ཕི་ཀྲོའུ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕི་ཀྲོའུ་གྲོང་ཁྱེར།
ཕི་ཀྲོའུ་ནི་ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། གནའ་བོའི་མིང་ལ་ལིའང་ཁྲེང་དང་ཕི་གོ ཞ་ཕི། ཞུས་ཀྲོའུ་ཤར་མ་ཞེས་འབོད། ཅང་སུའུ་དང་ཧྲན་ཏུང་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། ཤར་ངོས་ནི་ཞིན་དབྱི་གྲོང་ཁྱེར་དང་འབྲེལ་ལ། ནུབ་ངོས་ནི་ཞུས་ཀྲོའུ་གྲོང་ཁྱེར་ཐུང་ཧྲན་ཆུས་དང་། ཅ་ཝང་ཆུས་གཉིས་ལ་འབྲེལ། ལྷོ་མཚམས་ནི་སུའེ་ཉིང་རྫོང་ལ་འབྲེལ་ཡོད། བྱང་ངོས་ནི་ཧྲན་ཏུང་ཞིང་ཆེན་ལན་ལིན་རྫོང་དང་ཉེ། སྤྱི་ལོ1992ལོར་སྔོན་གྱི་རྫོང་བླངས་ནས་གྲོང་ཁྱེར་དུ་བསྒྱུར། ཕི་ཀྲོའུ་ནི་ལོ་ངོ་ཡུན་རིང་གི་ལོ་རྒྱུས་ལྡན་པའི་ས་ཆ་ཞིག་ཡིན་པ་དང་། མངའ་ཁོངས་ནང་གི་ཏ་ཏུན་ཙི་རིག་གནས་གནའ་ཤུལ་ལ་ད་བར་དུ་ལོ་ངོ6000ཙམ་གྱི་ལོ་རྒྱུས་ལྡན། དེ་ནི་ཅང་སུའུ་ཞིང་ཆེན་གྱི་གནའ་བོའི་ཤེས་རིག་གི་འབྱུང་ཁུངས་ཆེས་སྔ་ཤོས་ཀྱི་གྲས་ཤིག་ཡིན། ས་ཁོངས་ནང་དུ་ཕི་ཀྲོའུ་གྲོང་ཁྱེར་ཨེ་ཧྲན་མཛེས་ལྗོངས་གྲགས་ཅན་ཁུལ་དང་། ཧྲ་ཀོའུ་མཚེའུ་ཆུ་གསོམ་ཤིང་སྤྱི་གླིང་། རྒྱལ་ཁབ་ཁམ་དཀར་དངོས་མང་བཤམས་སྟོན་གླིང་། ལ་ཕུག་ཆུང་བ་དྲན་གསོ་ཁང་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཕི་ཀྲོའུ་གྲོང་ཁྱེར།
རྒྱ་ཡིག་གི་མིང་།
邳州
ཕྱི་ཡིག་གི་མིང་།
Pizhou
མིང་གཞན།
ལིའང་ཁྲེང་། ཕི་གོ ཞ་ཕི། ཞུས་ཀྲོའུ་ཤར་མ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་སྲང་བཞི་དང་གྲོང་རྡལ་ཉེར་གཅིག
སྲིད་གཞུང་སྡོད་གནས།
ཏུང་ཧུའུ་སྲང་ལམ་འབྲི་ཆུའི་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0516(+86)
སྦྲག་སྲིད་ཨང་རྟགས།
221300
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2088
མི་གྲངས།
ཁྲི144.21(སྤྱི་ལོ2018ལོ།)
ཡུལ་སྐད།
ཞུས་ཀྲོའུ་སྐད།
ནམ་ཟླ།
དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏C
GDP
དམངས་སྒོར་དུང་ཕྱུར920.66(སྤྱི་ལོ2018ལོ།)
སྲིད་འཛིན་ཚབ་ཨང་།
320382
གནམ་གྲུའི་ཐང་།
ཞུས་ཀྲོའུ་ཀོན་དབྱིན་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཕི་ཀྲོའུ་མེ་འཁོར་འབབ་ཚུགས།
1 ​ངོ་སྤྲོད་རགས་བསྡུས།

ཕི་ཀྲོའུ་ནི་ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། གནའ་བོའི་མིང་ལ་ལིའང་ཁྲེང་དང་ཕི་གོ ཞ་ཕི། ཞུས་ཀྲོའུ་ཤར་མ་ཞེས་འབོད། ཅང་སུའུ་དང་ཧྲན་ཏུང་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། ཤར་ངོས་ནི་ཞིན་དབྱི་གྲོང་ཁྱེར་དང་འབྲེལ་ལ། ནུབ་ངོས་ནི་ཞུས་ཀྲོའུ་གྲོང་ཁྱེར་ཐུང་ཧྲན་ཆུས་དང་། ཅ་ཝང་ཆུས་གཉིས་ལ་འབྲེལ། ལྷོ་མཚམས་ནི་སུའེ་ཉིང་རྫོང་ལ་འབྲེལ་ཡོད། བྱང་ངོས་ནི་ཧྲན་ཏུང་ཞིང་ཆེན་ལན་ལིན་རྫོང་དང་ཉེ། སྤྱི་ལོ1992ལོར་སྔོན་གྱི་རྫོང་བླངས་ནས་གྲོང་ཁྱེར་དུ་བསྒྱུར།

ཕི་ཀྲོའུ་ནི་ལོ་ངོ་ཡུན་རིང་གི་ལོ་རྒྱུས་ལྡན་པའི་ས་ཆ་ཞིག་ཡིན་པ་དང་། མངའ་ཁོངས་ནང་གི་ཏ་ཏུན་ཙི་རིག་གནས་གནའ་ཤུལ་ལ་ད་བར་དུ་ལོ་ངོ6000ཙམ་གྱི་ལོ་རྒྱུས་ལྡན། དེ་ནི་ཅང་སུའུ་ཞིང་ཆེན་གྱི་གནའ་བོའི་ཤེས་རིག་གི་འབྱུང་ཁུངས་ཆེས་སྔ་ཤོས་ཀྱི་གྲས་ཤིག་ཡིན། ས་ཁོངས་ནང་དུ་ཕི་ཀྲོའུ་གྲོང་ཁྱེར་ཨེ་ཧྲན་མཛེས་ལྗོངས་གྲགས་ཅན་ཁུལ་དང་། ཧྲ་ཀོའུ་མཚེའུ་ཆུ་གསོམ་ཤིང་སྤྱི་གླིང་། རྒྱལ་ཁབ་ཁམ་དཀར་དངོས་མང་བཤམས་སྟོན་གླིང་། ལ་ཕུག་ཆུང་བ་དྲན་གསོ་ཁང་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཡོད།

ཕི་ཀྲོའུ་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་དམིགས་ཚད་ནི་ཏུང་ལུང་མཚོ་ཐོན་ལས་རྒྱུད་དུ་སྐམ་ས་དང་རྒྱ་མཚོའི་འགྲིམ་འགྲུལ་ལྟེ་གནས་གཙོ་བོ་ཡོད་པ་དང་། གསར་དར་བཟོ་ལས་དང་ཚོང་དོན་གྲོང་ཁྱེར་ཞིག་ཡིན། ཅིང་ཧང་མིས་བཟོས་གཙང་པོའི་ངོགས་སུ་ཆུའི་ཞིང་ཁམས་ཀྱི་ཁྱད་ཆོས་དང་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པའི་སྣོད་བཅུད་འཚོ་སྡོད་བྱེད་པའི་གྲོང་ཁྱེར་ཞིག་ཀྱང་ཡིན།

སྤྱི་ལོ2019ལོའི་ཟླ7པར། རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཤུགས་ཆེ་བའི་རྫོང་གི་ལས་གྲྭའི་ཚོད་ལྟའི་རྫོང(ཆུས)གི་གྲས་སུ་བདམས་པ་རེད། སྤྱི་ལོ2019ལོར་ཕི་ཀྲོའུ་འདི་ཉིད་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང་སོ་བདུན་པ་དང་། དཔལ་འབྱོར་འགྲན་རྩོད་སྟོབས་ནུས་ཆེ་བའི་གྲོང་ཁྱེར་བརྒྱའི་གྲས་ཀྱི་སོ་བཞི་བཅུ་པ། རྒྱལ་ཡོངས་ཀྱི་མ་རྐང་འཇོག་པའི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང་བཅོ་བརྒྱད་པ། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཆེན་ཤུགས་ཆེ་བའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང་སོ་གསུམ་པ། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང་སོ་དྲུག་པ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་ཨང་ང་གཅིག་པར་སླེབས་ཡོད་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2015ལོར་ཕི་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་སུ་ཏུང་ཧུའུ་ཁྲོམ་སྲང་། ཡུན་ཧུ་གཙང་པོའི་ཁྲོམ་སྲང་། ཕའོ་ཁྲེ་ཁྲོམ་སྲང་། ཏའེ་ཞུས་སྲང་ལམ་བཅས་ཁྲོམ་སྲང་བཞི་དང་ཕུ་ཁྲེང་གྲོང་རྡལ། ཀོན་ཧུའུ་གྲོང་རྡལ། ཀོན་ཧུའུ་གྲོང་རྡལ། སི་ཧུའུ་གྲོང་རྡལ། སུའུ་དབྱང་ཧྲན་གྲོང་རྡལ། པ་དབྱི་ཅི་གྲོང་རྡལ། ཐུའུ་ཧྲན་གྲོང་རྡལ། ཉན་ཀྲོང་གྲོང་རྡལ། ཀང་ཧྲང་གྲོང་རྡལ། ཙོའུ་ཀྲོང་གྲོང་རྡལ། ཀྲན་ཁྲེང་གྲོང་རྡལ། ཞིན་ཧོ་གྲོང་རྡལ། པ་ལུའུ་གྲོང་རྡལ། ཐེ་ཧྥུ་གྲོང་རྡལ། ཁྲ་ཧོ་གྲོང་རྡལ། ཁྲེན་ལོའུ་གྲོང་རྡལ། ཞིན་ལོའུ་གྲོང་རྡལ། ཏའེ་ཀྲོང་གྲོང་རྡལ། ཁྲེ་ཙི་གྲོང་རྡལ། ཀྲའོ་ཏུན་གྲོང་རྡལ། གྲོས་ཐང་གྲོང་རྡལ་བཅས་གྲོང་རྡལ་ཉེར་གཅིག་ཡོད། དེ་མིན་ད་དུང་གྲོང་མི་ཨུ་ཡོན་ལྷན་ཁང་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་བཞི་བརྒྱ་དགུ་བཅུ་ཡོད། ཕུ་ཁྲེང་ཞིང་དང་ཀྲང་ལུའོ་ཞིང་ར་སྟེ་ཞིང་ར་གཉིས་ཡོད། གྲོང་ཁྱེར་མི་དམངས་སྲིད་གཞུང་དེ་ཏུང་ཧུའུ་སྲང་ལམ་དུ་གནས།    

3 ས་བབ་གནས་ཚུལ།

ཕི་ཀྲོའུ་གྲོང་ཁྱེར་ནི་ཅང་སུའུ་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་པ་དང་། ཞུས་ཀྲོའུ་དང་ལན་ཡུན་གྲུ་ཁའི་བར་ཡིན་ལ། ཤར་ངོས་ནི་ཞིན་དབྱི་གྲོང་ཁྱེར་དང་འབྲེལ་ལ། ནུབ་ངོས་ནི་ཞུས་ཀྲོའུ་གྲོང་ཁྱེར་ཐུང་ཧྲན་ཆུས་དང་། ཅ་ཝང་ཆུས་གཉིས་ལ་འབྲེལ། ལྷོ་མཚམས་ནི་སུའེ་ཉིང་རྫོང་ལ་འབྲེལ་ཡོད། བྱང་ངོས་ནི་ཧྲན་ཏུང་ཞིང་ཆེན་ལན་ལིན་རྫོང་དང་ཉེ། ཤར་ནུབ་ཀྱི་བར་ཐག་ལ་སྤྱི་ལེ52ཡོད་པ་དང་ལྷོ་བྱང་གི་བར་ཐག་ལ་སྤྱི་ལེ61ཡོད། ནུབ་བྱང་རྒྱུད་དང་ལྷོ་ནུབ་རྒྱུད་ནི་རི་སྒང་འབར་འབུར་ཡིན་པ་དང་། དབུས་རྒྱུད་དུ་ཆུ་བོ་ཧ་ཅང་མང་།      ཕི་ཀྲོའུ་ཡི་ས་བབ་ཆགས་དབྱིབས་ནི་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ། ས་བབ་མཐོ་དམན་ལ་གཞིགས་ནས་ས་ཁོངས་ཧྲིལ་པོའི་ས་དབྱིབས་ལ་དབྱེ་ན་བདེ་ཐང་གཤོང་ས་དང་། དེའུ་འབུར། རི་ཁུལ། ཆུ་ཁོངས་བཅས་རིགས་བཞི་ཡོད། དེའི་ནང་བདེ་ཐང་གཤོང་ས་ནི་ཕུ་ཀྲོའུ་ས་དབྱིབས་ཀྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2088ཡོད།

4 ནམ་ཟླའི་ཆ་རྐྱེན།

ཕི་ཀྲོའུ་ནི་བྱང་གི་འཕྲེད་ཐིག་ཏུའུ34ཡི་ཉེ་འགྲམ་དུ་གནས་པ་དང་། དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས། དུས་བཞིའི་དབྱེ་བ་གསལ་བ་དང་། དུས་རླུང་མངོན་གསལ་དོད་པོ་ཡོད། འོད་འཕྲོ་དང་ཆར་ཆུ་འབབ་ཚད་འདང་པ་དང་། ལོ་རེར་ཆ་སྙོམས་དྲོད་ཚད14.0℃ལྷག་ཙམ་དང་། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧོ་སྨི867.8དང་། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཡུན་ནི་ཆུ་ཚོད2318.6གི་རིང་ཡིན།

5 མི་གྲངས་དཔལ་འབྱོར།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ། ཕི་ཀྲོའུ་ཡི་རྒྱུན་སྡོད་མི་གྲངས་ཁྲི144.21ལ་སླེབས་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད55.8%ལ་སླེབས་ནས་ལོ་སྔོན་མ་ལས1.4%འཕར་ཡོད།

སྤྱི་ལོ2018ལོར་ཕུ་ཀྲོའུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་པའི་དམངས་སྒོར་དུང་ཕྱུར920.66ལ་སླེབས་པ་དེ་ལོ་གོང་མ་ལས3.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར132.32ལ་སླེབས་ནས2.8%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར364.44སླེབས་ནས0.2%མར་ཆག་འདུག ཐོན་ལས་གསུམ་པའི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར423.90ལ་སླེབས་ནས7.5%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར63842ལ་སླེབས་པ་དེ་ལོ་གོང་མ་ལས3.4%ཡིས་འཕར་ཡོད།

སྤྱི་ལོ2018ལོར་བཟོ་ཚོང་སྡེ་ཚན་གྱིས་ཐོ་འགོད་བྱས་པའི་ཕུ་ཀྲོའུ་ཡི་དམངས་གཉེར་དཔལ་འབྱོར་དུད་ཚང་ཁྲི15.01ལ་སླེབས་པ་དེ་ལོ་གོང་མ་ལས11.6%འཕར་ཡོད། དེའི་ནང་དུ་དམངས་གཉེར་ཁེ་ལས་དུད་ཚང་ཁྲི1.74དང་ཁེར་གཉེར་དུད་ཚང་ཁྲི13.26ཡོད་པ་རེད། དམངས་གཉེར་དཔལ་འབྱོར་གྱི་ལས་ཞུགས་མི་སྣ་ཁྲི33.01ལ་སླེབས་པའི་ནང་སྒེར་གཉེར་དཔལ་འབྱོར་གྱི་ལས་ཞུགས་མི་སྣ་ཁྲི13.29དང་རྐྱང་བའི་དཔལ་འབྱོར་གྱི་ལས་ཞུགས་མི་སྣ་ཁྲི19.72ཡོད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-28

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།