ཧན་ཐིང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧན་ཐིང་ཆུས།
ཧན་ཐིང་ཆུས་ནི་འཛམ་གླིང་གི་ཤོག་བྱའི་གྲོང་ཁྱེར་ཝེ་ཧྥང་གྲོང་ཁྱེར་གྱི་ཆུས་བཞིའི་གྲས་ཤིག་ཡིན་ཞིང་། ཧྲན་ཏུང་ཕྱེད་གླིང་གི་དབུས་རྒྱུད་དང་པོ་ཧའེ་ལའེ་ཀྲོའུ་མཚོ་ཁུག་གི་ལྷོ་ངོགས་སུ་གནས་ཡོད། ཧན་ཐིང་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ898ཡོད་པ་དང་རྨོ་ཞིང་གི་རྒྱ་ཁྱོན་མུའུ་ཁྲི48.8ཡོད། སྤྱི་ལོ2014ལོར་མི་འབོར་ཁྲི35.5ཡོད་ལ་དེའི་ཁྲོད་དུ་ཞིང་ལས་མི་འབོར་ཁྲི28.4ཡོད། ཧན་ཐིང་ཆུས་སུ་ཁྲོམ་ལམ5དང་ཡུལ་སྐོར་གསར་སྤེལ་ཁུལ1ཡོད། ཧན་ཐིང་ཆུས་ལ་གནའ་བོའི་དུས་སུ་ཧན་རྒྱལ་ཁབ་ཟེར་ཞིང་། བཤད་རྒྱུན་ལ་ཞ་རྒྱལ་རབས་ཀྱི་ཧན་ཙུའུ་ཡིས་བཙུགས་པར་བཤད། ཆིན་རྒྱལ་རབས་ཀྱི་སྐབས་སུ་ཆི་ཅུན་གྱི་ཁོངས་སུ་གཏོགས་ལ། ཧན་རྒྱལ་རབས་ཀྱི་སྐབས་སུ་མིང་ལ་ཕིང་ཧྲོའུ་ཟེར། སུའེ་རྒྱལ་རབས་དང་། ཐང་ རྒྱལ་རབས། སུང་རྒྱལ་རབས ། ཡོན་རྒྱལ་རབས་བཅས་ཀྱི་སྐབས་སུ་ཝེ་ཀྲོའུ་ཡི་ཁོངས་གཏོགས་ཡིན། “ཅན་ཨན་སྐྱེས་བུ་བདུན”ཁྲོད་ཀྱི་ཁུང་རུང་དང་ཞུས་ཀན་དང་། ཆིང་རྒྱལ་རབས་ཀྱི་རྩོམ་རིག་མཁས་ཅན་དང་ཡིག་གཟུགས་དང་རི་མོ་མཁས་ཅན་ཀྲེང་པན་ཆའོ་བཅས་ཚང་མས་ཧན་ཐིང་ཆུས་སུ་ཞབས་རྗེས་བཞག་མྱོང་། མི་རིགས་ཀྱི་ཁྱད་ཆོས་དང་ཕ་ཡུལ་གྱི་ཉམས་འགྱུར་ལྡན་པའི་དབྱང་ཅ་པུའུ་ཤིང་པར་ལ་ལོ500ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་ཀྲུང་གོའི་ཤིང་པར་ཆེན་པོ་གསུམ་གྱི་ནང་གི་གཅིག་ཡིན་ཞིང“འཛམ་གླིང་གི་ཤོག་བྱའི་གྲོང་ཁྱེར་གྱི་ཕ་མཁར”ཞེས་པའི་མཚན་སྙན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
寒亭区
ཕྱི་ཡིག་གི་མིང་།
Hanting Qu
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ཆུས།
ཁོངས་གཏོགས་ས་ཁུལ།
ཝེ་ཧྥང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་ལམ5ཡོད།
སྲིད་གཞུང་གནས་ཡུལ།
ཡུས་ཝང་ཐའེ།
ས་ཁོངས་ཁ་པར་ཨང་རྟགས།
0536
སྦྲག་སྲིད་ཨང་རྟགས།
261100
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ898ཡོད།
མི་གྲངས།
ཁྲི35.5ཡོད།(སྤྱི་ལོ2014ལོ)
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཝེ་ཧྥང་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཝེ་ཧྥང་མེ་འཁོར་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ལའུG (鲁G)
སྲིད་འཛིན་ཚབ་ཨང་།
370703
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར233.36ཡིན།(སྤྱི་ལོ2017ལོ)
1 འཛུགས་སྐྲུན་འཕེལ་རིམ།

ཧན་ཐིང་ཆུས་ནི་གནའ་དུས་ཧན་རྒྱལ་ཁབ་ཀྱི་ས་ཆ་ཡིན་ལ། གདོད་མའི་སྤྱི་ཚོགས་སུ་མིའི་རིགས་དེ་གར་འཚོ་སྡོད་བྱེད་བཞིན་ཡོད།

ཞ་རྒྱལ་རབས་ཀྱི་དུས་སུ་ཧན་རྒྱལ་ཁབ་ཀྱི་ས་ཆ་ཡིན་ལ། པོ་མིང་རུས་རྒྱུད་ཀྱི་ས་ཆ་ཡིན།

ཧྲང་རྒྱལ་རབས་ཀྱི་སྐབས་སུ་ལའེ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།

ཀྲོའུ་རྒྱལ་རབས་ཀྱི་སྐབས་སུ་ཆི་རྒྱལ་ཁབ་དང་། ཅི་རྒྱལ་ཁབ། ཀྲོའུ་རྒྱལ་ཁབ་བཅས་ཀྱི་ཁོངས་གཏོགས་ཡིན།

ཀྲན་གོའི་དུས་སུ། ཅི་རྒྱལ་ཁབ་དང་ཆི་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཡིན།

ཆིན་རྒྱལ་རབས་ཀྱི་དུས་སུ་ཆི་ཅུན་གྱི་ཁོངས་སུ་གཏོགས།

ཧན་རྒྱལ་རབས་ནུབ་མའི་སྐབས་སུ་ཅའོ་ཏུང་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།

ཧན་རྒྱལ་རབས་ཤར་མའི་སྐབས་སུ་ཅའོ་ཏུང་རྒྱལ་ཁབ་ཀྱི་ཞ་སྨིའི་མངའ་འོག་ཏུ་གཏོགས།

ཧན་རྒྱལ་རབས་ཀྱི་དུས་འགོར་ཆིན་རྒྱལ་རབས་ཀྱི་ལམ་ལུགས་རྒྱུན་འཛིན་བྱས་ཤིང་། ཆིང་ཀྲོའུ་ཆི་ཅུན་དང་། པེ་ཧའེ་ཅུན། པེ་ཧའེ་རྒྱལ་ཁབ། ཅའོ་ཏུང་རྒྱལ་ཁབ་བཅས་ཀྱི་ཁོངས་སུ་གཏོགས་ཤིང་། ཧན་ཤར་མའི་དུས་མཇུག་ཏུ་ཝང་མང་གིས་རྒྱལ་རབས་གསར་པ་བཙུགས་རྗེས“གནའ་བོའི་རྒྱལ་ཁབ་ཚང་མར་ཐིང་བཙུགས་ཡོད་པ་མ་ཟད། དེར་རྩིས་ཆེན་བྱེད་ཀྱིན་ཡོད”ལ། གནའ་བོའི་ཧན་རྒྱལ་ཁབ་ཧན་ཐིང་དུ་བསྒྱུར་ཞིང་། ཧན་ཐིང་གི་མིང་ནི་དེ་ལྟར་ཐོགས་པ་དང་ད་ལྟའི་བར་དུ་རྒྱུན་འཛིན་བྱས།

ཧན་རྒྱལ་རབས་དང་ཅིན་རྒྱལ་རབས་ཀྱི་སྐབས་སུ་ཕིན་ཧྲོའུ་རྫོང་གི་ས་ཆ་ཡིན་ཞིང་། ཆིན་ཀྲོའུ་པེ་ཧའེ་ཅུན་གྱི་ཁོངས་སུ་གཏོགས།

ཆི་བྱང་མའི་དུས་སུ། པེ་ཧའེ་ཅུན་ཀའོ་དབྱང་ཅུན་ལ་བསྒྱུར། མངའ་ཁོངས་སུ་ཞ་སྨི་རྫོང་དང་ཅའོ་ཏུང་རྫོང་སོགས་ཡོད།

སུའེ་ཁའེ་ཧོང་གི་དུས་འགོར། ཀའོ་དབྱང་ཅུན་མེད་པར་བཟོས་ནས་པེ་ཧའེ་ཅུན་བསྐྱར་འཛུགས་བྱས།

ཁའེ་ཧོང་ཁྲི་ལོ་དྲུག་པར(སྤྱི་ལོ586ལོ)བསྐྱར་དུ་ཅའོ་ཏུང་རྫོང་བཙུགས་ཤིང་རྗེས་སུ་ཝེ་ཧྲུའེ་རྫོང་དུ་བསྒྱུར།

ཁའེ་ཧོང་ཁྲི་ལོ་བཅུ་དྲུག་པར(སྤྱི་ལོ596ལོ)པེ་ཧའེ་ཅུན་དུ་བགོས་ནས་ཝེ་ཀྲོའུ་བཙུགས་པ་དང་། སྔར་བཞིན་ཞ་སྨི་ཡི་མངའ་ཁོངས་ཡིན་ལ། ས་ཁོངས་ཀྱི་མིང་ལ་ཝེ་ཧྲུའེ་ཟེར།

ཏ་ཡེ་ཁྲི་ལོ་གཉིས་པར(སྤྱི་ལོ606ལོ)ཝེ་ཀྲོའུ་མེད་པར་བཟོས་ནས་པེ་ཧའེ་ཅུན་གྱི་ཁོངས་སུ་བསྡུས(ཀྲི་སུའོ་ཆིན་ཀྲོའུ་རུ་ཡོད)ཤིང་། ཞ་སྨི་རྫོང་དེ་པེ་ཧའེ་རྫོང་དུ་བསྒྱུར་ལ། ཝེ་ཧྲུའེ་རྫོང་དེ་ཞ་སྨི་རྫོང་དུ་བསྒྱུར།

ཐང་ཝུའུ་ཏེ་སྲིད་ལོ་གཉིས་པར(སྤྱི་ལོ619ལོ)ཝེ་ཀྲོའུ(ཀྲོའུ་ཀྲི་དེང་གི་ཝེ་ཁྲེང་གྲོང་ཁྱེར་དུ་ཡོད)བཙུགས་པ་དང་། ཀྲོའུ་ཡི་མངའ་ཁོངས་སུ་པེ་ཧའེ་དང་། ཞ་སྨི། ཡིང་ཆིའུ་རྫོང་སོགས་ཡོད།

ཝུའུ་ཏེ་ཁྲི་ལོ་བརྒྱད་པར(སྤྱི་ལོ625ལོ)ཝེ་ཀྲོའུ་བེད་མེད་པར་བཟོས་ཏེ། ཡིང་ཆིའུ་དང་ཞ་སྨི་པེ་ཧའེ་ཡི་ཁོངས་སུ་བསྡུས་ཤིང་ཆིན་ཀྲོའུ་ཡི་ཁོངས་སུ་གཏོགས།

རྒྱལ་རབས་ལྔ་ཡི་དུས་སྐབས་སུ་པེ་ཧའེ་རྫོང་གི་ས་ཆ་ཡིན་ཞིང་། ཆིན་ཀྲོའུ་པེ་ཧའེ་ཅུན་གྱི་ཁོངས་སུ་གཏོགས།

སུང་ཅན་ལུང་ཁྲི་ལོ་གསུམ་པར(སྤྱི་ལོ962ལོ)ཆིང་ཀྲོའུ་པེ་ཧའེ་རྫོང་གི་པེ་ཧའེ་ཅོན་དང་། ཁྲང་དབྱི་རྫོང་གི་འཛུགས་ཡུལ་ཡིན།

ཆན་ཏེ་ཁྲི་ལོ་གསུམ་པར(སྤྱི་ལོ965ལོ)པེ་ཧའེ་ཅོན་མེད་པར་བཟོས་ཏེ་པེ་ཧའེ་རྫོང་ཝེ་ཀྲོའུ་རུ་འཕར་ཞིང་། ཁྲང་ལེ་རྫོང་དང་། ཝེ་ཀྲོའུ་ཁོངས་གཏོགས་ཀྱི་པེ་ཧའེ་དང་ཁྲང་དབྱི། ཁྲང་ལེ་བཅས་རྫོང་གསུམ་འཕར་སྣོན་བྱུང་ལ། ཀྲོའུ་ཀྲི་པེ་ཧའེ་རུ་ཡོད། ཀྲི་ཏའོ་ཁྲི་ལོ་གསུམ་པར(སྤྱི་ལོ997ལོ)ཀྲོའུ་ཡི་སྟེང་དུ“ལུའུ”ཡི་ལམ་ལུགས་བཙུགས་པ་དང་། ཝེ་ཀྲོའུ་ནི་ཅིན་ཏུང་ལུའུ་རུ་གཏོགས། ཞི་ཉིང་ཁྲི་ལོ་བདུན་པར(སྤྱི་ལོ1074ལོ)ཅིན་ཏུང་ལུསུ་དེ་ཏུང་ལུའུ་ཞི་ལུའུ་གཉིས་སུ་ཕྱེས་ཡོད་པ་དང་། ཝེ་ཀྲོའུ་ནི་ཅིན་ཏུང་ཏུང་ལུའུ་ཡི་ཁོངས་སུ་གཏོགས།

ཅིན་ཡིའུ་ཐེན་ཧུའེ་སྲིད་ལོ་བདུན་པར(སྤྱི་ལོ1129ལོ)ཝེ་ཀྲོའུ་བླངས་པ་དང་། སུང་རྒྱལ་རབས་ཀྱི་ལམ་ལུགས་རྒྱུན་འཛིན་བྱས་ཤིང་སྔར་བཞིན་ཝེ་ཀྲོའུ་བཙུགས་ནས་ཅིན་ཏུང་ཏུང་ལུསུ་ཡི་ཁོངས་སུ་གཏོགས། ཝེ་ཀྲོའུ་ཁོངས་སུ་པེ་ཧའེ་དང་། ཁྲང་དབྱི། ཁྲང་ལེ་བཅས་རྫོང་གསུམ་དང་ཀུའུ་ཏི་གྲོང་རྡལ་བཅས་ཡོད་ལ། ཀྲོའུ་ཀྲི་སྔར་བཞིན་པེ་ཧའེ་རུ་ཡོད། ཐེན་ཧེའུ་ཁྲི་ལོ་བཅོ་ལྔ་པར(སྤྱི་ལོ1137ལོ)ཅིན་ཏུང་ཏུང་ལུའུ་དེ་ཧྲན་ཏུང་ཏུང་ལུའུ་ཞེས་པར་བསྒྱུར་པ་དང་། ཝེ་ཀྲོའུ་ཡི་ཁོངས་སུ་གཏོགས།

ཡོན་ཐའེ་ཙུང་ཁྲི་ལོ་དྲུག་པའི(སྤྱི་ལོ1234ལོ)རྗེས་སུ། ཝེ་ཀྲོའུ་ནི་ཡོན་རྒྱལ་རབས་ཀྱི་མངའ་ཁོངས་ཡིན་ཞིང་། སྔར་བཞིན་པེ་ཧའེ་དང་ཁྲང་དབྱི། ཁྲང་ལེ་བཅས་རྫོང་གསུམ་བཅོས་སྐྱོང་བྱས་ཡོད། ཀྲི་ཡོན་ཁྲི་ལོ་གསུམ་པར(སྤྱི་ལོ1266ལོ)ཁྲང་ལེ་རྫོང་པེ་ཧའེ་རུ་ཟླ་སྒྲིལ་བཏང་། ཝེ་ཀྲོའུ་ཡི་མངའ་ཁོངས་སུ་རྫོང་གཉིས་ཡོད་དེ། པེ་ཧའེ་དང་ཁྲང་དབྱི་གཉིས་ཡིན་ཞིང་། ཀྲོའུ་ཀྲི་པེ་ཧའེ་རུ་ཡོད། ཀྲུང་ཧྲུའུ་ཧྲེང་ཧྲན་ཏུང་ཞི་ལུའུ་ཏའོ་ཞོན་ཝུའུ་སི་ཡི་དབྱི་ཏུའུ་ལུའུ་ཡི་ཁོངས་སུ་གཏོགས།

མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་དང་པོར(སྤྱི་ལོ1368ལོ)པེ་ཧའེ་རྫོང་ཝེ་ཀྲོའུ་ཡི་ཁོངས་སུ་བསྡུས་ཤིང་། ཁྲང་དབྱི་རྫོང་ལ་འགོ་ཁྲིད་བྱས་པ་དང་། ཆིན་ཀྲོའུ་ཧྥུ་ཡི་ཁོངས་གཏོགས་ཡིན། ཧུང་ཝུའུ་ཁྲི་ལོ་བཅུ་པར(སྤྱི་ལོ1377ལོ)ཀྲོའུ་ནས་རྫོང་དུ་ཕབ་ཅིང་། ཁྲང་དབྱི་ཝེ་རྫོང་དང་ཟླ་སྒྲིལ་བཏང་ལ། ལའེ་ཀྲོའུ་ཧྥུ་ཡི་ཁོངས་སུ་གཏོགས། ཧུང་ཝུའུ་ཁྲི་ལོ་ཉེར་གཉིས་པར(སྤྱི་ལོ1389ལོ)ཝེ་རྫོང་ཕིན་ཏུའུ་ཀྲོའུ་རུ་བསྒྱུར།

ཆིང་རྒྱལ་རབས་ཀྱིས་མིང་རྒྱལ་རབས་ཀྱི་ལམ་ལུགས་རྒྱུན་འཛིན་བྱས་ཤིང་། ཡུང་ཀྲེང་ཁྲི་ལོ་བཅུ་གཉིས་པར(སྤྱི་ལོ1734ལོ)ཕིང་ཏུའུ་སན་ཀྲོའུ་རུ་ཕབ་ཅིང་། ཝེ་རྫོང་ལའེ་ཀྲོའུ་ཧྥུ་ཡི་ཐད་གཏོགས་ས་ཁུལ་ཡིན།

མིན་གོ་སྲིད་ལོ་གསུམ་པར(སྤྱི་ལོ1913ལོར)ཧྲན་ཏུང་དུ་ཧྥུ་ཡི་ལམ་ལུགས་མེད་པར་བཟོས་ནས་ཏའོ་བཙུགས་ཤིང་། ཝེ་རྫོང་ནི་ཅའོ་ཏུང་ཏའོ་ཡི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་བཅུ་བཞི་པར(སྤྱི་ལོ1925ལོ)ཅའོ་ཏའོ་ཡི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)ཧྲན་ཏུང་གིས་ཏའོ་ཡི་ལམ་ལུགས་མེད་པར་བཟོས་ཤིང་། ཝེ་རྫོང་ནི་ཞིང་ཆེན་གྱི་ཐད་གཏོགས་ས་ཁོངས་ཡིན།

མིན་གོ་སྲིད་ལོ་ཉེར་དྲུག་པའི(སྤྱི་ལོ1937ལོ)ཟླ7པར་གོ་མིན་ཏང་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཀུང་ཧྲུའུ་གསུམ་དང་། སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་བདུན་དུ་དབྱེ་ཞིང་། ཝེ་རྫོང་ནི་སྲིད་འཛིན་ལྟ་ཞིབ་ཁུལ་བརྒྱད་པའི་ཁོངས་སུ་གཏོགས་ཤིང་། རྫོང་སྲིད་གཞུང་ཝེ་རྫོང་དུ་ཡོད།

སྤྱི་ལོ1938ལོའི་ཟླ1པོར་འཇར་པན་གྱིས་ཝེ་རྫོང་བཙན་བཟུང་བྱས་པ་དང་། ཟླ3པར་འཇར་པན་དང་རྫུས་དམག་གིས“ཧྲན་ཏུང་ཞིང་ཆེན་ཀུང་ཧྲུའུ”བཙུགས་པ་དང་། དེའི་འོག་ཏུ་ཏའོ་ལིན་རྫོང་བཙུགས་ཤིང། ཝེ་རྫོང་ལའེ་ཝེ་ཏའོ་ཡི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་སུམ་ཅུ་སོ་གཅིག་པར(སྤྱི་ལོ1942ལོ)ཀྲུང་གུང་གིས་ཝེ་རྫོང་གི་ཆུས་བཞི་པ་དང་ལྔ་པར་འཇར་འགོག་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་། ཅའོ་ཏུང་ཆུས་ཀྱི་ཞི་ཧའེ་ཀྲོན་ཆུས་ཀྱི་ཐད་གཏོགས་ས་ཁུལ་ཡིན། ཟླ10པར་ཝུའེ་རྫོང་བྱང་རྒྱུད་ཀྱི་ཆུས་བཞི་པ་དང་། ལྔ་པ། ཧྲོའུ་ཀོང་རྫོང་གི་ཆུས་དགུ་པ་དང་བཅུ་པ་བཅས་ཧྲོའུ་ཝུའེ་རྫོང་དུ་ཟླ་སྒྲིལ་བཏང་།

མིན་གོ་སྲིད་ལོ་སུམ་ཅུ་སོ་གཉིས་པའི(སྤྱི་ལོ1943ལོ)ཟླ9པར། ཧྲོའུ་ཝེ་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་འཛུགས་འགོ་ཚུགས་པ་དང་། ཆིང་ཧོ་ཆུས་ཀྱི་ཆིང་ཏུང་ས་ཁུལ་གྱི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་སུམ་ཅུ་སོ་གསུམ་པའི(སྤྱི་ལོ1944ལོ)ཟླ5པར་ཧྲོའུ་ཝེ་རྫོང་མེད་པར་བཟོས་ཤིང་། ཝེ་རྫོང་གི་བྱང་རྒྱུད་ས་ཁུལ་དང་ཁྲང་དབྱི་རྫོང་གི་བྱང་རྒྱུད་ས་ཁུལ་ཟླ་སྒྲིལ་བཏང་ནས་ཁྲང་ཝེ་རྫོང་བཙུགས་པ་དང་ཀྲུང་གུང་པོ་ཧའེ་ས་ཁུལ་གྱི་ས་ཁུལ་ལྔ་པའི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོ)ཟླ6པར་ཁྲང་ཝེ་རྫོང་མེད་པར་བཟོས་ནས་ཝེ་རྫོང་གི་སྒྲིག་གཞི་བསྐྱར་གསོ་བྱས་ཤིང་། ཟླ8པར་འཇར་དམག་གིས་ཆ་རྐྱེན་ཅི་ཡང་མེད་པར་མགོ་བཏགས་པ་དང་སྲིད་དབང་རྫུས་མ་མཇུག་རྫོགས། ཟླ10པར་ཝེ་རྫོང་དེ་ཝེ་པེ་རྫོང(སུན་ཅ་དབྱང་མེང་དུ་བཅའ་སྡོད་བྱས)དང་ཡུས་ནན་རྫོང(ཡུང་ཆོན་ཀྲོང་དུ་བཅའ་སྡོད་བྱས་ཡོད)གཉིས་སུ་ཕྱེས་ཤིང་། ཅའོ་ཏུང་ཆུས་ཀྱི་ཞི་ཧའེ་ཀྲོན་ཆུས་སུ་གཏོགས།

མིན་གོ་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོ)ཟླ4པར་ཝེ་ཁྲེང་བཅིངས་འགྲོལ་བཏང་ནས་ཁྲེང་ཆུས་དང་། ཧྥང་ཙི། ཁྲེང་ནན་གྱི་ཅར་ཧྲི་ལི་པའོ་སོགས་ཀྱི་ས་ཁུལ་ལོགས་སུ་ཕྱེ་ནས་ཝེ་ཧྥང་དམིགས་བསལ་གྲོང་ཁྱེར་བཙུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཧྭ་ཤར་ཅུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1950ལོའི་ཟླ1པོར་ཡུས་ནན་རྫོང་མེད་པར་བཟོས་པ་དང་། དེའི་མངའ་ཁོངས་ཝེ་པེ་རྫོང་དུ་ཟླ་སྒྲིལ་བཏང་ཞིང་། རྫོང་སྲིད་གཞུང་སྔར་བཞིན་སུན་ཅ་དབྱང་མེང་དུ་བཅའ་སྡོད་བྱས། ཟླ4པར་ཁྲང་ཡུས་ཀྲོན་ཆུས་སུ་བསྒྱུར། ཟླ6པར་ཧན་ཐིང་ཁྲོམ་ལམ་དུ་སྤོས་པ་དང་ཅའོ་ཏུང་ཆུས་ཤིས་ཧའེ་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ12པར་ཧན་ཐིང་ཁྲོམ་ལམ་སྔར་གྱི་གནས་ཤུལ་དུ་སྤོས།

སྤྱི་ལོ1953ལོའི་ཟླ8པར་ཝེ་པེ་རྫོང་མེད་པར་བཟོས་པ་དང་། དེའི་ཁོངས་གཏོགས་ས་ཁུལ་དག་ཝེ་རྫོང་དུ་ཟླ་སྒྲིལ་བཏང་ཞིང་། ཁྲང་དབྱི་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1958ལོའི་ཟླ11པར་ཝེ་རྫོང་མེད་པར་བཟོས་པ་དང་། དེའི་མངའ་ཁོངས་ཝེ་ཧྥང་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་ཞིང་། ཁྲང་དབྱི་ཀྲོན་ཆུས་ཀྱི་ཁོངས་གཏོགས་ཡིན།

སྤྱི་ལོ1961ལོའི་ཟླ12པར་ཝེ་རྫོང་གི་སྒྲིག་གཞི་སླར་གསོ་བྱས།

སྤྱི་ལོ1983ལོའི་ཟླ10པར་ཝེ་རྫོང་གི་སྒྲིག་གཞི་མེད་པར་བཟོས་ནས་ཧན་ཐིང་ཆུས་བཙུགས་པ་དང་། ཝེ་ཧྥང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2018ལོའི་བར་དུ་ཧན་ཐིང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་ལམ5ཡོད་པ་སྟེ། ཧན་ཐིང་ཁྲོམ་ལམ་དང་། ཁའེ་ཡོན་ཁྲོམ་ལམ། ཀོའུ་ཐའེ་ཁྲོམ་ལམ། ཀའོ་ལི་ཁྲོམ་ལམ། ཀྲུའུ་ལི་ཁྲོམ་ལམ་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཝེ་ཧྥང་གྲོང་ཁྱེར་གྱི་ཧན་ཐིང་ཆུས་ནི་འཛམ་གླིང་གི་ཤོག་བྱའི་ཕ་མཁར་ཡིན་པ་དང་། ཧྲན་ཏུང་ཕྱེད་གླིང་གི་དབུས་ཁུལ་དང་པོ་ཧའེ་ལའེ་ཀྲོའུ་མཚོ་ཁུག་གི་ལྷོ་ངོགས་སུ་ཆགས་ཡོད་ལ། ཤར་གྱི་གཞུང་ཐིག180'57"~119'25"དང་། བྱང་གི་འཕྲེད་ཐིག36'42"~37'10"བར་དུ་གནས་ཡོད།

3_2 ནམ་ཟླ།

ཧན་ཐིང་ནི་དྲོད་འཇམ་ཁུལ་ཤར་རྒྱུད་ཀྱི་དུས་རླུང་ཁུལ་དུ་གནས་པ་དང་། གནམ་གཤིས་འཇམ་ལ། དུས་བཞིའི་དབྱེ་བ་གསལ། ཆར་ཆུ་འབབ་ཚད་གཅིག་སྡུད་ཆེ་ཞིང་། ཆར་ཆུ་དང་ཚ་བ་དུས་མཉམ་ཡིན། ལོ་ཧྲིལ་པོའི་ཆ་སྙོམས་ཀྱི་དྲོད་ཚད12.1℃ཡིན་པ་དང་། ཚ་གྲང་གི་འགྱུར་ལྡོག་མངོན་གསལ་ཡིན་ལ། ཆ་སྙོམས་ཀྱི་དྲོད་ཚད་མཐོ་ཤོས30.7℃ཡིན་ཞིང་། ཆ་སྙོམས་ཀྱི་དྲོད་ཚད་དམའ་ཤོས་ནི8.8℃Cཡིན། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི600ཡིན་པ་དང་ཉི་འོད་ཕོག་ཚད་ཆུ་ཚོད2800ཡིན་ལ། སད་མེད་དུས་ཉིན191ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། མི་རིགས། གནས་ཡུལ། ཆུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-01

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།