ཡུའེ་ཁྲེང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུའེ་ཁྲེང་ཆུས།
ཡུའེ་ཁྲེང་ཆུས་ནི་ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིན་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས་ཤིང་། ཉིང་ཧྲའོ་བདེ་ཐང་གི་ནུབ་རྒྱུད་དང་ཧུའེ་ཅི་ཧྲན་རི་བོའི་བྱང་འདབས་སུ་གནས། སྤྱི་ལོའི་སྔོན་གྱི490ལོར། ཡུའེ་ཝང་ཀུའོ་ཡིས་རྒྱལ་ས་སྤོས་ནས་མཁར་འདི་བཙུགས་ཏེ་མིང་དེ་ལྟར་ཐོགས་པ་རེད། ཆིན་རྒྱལ་རབས་སྐབས་སུ་ཧུའེ་ཅི་ཅུན་བཙུགས། ཐང་རྒྱལ་རབས་ཀྱིས་ཡུའེ་ཀྲོའུ་བཙུགས་པས། སྐབས་ཤིག་ལ་སུང་རྒྱལ་རབས་ལྷོ་མའི་གནས་སྐབས་ཀྱི་རྒྱལ་ས་དང་མིང་རྒྱལ་རབས་ཀྱི་དུས་མཇུག་གི་ལུའུ་རྒྱལ་པོས་ལྟ་སྐུལ་བྱེད་སར་གྱུར་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་འབྱུང་གནས་སྔ་ཤོས་དང་ཞན་ཡུའེ་རིག་གནས་དར་རྒྱས་ཆེ་ཤོས་ཀྱི་ས་ཁུལ་ཡིན་ཞིང་། ལོ་རྒྱུས་ཡུན་རིང་ལྡན་པ་དང་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། སྤྱི་ལོ1949ལོའི་ཟླ5པར་ཧྲའོ་ཤིན་བཅིངས་འགྲོལ་བཏང་ཞིང་། ཧྲའོ་ཤིན་གྲོང་ཁྱེར(རྫོང་རིམ་པའི་གྲོང་ཁྱེར)བཙུགས་པ་དང་། རྗེས་སུ་ཧྲའོ་ཤིན་རྫོང་དང་ཧྲའོ་ཤིན་ས་ཁུལ་སོ་སོར་ཧྲའོ་ཤིན་རྫོང་དང་ཧྲའོ་ཤིན་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་འཛུགས་སའི་གནས་ཡིན། སྤྱི་ལོ1983ལོའི་ཟླ7པར། ཧྲའོ་ཤིན་གྱིས་ས་ཁུལ་མེད་པར་བཟོས་ནས་གྲོང་ཁྱེར་བཙུགས་ཏེ་ཡུའེ་ཁྲེང་ཆུས་བཙུགས་པ་དང་། ད་ལྟ་ཡུའེ་ཁྲེང་ཆུས་ནི་ཧྲའོ་ཤིན་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གནས་ཡུལ། ཧྲའོ་ཤིན་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན། ཡུའེ་ཁྲེང་ཆུས་ཀྱིས་གྲོང་རྡལ5དང་སྲང་ལམ11དང་། སྲིད་འཛིན་གྲོང་ཚོ104སྡེ་ཁུལ(གྲོང་ལྷན)70བཅས་བདག་སྐྱོང་བྱས་ཡོད། ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་166.92ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི41.28ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི8.24ཟིན་ཡོད། སྤྱི་ལོ2013ལོར་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར287.32ཟིན་པའི་ནང་ཐོན་ལས་དང་པོ་སྒོར་དུང་ཕྱུར་6.09དང་། ཐོན་ལས་གཉིས་པ་སྒོར་དུང་ཕྱུར70.83ཐོན་ལས་གསུམ་པ་སྒོར་དུང་ཕྱུར་210.4ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར37881གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར20873བཅས་ཟིན་ཡོད། སྤྱི་ལོ2018ལོའི་ཟླ10པར། སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེའི་ཆུས་བརྒྱ། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཆེའི་ཆུས་བརྒྱ་བཅས་སུ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཆེའི་ཆུས་བརྒྱ་རུ་བདམས་པ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ལེགས་པའི་ཆུས་བརྒྱ་རུ་བདམས་པ་བཅས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
越城区
མི་འབོར།
ཁྲི97.24(2016ལོའི་རྒྱུན་སྡོད་མི་འབོར)
ཕྱི་ཡིག་གི་མིང་།
Yuecheng District
ཡུལ་སྐད།
ཝུའུ་སྐད། ཧྲའོ་ཤིན་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
གནམ་ཐང་།
ཧང་ཀྲོའུ་ཞའོ་ཧྲན་རྒྱལ་སྤྱིའི་གནམ་ཐང་།
མངའ་ཁོངས།
གྲོང་རྡལ5དང་སྲང་ལམ11ཡོད།
རླངས་འཁོར་ཚབ་ཨང་།
浙D
ས་ཁོངས་ཁ་པར་ཨང་རྟགས།
0575
མེ་འཁོར་ས་ཚིགས།
ཞའོ་ཧྲན་མེ་འཁོར་ས་ཚིགས།
སྦྲག་སྲིད་ཨང་རྟགས།
312000
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
330602
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོའི་སྔོན་གྱི490ལོར། ཡུའེ་ཝང་ཀུའོ་ཡིས་རྒྱལ་ས་སྤོས་ནས་མཁར་འདི་བཙུགས་ཏེ་མིང་དེ་ལྟར་ཐོགས་པ་རེད། ཆིན་རྒྱལ་རབས་སྐབས་སུ་ཧུའེ་ཅི་ཅུན་བཙུགས། ཐང་རྒྱལ་རབས་ཀྱིས་ཡུའེ་ཀྲོའུ་བཙུགས་པས། སྐབས་ཤིག་ལ་སུང་རྒྱལ་རབས་ལྷོ་མའི་གནས་སྐབས་ཀྱི་རྒྱལ་ས་དང་མིང་རྒྱལ་རབས་ཀྱི་དུས་མཇུག་གི་ལུའུ་རྒྱལ་པོས་ལྟ་སྐུལ་བྱེད་སར་གྱུར་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་འབྱུང་གནས་སྔ་ཤོས་དང་ཞན་ཡུའེ་རིག་གནས་དར་རྒྱས་ཆེ་ཤོས་ཀྱི་ས་ཁུལ་ཡིན།

སྤྱི་ལོ1949ལོའི་ཟླ5པར་ཧྲའོ་ཤིན་བཅིངས་འགྲོལ་བཏང་ཞིང་། ཧྲའོ་ཤིན་གྲོང་ཁྱེར(རྫོང་རིམ་པའི་གྲོང་ཁྱེར)བཙུགས་པ་དང་། རྗེས་སུ་ཧྲའོ་ཤིན་རྫོང་དང་ཧྲའོ་ཤིན་ས་ཁུལ་སོ་སོར་ཧྲའོ་ཤིན་རྫོང་དང་ཧྲའོ་ཤིན་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་འཛུགས་སའི་གནས་ཡིན སྤྱི་ལོ1983ལོའི་ཟླ7པར། ཧྲའོ་ཤིན་གྱིས་ས་ཁུལ་མེད་པར་བཟོས་ནས་གྲོང་ཁྱེར་བཙུགས་ཏེ་ཡུའེ་ཁྲེང་ཆུས་བཙུགས་པ་དང་། ད་ལྟ་ཡུའེ་ཁྲེང་ཆུས་ནི་ཧྲའོ་ཤིན་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གནས་ཡུལ། ཧྲའོ་ཤིན་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན།     ཡུའེ་ཁྲེང་ཆུས་ཀྱིས་གྲོང་རྡལ5དང་སྲང་ལམ11དང་། སྲིད་འཛིན་གྲོང་ཚོ104སྡེ་ཁུལ(གྲོང་ལྷན)70བཅས་བདག་སྐྱོང་བྱས་ཡོད།

2 སྲིད་འཛིན་ཁོངས་བགོས།

ཁོངས་གཏོགས་ས་ཁོངས། ཐ་ཧྲན་ཁྲོམ་གཞུང་དང་། ཧྥུའུ་ཧྲན་ཁྲོམ་གཞུང་། པེ་ཧའེ་ཁྲོམ་གཞུང་། ཆི་ཧྲན་ཁྲོམ་གཞུང་། ཁྲེང་ནན་ཁྲོམ་གཞུང་། ཆན་ཧྲན་ཁྲོམ་གཞུང་། ཏི་ཧོང་ཁྲོམ་གཞུང་། ལིང་ཀྲི་གྲོང་རྡལ། ཏུང་ཧུའུ་གྲོང་རྡལ། ཁྲུའུ་ལུའུ་གྲོང་རྡལ། མ་ཧྲན་གྲོང་རྡལ། ཏོའུ་མོན་གྲོང་རྡལ། ཡུས་ཧུའུ་གྲོང་རྡལ། ཏུང་ཕུའུ་གྲོང་རྡལ། སུན་ཏོན་གྲོང་རྡལ། ཐའོ་ཡན་གྲོང་རྡལ། ཧྥུའུ་ཧྲེང་གྲོང་རྡལ་བཅས་ཡིན་པ་དང་། ཡུའེ་ཁྲེང་ཆུས་སྲིད་གཞུང་ནི་ཡན་ཨན་ལམ་ཨང18པར་གནས་ཡོད།    

ཡུའེ་ཁྲེང་ཆུས་སུ་ཁྱོན་གྲོང་རྡལ5དང་སྲང་ལམ11ཡོད་པ་དང་། སྲིད་འཛིན་གྲོང་ཚོ209དང་། སྡེ་ཁུལ105 གྲོང་ལྷན80བཅས་ཡོད་ཅིང་། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ493དང་མི་འབོར་ཁྲི76ཡོད་པ་རེད།

3 མི་འབོར།  

སྤྱི་ལོ2012ལོའི་ལོ་མཇུག་ཏུ། ཆུས་ཡོངས་ཀྱི་ཐེམ་ཐོའི་མི་འབོར411582ཡོད་པའི་ནང་སྐྱེས་པ202374ཡོད་པ་དང་བུད་མེད209208ཡོད་པ་དེས་སོ་སོར་མི་འབོར་བསྡོམས་འབོར་གྱི49.2%དང50.8%བཟུང་ཡོད། ཞིང་ལས་མིན་པའི་མི་འབོར་326327ཡོད་པ་དེས་སྤྱིའི་མི་འབོར་གྱི79.3%བཟུང་ཡོད། ཆུས་ཀྱི་མི་འབོར་འཆར་ལྡན་བུ་བཙའ་དང་འཕྲོད་བསྟེན་ཅུས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ལོ་ཧྲིལ་པོར་ལྗོངས་ཡོངས་ཀྱི་མི་འབོར་སྐྱེ་ཚད6.87‰དང་། ཤི་ཚད6.756‰ མི་འབོར་རང་ཤུགས་སུ་འཕར་ཚད0.13‰བཅས་ཟིན་ཡོད་པ་རེད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ་ས་ཁོངས།

གྲོང་ཁུལ་དེ་ཧུའེ་ཅི་རི་བོའི་བྱང་ངོས་སུ་གནས་ཡོད། བྱང་གི་འཕྲེད་ཐིག 30°00′དང་ཤར་གྱི་གཞུང་ཐིག120°35′ བར་གནས་ཡོད། ཕྱོགས་བཞི་ནི་ཧྲའོ་ཤིན་རྫོང་དང་ས་མཚམས་འབྲེལ་ཞིང་། ས་བབ་ལྷོ་ཕྱོགས་མཐོ་ཞིང་བྱང་ཕྱོགས་དམའ། ལྷོ་ཕྱོགས་སུ་རི་མ་ཐང་མང་བ་དང་། ས་ངོས་མཐོ་ཚད་སྨི5.1ནས6.2བར་ཡིན།

.png

4_2 ཆུ་དཔྱད་ཆ་རྐྱེན།

ཡུའེ་ཁྲེང་ཆུས་ནི་བདེ་ཐང་ཆུ་དྲ་ཁུལ་དུ་གནས་པ་དང་། ཕིང་ཧྲུའེ་གཙང་པོ་དང་། ཆི་ཆི་ཅང་གཙང་པོ། ནན་ཁྲེ་ཅང་གཙང་པོ། ཕོ་ཐང་གཙང་པོ་བཅས་ལྷོ་ནས་བྱང་བར་ཆུས་ནང་ཁུལ་དུ་རྒྱུག་ཅིང་། ཀྲེ་ཅང་གི་མིས་བཟོས་གཙང་པོ། ཤར་ནུབ་སོ་སོར་ས་ཁོངས་ལྷོ་བྱང་དུ་ཁྱབ་ཡོད། མངའ་ཁོངས་ནང་གི་ཆུ་ལམ་འཕྲེད་གཞུང་དུ་ཁྱབ་པ། ས་ཁོངས་ཀྱི་ལྷོ་རྒྱུད་དུ་དེའུ་འབུར་ཐར་ཐོར་དུ་ཁྱབ་ཡོད།

4_3 ནམ་ཟླའི་ཁྱད་ཆོས།

ཆུསས་ཡོངས་ཀྱི་ས་ཁོངས་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་། ལོ་ཧྲིལ་པོར་བྱང་ཤར་དུ་རླུང་མང་བ་དང་། དྲོད་ཅིང་འཇམ་ལ་བརླན་གཤེར་ཆེ་བ་དང་། ཆར་ཆུ་འབེལ་བ། དུས་བཞི་གསལ་བ་བཅས་ཡིན་ཞིང་། ལོ་རེའི་ཆ་སྙོམས་དྲོད་ཚད16.4℃ཡིན་པ་དང་། ལོ་རེའི་ཆ་སྙོམས་ཉི་འོད་ཆུ་ཚོད1996.4དང་། སད་མེད་པའི་དུས་ཡུན་ཉིན240ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1461ཡིན། དབྱར་ཁ་དང་སྟོན་ཀའི་བར་དུ་དྲག་རླུང་དང་དྲག་ཆར་གྱི་དུས་སུ་འཇབ་རྒོལ་བྱེད་པ་དང་། སྐབས་འགར་གྱོང་གུན་ཆེན་པོ་བཟོ་བཞིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2012ལོར་ཡུའེ་ཁྲེང་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར271.68ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས9.4%འཕར་བ་དང་། འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.4ཆག་ཡོད། ཐེམ་ཐོའི་མི་འབོར་ལྟར་བརྩིས་ན་ཆུས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར66155ཟིན་ཡོད། ཐོན་ལས་ཆེན་པོ་གསུམ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར5.89ཟིན་ནས4.5%ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར70.05ཟིན་ནས5.7%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར195.74ཟིན་ནས11.4%འཕར་བ་དང་། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ2.2:25.8:72.0ཡིན།     སྤྱི་ལོ2015ལོར། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་336.8མངོན་འགྱུར་བྱུང་བ་དེ་སྤྱི་ལོ2010ལོའི་ལྡབ་1.6ཡིན་པ་དང་། ལོ་རེར་ཆ་སྙོམས7.6%འཕར་ཡོད། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི8.2ཟིན་ཡོད། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར22དང་སྒྲིག་སྲོལ་བསྡོམས་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར15.5ཟིན་པ་དེ་སྤྱི་ལོ2010ལོའི་ལྡབ4.3དང་ལྡབ1.6རེད། རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར657.1བཏང་ནས་ལོར་ཆ་སྙོམས7.6%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྤྱི་ལོ2010ལོའི་སྒོར་དུང་ཕྱུར124.4ནས་སྒོར་དུང་ཕྱུར་211.9བར་འཕར་ནས་ལོ་རེར་ཆ་སྙོམས11.2%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་སྤྱི་ལོ2010ལོའི2.5:28.3:69.2ནས1:20.5:78.5བར་ལེགས་སྒྲིག་བྱས་པ་དང་། ཞབས་ཞུའི་ལས་རིགས་ཀྱི་བསྡུར་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆའི་གཞི་གྲངས1.9འཕར་སྣོན་བྱུང་ཞིང་། གྲོང་ཁྱེར་གྱི་དཔལ་འབྱོར་ཁྱད་ཆོས་སྔར་བས་མངོན་གསལ་རེད། རིམ་རྩིས་བྱས་ན་རང་གཉེར་ཕྱིར་གཏོང་ཨ་སྒོར་དུང་ཕྱུར98.5ཟིན་ནས་ལོ་རེར་ཆ་སྙོམས5.3%འཕར་ཡོད། གསར་གཏོད་དངོས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་རིམ་རྩིས་བྱས་ན་ཆུས་རིམ་པ་ཡན་གྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས16བསྐྲུན་པ་དང་། རྒྱལ་ཁབ་ཀྱི་དཔལ་འབར་འཆར་གཞིའི་རྣམ་གྲངས3དང་། མེ་སྟག་འཆར་གཞིའི་རྣམ་གྲངས3 གསར་གཏོད་ཐེབས་རྩའི་རྣམ་གྲངས2བཅས་ཐོབ་པ་རེད། ཞིང་ཆེན་རིམ་པའི་ཐོན་རྫས་གསར་པ57གསར་སྤེལ་བྱས་པ་དང་། གྲོང་ཁྱེར་རིམ་པ་ཡན་གྱི་ཚན་རྩལ་རྣམ་པའི་ཁེ་ལས74གསོ་སྐྱོང་བྱས་པ་བཅས་རེད།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།

སྤྱི་ལོ2012ལོར་ཡུའེ་ཁྲེང་ཆུས་ཀྱིས་འོས་འགན་སློབ་གསོའི་གཞུང་བཙུགས་སློབ་གྲྭའི“སློབ་གྲྭ་འདེམས་རྒྱུ་མེད་པ་དང་སློབ་ཡོན་བསྡུ་རྒྱུ་མེད་པའི”སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་། 《སློབ་བསྡུའི་ལས་དོན་ལག་བསྟར་བསམ་འཆར》བཟོ་བཅོས་བརྒྱབ་པ་རེད། སློབ་གྲྭ་ཁག་གཅིག་གི་སློབ་ཁྲིད་ཁུལ་གྱི་ཁྱབ་ཁོངས་བརྟན་ལ་གོ་རིམ་ལྡན་པའི་ངང་ལེགས་སྒྲིག་བྱས་ནས། ཁྱོན་ཡོངས་ནས“ཀུན་མཐོང་སློབ་བསྡུ”ཐུབ་པ། “ཞུ་གཏུག་གཅིག་ཀྱང་མེད་པ”བཅས་བྱས་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་འགུལ་སྐྱོད་བུ་ཕྲུག་སློབ་གྲྭར་ཡོད་པའི་མི་གྲངས18848ཟིན་པ་དེས་སློབ་མའི་བསྡོམས་འབོར་གྱི29.6%བཟུང་ཡོད། བུ་བཅོལ་ཁང162ཀྱི་བུ་བཅོལ་ཁང་གི་བདེ་འཇགས་གྲལ་བཤེར་གསལ་འབྱེད་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་དུས་བཀག་ལྟར་གཞུང་གཉེར་བུ་བཅོལ་ཁང་གི་སྒྱུར་བཀོད་ལས་གྲྭ་ཁག་གཅིག་དུས་བཀག་ལྟར་ལེགས་སྒྲུབ་བྱས་ཡོད། ཀྲེ་ཅང་ཞིང་ཆེན་རིམ་པའི་བུ་བཅོལ་ཁང་གིས་སྤྱི་གླིང་སྤྱིའི་གྲངས་འབོར་གྱི89.4%བཟུང་བ་དང་དེའི་ནང་སློབ་སྦྱོང་བྱེད་བཞིན་པའི་བྱིས་པའི་གྲངས་འབོར་གྱིས་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པའི་གྲངས་འབོར་གྱི91.2%བཟུང་ཡོད། ལོ་ཧྲིལ་པོར་སློབ་གྲྭ27གྱིས་ཞིང་ཆེན་གྱི་འོས་འགན་སློབ་གསོའི་ཚད་ལྡན་ཅན་གྱི་སློབ་གྲྭའི་ཞིང་ཆེན་རིམ་པའི་བསྐྱར་ཞིབ་དང་ལེན་བྱས་པ་དང་ཞིང་ཆེན་གྱི་ཚད་ལྡན་ཅན་གྱི་སློབ་གྲྭ47ཟིན་པ་དེས་ཆུས་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་བསྡོམས་འབོར་གྱི85%བཟུང་ཡོད།

6_2 ཚན་རྩལ།

སྤྱི་ལོ2012ལོར་ཡུའེ་ཁྲེང་ཆུས་ཀྱིས་ཚན་རྩལ་གསར་གཏོད་ལྟེ་གནས་དེ་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་གསོ་སྐྱོང་ཆས་སུ་རིམ་སྤོར་བྱས་པ་དང་། ཡུའེ་ཁྲེང་ཆུས་ཚན་རྩལ་ལས་གཏོད་གླིང་ལས་གྲྭ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ། བཟོ་ལས་ཁེ་ལས་ཀྱི་ཡོན་ཧྲི་ས་ཚིགས་ཐོག་མ་བསྐྲུན་ནས་ལས་གཉེར་བྱས་ཡོད། ཞིང་ལས་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱིས་བཅའ་སྡོད་ཚན་པ5གསར་དུ་ནང་འདྲེན་བྱས་པ་དང་གསོ་སྦྱོང་བྱ་ཡུལ་སྨི་ངོས་གྲུ3000ལྷག་ཙམ་བོགས་མར་བཏང་བ་དང་འབྲེལ་ལྟེ་གནས་ནང་གི་ཞིང་ལས་ཁེ་ལས་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་རིམ་པ་ཡན་གྱི་ཚན་རྩལ་རྣམ་གྲངས10ལྷག་ཙམ་ཡིག་ཐོག་སྙན་ཞུ་ཕུལ་ཡོད། ཆུས་ཡོངས་སུ་གྲོང་ཁྱེར་རིམ་པའི་ཁེ་ལས་ཞིབ་འཇུག་གསར་སྤེལ་ལྟེ་གནས5དང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་རོགས་སྐྱོར་བྱེད་དགོས་པའི་མཐོ་གསར་ལག་རྩལ་ཁེ་ལས3 ཞིང་ཆེན་གྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང8 ཞིང་ཆེན་གྱི་ཞིང་ལས་ཚན་རྩལ་ཁེ་ལས3 གྲོང་ཁྱེར་གྱི་གསར་གཏོད་རྣམ་པའི་ཁེ་ལས4 གྲོང་ཁྱེར་གྱི་མཐོ་གསར་ལག་རྩལ་ཁེ་ལས་5བཅས་གཏན་འཁེལ་བྱས་ཡོད། ཆུས་ཡོངས་སུ་ཞིང་ཆེན་རིམ་པ་ཡན་གྱི་ཚན་རྩལ་རྣམ་གྲངས15ཡོད་པའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས9ཡོད། ཀྲེ་ཅང་ཞིང་ཆེན་གྱི་ཚོང་རྟགས2གསར་སྣོན་བྱས་ཡོད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད1888དང་ཁེ་བེད་བདག་ཐོབ་སྤྲོད་ཚད1302ཟིན་པ་དེའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ533ཡོད་པ་དེས་ཟིན་ཐོ་གསར་པ་བཏོད་ཡོད།

6_3 འགྲིམ་འགྲུལ།

ཡུའེ་ཁྲེང་ཆུས་ཀྱི་རིམ་མཐོའི་གཞུང་ལམ་ཁོད་སྙོམས་པོ་དང་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་ནས་ས་གནས་ཁག་དང་འབྲེལ་མཐུད་བྱེད་ཀྱི་ཡོད། ཀྲེ་ཅང་དང་ཅང་ཞི། ཧང་ཀྲོའུ་བཅས་རྐང་འཛིན་ལྕགས་ལམ་གཉིས་དང་ཧྲང་ཧའེ་དང་ཧང་ཀྲོའུ་ནས་ཧང་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གཉིས་འཕྲེད་གཞུང་དུ་ཤར་བགྲོད་ཐུབ་པ་དང་། ཀྲེ་ཅང་གི་མིས་བཟོས་གཙང་པོ་རྒྱལ་མཚམས་བརྒལ་ཏེ་ཤར་ནས་ཉིང་པོ་གྲུ་ཁར་སླེབས་པ་དང་། ནུབ་ཏུ་མིས་བཟོས་གཙང་པོ་ཆེན་པོ་དང་སྦྲེལ་ནས་ནང་ཁུལ་གྱི་ཆུ་ཐོག་སྐྱེལ་འདྲེན་དར་རྒྱས་བྱུང་ཡོད།

7 གཟི་བརྗིད་མཚན་སྙན།

ཀྲུང་གོ་ཚན་རིག་ཁང་གི་ཀྲུང་གོའི་ཆེས་བདེ་སྐྱིད་ལྡན་པའི་གྲོང་ཁྱེར་དང་ཀྲུང་གོའི་ཆེས་བཟང་བའི་ཚོང་ལས་གྲོང་ཁྱེར། རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ། ཀྲུང་གོའི་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་གྲོང་དང་པོ། ཀྲུང་གོའི་སྐམ་ས་ཆེ་མོའི་གསར་གཏོད་ནུས་པ་ཆེ་ཤོས་ཀྱི་གྲོང་ཁྱེར། ཉེ་རབས་ཀྱི་དངུལ་རྩའི་ལས་རིགས་ཀྱི་སྣེ་ཁྲིད་མཁན། ཀྲུང་གོའི་སྤུས་རྟགས་གྲོང་ཁྱེར། ཀྲུང་གོའི་ལས་གཏོད་ཀྱི་གྲོང་ཁྱེར། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར། རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་བཟང་གྲོང་ཁྱེར། རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར། རྒྱལ་ཁབ་སྐྱེ་དངོས་སྨན་རྫས་ཞིབ་འཇུག་རྟེན་གཞི་སོགས་ཀྱི་མཚན་སྙན་བཞེས་ཡོད།  


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-06

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།