆུ་འདུས་རྒྱ་ཁྱོན་ནི་ཀྲེ་ཅང་རི་མ་ཐང་གི་ས་ཁུལ་ཡིན་པ་དང་། མཐའ་འཁོར་དབྱེ་མཚམས་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི330ཡས་མས་ཟིན་གྱི་ཡོད་པ་དང་། རི་བོ་དང་ཆུ་ཕྲན་གཉིས་ནི་སྒོ་ངའི་གྲམ་ཁ་ཡིན་ལ། གཙང་པོའི་རྒྱུད་དུ་ཞེང་ཆེ་བའི་སྒོ་ངའི་གྲམ་ཐང་ཡང་ཡོད། 

4 རང་བྱུང་ཐོན་ཁུངས།
4_1 མཚོ་ཐོན་ཐོན་ཁུངས།     

སྤྱི་ལོ1981ལོར་ཚང་ནན་རྫོང་བཀར་རྗེས་མཚུར་དཀར་དང་ཚྭ། དེ་བཞིན་ཚ་ཁུལ་ཕལ་པའི་རྩི་ཤིང་ཁག་གཅིག་ཚང་ནན་རྫོང་དུ་གཏོགས་ཤིང་། ཕིང་དབྱང་རྫོང་གི་ཆུ་ཐོན་གཙོ་བོ་ནན་ཡན་ཉ་གསོ་ར་བར་ཡོད་མོད། འོན་ཀྱང་གང་བྱུང་དུ་ཉ་བཟུང་བ་དང་མཚོ་ཆུའི་སྦགས་བཙོག་གི་རྐྱེན་གྱིས་ཆུ་ཐོན་དངོས་རིགས་ཁག་གཅིག་ཐོན་ཉེན་ཡོད་པ་དང་ཁག་གཅིག་རྩ་མེད་དུ་འགྲོ་ཉེར་ཡོད་པ་རེད། 

4_2 ནགས་ཚལ་ཐོན་ཁུངས།      

སྤྱི་ལོ2001ལོར་བསྡོམས་རྩིས་བྱས་པར་གཞིགས་ན། ཕིང་དབྱང་རྫོང་ཡོངས་སུ་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི70.3ཟིན་པ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི104.3ཟིན་པ་རེད། ནགས་ཚལ་ཁྱབ་ཚད50.6%ཟིན་པ་དང་། ནགས་ལ་འཚམ་པའི་རི་རྒོད་སྔོ་ལྗང་ཅན་དུ་འགྱུར་ཚད93%ཟིན། ལམ་དང་། ཆུ་ཡུར། ཆུ་རགས་བཅས་སུ་འགྱུར་ཚད91.4%ཟིན་ཡོད། 

5 མི་འབོར།  

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པར་གཞིགས་ན། ཕིང་དབྱང་རྫོང་ཁོངས་ཀྱི་མི་འབོར་གྱི་གནས་ཚུལ་གཤམ་གསལ་ལྟར།

ཐེངས་དང་པོ(སྤྱི་ལོ1953ལོའི་ཟླ6ཚེས30ཉིན)མི342524དང་།

ཐེངས་གཉིས་པ། (སྤྱི་ལོ1964ལོའི་ཟླ6ཚེས30ཉིན། )མི435784ཡོད།

ཐེངས་གསུམ་པར(སྤྱི་ལོ1982ལོའི་ཟླ7པའི་ཚེས1ཉིན)མི675467ཡོད།

ཐེངས་བཞི་པ། (སྤྱི་ལོ1990ལོའི་ཟླ7ཚེས1ཉིན)མི་གྲངས702804ཡོད།

ཐེངས་ལྔ་པ། (སྤྱི་ལོ2000ལོའི་ཟླ11ཚེས1ཉིན )མི740448ཡོད།

ཐེངས་དྲུག་པ། (སྤྱི་ལོ2010ལོའི་ཟླ11ཚེས1ཉིན )མི་གྲངས་ཁྲི76.17ཡོད།  མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ལ་ཁྱིམ་ཚང་ཁྲི24.88ཡོད་པ་དང་། ཁྱིམ་ཚང་གི་མི་འབོར་ཁྲི76.17ཡོད་པ་རེད། ཁྱིམ་ཚང་རེར་ཆ་སྙོམས་མི་གྲངས2.88ཡོད་པ་དེསྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་མི་གྲངས3.38ལས0.5ཉུང་དུ་ཕྱིན་ཡོད་པ་རེད།      ཕོ་མོའི་གྲུབ་ཆའི་ཐད་རྫོང་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པའི་མི་འབོར་ཁྲི39.39ཟིན་པ་དེས51.72%བཟུང་བ་དང་། བུད་མེད་མི་འབོར་ཁྲི36.77ཟིན་པ་དེས48.28%བཟུང་ཡོད། སྤྱིའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད་དེ་སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི110.1ནས107.13བར་བརྒལ་ཡོད།      ལོ་ནའི་གྲུབ་ཚུལ་ཐད་རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་ལོ0ནས14བར་གྱི་མི་འབོར་ཁྲི11.47ཟིན་པ་དེས་15.06%བཟུང་བ་དང་། ལོ15ནས59བར་གྱི་མི་འབོར་ཁྲི53.68ཡོད་པ་དེས70.48%བཟུང་བ་དང་། ལོ60དང་དེའི་ཡན་གྱི་མི་འབོར་ཁྲི11.01ཟིན་པ་དེས14.46%བཟུང་བའི་ནང་ལོ65དང་དེའི་ཡན་གྱི་མི་འབོར་ཁྲི7.78ཟིན་པ་དེས10.21%བཟུང་ཡོད། 

སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན་ལོ0ནས14བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས6.45ཆག་པ་དང་། ལོ15ནས59བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས4.08འཕར་བ་རེད། ལོ60དང་དེའི་ཡན་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས2.37འཕར་བ་དང་། ལོ65དང་དེའི་ཡན་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས1.57འཕར་ཡོད།      སློབ་གསོ་ཐོབ་ཚད་ཐོག་ནས་བལྟས་ན། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་སློབ་ཆེན(ཆེད་ཚན་སློབ་གྲྭ་ཆེ་མོ་ཡན་ལ་ཟེར)གྱི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་ཁྲི4.27ཡོད་པ་དང་། མཐོ་རིམ་སློབ་འབྲིང(འབྲིང་རིམ་ཆེད་ཚན་ཚུད་)རིག་གནས་ཆུ་ཚད་ལྡན་པའི་མི་འབོར་ཁྲི9.03ཟིན་པ་རེད། དམའ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་ཁྲི23.73ཟིན་པ། སློབ་ཆུང་གི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་ཁྲི27.53(དེའི་ཡན་གྱི་སློབ་གསོ་ཐོབ་པའི་ཚད་གཞི་སྣ་ཚོགས་ཀྱི་ནང་སློབ་གྲྭ་སྣ་ཚོགས་ཀྱི་སློབ་ཐོན་སློབ་མ་དང་། སློབ་གྲྭ་ནས་ཐོན་པའི་སློབ་མ། སློབ་གྲྭར་ཡོད་པའི་སློབ་མ་བཅས་ཚུད་ཡོད།) སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན། མི་ཁྲི10རེའི་ཁྲོད་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པ་མི1715ནས་མི5609རུ་འཕར་བ་དང་། མཐོ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པ་མི7353ནས་མི11854རུ་འཕར་བ་དང་། དམའ་རིམ་སློབ་འབྲིང་གི་ཡོན་ཚད་ལྡན་པ་མི28471ནས་མི31160བར་འཕར་བ་རེད། སློབ་ཆུང་གི་རིག་གནས་ཆུ་ཚད་ལྡན་པ་མི44735ནས་མི36150བར་ཆག་ཡོད། 

རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་ཡིག་རྨོངས་མི་གྲངས(ལོ15ཡན་གྱི་ཡི་གེ་མི་ཤེས་པའི་མི)ཁྲི5.86དང་ཡིག་རྨོངས་བ7.69%ཡིན།      སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཕིང་དབྱང་རྫོང་གི་ཐེམ་ཐོའི་མི་འབོར་ཁྲི88.63ཟིན་པའི་ནང་བུད་མེད་མི་འབོར་ཁྲི42.65ཟིན་པ་དེས་སྤྱིའི་མི་འབོར་གྱི48.1%བཟུང་བ་དང་། ལོ་དེར་གསར་སྐྱེས་མི་འབོར་ཁྲི1.20ཡོད་པ་དང་སྐྱེས་ཚད13.51%ཟིན་པ་རེད། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཁྲི0.60དང་ཤི་ཚད6.81%ཟིན་པ་དང་། ལོ་ཧྲིལ་པོར་མི་འབོར་རང་བྱུང་འཕར་ཚད6.70%ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད57.2%ཡིན། 

6 དཔལ་འབྱོར།

སྤྱི་ལོ2016ལོར། ཕིང་དབྱང་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར372.9ཟིན་པ་དང་ལོ་ལྔའི་རིང་ལོ་རེར་ཆ་སྙོམས8.7%འཕར་ནས་འཕར་ཚད་ལོ་ལྔ་བསྟུད་མར་གྲོང་ཁྱེར་དེ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར43.9དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར27.8ཡིན་ཞིང་། ལོ་ལྔའི་རིང་ལོ་རེར་ཆ་སྙོམས་སོ་སོར8%དང8.9%འཕར་ཡོད། ཚད་ལྡན་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར320ཟིན་པ་དང་ལོ་ལྔའི་རིང་ལོ་རེར་ཆ་སྙོམས7.7%འཕར་བ་རེད། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར206ཡིན་པ་དང་། ལོ་ལྔའི་ནང་ལྡབ་འཕར་བྱུང་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར50.9ཟིན་པ་དང་ལོ་ལྔའི་རིང་ལོར་ཆ་སྙོམས་འཕར་ཚད་གྲོང་ཁྱེར་དེ་ཡོངས་ཀྱི་བརྒྱ་ཆའི་གྲངས9ལས་མཐོ་བ་ཡོད། ལོ་ལྔའི་ནང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར1486བཏང་བ་དེ་ལོ་གོང་མའི་ལོ་ལྔ་ལས་ལྡབ4.2འཕར་ཡོད།  

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོའི་ལས་དོན།

སྤྱི་ལོ2016ལོར་རྫོང་ཡོངས་སུ་བུ་བཅོལ་ཁང100ཡོད་པ་དེ་ལོ་གོང་མ་ལས1མང་དུ་ཕྱིན་པ་དང་བུ་བཅོལ་ཁང་དུ་བྱིས་པ་ཁྲི2.78ཡོད་པ་དང་ལོ3ནས5བར་གྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད98.1%ཟིན་པ་དང་། སློབ་ཆུང55ཡོད་པ་དེ་ལོ་གོང་མ་ལས་སློབ་གྲྭ2མང་དུ་ཕྱིན་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི5.90ཡོད་པ་དང་། སློབ་གྲྭར་ཞུགས་ཚད100%དང་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད100%ཟིན་པ་རེད། དམའ་རིམ་སློབ་འབྲིང38ཡོད་པ་དེ་ལོ་གོང་མ་ལས1མང་དུ་ཕྱིན་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི2.68ཡོད་པ་དང་། སློབ་གྲྭར་ཞུགས་ཚད100%ཟིན་པ་རེད། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད98.2%ཟིན་པ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མ8ཀྱིས་སློབ་མ་ཁྲི0.44བསྡུས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི1.32ཡོད། ལས་རིགས་མཐོ་འབྲིང4ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི0.90ཡོད། ཞིང་ཆེན་གྱི་གྲགས་ཅན་དགེ་རྒན་གྱི་ལས་དོན་ཁང1རེ་འདུན་ཞུ་བྱས་པ་དང་། གྲོང་ཁྱེར་རིམ་པའི་རྐང་འཛིན་པའི(ཁྱད་ལྡན་གསར་གཏོད)ཆེད་ལས2དང་། གྲོང་ཁྱེར་གྱི་སྤུས་རྟགས་ཆེད་ལས1 གྲོང་ཁྱེར་རིམ་པའི་སློབ་མའི་གསར་གཏོད་ལས་གཏོད་ཚོད་ལྟ་ཁང1 གྲོང་ཁྱེར་རིམ་པའི་འབྲིང་རིམ་ལས་རིགས་སློབ་ཚན་སྒྱུར་བཀོད་ཀྱི་སློབ་ཚན་རྩེ་གྲ1བཅས་བསྐྲུན་ཡོད། ཞིང་ཆེན་ཚད་ལྡན་ཅན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལག་རྩལ་སློབ་གྲྭ6བཙུགས་ནས་གྲོང་ཁྱེར་རིམ་པའི་སྡེ་ཁུལ་སློབ་གྲྭ5 དང་གྲོང་ཁྱེར་གྱི་གྲངས་འཛིན་ཅན་གྱི་སྡེ་ཁུལ1བསྐྲུན་ཡོད། 

བྱིས་པའི་སློབ་གསོའི་ཆེད་བསྐོས་དགེ་རྒན1677ཡོད་པ་དང་། སློབ་རྒྱུས་ལོན་ཚད83.8%ཟིན་པ་དང་། ལག་ཁྱེར་ལོན་ཚད80.1%ཟིན་པ་རེད། སློབ་ཆུང་གི་ཆེད་བསྐོས་དགེ་རྒན3326ཡོད་པ་དང་སློབ་རྒྱུས་ཚད་ལོན་ཚད99.9%ཟིན་པ་དང་ཆེད་ཚན་དང་དེའི་ཡན་གྱི་སློབ་རྒྱུས་བསྡུར་ཚད93.9%ཟིན་པ། དམའ་རིམ་སློབ་འབྲིང་གི་ཆེད་བསྐོས་དགེ་རྒན2309ཡོད་པ་དང་སློབ་རྒྱུས་ཚད་ལོན་ཚད99.8%ཟིན་པ་རེད། དངོས་གཞིའི་ཚན་ཁག་དང་དེའི་ཡན་གྱི་སློབ་རྒྱུས་བསྡུར་ཚད89.0%ཟིན་པ་དང། མཐོ་རིམ་སློབ་འབྲིང་དཀྱུས་མའི་ཆེད་བསྐོས་དགེ་རྒན942ཡོད་པ་དང་། སློབ་རྒྱུས་ཚད་ལོན་ཚད98.5%ཟིན་པ་དང་། ཞིབ་འཇུག་སློབ་མ་དང་དེའི་ཡན་གྱི་སློབ་རྒྱུས་བསྡུར་ཚད5.6%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.1མཐོ་རུ་ཕྱིན་པ་དང། ལས་རིགས་མཐོ་རིམ་སློབ་གྲྭའི་ཆེད་བསྐོས་དགེ་རྒན576ཡོད་པ་དང་སློབ་རྒྱུས་ལོན་ཚད97.4%ཟིན་པའི་ནང་གཉིས་མཁས་ཅན་གྱི་དགེ་རྒན213ཡོད་པ་རེད།

7_2 ཚན་རྩལ་ལས་དོན།     

སྤྱི་ལོ2016ལོར་ཕིང་དབྱང་རྫོང་གིས་མཐོ་གསར་ལག་རྩལ་ཁེ་ལས13དང་ཁེ་ལས11བསྐྱར་དུ་གཏན་འཁེལ་བྱས་པ་རེད། ཞིང་ཆེན་རིམ་པའི་ཚན་རྩལ་ཅན་གྱི་ཁེ་ལས37དང་། ཞིང་ཆེན་གྱི་མཐོ་རིམ་འཚར་ལོངས་ཅན་གྱི་ཁེ་ལས8གྲོང་ཁྱེར་རིམ་པའི་ཚན་རྩལ(གསར་གཏོད་ཅན)ཁེ་ལས36བཅས་གསར་སྣོན་བྱས་ཡོད། ཁེ་ལས5སྒྲིག་འཛུགས་བྱས་ནས་ཞིང་ཆེན་རིམ་པའི་ཁེ་ལས་ཞིབ་འཇུག་ཁང་དུ་རེ་ཞུ་བྱས་པ་དང3ངོས་འཛིན་བྱས་པ་རེད། ཞིང་ཆེན་རིམ་པའི་ལག་རྩལ་མཐོ་གསར་ཁེ་ལས་ཞིབ་འཇུག་གསར་སྤེལ་ལྟེ་གནས5དང་། གྲོང་ཁྱེར་རིམ་པའི་ཁེ་ལས་ཞིབ་འཇུག་གསར་སྤེལ་ལྟེ་གནས14རྫོང་རིམ་པའི་ཁེ་ལས་ཞིབ་འཇུག་གསར་སྤེལ་ལྟེ་གནས16བཅས་གསར་སྣོན་བྱས་ཡོད། རང་རྫོང་གི་ཞིང་ཆེན་རིམ་པའི་ཁེ་ལས་ཞིབ་འཇུག་ཁང་གི་བསྡོམས་འབོར8ཟིན་པ་དང་ཞིང་ཆེན་རིམ་པའི་གཙོ་གནད་ཁེ་ལས་ཞིབ་འཇུག་ཁང1ཡོད་པ་རེད། ཞིང་ཆེན་རིམ་པའི་ཐོན་རྫས་གསར་པ་ཚོད་བཟོའི་འཆར་གཞི130སྒྲིག་འཛུགས་བྱས་ནས་རྣམ་གྲངས58བཙུགས་ཡོད། ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའ2དང་གྲོང་ཁྱེར་གྱི་ཚན་རིག་ལག་རྩལ་བྱ་དགའ9འོས་སྦྱོར་རེ་ཞུ་བྱས་པའི་ནང་རྣམ་གྲངས1ལ་ཞིང་ཆེན་རིམ་པའི་ཚན་རྩལ་ཡར་ཐོན་བྱ་དགའི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། རྣམ་གྲངས3ལ་གྲོང་ཁྱེར་གྱི་ཚན་རྩལ་ཡར་ཐོན་བྱ་དགའི་བྱ་དགའ་ཨང་གསུམ་པ་ཐོབ་པ། རྫོང་གི་ཚན་རྩལ་བྱ་དགའ24ལ་དཔྱད་བསྡུར་གཏན་འབེབས་བྱས་པ་རེད། དྲ་ཐོག་ལག་རྩལ་ཚོང་ར་ཐོན་ལས་ཅན་དུ་འགྱུར་བའི་རྣམ་གྲངས2རེ་ཞུ་བྱས་ཡོད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་རེ་ཞུའི་བསྡོམས་འབོར3223ཟིན་པ་དེ་ལོ་གོང་མ་ལས46.1%འཕར་བ་དང་ཁེ་བེད་བདག་ཐོབ་ཀྱི་དབང་ཆ་སྤྲད་པའི་བསྡོམས་འབོར1906ཟིན་ནས26.6%འཕར་བའི་ནང་གསར་གཏོད་ཁེ་བེད་བདག་ཐོབ79ཡོད་པ་དེ38.6%འཕར་ཡོད།   

7_3 འཕྲོད་བསྟེན་ལས་དོན།     

ཕིང་དབྱང་དུ་འཕྲོད་བསྟེན་ལས་ཁུངས89དང་། རྫོང་རིམ་པའི་ཕྱོགས་བསྡུས་སྨན་ཁང3 རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་ཆེད་ཚན་སྨན་ཁང1 འཕྲོད་བསྟེན་རིམས་འགོག་ས་ཚིགས1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང1 འཕྲོད་བསྟེན་ཟབ་སྦྱོང་སློབ་གྲྭ1 སྨན་རྫས་བརྟག་བཤེར་ཁང1 གསོ་རིག་ཚན་ཞིབ་ཁང1 ལྟེ་བའི་འཕྲོད་བསྟེན་ཁང6 འཕྲོད་བསྟེན་ཁང8 ཡུལ་ཚོ་དང་གྲོང་འཕྲོད་བསྟེན་ཁང34 ཡན་ལག་ཁང32བཅས་ཡོད་པ་དང་ཁྱོན་ཞིང་ཆེན་གྱི་ཤེས་དཔལ་འཕྲོད་བསྟེན་ཁང13 རིམ་པའི་འཕྲོད་བསྟེན་ཁང15བཅས་ཡོད་པ་རེད། ནད་ཁྲི་ཁྱོན1079དང་། འཕྲོད་བསྟེན་ཁོངས་གཏོགས་ཀྱི་མི་སྣ2145མཐོ་རིམ་གོ་མིང29 རིམ་པ་འབྲིང་བའི་གོ་མིང191 རྫོང་ཡོངས་ཀྱི་སྨན་པ427བཅས་ཡོད་པ་དང་། མི་སྟོང་རེར་སྨན་པ0.55ཟིན་ཡོད།

2016ལོའི་ལོ་མཇུག་བར་ཕིང་དབྱང་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི593ཡོད་པའི་ནང་སྨན་ཁང6དང་འཕྲོད་བསྟེན་ཁང་30ཡོད་པ་དང་། ནད་ཁྲི2582དང་རིགས་ཁག་གི་འཕྲོད་བསྟེན་ལག་རྩལ་མི་སྣ4719ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ1524དང་། ལས་གཉེར་ལས་རོགས་སྨན་པ་དཀའ་བཅུ་པ671 ནད་གཡོག1725བཅས་ཡོད་པ་རེད། རྫོང་ཡོངས་ཀྱི་ཆ་སྙོམས་མི་སྟོང་རེར་སྨན་པའི་གྲངས་འབོར་དང་ནད་ཁྲིའི་གྲངས་འབོར་སོ་སོར་མི2.48དང2.92ཡོད་པ་རེད།  འཕྲིན་སྐྱེལ་ལས་དོན།     སྤྱི་ལོ2010ལོར་ཕིང་དབྱང་ལ་གོ་རིམ་ལྡན་པའི་ངང་ཚོད་འཛིན་བྱེད་པའི་ཁ་པར་ཁྲི18ཡོད་པ་དང་། གོ་རིམ་ལྡན་པའི་ངང་ཚོད་འཛིན་བྱེད་པའི་ཁ་པར་དང་། རང་འགུལ་ངང་འབོད་བརྡ་གཏོང་བ། སྒུལ་བདེའི་ཁ་པར། འོད་འཁྲིད་ཚི་སྐུད་འཕྲིན་གཏོང་མ་ལག་བཅས་ཚུད་པའི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་དེང་རབས་ཀྱི་ལངས་གཟུགས་འཕྲིན་གཏོང་དྲ་རྒྱ་ཞིག་ཆགས་ནས་གྲོང་ཚོ་ཚང་མར་ཁ་པར་ཤར་གཏོང་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་རྒྱལ་ཡོངས་ཀྱི་སྦྲག་སྲིད་གློག་འཕྲིན་གྱི་ཕུལ་བྱུང་རྫོང་བརྒྱའི་གྲས་སུ་སླེབས་ཡོད་པ་རེད།  

7_4 གྲོང་ཁྱེར་འཛུགས་སྐྲུན།     

ཕིང་དབྱང་རྫོང་གི་སྒྲིག་གཞི་ཚང་བའི་གྲོང་རྡལ17དུ་མི་འབོར79%ཡན་དང99%ཡན་གྱི་བཟོ་ལས་དང87%ཡན་གྱི་ཚོང་ཟོག་ཁྲོམ་ར་འདུས་ཡོད། ཁུན་དབྱང་དང་། ཨའོ་ཅང་། ཧྲུའེ་ཐོའུ་། ཞའོ་ཅང་། མ་པུའུ། ཐེང་ཅུས་བཅས་གྲོང་རྡལ་ཆེན་པོ་དྲུག་གི་བཟོ་ལས་ཐོན་རྫས་རིན་ཐང་གིས་རྫོང་ཡོངས་ཀྱི90%ཟིན་ཡོད། ཁུན་དབྱང་དང་ལུའུ་ཅང་གྲོང་རྡལ་གཉིས་ཞིང་ཆེན་ཡོངས་ཀྱི་པའེ་ཆང་གྲོང་རྡལ་གྱི་གྲས་སུ་ཚུད་པ་དང་། ཁུན་དབྱང་དང་། ཝུའུ་ཅང་། ཧྲུའེ་ཐོའུ། ཞའོ་ཅང་བཅས་གྲོང་རྡལ་བཞི་ཝུན་ཀྲོའུ་ཡི་སན་ཆང་གྲོང་རྡལ་གྱི་གྲས་སུ་ཚུད་ཡོད། “བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། གཞི་ཁྱོན་ཆེ་བ། བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་མཐོར་གཏོང”བཅས་ཀྱི་བླང་བྱ་གཞིར་བཟུང་ཁུན་ཨའོ་མཉམ་སྡེབ་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁུན་དབྱང་གྲོང་རྡལ་དེ་ཆབ་སྲིད་རིག་གནས་ལྟེ་གནས་སུ་བསྐྲུན་རྒྱུར་ཤུགས་རྒྱག་པ། ཨའོ་ཅང་འདི་ཉིད་དངུལ་རྩའི་ཚོང་དོན་ལྟེ་གནས་སུ་འགྱུར་བ་བཅས་བྱེད་དགོས། གྲོང་ཁུལ་རྙིང་པ་སྒྱུར་བཀོད་དང་ཁུལ་གསར་པ་གསར་སྤེལ་བྱ་རྒྱུ་དུས་གཅིག་ཏུ་སྤེལ་ཞིང་། དུས་རབས20པའི་ལོ་རབས90པ་ནས་བཟུང་གྲོང་ཁྱེར་རྙིང་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི50ལྷག་ཙམ་ཟིན་པ་དང་གསར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི102.7ཟིན་ཡོད། 

སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་རྗེས་ཁུན་དབྱང་དང་ལི་ཅང་གྲོང་རྡལ་གཉིས་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ182.4ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི22.9ཟིན་ཡོད། སྤྱི་ལོ2007ལོའི་བར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ38.4ཟིན་པ་དང་གྲོང་ཁྱེར་ཅན་གྱི་ཆུ་ཚད་50.6%ཟིན་ཡོད། སྤྱི་ལོ2005ལོའི་བར་རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་གྲོང་ཁྱེར་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར52བཏང་བའི་ནང་སྤྱི་ཚོགས་ཀྱི་མ་དངུལ་གྱིས86%བཟུང་ཡོད། 

7_5 འགྲིམ་འགྲུལ་སྐྱེལ་འདྲེན།  

རྒྱལ་ལམ104དང་། ཞིང་ཆེན་རིམ་པའི་གཞུང་ལམ། ཡུང་ཐའེ་ཝུན་མྱུར་བགྲོད་གཞུང་ལམ་། ཝུན་ཧྥུ་ལྕགས་ལམ། ཕིང་དབྱང་རྫོང་ཁུན་དབྱང་གྲོང་རྡལ་ཁྲོམ་གཞུང་། ཕིང་དབྱང་རྫོང་ཁུན་དབྱང་གྲོང་རྡལ་སྲང་ལམ། ལམ་དེ་ཕིང་དབྱང་རྫོང་གི་མངའ་ཁོངས་སུ་ཁྱབ་ཡོད། རྫོང་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ལས་བརྒལ་བའི་ཐག་རིང་འགྲུལ་སྐྱེལ་ལམ་ཐིག72ཡོད་པ་དེ་དག་ཞིང་ཆེན་དང་གྲོང་ཁྱེར21ལ་ཤར་གཏོང་ཐུབ་པ་དང་སྤྱིའི་རིང་ཚད་ལ་སྟོང་སྨི91239ཡོད་པ་རེད། ལོ་ལྔའི་འཆར་གཞི་དགུ་པའི་རིང་། གཞུང་ལམ་གསར་པ་དང་བསྐྱར་བཟོ་བྱས་གྲངས་སྟོང་སྨི152.5ཡོད་པ་དང་། གྲོང་ཚོར་ཤར་གཏོང་ཐུབ་པའི་སྟབས་བདེའི་གཞུང་ལམ་སྟོང་སྨི1350ཡོད་པས་གཞི་རྩའི་ཆ་ནས་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད། 

ལོ་བརྒྱའི་ཚོང་དོན་གྲོང་ཁྱེར་ཨའོ་ཅང་གྲུ་ཁ་ནི་ཀྲེ་ཅང་ཞིང་ཆེན་གྱི་མཉམ་འདྲེན་གྲུ་ཁ་ཆེ་གྲས་ལྔའི་གྲས་ཤིག་ཡིན་པ་དང་ལོར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི100ལྷག་ཙམ་ཟིན་ནས་ཐའེ་ཝན་ཚོང་དོན་གྱི་འགག་སྒོ་གལ་ཆེན་ཞིག་རེད།  སྤྱི་ལོ2016ལོའི་ལོ་མཇུག་བར་ཕིང་དབྱང་རྫོང་གི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ1589ཟིན་པའི་ནང་རིམ་པའི་གཞུང་ལམ(རིམ་པ་བཞི་པ་ཚུད་པ)གྱི་ལམ་ཚད་སྤྱི་ལེ1582ཡོད་པ་རེད། འགྲུལ་སྐྱེལ་རྒྱུན་ཚིགས་རླངས་འཁོར་གྲོང་ཚོར་ཤར་གཏོང་ཐུབ་ཚད91.2%ཟིན་པ་དང་ལོ་ཧྲིལ་པོར་གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི3018ཟིན་པ། གཞུང་ལམ་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི701ཟིན་པ། གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི303.6ཟིན་ཡོད། ལོ་ཧྲིལ་པོར་གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་གྱི་དངོས་ཟོག་འཁོར་རྒྱུག་བྱེད་ཚད་ཏུན་དུང་ཕྱུར8.64ཟིན་པ་དང་། འགྲུལ་པ་སྤྱིའི་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་དུང་ཕྱུར15.87ཟིན་ཡོད། 

8 མི་སྣ་གྲགས་ཅན།   

ཞེ་དབྱི་ཞུན། (1888~1987) ཧྥེང་ཁྲའོ་ནས་ཡིན། དེང་རབས་ཀྲུང་གོའི་མིག་མངས་ལས་འགུལ་གྱི་གསར་འབྱེད་པ། རྒྱལ་གཅེས་མིག་མངས་པ། མིག་མངས་སྤྱི་ཁྱབ་སི་ལིན་དང་། “ཀྲུང་གོའི་མིག་མངས་རྒྱལ་པོ”ཞེས་པའི་མཚན་སྙན་ཐོབ་མྱོང་ཡོད།      

ཀྲང་ཆན(1891~1977) ཨའོ་ཅང་གི་མི་ཡིན། ཀྲུང་གོའི་གཤགས་ལས་པ་དང་གསོ་རིག་སློབ་གསོ་བ། ཀྲུང་གོའི་གཤག་ལས་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་བཞེས་མྱོང་།      

སུའུ་མིང་ཧྲའོ། (1900~1966) ཁུན་དབྱང་གི་མི་ཡིན། ཕིན་དབྱང་གི“སུའུ་གསུམ་”གྱི་གྲས་ཤིག་ཡིན་ཞིང་། མི་སྣ་མང་བའི་རི་མོ་བ་ཡིན། སྙན་ངག་དང་། དཔེ་དེབ། རི་མོ་བཅས་གསུམ་པོ་མཛེས་པས“ཝུན་ཀྲོའུ་རུ་མངགས་པའི་མི་སྣའི་མེས་པོ”ཞེས་འབོད་ཀྱི་ཡོད།      

སུའུ་པུའུ་ཆིན། (1902~2003) ཐེང་ཡོན་ནས་ཡིན། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་དང་། ཕུལ་དུ་བྱུང་བའི་རྩིས་རིག་པ། སློབ་གསོ་པ་བཅས་ཡིན། རྩིས་རིག་རྒྱལ་པོ་ཞེས་འབོད། རྒྱལ་ཡོངས་ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་།      

མ་ཞིན་ཡེ། (1909~1991) གསར་འགྱུར་མཁས་པ་དང་ཕུལ་དུ་བྱུང་བའི་གསར་འགྱུར་སློབ་གསོ་བ། ནན་ཅིན་གྱི《ཀྲུང་དབྱང་ཉིན་རེའི་ཚགས་པར》གྱི་ཧྲེ་ཀྲང་གི་འགན་འཁུར་མྱོང་། གསར་འགྱུར་མཁས་ཆེན་ཞེས་འབོད།      

ཝུའུ་ཅིན་རུང་། (1915~1994) ཁུན་དབྱང་ནས་ཡིན། རིག་གནས་པ་དང་སློབ་གསོ་པ་གྲགས་ཅན་ཞིག་ཡིན། ཞུས་གོ་ཀྲང་དང་ཝང་ཙོ་ལེང་གཉིས་ལ“དབྱིན་ཡིག་གི་དབང་གྲགས་ཆེན་པོ་གསུམ”ཟེར། འཛམ་གླིང་གི་གྲགས་ཅན་མི་སྣའི་ཟིན་ཐོ་མང་པོ་བཀོད་ཡོད།  

9 གཟི་བརྗིད་མཚན་སྙན།     

ཕིང་དབྱང་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་རིག་གནས་ལས་དོན་གྱི་སྔོན་ཐོན་རྫོང”དང་། “ཀྲུང་གོའི་དྲག་རྩལ་གྱི་ཕ་ཡུལ” “ཀྲུང་གོའི་མིག་མངས་ཀྱི་ཕ་ཡུལ” “རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་གྱི་སྔོན་ཐོན་རྫོང” “རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་རྫོང” “ཞིང་ཆེན་རིམ་པའི་ཤེས་དཔལ་གྲོང་ཁྱེར” “ཞིང་ཆེན་རིམ་པའི་སློབ་གསོའི་སྟོབས་ཆེའི་རྫོང”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། རྫོང་གྲོང་ཁུན་དབྱང་གྲོང་རྡལ་ལ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་རྡལ་གྱི་མཚན་སྙན་ཐོབ་པ་དང་ཕིང་དབྱང་རྫོང་ལ་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ100དང་། ཀྲུང་གོའི་རྫོང་ཁོངས་མཛེས་ཤོས།མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་བཅས་ལྡན་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང(གྲོང་ཁྱེར)བརྒྱ། རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོར་གཏོང་གི་རྫོང་ཧྲིལ་པོའི་སྐུལ་འདེད་ཚོད་ལྟའི་ཚན་པ་བཅས་རེད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-06

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།