ཧྲའོ་ཤིན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲའོ་ཤིན་གྲོང་ཁྱེར།
ཧྲའོ་ཤིན་གྱི་བསྡུས་མིང་ལ“ཡུའེ”ཞེས་ཟེར་ཞིང་། གནའ་བོའི་དུས་སུ་ཡུའེ་ཀྲོའུ་ཞེས་འབོད་པ་དང་། ཀྲེ་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆུ་བོའི་གནས་མཆོག་ཁྱད་ཆོས་ལྡན་པའི་ཀྲུང་གོའི་རིག་གནས་དང་སྣོད་བཅུད་ཡུལ་སྐོར་གྲོང་ཁྱེར་ལ་མཆན་བཀོད་བཀའ་ལན་གནང་ཡོད། སྤྱི་ལོ2018ལོའི་བར། གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས3དང་། རྫོང1 རྫོང་རིམ་པའི་གྲོང་ཁྱེར2བཅས་ཡོད་པ་དེའི་སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ8274.79ཡོད་པ་དང་། བསྐྲུན་ཟིན་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ208.1ཟིན་པ་དང་། རྒྱུན་སྡོད་མི་འབོར་ཁྲི503.5ཟིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི335.33ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད66.6%ཟིན་ཡོད་པ་རེད། ཧྲའོ་ཤིན་ནི་ཀྲུང་གོའི་ཧྭ་ཤར་ས་ཁུལ་དང་། ཀྲེ་ཅང་ཞིང་ཆེན་གྱི་དབུས་བྱང་རྒྱུད། ཧང་ཀྲོའུ་མཚོ་ཁུག་གི་ལྷོ་ངོགས་སུ་གནས་པ་དང་། ཤར་དུ་ཉིང་པོ་གྲོང་ཁྱེར་དང་འབྲེལ་བ་དང་། ལྷོ་རུ་ཐའེ་ཀྲོའུ་གྲོང་ཁྱེར་དང་ཅིན་ཧྭ་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་ཏུ་ཧང་ཀྲོའུ་གྲོང་ཁྱེར་དང་འབྲེལ་བ་དང་། བྱང་དུ་ཆན་ཐང་ཅང་གཙང་པོ་དང་ཅ་ཤིང་གྲོང་ཁྱེར་བར་ཕན་ཚུན་ཁ་སྤྲོད་དུ་གནས་ཡོད། དེ་ནི་འབྲི་ཆུའི་ཟུར་གསུམ་གླིང་གི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་གྲོང་ཁྱེར་གལ་ཆེན་དང་། མཐའ་སྐོར་ཧང་ཀྲོའུ་མཚོ་ཁུག་མཚོ་ཁུག་ཁུལ་གྱི་ལྟེ་བའི་གྲོང་ཁྱེར། ཧང་ཀྲོའུ་གྲོང་ཁྱེར་མུ་ཁྱུད་ཀྱི་ལྟེ་བའི་གྲོང་ཁྱེར་བཅས་རེད། དེ་ནི་ཤར་གྱི་གཞུང་ཐིག 119°53′03"ནས121°13′38"བར་དང་། འཕྲེད་ཐིག་བྱང་མའི 29°13′35"ནས30°17′30"བར་དུ་གནས་པ་དང་། ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དྲོ་ཞིང་བརླན་གཤེར་ལྡན་ཅིང་དུས་བཞིའི་ཁྱད་པར་མངོན་གསལ་ཡིན། ཧྲའོ་ཤིན་ལ་ལོ་ངོ2500ལྷག་ཙམ་གྱི་གྲོང་ཁྱེར་བཙུགས་པའི་ལོ་རྒྱུས་ཡོད་པ་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་བྱ་དགའི་གྲོང་ཁྱེར་ཁག་དང་པོ། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར། ཀྲུང་གོའི་དམངས་གཉེར་དཔལ་འབྱོར་ལ་གསོན་ཤུགས་ཆེ་ཤོས་ལྡན་པའི་གྲོང་ཁྱེར་བཅས་ཡིན་ལ། གྲགས་ཅན་ཆུ་ཡི་ཕ་ཡུལ་དང་། ཟམ་པའི་ཕ་ཡུལ། ཆང་གི་ཕ་ཡུལ། ཡིག་རིས་ཀྱི་ཕ་ཡུལ། གྲགས་ཅན་མི་སྣའི་ཕ་ཡུལ་བཅས་ཀྱང་རེད། ཧྲའོ་ཤིན་ལ“ཉ་དང་འབྲས་ཀྱི་ཕ་ཡུལ”ཞེས་ཀྱང་འབོད་སྲོལ་ཡོད། རིག་གནས་གནའ་ཤུལ་གྲགས་ཅན་ལ་ལན་ཐིང་དང་། ཡུས་ལིང་། ལུའུ་ཞུན་གྱི་ཕ་ཡུལ། ཧྲེན་ཡོན། ཁོ་ཡན། ཚའེ་ཡོན་ཕེ་ཡི་བཞུགས་གནས་དང་། ཀྲོའུ་ཨེན་ལའེ་ཡི་སྐུ་ཡུལ། ཆིའུ་ཅིན་གྱི་བཞུགས་གནས་རྙིང་པ། མ་དབྱིན་ཁྲུའུ་ཡི་བཞུགས་གནས་རྙིང་པ། ཝང་ཞི་ཀྲི་ཡི་བཞུགས་གནས་རྙིང་པ། ཧོ་ཀྲི་ཀྲང་གི་བཞུགས་གནས་རྙིང་པ་སོགས་ཡོད། སྤྱི་ལོ2017ལོར་ཧྲའོ་ཤིན་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་གཟི་བརྗིད་མཚན་སྙན་མུ་མཐུད་སོར་འཇོག་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། སྤྱི་ལོ2017ལོར་ཀྲུང་གོའི་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྟོན་གྲངས་ཨང16པར་སླེབས་ཡོད། སྤྱི་ལོ2018ལོའི་ཟླ12པར། ཀྲུང་གོའི་སྐམ་ས་ཆེ་མོའི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡག་ཤོས་ཨང7པར་བདམས་པ་དང་ཀྲུང་གོའི་གསར་གཏོད་ནུས་པ་ཆེ་ཤོས་ཀྱི་གྲོང་ཁྱེར30ཡི་གྲས་ཤིག་རེད། སྤྱི་ལོ2018ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར(ཆུས)བསྐྱར་དུ་གཏན་འཁེལ་བྱས་པ་རེད། ཧྲའོ་ཤིན་གྲོང་ཁྱེར་ནི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ཚོད་ལྟའི་གྲོང་ཁྱེར་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
绍兴市
མིང་གཞན།
会稽、山阴、越州
ཕྱི་ཡིག་གི་མིང་།
Shaoxing City
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི8274.79ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་གནས་རིམ་པའི་གྲོང་ཁྱེར།
མི་འབོར།
ཁྲི503.5ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཁུལ།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
ཆུས3དང་རྫོང1 རྫོང་རིམ་པའི་གྲོང་ཁྱེར2ཡོད།
རླངས་འཁོར་ཚབ་ཨང་།
浙D
ས་ཁོངས་ཁ་པར་ཨང་རྟགས།
(+86)0575
མེ་འཁོར་ས་ཚིགས།
ཧྲའོ་ཤིན་མེ་འཁོར་ས་ཚིགས་དང་། ཧྲའོ་ཤིན་བྱང་ཚིགས། ཧྲའོ་ཤིན་ཤར་ཚུགས་སོགས་ཡོད།
སྦྲག་སྲིད་ཨང་རྟགས།
312000
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
330600
གནས་ཡུལ་ས་ཁོངས།
ཀྲེ་ཅང་ཞིང་ཆེན་གྱི་བྱང་ཕྱོགས། ཧང་ཀྲོའུ་མཚོ་ཁུགས།
ཐོན་སྐྱེད་སྤྱི་འབོར།
སྒོར་དུང་ཕྱུར5108.04(སྤྱི་ལོ2017ལོ)
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ5པར། ཧྲའོ་ཤིན་མངའ་ཁོངས་ཡོངས་སུ་བཅིངས་འགྲོལ་ཐོབ། ཟླ6པར་ཀྲེ་ཅང་ཞིང་ཆེན་གྱི་ཀྲོན་ཆུས་བཅུ་པའི་ཁོངས་སུ་ཧྲའོ་ཤིན་དང་། ཧྲང་ཡུས། སུའེ་རྫོང་། ཞིན་ཁྲང་། ཀྲུའུ་ཧོ། ཞའོ་ཧྲན་བཅས་རྫོང་དྲུག་ཡོད་པ་དང་། ཡུས་ཡའོ་རྣམས་ཀྲོན་ཆུས་གཉིས་པའི་ཁོངས་སུ་བགོས། ཟླ10པར་ཧྲའོ་ཤིན་ཀྲོན་ཆུས་སུ་བསྒྱུར་པར་མ་ཟད། ཧྲའོ་ཤིན་རྫོང་གི་གྲོང་ཁུལ་དུ་ཧྲའོ་ཤིན་གྲོང་ཁྱེར(དེང་གི་ཧྲའོ་ཤིན་གྲོང་ཁྱེར)ལོགས་སུ་བཀར།      སྤྱི་ལོ1952ལོའི་ཟླ1པོར། ཧྲའོ་ཤིན་ཀྲོན་ཆུས་མེད་པར་བཏང་། སྔོན་གྱི་ཁོངས་སུ་ཧྲའོ་ཤིན་དང་ཀྲུའུ་ཅི། ཞའོ་ཧྲན་བཅས་རྫོང་གསུམ་དང་ཧྲའོ་ཤིན་གྲོང་ཁྱེར་དེ་ཞིང་ཆེན་སྲིད་གཞུང་གི་ཐད་གཏོགས་ཡིན་པ་དང་། ཧྲང་ཡུས་དང་དབྱི་རྫོང་། ཞིན་ཁྲང་བཅས་ཉིང་པའོ་ཀྲོན་ཆུས་སུ་བགོས།     སྤྱི་ལོ1964ལོའི་ཟླ9པར། ཧྲའོ་ཤིན་ཀྲོན་ཆུས་བསྐྱར་དུ་བཙུགས་ནས་ཧྲའོ་ཤིན་རྫོང་དུ་བཅའ་སྡོད་བྱས་པ་དང་། དེའི་ཁོངས་སུ་ཧྲའོ་ཤིན་དང་། ཧྲང་ཡུས། སུའེ་རྫོང་། ཞིན་ཁྲང་། ཀྲུའུ་ཅི་བཅས་རྫོང་ལྔ་ཡོད།     སྤྱི་ལོ1968ལོའི་ཟླ5པར། ཧྲའོ་ཤིན་ས་ཁུལ་ཞེས་པར་བསྒྱུར་པར་མ་ཟད། ཧྲའོ་ཤིན་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1978ལོའི་ཟླ9པར་ཧྲའོ་ཤིན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཞེས་པར་མིང་བསྒྱུར།     སྤྱི་ལོ1983ལོའི་ཟླ7པར། ཧྲའོ་ཤིན་ས་ཁུལ་མེད་པར་བཏང་ནས། ཞིང་ཆེན་གྱི་མངའ་འོག་ཏུ་ཧྲའོ་ཤིན་གྲོང་ཁྱེར་དུ་བསྒྱུར་ཞིང་། ཡུའེ་ཁྲེང་ཆུས་དང་ཧྲའོ་ཤིན་རྫོང་། ཧྲང་ཡུས་རྫོང་། ལིན་རྫོང་། ཞིན་ཁྲང་རྫོང་། ཀྲུའུ་ཅི་རྫོང་བཅས་འདུས་ཡོད།    

སྤྱི་ལོ1989ལོའི་ཟླ9པར། ཀྲུའུ་ཅི་རྫོང་ཀྲུའུ་ཅི་གྲོང་ཁྱེར་(རྫོང་རིམ་པའི་གྲོང་ཁྱེར་)ལ་བསྒྱུར།     སྤྱི་ལོ1992ལོའི་ཟླ8པར། ཁོངས་གཏོགས་ཧྲང་ཡུས་རྫོང་དེ་ཧྲང་ཡུས་གྲོང་ཁྱེར(རྫོང་རིམ་པའི་གྲོང་ཁྱེར)ལ་བསྒྱུར།     སྤྱི་ལོ1995ལོའི་ཟླ12པར། ཁོངས་གཏོགས་ལིན་རྫོང་དེ་ལིན་ཀྲོའུ་གྲོང་ཁྱེར(རྫོང་རིམ་པའི་གྲོང་ཁྱེར)ལ་བསྒྱུར།

སྤྱི་ལོ2013ལོའི་ཟླ10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱིལོ2013ལོའི་ཡིག་ཆ་ཨང112པའི་ནང་ཀྲེ་ཅང་ཞིང་ཆེན་གྱིས་ཧྲའོ་ཤིན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱས་པར་མཆན་འགོད་བཀའ་ལན་གནང་བ་རེད། ཧྲོ་ཞིན་རྫོང་ཕྱིར་འཐེན་བྱེད་པར་འཐད་པ་བྱུང་། དེ་སྔའི་ཧྲའོ་ཤིན་རྫོང(སུན་ཏོན་གྲོང་རྡལ་དང་། ཐའོ་ཡན་གྲོང་རྡལ། ཧྥུའུ་ཧྲེང་གྲོང་རྡལ་བཅས་ཚུད་མེད་པ)གི་སྲིད་འཛིན་ས་ཁོངས་ནི་ཁོ་ཆའོ་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། རྫོང་རིམ་པའི་ཧྲང་ཡུས་གྲོང་ཁྱེར་ཕྱིར་འཐེན་བྱས་ཏེ་ཧྲོ་ཞིན་གྲོང་ཁྱེར་གྱི་ཧྲང་ཡུས་ཆུས་བཙུགས། དེ་སྔའི་ཧྲང་ཡུས་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནི་ཧྲང་ཡུས་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། དེ་སྔའི་ཧྲའོ་ཤིན་རྫོང་སུན་ཏོན་གྲོང་རྡལ་དང་། ཐའོ་ཡན་གྲོང་རྡལ། ཧྥུའུ་ཧྲེང་གྲོང་རྡལ་བཅས་ཧྲའོ་ཤིན་གྲོང་ཁྱེར་གྱི་གྲོང་ཁུལ་བརྒལ་ནས་བདག་སྐྱོང་བྱེད་ཁོངས་སུ་བཅུག་ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲའོ་ཤིན་གྲོང་ཁྱེར་གྱི་ཁོངས་སུ་གྲོང་རྡལ80དང་། ཡུལ་ཚོ15 སྲང་ལམ25 གྲོང་ཚོ2175(སྡེ་ཁུལ) གྲོང་མིའི་ཨུ་ཡོན་ལྷན་ཁང514བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཧྲའོ་ཤིན་ནི་ཀྲུང་གོའི་ཧྭ་ཤར་ས་ཁུལ་དང་། ཀྲེ་ཅང་ཞིང་ཆེན་གྱི་དབུས་བྱང་རྒྱུད། ཧང་ཀྲོའུ་མཚོ་ཁུག་གི་ལྷོ་ངོགས་སུ་གནས་པ་དང་། ཤར་དུ་ཉིང་པོ་གྲོང་ཁྱེར་དང་འབྲེལ་བ་དང་། ལྷོ་རུ་ཐའེ་ཀྲོའུ་གྲོང་ཁྱེར་དང་ཅིན་ཧྭ་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་ཏུ་ཧང་ཀྲོའུ་གྲོང་ཁྱེར་དང་འབྲེལ་བ་དང་། བྱང་དུ་ཆན་ཐང་ཅང་གཙང་པོ་དང་ཅ་ཤིང་གྲོང་ཁྱེར་བར་ཕན་ཚུན་ཁ་སྤྲོད་དུ་གནས་ཡོད།

སྤྱི་ལོ2018ལོའི་བར། གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས3དང་། རྫོང1 རྫོང་རིམ་པའི་གྲོང་ཁྱེར2བཅས་ཡོད་པ་དེའི་སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ8274.79ཡོད་པ་དང་། བསྐྲུན་ཟིན་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ208.1ཟིན་པ་དང་། རྒྱུན་སྡོད་མི་འབོར་ཁྲི503.5ཟིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི335.33ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད66.6%ཟིན་ཡོད་པ་རེད།

.png

3_2 ས་དབྱིབས་རྣམ་པ།

ཧྲའོ་ཞིན་གྲོང་ཁྱེར་ཡོངས་ནི་ཀྲེ་ཅང་ནུབ་རྒྱུད་ཀྱི་རི་ཁུལ་དང་རི་མ་ཐང་དང་། ཀྲེ་ཅང་ཤར་རྒྱུད་ཀྱི་རི་མ་ཐང་། ཀྲེ་པེ་བདེ་ཐང་བཅས་ས་ངོས་ཆགས་ཚུལ་གྱི་སྡེ་ཚན་ཆེན་པོ་གསུམ་གྱི་རྩིས་སྤྲོད་རྩིས་ལེན་གྱི་ས་རྒྱུད་དུ་གནས་ཡོད་པ་དང་། ས་བབ་ལྷོ་མཐོ་བྱང་དམའ་ཡིན་པས། རི་ཚོགས་ཀྱིས་བསྐོར་བ་དང་། གཤོང་སའི་ནང་འདུས་པ། ཐང་གཤོངས་གཅིག་ཏུ་འདུས་པའི་ས་དབྱིབས་ཀྱི་ཁྱད་ཆོས་ལྡན་པ་དང་ས་དབྱིབས་ཀྱི་རྣམ་པ་ནི་རྒྱ་ཡིག་གི“山”ཞེས་པའི་ཡི་གེ་དང་མཚུངས། ས་བབ་ནི་“རི་བོ་བཞི་དང་གཞོང་པ་གསུམ། གཙང་པོ་གཉིས། ཐང་གཤོངས་གཅིག་”བཅས་སུ་བསྡུས་ཆོག་པ་དང་། མངའ་ཁོངས་ཡོངས་ཀྱི་ས་བབ་ནི་ལྷོ་ནུབ་ནས་བྱང་ཤར་དུ་གསེག་ནས་མར་ཕྱོགས་པ་དང་། ས་བབ་མཐོ་ཤོས་ནི་ས་བབ་མཐོ་ཚད་སྨི1194.6ཟིན་པའི་ཧུའེ་ནན་རི་རྒྱུད་ཀྱི་རི་བོ་ཏུང་པའེ་ཡིན་པ་དང་། ས་ཆ་དམའ་ཤོས་ནི་ས་བབ་མཐོ་ཚད་སྨི3.1ལས་མེད་པའི་རི་མ་ཐང་དང“མཚེའུ་ཞིང”ས་ཁུལ་ཡིན་པ་དང་། དབུས་རྒྱུད་མང་ཆེ་བ་ས་བབ་མཐོ་ཚད་སྨི500མན་གྱི་རི་མ་ཐང་དང་ཐང་ཁུལ་ཡིན་པ་རེད། བྱང་ཕྱོགས་བདེ་ཐང་གི་ས་ངོས་ཀྱི་ས་དབྱིབས་ཅུང་སྣ་རྐྱང་ཡིན་མོད། འོན་ཀྱང་ས་འོག་གི་བར་སྟོང་ཅུང་རྙོག་འཛིང་ཆེ་ཞིང་། ཁྱབ་ཚུལ་ཅུང་རྙོག་འཛིང་ཡིན་པའི་འདམ་རིམ་དང་། ས་རིམ་མཉེན་པོ། ས་རིམ་སྲ་མོ་བཅས་འཚར་ལོངས་བྱུང་བས། ས་ངོས་འཛུགས་སྐྲུན་ལ་འཛུགས་སྐྲུན་གྱི་རྨང་གཞི་སྣ་མང་འདོན་སྤྲོད་བྱས་ཡོད།

3_3 ནམ་ཟླ།

ཧྲའོ་ཤིན་གྲོང་ཁྱེར་གྱི་གནས་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་། དུས་རླུང་མངོན་གསལ་ཡིན་པ་དང་། གནམ་གཤིས་འཇམ་པ། བརླན་བཤེར་ཆེ་ལ་ཆར་ཆུ་མང་བ། འོན་ཀྱང་འཕྲེད་ཐིག་བར་མར་གནས་པ་དང་། ས་དབྱིབས་ཅུང་རྙོག་འཛིང་ཆེ་བ། གནམ་གཤིས་ཆུང་བའི་ཁྱད་པར་མངོན་གསལ་ཆེ་བ། གནོད་སྐྱོན་རང་བཞིན་གྱི་གནམ་གཤིས་མང་བ་བཅས་ཡིན།     དཔྱིད་ཀར། དགུན་དུས་དང་དབྱར་དུས་ཀྱི་རླུང་བུ་རེས་མོས་སུ་ལྡང་ཞིང་། ཉི་མའི་འགྱེད་འཕྲོའི་ནུས་པ་ཆེ་རུ་འགྲོ་བ། དྲོད་གྲང་གི་མཁའ་རླུང་འགུལ་སྐྱོད་ཡང་ཡང་བྱེད་པ། དཔྱིད་ཆར་བསྟུད་མར་འབབ་པ། ཆར་ཆུ་མང་དུ་འབབ་པ། རླུང་ཕྱོགས་འགྱུར་ལྡོག་ཆེ་བ། གནམ་གཤིས་འགྱུར་ལྡོག་ཆེ་བ། རྒྱུན་དུ་དཔྱིད་ཀྱི་གྲང་ངར་དང་སེར་བ་ཐོན་གྱི་ཡོད།     དཔྱིད་ཆར་དུས་ཚིགས་ནི་ལོ་ལྟར་ཟླ6པའི་ཟླ་དཀྱིལ་དུ་དཔྱིད་འགོའི་མེ་ཏོག་ལ་སླེབས་པ་དང་། ཟླ7པའི་ཟླ་སྟོད་དུ་མེ་ཏོག་བུམ་པ་དང་ཆར་པ་འབབ་ཚད་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པས་རྟག་ཏུ་དྲག་ཆར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་གི་ཡོད། སྐབས་དེར་དྲོད་ཚད་དང་བརླན་གཤེར་གཉིས་ཀ་མཉམ་དུ་འཕར་ཡོད། སོས་ཆར་མཇུག་འགྲིལ་རྗེས་དབྱར་དུས་ཚ་བ་ཆེ་བའི་དུས་ཚིགས་སུ་སླེབས་པ་དང་། ནུབ་ཕྱོགས་ཞི་བདེ་རྒྱ་མཚོ་ཆེ་མོའི་ཚ་ཁུལ་ཕལ་པའི་མཐོ་གནོན་ཚོད་འཛིན་འོག་ཧྲའོ་ཤིན་གྲོང་ཁྱེར་གྱི་གནམ་གཤིས་ཚ་བ་ཆེ་བ་དང་། དྲོད་ཚད་མཐོ་བ། ཉི་འོད་ཕོག་ཤུགས་ཆེ་བ། རླངས་འགྱུར་ཆེ་བ་བཅས་ཀྱིས་རྟག་ཏུ་ཐན་པ་ཐོན་པ་རེད།     སྟོན་དུས་སུ་བྱང་ཕྱོགས་ཀྱི་མཁའ་རླུང་གྲང་མོས་རིམ་བཞིན་ཤུགས་རྐྱེན་ཐེབས་ནས་གནམ་གཤིས་དྲོ་རུ་འགྲོ་བཞིན་ཡོད། དབྱར་གྱི་ཚ་གདུང་རིམ་བཞིན་འཇགས་ནས་ལོ་མང་ཆེ་བར་སྟོན་ཁའི་གནམ་གཤིས་དྲོ་པོ་ཡོད།

དགུན་དུས་སུ་གྲང་རླུང་གིས་ཚོད་འཛིན་བྱས་ཏེ། བྱང་ཕྱོགས་སུ་རླུང་ལྡང་ཞིང་། གྲང་ངར་ཆེ་བ་དང་སྐམ་ཤས་ཆེ་བ། གནམ་གཤིས་གཏན་འཇགས་ཡིན་པ། ལོ་གཅིག་གི་ནང་དུ་དྲོད་ཚད་ཆེས་དམའ་བ་དང་ཆར་ཆུ་ཆེས་ཉུང་བའི་དུས་ཚིགས་ཡིན།

4 རང་བྱུང་ཐོན་ཁུངས།
4_1 ཆུའི་ཐོན་ཁུངས།

ཧྲའོ་ཤིན་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར65.69ཟིན་པ་དེ་ལོ་མང་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར63.78ལས3%འཕར་ཡོད། དེའི་ནང་ས་ངོས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར63.56ཟིན་པ་དེས་ཆུའི་ཐོན་ཁུངས་བསྡོམས་འབོར་གྱི96.80%བཟུང་ཡོད། ཆུ་ཐོན་མ་ལག་གི་གྲངས0.53ཡིན་པ་དང་། ཆུ་ཐོན་དཔེ་གྲངས་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ79.55ཡིན། མི་རེར་ཆ་སྙོམས་ཆུའི་ཐོན་ཁུངས་བཟུང་ཚད་སྨི་རྒྱ་དཔངས་གྲུ་བཞི1500ཟིན་པ་དེ་ལོ་མང་ཆ་སྙོམས་མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་ཚད་ལས2.30%འཕར་ཡོད། ཧྲའོ་ཤིན་གྲོང་ཁྱེར་དུ་ཆུ་མཛོད་ཆེ་འབྲིང17ཡོད་པ་དང་ལོ་མཇུག་ཏུ་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར4.37ཟིན་པ་དེ་སྤྱི་ལོ2008ལོའི་ལོ་མཇུག་ཏུ་ཆུ་གསོག་ཚད(སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3.89ཟིན་པ)དང་བསྡུར་ན12.40%འཕར་ཡོད།

4_2 གཏེར་ཁའི་ཐོན་ཁུངས།

གཏེར་རྫས་ཐོན་ཁུངས་ལ་གཙོ་བོ་ལྕགས་དང་། ཟངས། གསེར་སོགས་ལྕགས་རིགས་ཀྱི་གཏེར་ཁ་འབྲིང་གྲས་དང་། དེ་བཞིན་སྲིན་རྡོ་དང་། རྡོ་ཐལ་རྡོ། རྡོ་སོལ། དཀར་པོའི་རྡོ་ས། ཀུའེ་སུའུ་ཆུ་སྔོ། ལོ་མའི་པྲ་ཚིལ་རྡོ། འཛེང་རྡོ། ཞོན་ཝུའུ་རྡོ། བྱེ་ས་སྨུག་པོ་སོགས་ལྕགས་རིགས་མ་ཡིན་པའི་གཏེར་ཁ་ཆེ་འབྲིང་ཡོད།    མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི501.0ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི2.2འཕར་བའི་ནང་ཐེམ་ཐོའི་མི་འབོར་ཁྲི446.48དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི328.2ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད65.5%ཡིན་ཞིང་། ལོ་སྔོན་མ་ལས་བརྒྱ་ཆའི་གཞི་གྲངས1.2འཕར་ཡོད།     གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་གྲངས(ཐེམ་ཐོ)ལོ་རེའི་སྙན་ཞུ་བསྡོམས་རྩིས་བྱས་པར་གཞིགས་ན། ལོ་མཇུག་ཏུ་བསྡོམས་དུད་ཁྲི161.29ཟིན་པ་དེ་ལོ་གོང་མའི་ལོ་མཇུག་གི་དུད་ཚང་ཁྲི161.53ལས་ཅུང་ཉུང་དུ་ཕྱིན་ཡོད་པ་རེད། ཐེམ་ཐོའི་མི་འབོར་ཁྲི446.48ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི1.95འཕར་ཡོད། དེའི་ནང་སྐྱེས་པ་ཁྲི222.60དང་བུད་མེད་ཁྲི223.88ཡོད་པ་རེད། སྐྱེས་མཁན47982ཡོད་པ་དང་སྐྱེས་ཚད10.77‰ཟིན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་གྲངས35135ཤི་ཚད7.89‰ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད2.88‰ཡིན་ཞིང་། ལོ་གོང་མ་ལས་ 1.53‰འཕར་ཡོད།

5 ཆབ་སྲིད།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། མ་ཝེ་ཀོང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་འགོ་འཛིན། ཧྲིན་ཡུའེ་ཁྲུན།    

གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན། ཐན་ཀྲི་ཀུའེ། སྲིད་གྲོས་ཀྱི་ཀྲུའུ་ཞི། ཝེ་ཝེ།

6 དཔལ་འབྱོར།

སྤྱི་ལོ2017ལོར་ཧྲའོ་ཤིན་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར5108ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་བཞི་པར་སླེབས་ནས་ལོ་གོང་མ་ལས7.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར207ཟིན་ནས2.0%འཕར་བ་རེད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར2491ཟིན་ནས་6.7%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར2410ཟིན་ནས་8.0%འཕར་ཡོད། ཐོན་ལས་གསུམ་པས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་ཟིན་པའི་བསྡུར་ཚད་སོ་སོར་བརྒྱ་ཆ4.0དང་། 48.8% 47.2%བཅས་ཡིན། མི་རེའི་ཆ་སྙོམསGDP(རྒྱུན་སྡོད་མི་འབོར་ལྟར་རྩིས་བརྒྱབ་པ)སྒོར་ཁྲི10.22(ལོ་རེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང6.7518ལྟར་ཨ་སྒོར་ཁྲི1.51ལ་ཕབ་རྩིས་བརྒྱབ་པ)ཞིང་ཆེན་ཡོངས་ཀྱི་ཨང་བཞི་པ་ཡིན་པ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས6.6%འཕར་ཡོད། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་45306ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར54445ཟིན་པ་དང་། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར30331ཟིན་ཡོད།

7 གཟི་བརྗིད་མཚན་སྙན།

ཀྲུང་གོའི་སྐམ་ས་ཆེ་མོའི་ཚོང་ལས་གྲོང་ཁྱེར་ཡག་ཤོས་དང་ཀྲུང་གོའི་བདེ་སྐྱིད་ལྡན་ཤོས་ཀྱི་གྲོང་ཁྱེར། རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་ཕུལ་བྱུང་གྲོང་ཁྱེར།  ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་བཅུ་སོགས་ཀྱི་མཚན་སྙན་བཞེས་མྱོང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-03

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།