ཡོན་ཨན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོན་ཨན་རྫོང་།
ཡོན་ཨན་རྫོང་ནི་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧུའུ་པེ་ཞིང་ཆེན་གྱི་ནུབ་རྒྱུད་དང་དབྱི་ཁྲང་གྲོང་ཁྱེར་གྱི་བྱང་ཤར་དུ་གནས་ཡོད། རྫོང་ཁོངས་ཀྱི་ཤར་ངོས་དང་། ཤར་ལྷོ། ཅིན་མོན་གྲོང་ཁྱེར། ཏང་དབྱང་གྲོང་ཁྱེར་བཅས་དང་ས་མཚམས་འབྲེལ་ཡོད། ལྷོ་ནུབ་དང་ནུབ་ནི་དབྱི་ལིན་ས་ཁུལ་དང་འབྲེལ་ཞིང་། བྱང་ནི་པའོ་ཁང་རྫོང་དང་ནན་ཀྲང་རྫོང་དང་ས་མཚམས་འབྲེལ་ཡོད། ཡོན་ཨན་རྫོང་ནི་ཧོང་ཏིའི་ཆུང་མ་སྟེ་ལེ་ཙུའུ་ཡི་ཕ་ཡུལ་ཡིན་ལ། ཁྲུའུ་རིག་གནས་ཀྱི་འབྱུང་གནས་ཀྱི་གྲས་ཤིག་ཀྱང་ཡིན། ཡོན་ཨན་རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1752ཡོད་པ་དང་། ཡོན་ཨན་རྫོང་ཁོངས་གཏོགས་སུ་གྲོང་རྡལ6དང་ཤང1ཡོད། སྤྱི་ལོ2015ལོའི་སྤྱིའི་མི་འབོར་ཁྲི19.5ཡོད། དེ་ནི་ཧུའུ་པེ་ཞིང་ཆེན་གྱིས་སྤྱི་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་མེད་པའི་རྫོང་ཞིག་རེད། སྤྱི་ལོ2018ལོའི་ཟླ8པའི་ཚེས7ཉིན་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གིས་ཡོན་ཨན་རྫོང་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
远安县
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ6དང་ཞང1ཡོད།
སྲིད་གཞུང་གནས་ཡུལ།
མིང་ཧྥེང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0717
སྦྲག་སྲིད་ཨང་རྟགས།
444200
གནས་ཡུལ།
ཧུའུ་པེའི་ནུབ་ཕྱོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1752
མི་གྲངས།
མི་ཁྲི19.5(སྤྱི་ལོ2015ལོར)
ཡུལ་སྐད།
ཡོན་ཨན་སྐད།
ནམ་ཟླ།
ཚ་ཁུལ་ཕལ་པའི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཏ་ཡན་གདོད་མའི་ནགས་ཚལ་དང་། ལུང་ཐན་ཆུ་བོ། མིང་ཧྥེང་ཧྲན་།
རླངས་འཁོར་ཚབ་ཨང་།
ཨུ(鄂)E
སྲིད་འཛིན་ཚབ་ཨང་།
420525
1 ལོ་རྒྱུས་འཕེལ་རིམ།      

ཁྲུན་ཆིའུ་ཀྲན་གོའི་སྐབས་སུ་ཡོན་ཨན་ནི་ཁྲུའུ་རྒྱལ་ཁབ་ཀྱི་མངའ་འོག་ཏུ་གཏོགས།      ཧན་རྒྱལ་རབས་ནུབ་མའི་ཅན་ཡོན་ཁྲི་ལོ་དང་པོར(སྤྱི་ལོའི་སྔོན་གྱི140ལོ)རྫོང་བཙུགས་པ་དང་། དེ་ཉིད་ཆུས་ཆུ་དང་ཐག་ཉེ་བས་ལིན་ཅུས་རྫོང་ཞེས་མིང་དེ་ལྟར་ཐོགས་པ་དང་། ཧན་ཤར་མའི་བར་དུ་ནན་ཅུན་གྱི་ཁོངས་སུ་གཏོགས།      རྒྱལ་ཁབ་གསུམ་གྱི་སྐབས་སུ་ཞང་དབྱང་ཅུན་གྱི་ཁོངས་སུ་གཏོགས།      ཅིན་རྒྱལ་རབས་ཤར་མའི་ལུང་ཨན་གྱི་དུས་མཇུག(སྤྱི་ལོ401ལོར)ཏུ་རྫོང་མཁར་ཅིའུ་རྫོང་གི་ཐིན་ཙི་རི་བོའི་ཐོག་ཏུ་སྤོས་ནས་ལིན་ཅུས་རྫོང་དེ་ཀའོ་ཨན་རྫོང་དུ་བསྒྱུར་ཞིང་། སྔར་བཞིན་ཞང་དབྱང་ཅུན་དུ་གཏོགས།

སུང་རྒྱལ་རབས་ལྷོ་མའི་དུས་འགོར(སྤྱི་ལོ420ལོར)ཝུན་དབྱང་ཅུན་ཀྲི་ཟེར།      ཀྲོའུ་རྒྱལ་རབས་བྱང་མའི་ཝུའུ་ཁྲེང་ཁྲི་ལོ་དང་པོར(སྤྱི་ལོ559ལོར)“ནམ་ཡང་དུས་བདེ”ཞེས་པའི་དགོངས་དོན་མཚོན་ཆེད། ཀའོ་ཨན་དེ་ཡོན་ཨན་དུ་བསྒྱུར་ཏེ་ཞ་ཀྲོའུ་ཡི་ཁོངས་གཏོགས་ཡིན།      སུའེ་རྒྱལ་རབས་ཀྱི་བྱ་གཞག་ཆེན་པོ་ལོ་གསུམ་པར(སྤྱི་ལོ607ལོ)ཅིང་ཀྲོའུ་ཡི་དབྱི་ལིན་ཅུན་གྱི་ཁོངས་སུ་གཏོགས།      ཐང་ཏེ་ཁྲི་ལོ་གསུམ་པར(སྤྱི་ལོ778ལོ)དབྱི་ལིན་ཞ་ཀྲོའུ་རུ་ཕྱིར་ལོག་བྱས་པ་དང་། ལྷོ་ཁའི་ཤར་ལམ་དུ་གཏོགས་པ་དང་། ཡོན་ཨན་སྔར་བཞིན་ཞ་ཀྲོའུ་ལ་གཏོགས་པ་རེད།      ཐང་རྒྱལ་རབས་ཕྱི་མའི་དུས་འགོར། ཡོན་ཨན་ནན་ཕིང་རྒྱལ་ཁབ(ཅིན་ནན)དུ་ཟླ་སྒྲིལ་བྱས་མྱོང་།      སུང་རྒྱལ་རབས་ཀྱི་སྐབས་སུ་སྔར་བཞིན་ཡོན་ཨན་ཞ་ཀྲོའུ་ཡི་དབྱི་ལིན་ཅུན་གྱི་ཁོངས་སུ་གཏོགས། 

མིང་ཧུང་ཝུའུ་ཁྲི་ལོ་དགུ་པར(སྤྱི་ལོ1376ལོར)ཞ་ཀྲོའུ་དབྱི་ལིན་ཀྲོའུ་རུ་བསྒྱུར་ཞིང་། ཡོན་ཨན་བླངས།

ཆིང་ཡུང་ཀྲེང་ཁྲི་ལོ་བཅུ་གསུམ་པར(སྤྱི་ལོ1735ལོར)ཅིན་ཀྲོའུ་སྲིད་གཞུང་གི་ཁོངས་གཏོགས་སུ་བསྒྱུར། ཆན་ལུང་ཁྲི་ལོ་ང་དྲུག་པར(སྤྱི་ལོ1791ལོར)ཅིན་མོན་ནི་ཐད་གཏོགས་ཀྲུའུ་རུ་འཕར་བ་དང་། ཡོན་ཨན་ཅིན་མོན་གྱི་ཐད་གཏོགས་ཀྲོའུ་རུ་བསྒྱུར།

མིན་གོའི་དུས་སྐབས་རིང་ནི་ཞང་དབྱང་ཏའོ་རུ་གཏོགས་པ་དང་། མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོར)ཧུའུ་པེ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་དགུ་པའི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་ཉེར་བཞི་པར(སྤྱི་ལོ1935ལོར)སྲིད་འཛིན་ལྟ་ཞིབ་ཁུལ་དྲུག་པར་བསྒྱུར།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པར(སྤྱི་ལོ1948ལོའི་ཟླ8པའི་ཚེས6ཉིན)ཡོན་ཨན་བཅིངས་འགྲོལ་བཏང་རྗེས། ནན་ཅིན་ཅིན་ཕིན་དུ་རྒྱལ་གཅེས་དམངས་གཙོ་ནན་ཡོན་རྫོང་སྲིད་གཞུང་བཙུགས་པ་དང་། ཅང་ཧན་དམག་ཁུལ་གྱི་ཏང་དབྱང་ཀྲོན་ཧྲུའུ་ཡིས་འགོ་ཁྲིད་བྱས། མིན་གོའི་སྲིད་ལོ38པའི(སྤྱི་ལོ1949ལོའི་ཟླ5པར)ཟླ་སྨད་དུ། ཡོན་ཨན་ནན་དབྱི་ཁྲང་གི་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར།

སྤྱི་ལོ1958ལོའི་ཟླ12པར་དབྱི་ཏུའུ་བཟོ་ལས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་བཙུགས།

སྤྱི་ལོ1961ལོའི་ཟླ6པར་དབྱི་ཁྲང་ཀྲོན་ཧྲུའུ་སླར་གསོ་བྱས་པ་དང་། དེ་སྔའི་ཁོངས་གཏོགས་ས་ཁུལ་ལ་འགྱུར་བ་མེད།

སྤྱི་ལོ1993ལོའི་ལོ་འགོར། དབྱི་ཁྲང་ས་ཁུལ་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་ནས་དབྱི་ཁྲང་ཀྲོན་ཧྲུའུ་མེད་པར་བཟོས་ཏེ། དབྱི་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཙུགས་པ་དང་། ཡོན་ཨན་རྫོང་དབྱི་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཁོངས་སུ་གཏོགས་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།      

སྤྱི་ལོ2015ལོའི་བར་ཡོན་ཨན་རྫོང་ཁོངས་སུ་གྲོང་རྡལ6དང་ཤང1ཡོད་པ་སྟེ། མིང་ཧྥུང་གྲོང་རྡལ་དང་། ཧྭ་གླིང་དགོན་གྲོང་རྡལ། རྫོང་རྙིང་གྲོང་རྡལ། དབྱང་ཕིང་གྲོང་རྡལ། མའོ་ཕིང་ཁྲང་གྲོང་རྡལ། ཧོ་ཧྭ་གྲོང་རྡལ། ཧོ་ཁོའུ་ཤང་བཅས་ཡིན། ཡོན་ཨན་རྫོང་དུ་སྡེ་ཁུལ8དང་གྲོང་ཚོ110ཡོད། སྲིད་གཞུང་བཅའ་སྡོད་བྱ་ཡུལ་མིན་ཧྥུང་གྲོང་རྡལ་ཡིན།     སྤྱི་ལོ2019ལོའི་ཟླ3པའི་ཚེས6ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོ་གཏན་འཁེལ་བྱས་པ་དང་། ཡོན་ཨན་རྫོང་ནི་ཤང་ཨེ་ཤིས་ཡུག་ཁུལ་ཡིན་པ་རེད། 

3 ས་ཁམས་ཁོར་ཡུག      
3_1 གནས་ཡུལ།     

ཡོན་ཨན་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་ནུབ་རྒྱུད་དང་ཅུས་དབྱི་ཁྲང་གྲོང་ཁྱེར་གྱི་བྱང་ཤར་དུ་གནས་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག111°14′~111°52′དང་། བྱང་གི་འཕྲེད་ཐིག30°53′~31°22′བར་ཡིན། ཤར་ནས་ཞིང་ཆེན་ལྟེ་གནས་ཝུའུ་ཧན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ355དང་ལྷོ་ནུབ་ནས་དབྱི་ཁྲང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ117ཡོད། རྫོང་ཁོངས་ཀྱི་ཤར་ངོས་དང་། ཤར་ལྷོ། ཅིན་མོན་གྲོང་ཁྱེར། ཏང་དབྱང་གྲོང་ཁྱེར་བཅས་དང་ས་མཚམས་འབྲེལ་ཡོད་ལ། ལྷོ་ནུབ་དང་ནུབ་ནི་དབྱི་ལིན་ཆུས་དང་འབྲེལ་ཡོད། བྱང་ནི་པའོ་ཁང་རྫོང་དང་ནན་ཀྲང་རྫོང་དང་ས་མཚམས་འབྲེལ་ཡོད། ཁྱིམ་མཚེས་བཞིའི་མཐའ་མཚམས་ཀྱི་རིང་ཚད་ལ་སྟོང་སྨི་26.07ཡོད། མངའ་ཁོངས་ནང་གི་ཤར་ནུབ་བར་སྤྱི་ལེ་1.3དང་ལྷོ་བྱང་བར་སྤྱི་ལེ་4ཡོད། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1752ཡོད། 

3_2 ས་དབྱིབས།     

ཡོན་ཨན་རྫོང་གི་ནུབ་རྒྱུད་དུ་ས་ཤུན་བསློགས་ནས་མཚམས་ལྡན་རང་བཞིན་གྱི་ཇེ་མཐོར་འགྲོ་བ་དང་། དབུས་རྒྱུད་དུ་གས་ཆག་ཤོར་བ། ས་འོབས་ལྷོ་བྱང་འཕྲེད་བརྒལ་བཅས་བྱུང་སྟེ་ལུང་གཞུང་ཁོད་སྙོམས་པ། ཤར་རྒྱུད་དུ་ཞོམ་རྡིབ་ཁུལ་གྱི་བཀག་སྐྱིལ་ཐེབས་པ་དང་། ཉིན་རེ་བཞིན་མར་ནུབ་ནས་རླབས་དབྱིབས་ལངས་འཇགས་དང་། སྒང་འབུར་མུ་འབྲེལ་ཆགས་ཡོད། ས་བབ་ཧྲིལ་པོ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ་བ། ཐའེ་ཕིང་གི་རྩེ་མོ་ནི་མཐོ་ཤོས་ཡིན་ལ་མཐོ་ཚད་ལ་སྨི1325.1ཡོད་པ་དང་། ལེ་ཏ་བྲག་ནི་ཆེས་དམའ་བའི་གནས་ཡིན་ལ་མཐོ་ཚད་ལ་སྨི76ཡོད།

3_3 ནམ་ཟླ།     

ཡོན་ཨན་རྫོང་ནི་སའི་གོ་ལའི་ཕྱེད་བྱང་གི་ཚ་ཁུལ་ཕལ་བར་གནས་པ་དང་། སྐམ་ས་ཆེན་པོའི་དུས་རླུང་རང་བཞིན་གྱི་ནམ་ཟླའི་ཁུལ་དུ་གཏོགས་ལ། ཆར་ཆུ་འབེལ་ཞིང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1000ནས1100བར་ཡིན། ལོ་ཧྲིལ་པོའི་དུས་བཞིའི་དབྱེ་བ་གསལ་བ་དང་། གནམ་གཤིས་འཇམ་པ། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ16ཡས་མས་ཡིན་པ། ཉི་འོད་ཕོག་ཚད་འདང་ངེས་ཡོད་པ་དང་། སད་མེད་དུས་ཡུན་རིང་བ་དང་། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1830ཡས་མས་ཡིན་པ་དང་། ལོ་རེའི་ཆ་སྙོམས་སད་མེད་དུས་ཉིན275ཡས་མས་ཡིན། 

4 མི་གྲངས་དང་མི་རིགས།    

སྤྱི་ལོ2015ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི19.5ཡོད་་པ་དེ་སྤྱི་ལོ2014ལོ་ལས་མི222མང་དུ་ཕྱིན་ཡོད་པ་རེད། མི་གྲངས་བསྡོམས་འབོར་ནང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར48854དང་གྲོང་གསེབ་ཀྱི་མི་འབོ་145617ཡོད་ལ། སྐྱེས་པའི་མི་འབོར101305ཡོད་པ་དེས52.1%བཟུང་བ་དང་བུད་མེད་མི་འབོར93166ཡོད་པ་དེས་47.9%བཟུང་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར1719ཡོད་པ་དང་སྐྱེས་ཚད8.8%ཟིན་པ། རྐྱེན་ལམ་དུ་ཤོར་བའི་མི་འབོར1571ཡོད་པ་དང་ཤི་ཚད་གྱིས8.1%ཟིན་པ། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི0.76ཡིན་པ་དང་། མི་རིགས་གཙོ་བོ་རྒྱ་རིགས་ཡིན། 

5 དཔལ་འབྱོར།

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར210.1ཡིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས1.5%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར22.1ཡིན་པ་དང་ལོ་གོང་མ་ལས3.8%འཕར་བ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར131.2ཡིན་པ་དང་ལོ་གོང་མ་ལས0.4%ཆག་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར56.8ཡིན་པ་དང་ལོ་གོང་མ་ལས6.0%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་དེ་སྤྱི་ལོ2016ལོའི10.2:63.8:26ནས10.5:62.4:27.1ལ་འགྱུར་བ་བྱུང་ཡོད། 

6 འགྲིམ་འགྲུལ།      

ཡོན་ཨན་རྫོང་ཁོངས་སུ་ཡོན་ཏང་རྒྱལ་སྲུང་གཞུང་ལམ་དང་། དབྱི་པའོ་ལམ། ནན་ཡོན་ལམ་བཅས་ཞིང་ཆེན་གྱི་ལམ་ཐིག3བརྒྱུད་དེ་དབྱི་ཧོང་མྱུར་བགྲོད་གཞུང་ལམ་དང་། འགག་གསུམ་གནམ་ཐང་། དབྱི་ཁྲང་གྲུ་ཁ། མེ་འཁོར་བབས་ཚུགས་བཅས་དང་འབྲེལ་ཡོད། སྤྱི་ལོ2012ལོ་བར་རྫོང་དེ་ཡོངས་ཀྱི་ཡུལ་སྐོར་བའི་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི58185ཡིན་པ་དང་སྤྱི་ལོ2012ལོར27.6%འཕར་ཡོད་པ་རེད། 

7 སྤྱི་ཚོགས་ཀྱི་ལས་དོན།      
7_1 སློབ་གསོ་དང་ཚན་རིག་ལག་རྩལ།      

སྤྱི་ལོ2015ལོའི་བར། ཡོན་ཨན་རྫོང་དུ་ཁྱོན་སློབ་ཆུང25དང་། སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ7236 དམའ་རིམ་སློབ་འབྲིང་དཀྱུས་མ7 སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ3431 མཐོ་རིམ་སློབ་འབྲིང་དཀྱུས་མ་དང་ལས་རིགས་མཐོ་རིམ་སློབ་འབྲིང1 སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ3635བཅས་ཡོད་པ་རེད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་ལོ་དགུའི་འོས་འགན་སློབ་གསོ་ལེགས་སྒྲུབ་བྱེད་ཚད100%ཟིན་ནས་ཞིང་ཆེན་ཡོངས་ཀྱི“རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩའི་དོ་སྙོམས་དཔེ་སྟོན་རྫོང”ལ་བདམས་པ་རེད།      ཚན་རྩལ།     སྤྱི་ལོ2015ལོའི་བར་ཡོན་ཨན་རྫོང་གིས་ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ317རེ་ཞུ་བྱས་པ་དང་གསར་གཏོད་ཁེ་བེད་བདག་ཐོབ159རེ་ཞུ་བྱས་པ་རེད། ཡོན་ཨན་རྫོང་ལ་སྤྱི་ལོ2016ལོ་ནས་སྤྱི་ལོ2020ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པ་རེད།      འཕྲོད་བསྟེན།      སྤྱི་ལོ2015ལོའི་བར། ཡོན་ཨན་རྫོང་དུ་ཁྱོན་ཞིང་པ་ཁྲི155196དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་པར་རང་མོས་ངང་ཞུགས་ཚད100%ཟིན་ཡོད་པ་རེད། རྫོང་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞི187ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ1402དང་ནད་ཁྲི1038ཡོད། 

7_2 དམངས་ཀྱི་འཚོ་བ།     

སྤྱི་ལོ2015ལོའི་བར་ཡོན་ཨན་རྫོང་གི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19230ཡིན་པ་དེ་སྤྱི་ལོ2014ལོ་ལས9.9%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར25817ཡིན་པ་དེ་སྤྱི་ལོ2014ལོ་ལས9.5%འཕར་བ། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14715ཡིན་པ་དེ་སྤྱི་ལོ2014ལོ་ལས9.8%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་བསྡུར་ནི1.75ཡིན་པ་དང་སྤྱི་ལོ2014ལོ་ལས0.01ཆག་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར15612ཡིན་པ་དང་ལོ་གོང་མ་ལས6.8%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས30.76%ཡིན། 

གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར11370ཡིན་པ་དང་དུས་མཚུངས་ལས13.1%འཕར་ཡོད། གྲོང་གསེབ་ཀྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས28.58%ཡིན། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི47.04ཡིན་པ་དང་། ངལ་རྩོལ་ལས་ཞུགས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་རོགས་སྐྱོབ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་འབོར7629མང་དུ་ཕྱིན་པ་དང་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད1.23%ཟིན་ཡོད། རྫོང་ཡོངས་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས22736དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས13232 སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས21910 ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས23690 བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས14510བཅས་ཡོད་པ་རེད། རྫོང་ཡོངས་སུ་ཁྱོན་མི3214ཡིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་ལོངས་སྤྱོད་བྱས་པ་དང་མི7522ཀྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལོངས་སྤྱོད་བྱས་པ་རེད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ས་ཁམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-05

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།