ལུའོ་ཡོན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའོ་ཡོན་རྫོང་།
ལུའོ་ཡོན་རྫོང་ནི(གནའ་དུས་ཧྥུའུ་ཀྲོའུ་སྲིད་གཞུང་ལུའོ་ཡོན་རྫོང་ལ་གཏོགས)ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས། ཧྥུའུ་ཅན་ཞིང་ཆེན་གྱི་བྱང་ཤར་མཚོ་འགྲམ་དུ་གནས་པ་དང་། ལྷོ་ཕྱོགས་ལན་ཅང་རྫོང་དང་འབྲེལ་ལ། ལྷོ་ནུབ་ཧྥུའུ་ཀྲོའུ་གྲོང་ཁྱེར་དང་མིང་ཧོའུ་རྫོང་དང་འབྲེལ་བའི་རྫོང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罗源县
སྦྲག་ཨང་།
350600
ཕྱི་ཡིག་གི་མིང་།
Luoyuan County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1187.18ཡིན།
སྲིད་འཛིན་ས་ཁོངས་རིགས་དབྱེ།
རྫོང་།
མི་གྲངས།
མི268340(སྤྱི་ལོ2016ལོའི་ཐེམ་ཐོ་ལྟར)
ཁོངས་གཏོགས་ས་གནས།
ཀྲུང་གོ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མངའ་ཁོངས།
གྲོང་རྡལ6དང་ཡུལ་ཚོ5
རླངས་འཁོར་ཚབ་ཨང་།
闽A
ས་ཁོངས་ཁ་པར་ཨང་རྟགས།
0591
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
350123
1 ​ངོ་སྤྲོད།

ལུའོ་ཡོན་རྫོང(གནའ་དུས་ཧྥུའུ་ཀྲོའུ་སྲིད་གཞུང་ལུའོ་ཡོན་རྫོང་ལ་གཏོགས)ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས།  ཧྥུའུ་ཅན་ཞིང་ཆེན་གྱི་བྱང་ཤར་མཚོ་འགྲམ་དུ་གནས་པ་དང་། ལྷོ་ཕྱོགས་ལན་ཅང་རྫོང་དང་འབྲེལ་ལ། ལྷོ་ནུབ་ཧྥུའུ་ཀྲོའུ་གྲོང་ཁྱེར་དང་མིང་ཧོའུ་རྫོང་དང་འབྲེལ། ནུབ་བྱང་ཀུའུ་ཐེན་རྫོང་དང་བྱང་ངོས་ཉིང་ཏེ་གྲོང་ཁྱེར་གྱི་ས་མཚམས་དང་འབྲེལ། ཤར་ངོས་ཞ་ཕུའུ་ཏུང་ཁྲུང་གླིང་ཀ་དང་ཁ་སྤྲོད་དུ་གནས། མངའ་ཁོངས་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1187.18ཡོད་པ་དེའི་ནང་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1062.2དང་། མཚོ་ཁོངས་དང་གྲམ་ཐང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ124.98ཡོད། མངའ་ཁོངས་སུ་ཕྱོགས་གསུམ་རི་བོས་བསྐོར་ཡོད་པ་དང་། ས་དབྱིབས་ནི་ཤར་ནུབ་ནར་དབྱིབས་ཡིན་ལ། རི་བོའི་ཤར་ལྷོའི་རི་རྒྱུད་དེ་ནུབ་བྱང་གི་ཕྱོགས་སུ་བསྲིངས་ནས་རི་རྒྱུད་དུ་མར་ཆགས་ཡོད་པ་རེད། ས་བབ་ནི་ནུབ་ནས་ཤར་དང་། དབྱིབས་ནིWདང་འདྲ།

སྤྱི་ལོ2015ལོར་ལུའོ་ཡོན་རྫོང་ཁོངས་ཀྱི་གྲོང་རྡལ6དང་ཡུལ་ཚོ5ཡོད་པའི་ཁྲོད་ཀྱི་ཧོ་ཁོའུ་ནི་མི་རིགས་ཡུལ་ཚོ་ཡིན། སྤྱི་ལོ2016ལོར་རྫོང་ཡོངས་ཀྱི་ཐེམ་ཐོའི་མི་འབོར268340ཡོད་པ་རེད། སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར224.6ལ་མངོན་འགྱུར་བྱུང་ཡོད།

2 འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ2པར(སྤྱི་ལོ1913ལོ)གཞུང་ལམ་བཙུགས་ཤིང་། ལུའོ་ཡོན་རྫོང་ནི་ཧྥུའུ་ཅན་ཞིང་ཆེན་གྱི་ཤར་ལམ(ལོ་གཉིས་པར་མིང་ཧྥུའུ་ཅན་ཧའེ་ཏའོ་ཞེས་པར་བསྒྱུར་ལ། ད་ལྟའི་ཧྥུའུ་ཀྲོའུ་གྲོང་ཁྱེར་ཡིན།)

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ14བར། ལུའོ་ཡོན་རྫོང་ནི་ཧྥུའུ་ཅན་ཞིང་ཆེན་གྱི་ཁོངས་གཏོགས་སུ་བཞག

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ22པའི་ཟླ11པར། རྒྱལ་དམངས་གསར་བརྗེའི་དམག་གི་དམག་སྡེ་བཅུ་དགུ་པས་ཧྥུའུ་ཀྲོའུ་རུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་གསར་བརྗེའི་སྲིད་གཞུང་བཙུགས་པ་དང་། ཧྥུའུ་ཅན་ནི་ཞིང་ཆེན4ལ་བགོས་ཤིང་། ལུའོ་ཡོན་རྫོང་ནི་ཧྥུའུ་ཅན་ཞིང་ཆེན་གྱི་ཁོངས་གཏོགས་སུ་བཞག   དེ་ཕྱིར་ལོའི་ཟླ་བ1པར། མི་དམངས་གསར་བརྗེ་སྲིད་གཞུང་ཕམ་སྟེ། ལུའོ་ཡོན་རྫོང་ཡང་བསྐྱར་ཧྥུའུ་ཅན་ཞིང་ཆེན་གྱི་ཐད་གཏོགས་རྫོང་དུ་གྱུར།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ23པའི་ཟླ7པར།  ཧྥུའུ་ཅན་ཞིང་ཆེན་དུ་སྲིད་འཛིན་ལྟ་ཞིབ་ཁུལ10(ཕྱི་ལོའི་ཟླ10པར་སྲིད་འཛིན་ལྟ་ཞིབ་ཁུལ7ལ་བསྒྱུར)ཡོད་པ་ལས་ལུའོ་ཡོན་རྫོང་ནི་སྲིད་འཛིན་ལྟ་ཞིབ་ཁུལ་དང་པོར་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ36ལ་ལུའོ་ཡོན་རྫོང་སྔར་བཞིན་ཧྥུའུ་ཅན་ཞིང་ཆེན་གྱི་ཐད་གཏོགས་རྫོང་ཡིན།

སྤྱི་ལོ1949ལོའི་ཟླ8པའི་ཚེས14ཉིན་ལུའོ་ཡོན་རྫོང་བཅིངས་འགྲོལ་བཏང་། ཟླ9བར། ཧྥུའུ་ཅན་ཞིང་ཆེན་དེ་ཀྲོན་ཆུས8ལ་བགོས་ཤིང་། ལུའོ་ཡོན་རྫོང་ཁོངས་ཀྱི་ཀྲོན་ཆུས་བཞི་པ(སྤྱི་ལོ1950ལོའི་ཟླ4པར་མིང་རྨིན་ཧོའུ་ཀྲོན་ཆུས་ཞེས་པར་བསྒྱུར)

སྤྱི་ལོ1956ལོའི་ཟླ3པར། ལུའོ་ཡོན་རྫོང་ཧྥུའུ་ཨན་ཀྲོན་ཆུས་སུ་སྤོས། སྤྱི་ལོ1961ལོའི་ཟླ11པར་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1963ལོའི་ཟླ8པར། རྨིན་ཧུའུ་ཀྲོན་ཆུས་སླར་གསོ་བྱས།

སྤྱི་ལོ1970ལོར“ཀྲོན་ཆུས”དེ“ས་ཁུལ”དུ་བསྒྱུར། ལོ་དེའི་ཟླ2པར། ལུའོ་ཡོན་རྫོང་ཧྥུའུ་ཨན་ས་ཁུལ་གྱི་ཁོངས་སུ་བཞག(སྤྱི་ལོ1971ལོའི་ཟླ6པར་ཉིང་ཏེ་ས་ཁུལ་ཞེས་པར་བསྒྱུར)

སྤྱི་ལོ1983ལོའི་ཟླ7པར་སླར་ཡང་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་བཞག

3 སྲིད་འཛིན་བགོས་ཁོངས།

སྤྱི་ལོ1992ལོའི་ཟླ10པར་སུང་ཧྲན་དང་ཀྲུང་ཧྥང་ཡུལ་ཚོ་གཉིས་དུས་གཅིག་ཏུ་གྲོང་རྡལ་དུ་བསྒྱུར། དེའི་ནང་ནས་དེ་སྔའི་སུང་ཧྲན་ཡུལ་ཚོའི་གྲུ་ཁ་དང་། ལུའི་ཏུང་། ཆི་ཧུའེ། ཆི་ཐོའུ། ཧྲུའུ་ཡིའུ། ནན་ཆི། ཡོན་ཀྲུང་ཧྥང་ཡུལ་ཚོའི་ལིན་ཅ་དང་། ཀྲུང་ཧྥང་། ཆན་ཞི། ཏ་དབྱང་སོགས་སྡེ་དམངས་ཨུ་ཡོན་ལྷན་ཁང་དེ་སྡོད་དམངས་ཨུ་ལྷན་དུ་བསྒྱུར།

སྤྱི་ལོ1994ལོའི་ཟླ3པར་ཧྥུའུ་ཀྲོའུ་ཡུལ་ཚོ་ཧྥུའུ་ཀྲོའུ་གྲོང་རྡལ་དུ་བསྒྱུར་བ་དང་། ཧྥུའུ་ཀྲོའུ་དང་ཡང་པེན་སྡེ་དམངས་ཨུ་ཡོན་ལྷན་ཁང་སྡོད་དམངས་ཨུ་ལྷན་དུ་བསྒྱུར།

སྤྱི་ལོ2000ལོའི་ཟླ12ཚེས10ཉིན་ཧྥེང་ཧྲན་གྲོང་རྡལ་ཆི་ཡུས་སྡེ་བའི་ཡུས་ཅ་ཐང་དང་། ཆི་དབྱང་། ཀྲུའུ་ཧྥུའུ་བཅས་གྲོང་ལྷན3བཙུགས།

སྤྱི་ལོ2003ལོའི་ཟླ4ཚེས30ཉིན་ཧྥེང་ཧྲན་གྲོང་རྡལ་ཏུང་མོན་གྲོང་ལྷན་གྱིས་ཤར་སྐོར་ལམ་གྱི་ཤར་ངོས་ས་ཁུལ་དུ་ཤར་ཁུལ་གྲོང་ལྷན་བཙུགས།

སྤྱི་ལོ2004ལོའི་ཟླ12ཚེས17ཉིན་ཧྥེང་ཧྲན་གྲོང་རྡལ་ཏུང་ཆུས་གྲོང་ལྷན་གྱིས་ཆི་དབྱང་དང་། ཅིན་ཧྥེང་། མིང་ཤིང་བཅས་སྡེ་ཁུལ་ཆུང་ངུའི་ཁར་མིང་ཧྥེང་སྡེ་ཁུལ་གྲོང་ལྷན་གསར་དུ་བཙུགས་པ་རེད།

སྤྱི་ལོ2015ལོར་ལུའོ་ཡོན་རྫོང་ཁོངས་སུ་ཧྥེང་ཧྲན་དང་། སུང་ཧྲན། ཁྲུན་ཅང་། ཆི་པུའུ། ཀྲུང་ཧྥང་། ཧྥེ་ཀྲུའུ་བཅས་གྲོང་རྡལ6དང་དེ་བཞིན་པི་ལི་དང་། ཧུང་དབྱང་། པའེ་ཐ། ཤིས་ལན། ཧོ་ཁོའུ་བཅས་ཡུལ་ཚོ5ཡོད་པའི་ནང་ཧོ་ཁོའུ་ནི་མི་རིགས་ཡུལ་ཚོ་ཞིག་ཡིན། རྫོང་ཡོངས་སུ་སྡེ་ཁུལ་གྲོང་ལྷན7དང་སྡེ་དམངས་ཨུ་ཡོན་ལྷན་ཁང189ཡོད་པ་རེད།

4 དཔལ་འབྱོར།
4_1 ཕྱོགས་བསྡུས། 

སྤྱི་ལོ2017ལོར་རྫོང་ཡོངས་སུ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར224.6ལ་ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས(གཤམ་དུ“འཕར་སྣོན”ཞེས་བསྡུ་རྒྱུ)8.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར41.5ཟིན་ནས4.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར134.6ཟིན་ནས7.7%ལ་འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར48.5ཟིན་ནས15.7%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་སོ་སོར18.5%དང་།  59.9% 21.5%བཅས་ཟིན་ཡོད། ཟོག་གོང་འཕར་ཚད་ལུགས་མཐུན་གྱི་ཚད་དུ་ཚོད་འཛིན་བྱས་པ་དང་། ལོ་ཧྲིལ་པོར་སྡེ་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་ལོ་སྔོན་མ་ལས0.1%ཆག་ཡོད། རིགས་ཆེན་པོ་བརྒྱད་ཀྱི་ཚོང་ཟོག་ནི“ལྔ་འཕར་གསུམ་ཆག་གསུམ”གྱི་རྣམ་པ་མངོན་པ་སྟེ། སྨན་བཅོས་འཕྲོད་སྦྱོར་རིགས9.4%འཕར་བ་དང་། མཁོ་ཆས་གཞན་དག་དང་ཞབས་ཞུའི་རིགས7.5%འཕར། སློབ་གསོ་རིག་གནས་དང་རོལ་རྩེད་རིགས3.4%འཕར། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས1.8%འཕར། གྱོན་ཆས་རིགས1.5%འཕར། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས0.1%ཆག  བཟའ་བཅའི་ཐ་མག་དང་ཨ་རག་རིགས1.2%ཆག  སྡོད་སའི་རིགས7.2%ཆག་པ་བཅས་སོ།།     སྤྱི་ལོ2016ལོར་རྫོང་ཡོངས་ཀྱི་དུད་ཚང79024དང་ཐེམ་ཐོའི་མི་འབོར268340ཡོད་པ་དང་ཐེམ་ཐོའི་མི་འབོར་ལོ་གོང་མ་ལས་མི1795མང་དུ་ཕྱིན་ནས་ཆ་སྙོམས་དུད་ཚང་རེར་མི3.4ཡོད་ལ། ཕོ་མོའི་བསྡུར་ཚད།  100:91.74སྟེ།   སྐྱེས་པ139949ཡོད་པ་དེས52.2%བཟུང་བ་དང་། སྐྱེས་མ128391ཡོད་པ་དེས47.8%བཟུང་བ། ཕོ་ལས་མོ11558ཀྱིས་མང་། རྫོང་ཡོངས་ཀྱི་གསར་སྐྱེས་མི་འབོར5087ཡོད་པ་དང་སྐྱེས་ཚད་ཀྱིས18.95%ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར2672ཟིན་ལ། ཤི་ཚད་ཀྱིས9.95%བཟུང་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད་མི2415ཟིན་པ་དང་། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆ9.0ཟིན་ཡོད།

4_1_1 ཐོན་ལས་དང་པོ།     

སྤྱི་ལོ2017ལོར་རྫོང་ཡོངས་སུ་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར72.04ཟིན་པ་དེ་དུས་མཚུངས་ལས4.4%འཕར་བ་དང་། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར40.11ཟིན་པ། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.51ཟིན་པ། ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར10.4ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས2.7%འཕར་བ། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.54ཟིན་ནས15%འཕར་བ། འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་1.41ཟིན་ནས་དུས་མཚུངས་ལས5.6%འཕར་བ། ཉ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར27.75ཟིན་ནས5.8%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང6246.67ཟིན་པ་དེ་ལོ་གོང་མ་ལས་སྤྱི་ཆིང365.27མང་དུ་ཕྱིན་པ། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན30107ཟིན་པ་དེ3.37%འཕར་ཡོད། 

4_1_2 ཐོན་ལས་གཉིས་པ། 

སྤྱི་ལོ2017ལོར་རྫོང་ཡོངས་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར450.93ལེགས་སྒྲུབ་བྱས་པ་དེ32.2%འཕར་བ། བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར126.6ཟིན་ནས7.9%འཕར་བ་དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར91.6ཟིན་ནས7.8%འཕར་བ་དང་བཟོ་ལས་ཀྱི་རིན་ཐང་འཕར་མས་རྫོང་ཡོངས་ཀྱིGDPཡི་བསྡུར་ཚད56%བཟུང་ཡོད། རྫོང་ཡོངས་སུ་གཞི་ཁྱོན་ཡན་གྱི་ཁེ་ལས126ཡོད་པའི་ནང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས23ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར429.12ཟིན་པ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི95.2%བཟུང་ཡོད། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར19.3ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས13.9%འཕར་བ། ལྕི་བའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར431.6ཟིན་པ་དེ33.2%འཕར་ཡོད། ཐོན་འཚོང་སྦྲེལ་མཐུད་ཅུང་ལེགས་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར415.1ལེགས་གྲུབ་བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས31.4%འཕར་བ་དང་བཟོ་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཚད92.0%ཟིན་ཡོད། བཟོ་ལས་དཔལ་འབྱོར་ལྡོག་འཕར་བྱུང་ནས་པའོ་ཀང་ཏེ་ཧྲེང་དང་མིང་ཀོང་ངར་ལྕགས་ཀྱི་ཐོན་རྫས་རིན་ཐང་གཉིས་ཀ་སྒོར་དུང་ཕྱུར100ལས་བརྒལ་ནས་རྫོང་ཁོངས་ཀྱི་ཁེ་ལས་དུང་ཕྱུར་བརྒྱ་ལས་མེད་པའི་ཚད་བརྒལ་བྱུང་ཞིང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར450ལེགས་གྲུབ་བྱུང་ནས32%འཕར་བ་དང་། ཧྭ་ནེང་མེ་ཤུགས་གློག་འདོན་ཁང་གི་དུས་ཐེངས་དང་པོར་ཐེག་ཚད་ཆེ་བའི་ཚོད་ལྟའི་འཁོར་སྐྱོད་བདེ་བླག་བྱུང་བ་དང་། ལྷོ་ཧ་ཡང་གི་ཧ་ཡང་རྒྱུ་ཆའི་དུས་ཐེངས་གཉིས་པ་དང་། ཏེ་ཧྲེང་སྣག་གཏོར་སྲབ་མོའི་རིགས་ཀྱི་གྱང་སའི་སོ་ཕག་དུས་ཐེངས་དང་པོ། ཀྲུང་གོ་གློག་དྲ་གློག་ཤུགས་སོགས་ཐོན་ལས་རྣམ་གྲངས་གལ་ཆེན་ཁག་གཅིག་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། པའོ་ཀང་ཏེ་ཧྲེང་གི་དུས་ཐེངས་གཉིས་པ་དང་ཅིན་མིང་གི་རྡོ་ཐ་དུས་ཐེངས་གཉིས་པ་སོགས་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་བྱུང་བ། རྡོ་རྒྱུ་ལས་སྣོན་གླིང་དུ་བེད་མེད་དུ་བསྐྱུར་བའི་བཟོ་ཁང་ཐོན་བསྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་བཅས་བྱས་པས་མཐུད་སྦྱོར་རྣམ་གྲངས26གྲུབ་འབྲས་ཐོབ་པའི་ངང་མཐུད་སྦྱོར་བྱས་པ་རེད། སྤྱི་ལོ2017ལོར་ལུའོ་ཡོན་རྫོང་གི་སྤྱི་ཚོགས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར8.37ཟིན་པ་དེ་ལོ་གོང་མ་ལས5.7%འཕར་ཡོད། རྫོང་དེ་ཡོངས་ཀྱི་འོས་ཐོབ་རིམ་པ་ཡན་གྱི་ཨར་སྐྲུན་ཁེ་ལས17གྱིས་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར40.3ལེགས་གྲུབ་བྱུང་བ་དང་། འོས་བབ་ལྡན་པའི་ཨར་སྐྲུན་ཁེ་ལས་ཀྱི་ལོ་ཧྲིལ་པོའི་ཨར་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཁྲི261.8ཟིན་པ། ཁང་པ་ལས་མཇུག་འགྲིལ་ཁྱོན་རྨིད་གྲུ་བཞི་མ་ཁྲི48.3ཟིན་པ་བཅས་རེད།

5 སློབ་གསོ། 

ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་རྒྱལ་རབས་ལྔའི་རིང་། ཀྲུང་ཀྲོའུ་ཡི་མི་སྣ་འབོར་ཆེན་ཞིག་སྔ་རྗེས་སུ་ལུའོ་ཡོན་དུ་གནས་སྤོས་ནས་ཀྲུང་ཡོན་རིག་གནས་ལ་བརྟེན་ནས་ལུའོ་ཡོན་རིག་སློབ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སུང་རྒྱལ་རབས་ཀྱི་སྐབས་སུ་མངའ་ཁོངས་སུ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དར་རྒྱས་བྱུང་བ་དང་། རྫོང་གི་ཡོངས་སུ་རྩོམ་པ་པོ་དང་མཁས་པ10ལྷག་ཙམ་ཡོད་ཅིང་། དེའི་ནང་ཁྲེན་ཧྲན་གྱི《དབྱིས་ཤིག་གི་གཏམ་གསར》ཞེས་པའི་བཤད་ཚུལ་ལ་ལྟ་ཚུལ་གསར་པ་ཡོད་ཅིང་། ཤུགས་རྐྱེན་ཅུང་ཆེ། མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་རིག་གནས་པ་གྲགས་ཅན་ལ་ཁྲེན་ཅུན་དང་ཀྲེང་གོ་ཙུའོ་ཡི་སྙན་ངག་དང་། ཡིའུ་ཅུན་ལིན་དང་ཁྲེན་ཧྲི་ཆིན་གྱི་རི་མོ། ལིན་ཁྲང་ཚུན་དང་ལིན་ཧྲང་ཁུའེ་ཡི་ཡིག་གཟུགས་སོགས་ཡོད། དམངས་ཁྲོད་རིག་རྩལ་གྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དང་། གཏམ་རྒྱུད་དང་། གླུ་གཞས། གཏམ་དཔེ། རོལ་དབྱངས། ཞབས་བྲོ། འཇིམ་བརྐོས། ཤོག་དྲས་འདྲ་གཟུགས་སོགས་རྣམ་པ་སྣ་ཚོགས་ཡོད་པས་ངོ་མཚར་ཆེ་ལ་ཡིད་དབང་འཕྲོག་པ་ཞིག་ཡོད།  

6 མི་སྣ།   

ལུའོ་ཡོན་རྫོང་ལ་མི་འཇོན་ཐང་ཅན་མང་པོ་བྱུང་། རྒྱལ་རབས་རིམ་བྱུང་གི་ཅིན་ཧྲི221ཡོད་པའི་ནང་སུང་རྒྱལ་རབས་ཀྱི་མི203དང་། ཡོན་རྒྱལ་རབས་ཀྱི་མི1  མིང་རྒྱལ་རབས་ཀྱི་མི5  ཆིང་རྒྱལ་རབས་ཀྱི་མི12བཅས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ1ཡོད་པ་དང་། ཆེད་བསྐོས་དགེ་རྒན136དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1643ཡོད་པ། ལོ་སྟོད་དུ་སློབ་མ550བསྡུས་ཡོད། མཐོ་རིམ་སློབ་འབྲིང་4དང་། ཆེད་བསྐོས་དགེ་རྒན284སློབ་གྲྭར་ཡོད་པའི་སློབ་མ་2915ལོ་སྟོད་དུ་སློབ་མ963བཅས་ཡོད། དམའ་རིམ་སློབ་འབྲིང14ཡོད་པ་དང་ཆེད་བསྐོས་དགེ་རྒན་645ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ5985ཡོད་པ། ལོ་སྟོད་དུ་སློབ་མ2120བསྡུ་བ་བཅས་ཡོད། སློབ་ཆུང35དང་ཆེད་བསྐོས་དགེ་རྒན1094ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ16098ཡོད། ལོ་སྟོད་དུ་སློབ་མ3070བསྡུ་བ་བཅས་ཡོད། བུ་བཅོལ་ཁང53ཡོད་པ་དང་ཆེད་བསྐོས་དགེ་རྒན573དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ9061ཡོད། དམངས་བཙུགས་བུ་བཅོལ་ཁང31དམངས་གཉེར་སློབ་ཆུང1དམངས་གཉེར་སློབ་འབྲིང་དཀྱུས་མ1བཅས་སོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-06

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།