ཚང་ཧྲན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚང་ཧྲན་ཆུས།
ཚང་ཧྲན་ཆུས་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྥུའུ་ཀྲོའུ་གྲོང་ཁུལ་གྱི་ལྷོ་རྒྱུད་དང་། ཕྱོགས་བཞི་མཚེའུས་བསྐོར་བ། ཁོངས་གཏོགས་ནན་ཐའེ་གླིང་ཕྲན་ཧྲིལ་བོ་ཡིན། བྱང་དུ་ཀུའུ་ལོའུ་དང་། ཐའེ་ཅང་གཙང་པོ། ཅིན་ཨན། མ་ཝེ་བཅས་དང་ཁ་སྤྲོད་དུ་གནས་པའི་ཆུས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
仓山区
སྦྲག་ཨང་།
350007
ཕྱི་ཡིག་གི་མིང་།
Cangshan District
རྒྱ་ཁྱོན།
སྟོང་རྨིད་གྲུ་བཞི་མ150ཡོད།
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མི་གྲངས།
མི་ཁྲི83.6(སྤྱི་ལོ2018ལོའི་རྒྱུན་སྡོད་ལྟར)
མངའ་ཁོངས།
སྲང་ལམ8དང་གྲོང་རྡལ5   ཞིང་ར1བཅས་ཡོད།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0591
རླངས་འཁོར་ཚབ་ཨང་།
闽A
1 ​ངོ་སྤྲོད།

ཚང་ཧྲན་ཆུས་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྥུའུ་ཀྲོའུ་གྲོང་ཁུལ་གྱི་ལྷོ་རྒྱུད་དང་། ཕྱོགས་བཞི་མཚེའུས་བསྐོར་བ། ཁོངས་གཏོགས་ནན་ཐའེ་གླིང་ཕྲན་ཧྲིལ་བོ་ཡིན། བྱང་དུ་ཀུའུ་ལོའུ་དང་། ཐའེ་ཅང་གཙང་པོ། ཅིན་ཨན། མ་ཝེ་བཅས་དང་ཁ་སྤྲོད་དུ་གནས་ཤིང་། ཤར་ངོས་སུ་མཱ་ཝེ་གྲུ་ཁ་དང་རྒྱ་མཚོའི་བར་ཐག་མཚོ་ལེ7.61ཡོད་ཅིང་། ལྷོ་ངོས་སུ་ཝུའུ་ལུང་གཙང་པོ་དང་ཁྲང་ལེ།  མེང་ཧོའུ་སོགས་དང་འབྲེལ་ཡོད། འཕྲེད་ཐིག་བྱང་མ25°15′—26°39′དང་། ཤར་གྱི་གཞུང་ཐིག118°08′—120°31′བར་དུ་གནས་ཡོད། ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ142ཡོད་པ་དང་། གླིང་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ150ལྷག་ཡོད།

ཚང་ཧྲན་ཆུས་ཀྱི་གནའ་བོའི་ཧྥུའུ་ཀྲོའུ་རྨེན་རྫོང་དང་ཧོའུ་ཀོན་རྫོང་གི་ཁོངས་སུ་གཏོགས་པ་དང་། ཡན་ཚང་ཆན་ལ་བལྟས་ཏེ་མིང་དེ་ལྟར་ཐོགས་པ་དང་། ཚང་ཧྲན་ལ་གནའ་དུས་སུ་ཐེང་ཧྲན་ཟེར་བ་དང་། མིང་ཧུང་ཝུའུ་ཁྲི་ལོའི་སྐབས་རི་འདབས་སུ་ཡན་ཚང་བཙུགས་པ་རེད། ས་ཆ་དེར་སྤྱིར་ན་ཡ་ཚང་ཆན་དང་། ཐེང་ཧྲན་ལ་ཐུན་མོང་དུ་ཚང་ཆན་ཧྲན་ཞེས་འབོད་ཀྱི་ཡོད།

ཚང་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང8དང་གྲོང་རྡལ5ཡོད་པ་དང་། གཞན་ཡང་ཞིང་ར1བཅས་བཙུགས་ཡོད། རྒྱུན་སྡོད་མི་འབོར་ཁྲི83.6ཡོད་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར623.1ཡོད་པའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.3དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར308.8ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར312.9མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར75022བཅས་ཡོད་པ་རེད། ཚང་ཧྲན་རི་ཆུས་དེ་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཆེའི་ཆུས་བརྒྱ་དང་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱའི་ནང་ཚུད་ཡོད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཧྥུའུ་ཅན་རྫོང་དང་ཧོའུ་ཀོན་རྫོང་གཉིས་ཟླ་སྒྲིལ་བཏང་ནས་ཧྥུའུ་ཅན་དང་ཧོའུ་རྫོང་བཙུགས་པ་དང་། ཚང་ཧྲན་གྱི་ས་ཁོངས་རྨེན་ཧོའུ་རྫོང་གི་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དྲུག་པར(སྤྱི་ལོ1917ལོར)ཧྥུའུ་ཀྲོའུ་ཞིང་ཆེན་ལྟེ་གནས་ཉེན་རྟོག་ཐིང་བཙུགས་པ་དང་། ཚང་ཧྲན་ས་ཁོངས་སྲིད་འཛིན་ཐད་རྨེན་ཧོའུ་རྫོང་དང་ཞིང་ཆེན་ལྟེ་གནས་ཉེན་རྟོག་ཐིང་གི་ཧྲུའུ་ལྔ་པའི་མངའ་འོག་ཏུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོའི)ཟླ10པར་ཧྥུའུ་ཀྲོའུ་གྲོང་ཁྱེར་རྒྱལ་དམངས་སྲིད་གཞུང་བཙུགས་པ་དང་དུས་མཚུངས་སུ་ཚང་ཧྲན་ཆུས་ཀྱི་སྤྱི་ཁང་བཙུགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
2_1 དབྱེ་མཚམས་འཕེལ་རིམ།

སྤྱི་ལོ1950ལོའི་ཟླ1པར། ལིན་སེན་རྫོང(རྨིན་ཧོའུ་རྫོང)གི་ཆུས་དང་པོའི་པའེ་ཧུའུ་དང་ཧྲོང་ཧུའུ་ཞང2ཚང་ཧྲན་རི་ཁུལ་དུ་བགོས་ཤིང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ10ལྷག་ཡོད(ལོ་དེའི་ཟླ9པར་ཡང་ལོགས་སུ་ཕྱེ)ཡོད། ཟླ5པར་ཆུ་ཐོག་ཁུལ་བཙུགས་པ་དང་། དེའི་ཁོངས་སུ་རྨིན་ཅང་གཙང་པོའི་ཧུང་ཧྲན་ཟམ་པ་ནས་ཁུའེ་ཆི་ཆུ་ཁོངས་སུ་གཏོགས་ཤིང་། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་7ཡོད། སྤྱི་ལོ1955ལོའི་ཟླ3པར། གྲོང་འདབས་ཀྱི་ཀའེ་ཧྲན་རི་བོའི་མེ་ཏུན་དང་ཀྲུང་ཏུན། ཁྲེང་ཡོན་པེན། ཁྲང་ཨན། ཐ་ཙེ་ལི། དབྱང་ཆ། ཞིན་ཁྲེང་ལི། པའེ་ལུའུ་ལིན་བཅས་སུ་བགོས་ཤིང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ3ཡོད། ལོ་དེའི་ཟླ5པར་ཧྲོས་ཧྲང་ཆུས་དང་ཚང་ཧྲན་ཆུས་གཉིས་ཟླ་སྒྲིལ་བྱས། སྤྱི་ལོ1960ལོའི་ཟླ3པར། གྲོང་འདབས་ཀྱི་ཀའེ་ཧྲན་ཀུང་ཧྲེའི་ཁོངས་སུ་བཅུག་པ་དང་། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ30ལྷག་ཡོད་པ་དང་། ཕྱི་ལོའི་ཟླ6པར་སླར་ཡང་ཚང་ཧྲན་ཆུས་ནས་ཕྱིར་འཐེན་བྱས། སྤྱི་ལོ1968ལོའི་ཟླ9བར། ཚང་ཧྲན་ཆུས་སུ“རིག་གནས་གསར་བརྗེ་ཆེན་པོའི”ལས་འགུལ་གྱིས་ཁྲའོ་དབྱང་ཁུལ་དུ་མིང་བསྒྱུར། དུས་མཚུངས་སུ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1970ལོའི་ཟླ2པར། གྲོང་ཁྱེར་ཉེ་འཁོར་གྱི་ཁྲའོ་དབྱང(ཀའེ་ཧྲན་)ཀུང་ཧྲེ་དང་། ཅན་ཞིན་ཀུང་ཧྲེ། གྲོང་ཁྱེར་ཧུང་ཞིན་ཞིང་ར། རྨིན་ཧོའུ་རྫོང་ཁྲེང་མོན་ཀུང་ཧྲེ་བཅས་ཀྱི་ཁོངས་སུ་བཅུག་ཅིང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ112ཡོད་པ་དེའི་ཁོངས་སུ་ནན་ཐའེ་གླིང་ཕྲན་ཧྲིལ་པོ་ཚུད་པ་དང་། སྤྱི་ལོ1975ལོའི་ཟླ5པར་ཁྲའོ་དབྱང་ཆུས(ཚང་ཧྲན་ཆུས)ལོགས་སུ་ཕྱེ་ཡོད། སྤྱི་ལོ1978ལོའི་ཟླ4པར་ཁྲའོ་དབྱང་ཆུས་སུ་ཚང་ཧྲན་ཆུས་སུ་མིང་སླར་གསོ་བྱས། ལྗོངས་ཡོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ4དང་དེ་བཞིན་ཆུ་ཐོག་ལས་དོན་དོན་གཅོད་ཁྲུའུ4ཡོད་པ་དེའི་ཁོངས་གཏོགས་སུ་གྲོང་མི་ཨུ་ལྷན40ཡོད་པ་རེད། སྤྱི་ལོ1986ལོའི་ཟླ11པར་སན་ཁྲ་སྲང་ལམ་བཙུགས་པ་དང་། སྤྱི་ལོ1988ལོའི་ཟླ5པར་ཧྲོས་ཧྲང་ལས་སྒྲུབ་དོན་གཅོད་ཁང་ཕྱིར་འཐེན་བྱས་ཏེ་མཚེའུ་དང་སྲང་ལམ་བཙུགས་པ་དང་། ལྗོངས་ཡོངས་སུ་ཁྱོན་བསྡོམས་སྲང་ལམ6ཡོད་པ་དང་། ཁོངས་གཏོགས་སུ་སྡོད་དམངས་ཨུ་ཡོན་ལྷན་ཁང70ཡོད།

སྤྱི་ལོ1996ལོའི་ཟླ1པར། ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་ས་ཁོངས་ལེགས་སྒྲིག་བྱས་པ་དང་། ཅིན་ཨན་ཆུས་ཀྱི་ཚང་ཧྲན་དང་ཀའེ་ཧྲན། ཁྲེང་མུན། ཅན་ཞིན། ལོ་ཀྲོའུ་བཅས་གྲོང་རྡལ5ཚང་ཧྲན་རི་ཆུས་ལ་བགོས་ཤིང་། ཁོངས་གཏོགས་ས་ཁུལ་དེ་ནན་ཐའེ་གླིང་ཕྲན་ཧྲིལ་བོར་རྒྱ་བསྐྱེད་པ་དང་། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ142བར་རྒྱ་སྐྱེད་བཏང་།

སྤྱི་ལོ2014ལོར་ཚང་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་ཧུའུ་དང་། ཧྲང་ཀྲོའུ། ཚང་ཆན། སན་ཁྲ་ལམ། ཞ་ཏུའུ། ལིན་ཅང་། ཏུང་ཧྲེང་། ཅིན་ཧྲན་བཅས་ཁྲོམ་གཞུང8ཡོད་པ་དང་ཅན་ཤིན་དང་། ཀེ་ཧྲན། དུང་ཀྲོའུ། ཁྲེང་མོན། ཚང་ཧྲན་བཅས་གྲོང་རྡལ5བསྐྲུན་ཡོད། ལྗོངས་ཡོངས་སུ་ཡུལ་ཚོ་རིམ་པའི་སྲིད་འཛིན་ཁུལ13དང་སྡེ་ཁུལ64དང་གྲོང་ཚོ་ཨུ་ལྷན102ཡོད་པ་རེད།

2_2 ས་མཚམས་དབྱེ་འབྱེད་ཀྱི་ད་ལྟའི་གནས་ཚུལ།

སྤྱི་ལོ2018ལོའི་བར་ཚང་ཧྲན་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང8དང་གྲོང་རྡལ5ཡོད་པ་དང་གཞན་ཡང་ཞིང་ར1བཅས་བཙུགས་ཡོད། ཚང་ཧྲན་ཁུལ་མི་དམངས་སྲིད་གཞུང་ཚང་ཆན་སྲང་ལམ་དུ་གནས་བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཚང་ཧྲན་ཆུས་ནི་ཧྥུའུ་ཀྲོའུ་གྲོང་ཁུལ་གྱི་ལྷོ་རྒྱུད་དུ་གནས་པ་དང་། དེའི་ཁོངས་སུ་ནན་ཐའེ་གླིང་ཕྲན་ཧྲིལ་པོ་གཏོགས་ཤིང་། ཕྱོགས་བཞི་གཙང་བོས་བསྐོར་ལ། བྱང་ངོས་ནས་མིན་ཅང་གཙང་པོ་དང་། ཐའེ་ཅང་གཙང་པོ། ཅིན་ཨན། མ་ཝེ། གཙང་པོ་ཕན་ཚུན་རྒྱང་ནས་ཤར་ངོས་སུ་མ་ཝེ་གྲུ་ཁ་དང་བར་ཐག་མཚོ་ལེ7.61ཡོད་པ་དང་། ལྷོ་ངོས་ཝུའུ་ལུང་གཙང་པོ་དང་མིང་ཧོའུ་དང་ཁྲང་ལེ་དང་འབྲེལ་ཡོད། འཕྲེད་ཐིག་བྱང་མ25°15′—26°39′ཤར་གྱི་གཞུང་ཐིག118°08′—120°31′བར་དུ་གནས་པ་དང་། ཤར་ནུབ་ཀྱི་རིང་ཚད་སྟོང་སྨི27.3དང་། ལྷོ་བྱང་གི་ཞེང་ཚད་སྟོང་སྨི10.3ས་ཁོངས་ཀྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ142བཅས་ཡོད་པ་དང་། གླིང་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ150ལས་བརྒལ་ཡོད།

4 མི་འབོར།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཚང་ཧྲན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི83.6ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི1.1འཕར་ཡོད། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད100.0%ཟིན་ཡོད། ལོ་མཇུག་ཏུ་ཚང་ཧྲན་ཆུས་ཀྱི་ཐེམ་ཐོའི་མི་འབོར་ཁྲི59.9ཟིན་ནས་སྐྱེ་ཚད13.3‰དང་ཤི་ཚད5.6‰ཟིན་པ་དང་། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆ7.7ཡིན།    

5 དཔལ་འབྱོར།     
5_1 ཕྱོགས་བསྡུས།     

སྤྱི་ལོ2018ལོར་ཚང་ཧྲན་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར623.1ཟིན་པ་དེ་ལོ་གོང་མ་ལས9.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར1.3ཟིན་ནས0.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར308.8ཟིན་ནས8.5%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར312.9ཟིན་ནས9.6%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད0.2%བཟུང་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་གི་བསྡུར་ཚད49.6%ཟིན་པ། ཐོན་ལས་གསུམ་པའི་འཕར་ཐང་གི་བསྡུར་ཚད50.2%ཟིན་པ་བཅས་རེད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར75022ཡིན་ཞིང་། ལོ་གོང་མ་ལས་བརྒྱ་ཆ7.6འཕར་ཡོད།     གཏན་འཇགས་རྒྱུ་ནོར་གྱི་མ་རྐང་།     སྤྱི་ལོ2018ལོར་ཚང་ཧྲན་ཆུས་ཀྱི་བཟོ་ལས་མ་འཇོག23.4%འཕར་བ་དང་། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར302.3བཏང་བ་དེ་ལོ་གོང་མ་ལས13.0%ཆག་ཡོད། ས་ཁང་བདག་ཁོངས་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི258.7ཟིན་པ་དེ་ལོ་གོང་མ་ལས15.0%འཕར་ཡོད།     ནོར་ཁྲལ་གཏོང་ལེན།     སྤྱི་ལོ2018ལོར་ཚང་ཧྲན་རི་ཁུལ་གྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར42.9ཟིན་པ་དེ་ལོ་གོང་མ་ལས9.0%ཆག་པ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར28.3ཡིན་པས་ལོ་གོང་མ་ལས་བརྒྱ་ཆ12.8ཆག་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར37.7ཡིན་པས་ལོ་གོང་མ་ལས་བརྒྱ་ཆ2.3འཕར་ཡོད།     མི་དམངས་ཀྱི་འཚོ་བ།     སྤྱི་ལོ2018ལོར་ཚང་ཧྲན་ཆུས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར41237ཟིན་པ་དེ་ལོ་གོང་མ་ལས9.1%འཕར་བ་དང་། གྲོང་མི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར28141ཟིན་པ་དེ་ལོ་གོང་མ་ལས9.3%འཕར་ཡོད།     

6 ཐོན་ལས་དང་པོ།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཚང་ཧྲན་ཆུས་སུ་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས18ཡོད་པའི་ནང་རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས2དང་། ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས9སྒོ་བྱང་བཀལ་བའི་ཡོན་ཧྲི(རིགས་གཅིག་མཁས་པ)ལས་དོན་ས་ཚིགས་ཀྱི་ཁེ་ལས9བཅས་ཡོད་པ་རེད། ལོ་ཧྲིལ་པོར་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར54.6ཟིན་ཡོད། ལོ་མཇུག་ཏུ་ལྗང་མདོག་ཐོན་རྫས18དང་། སྤྱི་གནོད་མེད་པའི་ཐོན་རྫས5སྐྱེ་ལྡན་བཟའ་བཅའ5བཅས་ལ“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཁས་ལེན་ཐོབ་ཡོད།     

6_1 འདེབས་གསོ་ལས་རིགས།     

སྤྱི་ལོ2018ལོར་ཚང་ཧྲན་ཆུས་ཀྱི་སྔོ་ཚལ་འདེབས་ཁྱོན་མུའུ24835ཟིན་པ་དེ་ལོ་གོང་མ་ལས་མུའུ862ཉུང་དུ་ཕྱིན་ཡོད།     

6_1_1 ནགས་ལས།     

སྤྱི་ལོ2018ལོར་ཚང་ཧྲན་ཆུས་སུ་མི་ཐབས་ལ་བརྟེན་ནས་ཤིང་འཛུགས་ནགས་བཟོའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང26.67ཟིན་ཡོད། ལྗོངས་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད8.2%ཟིན་ཡོད། ནགས་ཚལ་གཉེར་སྐྱོང་གི་དམིགས་ཚད་ནི་ས་ཆུ་སྲུང་འཛིན་གྱི་ནགས་ཚལ་དང་ཆུ་ཁུངས་བསྐྱིལ་གསོག་ནགས་ཚལ་ཡིན་ཞིང་། ཚོང་ལས་རང་བཞིན་གྱི་གཅོད་འབྲེག་བྱས་མེད་པས། ཚོང་ཟོག་གི་རྒྱུ་ཆའི་ཐོན་ཚད0ཡིན་པ་དེ་ལོ་གོང་མ་དང་མཉམ་པ་རེད།     

6_1_2 ཉ་ལས།     

སྤྱི་ལོ2018ལོར་ཚང་ཧྲན་རི་ཁུལ་གྱི་ཆུའི་ཐོན་འབབ་ཏུན་4651ཟིན་པ་དེ་ལོ་གོང་མ་ལས3.0%འཕར་ཡོད། དེའི་ནང་ཚྭ་མེད་ཆུའི་ཐོན་རྫས་ཐོན་ཚད་ཏུན4587ཟིན་ནས3.2%འཕར་ཡོད།     

7 ཐོན་ལས་གཉིས་པ།     
7_1 བཟོ་ལས།     

སྤྱི་ལོ2018ལོར་ཚང་ཧྲན་ཆུས་ཀྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ཚང་མ་ལོ་གོང་མ་ལས8.5%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆ8.5འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་དཔལ་འབྱོར་གྱི་རིགས་དབྱེ་ནས་བལྟས་ན། ཕྱི་རྒྱལ་གྱི་ཚོང་པ་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཚོང་པའི་མ་འཇོག་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་རིན་ཐང་འཕར་མ9.2%འཕར་ཡོད་པ་རེད། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ལ་དབྱེ་ནས་བལྟས་ན། ཡང་བའི་བཟོ་ལས་ཀྱི་འཕར་ཐང་བསྡུར་ཚད6.2%འཕར་བ་དང་། ལྕི་བའི་བཟོ་ལས་ཀྱི་འཕར་ཐང་བསྡུར་ཚད12.2%འཕར་ཡོད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ10པར་ཚང་ཧྲན་ཆུས་དེ་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེན་བརྒྱའི་ཆུས་དང་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཆེན་བརྒྱའི་ཆུས་ལ་བདམས་པ་རེད།

སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཆེའི་ཆུས་བརྒྱ་དང་སྤྱི་ལོ2019ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ་ཡི་གྲས་སུ་ཚུད།

སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཚོད་ལྟའི་རྫོང(ཆུས)གི་མིང་ཐོར་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-06

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།