ཅིན་ཀྲོའུ་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིན་ཀྲོའུ་ཆུས།
ཅིན་ཀྲོའུ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཡིན་པ་དང་། དེ་ནི་ལིའོ་ཏུང་ཕྱེད་གླིང་གི་ལྷོ་རྒྱུད་དང་ཏཱ་ལེན་གྲོང་ཁྱེར་གྱི་དབུས་ཁུལ་དུ་ཆགས་ཡོད། རི་བོ་དམའ་ཞིང་རི་མ་ཐང་གི་ཁོངས་སུ་གཏོགས། སྤྱི་ལོ2018ལོར་ཅིན་ཀྲོའུ་ཆུས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ1850ཟིན་ཡོད་པ་དང་ཐེམ་ཐོའི་མི་འབོར་ཁྲི110(སྤྱི་ལོ2018ལོར)སླེབས་ཡོད། དེའི་ཁོངས་སུ་ཁྲོམ་ལམ25བཅས་ཡོད། ཅིན་ཀྲོའུ་ཆུས་ལ་སྒོ་འབྱེད་ཀྱི་རྨང་གཞི་བརྟན་པོ་ཡོད་པ་མ་ཟད། “ཧྲེན་ཀྲོའུ་གསར་སྤེལ་ཁུལ་དང་པོ”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད། ཏཱ་ལེན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ཅིན་ཧྲི་ཐན་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ། ཏཱ་ལེན་ཁྲལ་སྲུང་ཁུལ། ཏཱ་ལེན་ཕུའུ་ཝན་དཔལ་འབྱོར་ཁུལ་བཅས་ཅུས་རིམ་པའི་ནུས་པའི་ཁུལ4ཡོད་པ་དང་། རྒྱལ་ཡོངས་ཀྱི་ཁྲོམ་གཞུང་ཆུང་ཆུང་དོན་གཅོད་ཁྲུའུ་ཞིག་ཏུ་ཚོད་ལྟའི་ཁྲོམ་གཞུང་བསྐྲུན་རྒྱུ”མེ་སྒྱོགས་སྟེགས་བུའི་ཁྲོམ་གཞུང་བཅས་ཡོད་པ་རེད། ཅིན་ཀྲོའུ་ཆུས་ནི་ཀྲུང་གོའི་ཀུ་ཤུ་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང“ཀུ་ཤུའི་ཕ་ཡུལ”ཞེས་མཚན་སྙན་ཐོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金州区
ཕྱི་ཡིག་གི་མིང་།
Jinzhou District
མིང་གཞན།
ཅིན་རྫོང་། ཉིང་ཧའེ།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་གྱི་ཏཱ་ལེན་གྲོང་ཁྱེར།
གནམ་གྲུ་ཐང་།
ཏཱ་ལེན་ཅིན་ཀྲོའུ་ཝན་རྒྱལ་སྤྱིའི་གནམ་གྲུ་ཐང་།
མངའ་ཁོངས།
ཁྲོམ་གཞུང25ཡོད།
མེ་འཁོར་འབབ་ཚུགས།
ཅིན་ཀྲོའུ་ས་ཚུགས། ཕུའུ་ཝན་ས་ཚུགས། ཏེང་ཧྲ་ཧུ་ས་ཚུགས། ཞིན་ཧྲུའུ་ཐུན་ས་ཚུགས། ཀོང་ཉིང་སི་ས་ཚུགས་བཅས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0411
སྦྲག་སྲིད་ཨང་རྟགས།
116100
རླངས་འཁོར་ཚབ་ཨང་།
ལིའོ(辽)B
གནས་ཡུལ།
ཏཱ་ལེན་གྲོང་ཁྱེར་གྱི་དཀྱིལ་སྙིང་དུ་གནས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1850.54
མི་གྲངས།
ཁྲི110(སྤྱི་ལོ2018ལོ)
ཡུལ་སྐད།
ཅོ་ལིའོ་སྐད།
གནམ་གཤིས།
དྲོད་རྒྱུད་དུས་རླུང་ནམ་ཟླ།
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
210213
མི་སྣ་གྲགས་ཅན།
ཀོན་ཞང་དབྱིན།
གྲུ་ཁ།
ཏཱ་ཡའོ་ཝན་གྲུ་ཁ། ཅིན་ཧྲི་ཐན་གྲུ་ཁ། ཞིན་ཧྲུའུ་ཐུན་གྲུ་ཁ།
ལུས་རྩལ་ཐང་།
ཏཱ་ལེན་ཅིན་ཀྲོའུ་ལུས་རྩལ་ཐང་དང་ཏཱ་ལེན་ཕུའུ་ཝན་ལུས་རྩལ་ཐང་།
སྲིད་གཞུང་གནས་ཡུལ།
མཱ་ཆའོ་ཙི་སྲང་ལམ་དུ་གནས་ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།
དཀར་ཆག
1   ​ངོ་སྤྲོད་མདོར་བསྡུས།
2   ལོ་རྒྱུས་འཕེལ་རིམ།
3   སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
4   ས་ཁམས་ཁོར་ཡུག
4.1 གནས་སའི་ཡུལ་ཁོངས། 
4.2 ས་བབ་ཆགས་ཚུལ།
4.3 ནམ་ཟླའི་ཁྱད་ཆོས།
4.4 ཆུ་དཔྱད།
5   རང་བྱུང་ཐོན་ཁུངས།
5.1 ས་ཞིང་ཐོན་ཁུངས།
5.2 གཏེར་རྫས་ཐོན་ཁུངས།
5.3 ཆུའི་ཐོན་ཁུངས།
5.4 ནགས་ཚལ་ཐོན་ཁུངས།
5.5 རྒྱ་མཚོའི་ཐོན་ཁུངས།
6   མི་གྲངས་དང་མི་རིགས།
7   འགྲིམ་འགྲུལ།
7.1 རྒྱ་མཚོའི་གྲུ་ཁ།
7.2 ལྕགས་ལམ།
7.3 གཞུང་ལམ།
7.4 གྲོང་ཁྱེར་ས་འོག་ལྕགས་ལམ།
7.5 མཁའ་ལམ།
8   དཔལ་འབྱོར།
8.1 དཔལ་འབྱོར་བསྡོམས་འབོར།  
8.2 ཐོན་ལས་དང་པོ།
8.3 ཐོན་ལས་གཉིས་པ།
8.4 ཐོན་ལས་གསུམ་པ།
9   སྤྱི་ཚོགས་ལས་དོན།
9.1 སྤྱི་ཚོགས་འགན་སྲུང་།
9.2 སྨན་བཅོས་ལས་དོན།
9.3 སློབ་གསོའི་བྱ་གཞག
9.4 རིག་གནས་ལས་དོན།
10   ཡུལ་སྐོར་མཛེས་ལྗོངས།
10.1 ཀོན་ཞང་ཡིང་དྲན་གསོ་ཁང་། 
10.2 ཅིན་ཀྲོའུ་ཏུའུ་ཐུང་གཞོན་པ་ཡ་མོན་རྟེན་རྫས་བཤམས་མཛོད་ཁང་།
10.3 ཁྲེང་ཧྲན་ཐོའུ་རྒྱལ་ཁབ་མཚོ་འགྲམ་ས་གཤིས་རང་བྱུང་སྲུང་སྐྱོབ་ཁུལ།
10.4 ཧན་ཡུན་ཅེ་བཞུགས་གནས་རྙིང་པ།
10.5 ཅིན་ཧྲི་ཐན་རྒྱལ་ཁབ་ཀྱི་ཡུལ་སྐོར་སྤྲོ་གསེང་ཁུལ།
10.6 གསར་རྙེད་རྒྱལ་པོའི་རྒྱལ་ཁབ།
10.7 ཐུང་ཉིའུ་ལིན།
10.8 ཏཱ་ཧེ་ཧྲན།
1 ​ངོ་སྤྲོད་མདོར་བསྡུས།

ཅིན་ཀྲོའུ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཡིན་པ་དང་། དེ་ནི་ལིའོ་ཏུང་ཕྱེད་གླིང་གི་ལྷོ་རྒྱུད་དང་ཏཱ་ལེན་གྲོང་ཁྱེར་གྱི་དབུས་ཁུལ་དུ་ཆགས་ཡོད། རི་བོ་དམའ་ཞིང་རི་མ་ཐང་གི་ཁོངས་སུ་གཏོགས། སྤྱི་ལོ2018ལོར་ཅིན་ཀྲོའུ་ཆུས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ1850ཟིན་ཡོད་པ་དང་ཐེམ་ཐོའི་མི་འབོར་ཁྲི110(སྤྱི་ལོ2018ལོར)སླེབས་ཡོད། དེའི་ཁོངས་སུ་ཁྲོམ་ལམ25བཅས་ཡོད། ཅིན་ཀྲོའུ་ཆུས་ལ་སྒོ་འབྱེད་ཀྱི་རྨང་གཞི་བརྟན་པོ་ཡོད་པ་མ་ཟད། “ཧྲེན་ཀྲོའུ་གསར་སྤེལ་ཁུལ་དང་པོ”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད། ཏཱ་ལེན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ཅིན་ཧྲི་ཐན་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ། ཏཱ་ལེན་ཁྲལ་སྲུང་ཁུལ། ཏཱ་ལེན་ཕུའུ་ཝན་དཔལ་འབྱོར་ཁུལ་བཅས་ཅུས་རིམ་པའི་ནུས་པའི་ཁུལ4ཡོད་པ་དང་། རྒྱལ་ཡོངས་ཀྱི་ཁྲོམ་གཞུང་ཆུང་ཆུང་དོན་གཅོད་ཁྲུའུ་ཞིག་ཏུ་ཚོད་ལྟའི་ཁྲོམ་གཞུང་བསྐྲུན་རྒྱུ”མེ་སྒྱོགས་སྟེགས་བུའི་ཁྲོམ་གཞུང་བཅས་ཡོད་པ་རེད། ཅིན་ཀྲོའུ་ཆུས་ནི་ཀྲུང་གོའི་ཀུ་ཤུ་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང“ཀུ་ཤུའི་ཕ་ཡུལ”ཞེས་མཚན་སྙན་ཐོགས་ཡོད།

2 ལོ་རྒྱུས་འཕེལ་རིམ།

ཅིན་ཀྲོའུ་ཆུས་ནི་ཏཱ་ལེན་ལོ་རྒྱུས་རིག་གནས་ཀྱི་གཞི་རྩ་ཡིན་ལ། ཅིན་ཀྲོའུ་ཡི་ས་མིང་ནི་མིང་ཧུང་ཝུའུ་ཡིས་ལོར་བསྐྲུན་པའི་ཅིན་ཀྲོའུ་ཝུའེ་ཁྲེང་ནས་བྱུང་བ་དང་། དོན་དངོས་ཐོག་ཅིན་ཀྲོའུ་ཡི་ས་མིང་ཐོན་སྔ་ཤོས་ནི་ཅིན་ཀྲེན་ཨའོ་རུ་ལོ་གསུམ་ཡིན་པ་དང་། གཉིས་ནི་ས་གཞིའི་ཅིན་ཀྲོའུ་མཚོ་ཁུག་ལ་བརྟེན་ནས་མིང་དུ་གྲགས་པ་རེད།

ཀྲན་གོའི་དུས་སྐབས་ནས་ཆིན་གཅིག་གྱུར་བྱུང་ནས་རྒྱལ་ཁབ་དྲུག་བྱུང་རྗེས། འདི་ནི་ལིའོ་ཏུང་ཅུན་གྱི་མངའ་ཁོངས་ཡིན།

སྤྱི་ལོའི་སྔོན་གྱི107ལོར། ཧན་རྒྱལ་རབས་ནུབ་མས་ལིའོ་ཏུང་དུ་ཆི་ཧྲི་རྫོང་བཙུགས་པ་དང་། ཅིན་ཀྲོའུ་ཡི་ལོ་རྒྱུས་ཐོག་གི་རྫོང་སྐྱོང་བའི་སྲོལ་ཐོག་མ་བཏོད། ཆིང་རྒྱལ་རབས་ཀྱི《ལོ་རྒྱུས་ཕྱོགས་ཀྱི་ཟིན་བྲིས་གནད་བསྡུས》ཞེས་པའི་ནང“ཕེ་ཧྲི་མཁར་ནི་ཝེའི(ཅིན་ཀྲོའུ)ཤར་ལྷོའི་ཕྱོགས་སུ་གནས་ཡོད”ཅེས་འཁོད་ཡོད་ལ། ལོ་རྒྱུས་ཐོག་ཏུ་བཀོད་པ་དང་གནའ་ཤུལ་གྱི་ཁུངས་འཚོལ་ལས་ཁུངས་སོགས་ལས་ར་སྤྲོད་བྱས་པ་ལྟར་ན། ད་ལྟའི་ཏཱ་ལི་ཅཱ་སྲང་ལམ་ཏཱ་ལིན་གྲོང་ཁྱེར་གྱི་ཁོངས་སུ་གནས་ཡོད།

ཧན་ཤར་མའི་དུས་སུ། རྒྱལ་ཁབ་གསུམ་གྱི་ཝེ་ཅིན་ཁྲུའུ་ཡི་ལོ་གསུམ་པ་སྤྱི་ལོ239ལོར་ལིའོ་ཏུང་གྲོང་ཁྱེར་དུ་ཟིང་ཆ་ལངས་པའི་དབང་གིས“ལིའོ་ཏུང་རྫོང་གི་དཔོན་རིགས་དང་མི་དམངས་རྣམས་རྒྱ་མཚོར་བརྒལ་ཏེ་ཆི་ཅུན་གྱི་ས་མཚམས་སུ་གནས་པ་དང་། དེ་དག་ནི་ལི་ཞིན་པུའུ་རྫོང་ཁོངས་ཀྱི་གནས་སྤོས་ཡུལ་མི་ཡིན།”(ཞིན་ལིན་རྫོང་གི་གནའ་ཡུལ་དེང་གི་ཧྲན་ཏུང་ཞིང་ཆེན་གྱི་ཙི་པོ་གྲོང་ཁྱེར་ཙི་ཁྲོན་ཆུས་ཀྱི་ཁོངས་སུ་ཡོད)

ཅིན་ནུབ་མ་ནི་ལིའོ་ཏུང་ཅུན་ཕིན་ཀུའོ་རྫོང(ད་ལྟའི་ཞུང་ཡུའུ་གྲོང་རྡལ)གི་ཁོངས་སུ་གཏོགས།

ཡན་རྒྱལ་རབས་སྔོན་མ་དང་ཆིན་རྒྱལ་རབས་སྔོན་མ། ཡན་རྒྱལ་རབས་གཞུག་མ་བཅས་ནི་ཕིང་ཀྲོའུ་ལིའོ་ཏུང་ཅུན་ཡི་ཁོངས་སུ་གཏོགས།

ཅིན་རྒྱལ་རབས་ཤར་མའི་ཨན་ཏི་ཡོན་ཞིན་ནས་ལོ་གསུམ་སོང་ཞིང་། རྗེས་སུ་ཡན་ཀོང་ཁྲི་ལོ་བཞི་པ་སྤྱི་ལོ404ལོར་ཀའོ་ཅིའུ་ལི་ཡིས་ལིའོ་ཏུང་བཅད་ནས་ཅིན་ཀྲོའུ་ས་ཆར་པའེ་ཧྲ་མཁར་བཙུགས།

ཐང་ཀའོ་ཙུང་སྤྱི་ལོ་དང་པོ་སྤྱི་ལོ668ལོར་སྐབས་ཨན་ཏུང་སྤྱི་ཁྱབ་ཧུའུ་ཅི་ལི་ཁུལ་ཡི་ཁོངས་སུ་གཏོགས།

ལིའོ་ཐེན་ཞན་ཁྲི་ལོ་དང་པོ་སྤྱི་ལོ926ལོར་སུའུ་ཀྲོའུ་བཙུགས་པ་དང་། ཀྲི་ལའེ་སུའུ་རྫོང་ནི་ཏུང་ཅིན་ཏའོ་ལིའོ་དབྱང་སྲིད་གཞུང་གི་ཁོངས་སུ་གཏོགས།

ཅིན་རྒྱལ་རབས་ཀྱི་དུས་འགོར། ཅིན་གྱིས་ལིའོ་ཉིང་ལམ་ལུགས་ལ་འཇབ་རྒོལ་བྱས་པ་དང་། སུའུ་ཀྲོའུ་བཙུགས་། ཏུང་ཅིན་ལམ་གྱི་ལིའོ་དབྱང་སྲིད་གཞུང་གི་ཁོངས་སུ་གཏོགས།

ཅིན་ཧོང་ཐུང་གི་སྲིད་ལོ་གསུམ་པ་སྤྱི་ལོ1143ལོར་སུའུ་ཀྲོའུ་ནས་ཁྲེང་རྫོང་དུ་བསྒྱུར་ཞིང་། ཧྥུའུ་ཀྲོའུ་ཡི་ཁོངས་གཏོགས་ཡིན།

སྤྱི་ལོ1216ལོར་ཅིན་ཀྲེན་ཡིའུ་རྫོང་ནས་ཅིན་ཀྲོའུ་རུ་འཕར་བ་དང་། “ཅིན་ཀྲོའུ”ཞེས་པའི་མིང་དེ་ནས་བཏགས པ་རེད།

སྤྱི་ལོ1218ལོར་ཅིན་ཞིན་ཏིང་གིས་ཅིན་ཀྲོའུ་འགོག་སྲུང་ཕོ་ཉ་བྱས།

ཡོན་རྒྱལ་རབས་ཀྱི་དུས་འགོར་ཅིན་ཀྲོའུ་དེ་ཀའེ་ཀྲོའུ་ལམ་དུ་ཟླ་བསྒྲིལ་བཏང་བ་དང་། རྗེས་སུ་ལིའོ་དབྱང་ལམ་དུ་ཟླ་བསྒྲིལ་བཏང་བ་རེད།

ཡོན་ཧྲི་ཙུའུ་ནས་ཡོན་ལོ་ཉེར་གཅིག་པ་སྤྱི་ལོ1284ལོར་ཅིན་ཀྲོའུ་ཁྲི་སྐོར་སྲིད་གཞུང་ཞེས་པ་ལིའོ་དབྱང་ཞིན་ཞིང་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1371ལོར་ལིའོ་ཏུའུ་ཝེ་བཙུགས།

སྤྱི་ལོ1372ལོར་ཅིན་ཀྲོའུ་ཞེས་པ་དེ་ཧྲན་ཏུང་པུའུ་ཀྲེང་ཧྲི་སི་ཞེས་པར་བསྐོས།

སྤྱི་ལོ1395ལོར་ཀྲོའུ་ལམ་ལུགས་མེད་པར་བཟོས་ནས་ཆེད་དུ་འཕྲོད་བསྟེན་ལམ་ལུགས་ལག་བསྟར་བྱས། ཀྲི་སའོ་ད་ལྟའི་ཅིན་ཀྲོའུ་གྲོང་ཁྱེར་ན་ཡོད།

ཧྲུན་ཀྲི་ཁྲི་ལོ་བཅོ་བརྒྱད་པ་སྤྱི་ལོ1661ལོར་ནས་ཅིན་ཀྲོའུ་སྐོར་སྐྱོད་ཞིབ་བཤེར་སི་བཙུགས་ཤིང་། ལི་ཧའེ་ཁྲེང་རྫོང་གི་ཁོངས་སུ་གཏོགས།

ཁང་ཞི་ཁྲི་ལོ་བཅུ་དགུ་པ་སྤྱི་ལོ1680ལོར་ཅིན་ཀྲོའུ་སྐོར་སྐྱོད་ཞིབ་དཔྱོད་སི་བཅོས་བསྒྱུར་བྱས་ནས་ཅིན་ཀྲོའུ་ཡིང་དུ་བསྒྱུར།

སྤྱི་ལོ1734ལོར་ཅིན་ཀྲོའུ་སྐོར་སྐྱོད་ཞིབ་བཤེར་པ་ཉིང་ཧའེ་རྫོང་དུ་བསྒྱུར། ཧྥུན་ཐན་ཞིང་ཆེན་གྱི་ཁོངས་སུ་གཏོགས།

ཏའོ་ཀོང་ཁྲི་ལོ་ཉེར་གསུམ་པ་སྤྱི་ལོ1843ལོར་ཞུང་ཡུའེ་ཏུའུ་ཐུང་གཞོན་པ་ཡ་མོན་ཅིན་ཀྲོའུ་རུ་གནས་སྤོས་པ་དང་། ལི་ཧྲེང་ཅིན་དམག་དཔོན་ཆེན་མོ་བྱས། ལོ་དེར་ཉིང་ཧའེ་རྫོང་ཅིན་ཀྲོའུ་ཐིང་དུ་འཕར། མཚོ་སྲུང་དང་མཉམ་དུ་ཡ་མོན་བཙུགས་ཏེ་ཅིན་ཀྲོའུ་མཁར་ནུབ་ཀྱི་སྲང་ལམ་དུ་བསྡད་ཅིང་། ལི་ཧྥེང་ཐེན་ཧྥུ་དབྱིན་གྱི་ཁོངས་སུ་གཏོགས།

ཀོང་ཞུས་ཁྲི་ལོ་ཉི་ཤུ་པ་སྤྱི་ལོ1894ལོར་རི་པིན་གྱིས་ལིའོ་ཏུང་ཕྱེད་གླིང་བཙན་བཟུང་བྱས་པ་དང་། ཅིན་ཀྲོའུ་རུ་དམག་སྲིད་ཧྲུའུ་བཙུགས་ནས་དམག་དོན་ལ་དབང་སྒྱུར་བྱས།

ཀོང་ཞུས་ཁྲི་ལོ་ཉེར་གཅིག་པ་སྤྱི་ལོ1895ལོར་ཨུ་རུ་སུ་དང་། འཇར་མན། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་གྱིས“ཐེ་གཏོགས་བྱས་ནས་ལིའོ་ཕྱིར་ལ་སྤྲོད་པ”ཅེས་པ་དང་། ཅིན་ཀྲོའུ་ཐིན་དང་ཅིན་ཀྲོའུ་ཞེ་ལིའི་ཡ་མོན་གྱི་སྒྲིག་གཞི་སླར་གསོ་བྱས།

ཀོང་ཞུས་ཁྲི་ལོ་ཉི་ཤུ་རྩ་བཞི་པ་སྤྱི་ལོ1898ལོར་ཧྲ་ཧོང་གོང་མའི་ཨུ་རུ་སུས་བཙན་ཤེད་ཀྱིས་བཙན་གཡར་བྱས།

ཀོང་ཞུས་ཁྲི་ལོ་སུམ་ཅུ་པ་སྤྱི་ལོ1904ལོར་རི་པིན་དང་ཨུ་རུ་སུའི་བར་དམག་འཁྲུག་བརྒྱབ་རྗེས་རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་བཙན་བཟུང་བྱས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པ་སྤྱི་ལོ1913ལོར་ཀྲུང་ཧྭ་མི་སེར་རྒྱལ་ཁབ་སྲིད་གཞུང་ནས་ཅིན་ཀྲོའུ་ཐིན་དུ་བསྒྱུར་ཅིང་། ལི་ཧྥེང་ཐེན་ཞིང་ཆེན་དུ་བསྒྱུར་མོད། འོན་ཀྱང་རི་པིན་གྱིས་བཙན་བཟུང་བྱས་པའི་དབང་གིས་སྲིད་འཛིན་གྱི་དབང་ཆ་སྤྱོད་མ་ཐུབ་པ་རེད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བཞི་པ་སྤྱི་ལོ1925ལོར་ཧྲེན་དབྱང་ཏའོ་ཁོངས་གཏོགས་སུ་བསྒྱུར།

སྤྱི་ལོ1945ལོའི་ཟླ8པའི་ཚེས22ཉིན། སུའུ་ལེན་དམར་དམག་ཅིན་ཀྲོའུ་རུ་བཅའ་སྡོད་བྱས་ཏེ་དམག་དོན་ཕྱོགས་ལ་དོ་དམ་བྱས།

སྤྱི་ལོ1945ལོའི་ཟླ12པའི་ཚེས16ཉིན། རྫོང་ཡོངས་ཆུས8དུ་བགོས། དེ་ནི་གྲོང་ཁུལ་དང་། ལིའུ་ཅཱ་ཏེན་ཆུས། ནན་ཧྲན་ཆུས། ཨར་ཧྲི་ལི་པའོ་ཆུས། ལའོ་ཧུའུ་ཧྲན་ཆུས། ཀུའུ་ཧྲན་ཆུས། ཏུང་ཅཱ་ཀོའུ་ཆུས། ཡུས་ཧོང་ཆུས་བཅས་ཡིན།

སྤྱི་ལོ1946ལོའི་ཟླ1པོར་མི་དམངས་དམངས་གཙོའི་སྲིད་དབང་དང་ཅིན་རྫོང་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1946ལོའི་ཟླ5པར། ཡན་ཅཱ་ལོའུ་ཆུས་དེ་ཨར་ཧྲི་ལི་པའོ་ཆུས་སུ་ཟླ་བསྒྲིལ་བཏང་།

སྤྱི་ལོ1946ལོའི་ཟླ9པར། སན་ཧྲི་ལི་པའོ་དང་། ལེང་ཅཱ་ཏེན་དང་ཏེང་ཧྲ་ཧོ་བཅས་ཁུལ་གསུམ་ནི་ཞིན་ཅིན་རྫོང་གི་ཁོངས་སུ་བཅུག་པ་དང་། ལོ་དེར་ཡང་སན་ཧྲི་ལི་པའོ་ཆུས་ནས་ཧྲི་ཧོ་ཡེ་ཆུས་ལོགས་སུ་བཀར། མཱ་ཅཱ་ཐུན་ཆུས་ལིའུ་ཅཱ་ཏེན་ཆུས་སུ་བགོས། རྫོང་དེ་ཡོངས་སུ་ཆུས12དང་སྲིད་འཛིན་གྲོང་ཚོ187ཡོད་པ་རེད།

སྤྱི་ལོ1946ལོའི་ཟླ12པར་ཡན་ཅཱ་ལོའུ་ཆུས་དང་མཱ་ཅཱ་ཐུན་ཆུས་ཁ་སྣོན་བྱས།

སྤྱི་ལོ1947ལོར་ཀོན་ཏུང་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1947ལོའི་ཟླ2པའི་ཚེས5ཉིན། དེ་སྔོན་ཞིན་ཅིན་རྫོང་གི་ཁོངས་སུ་གཏོགས་པའི་ཁྲང་ཧྲན་ཆུས་དང་ཀོང་ལུའུ་ཆུས། དེ་སྔོན་ཀྲོང་ཧོ་རྫོང་གི་ཁོངས་སུ་གཏོགས་པའི་རྒྱ་མཚོའི་གླིང་ཕྲན། ཝུའུ་ལུའུ་གླིང་ཕྲན་བཅས་ཅིན་རྫོང་དུ་བགོས་ནས་ཁྲང་ཧྲན་གླིང་ཚོམ་ཆུས་བཙུགས། སྐབས་དེར་རྫོང་གི་རྒྱ་ཁྱོན་བསྡོམས་འབོར་སྟོང་སྨི་གྲུ་བཞི་མ1535ཟིན་ཡོད།

སྤྱི་ལོ1948ལོའི་དཔྱིད་ཀར། ཏེང་ཧྲ་ཧོ་ཆུས་ཀྱི་བྱང་ཤར་རྒྱུད་ནས་གྲོང་ཚོ14བཀར་ནས་ཞིན་ཧྲུའུ་ཐུན་བཙུགས། ལོ་དེའི་ཟླ3པར་ལིའུ་ཅཱ་ཏེན་ཆུས་ཕྱིར་འཐེན་བྱས། ལིའུ་ཅཱ་ཏེན་ཆུས་ཀྱི་བྱང་རྒྱུད་ཀྱི་ཞཱ་ཅཱ་དང་། སན་ཐའེ་ཙི། ལིའུ་ཅཱ་ཏེན་བཅས་སྲིད་འཛིན་གྲོང་ཚོ3དེ་ཧོ་ལི་པའོ་ཆུས་ཀྱི་ཁོངས་སུ་བཅུག་ཡོད། དེ་སྔའི་ལིའུ་ཅཱ་ཏན་ཆུས་ཀྱི་ལྷོ་རྒྱུད་ཀྱི་སྲིད་འཛིན་གྲོང་ཚོ7མཉམ་དུ་བསྒྲིལ་ནས་ཁྲེང་ཅའོ་ཆུས་བཙུགས། ལེགས་སྒྲིག་བྱས་རྗེས་ཅིན་རྫོང་དུ་ཁྱོན་ཆུས14ཡོད་པ་དང་སྲིད་འཛིན་གྲོང་ཚོ108ཡོད། ཁྲང་ཧྲན་གླིང་ཚོམ་ལ་ཤང5བཙུགས་པ་ཕུད། དེ་བྱིངས་ཆུས་ཚང་མར་ཤང་བཙུགས་མེད།

སྤྱི་ལོ1949ལོའི་ཟླ2པའི་ཚེས25ཉིན། ལིང་ཅཱ་ཏེན་ཁུལ་གྱི་བྱང་ཕྱོགས་ཀྱི་སྡེ་བ13བཀར་ནས། ཧྭ་ཅ་ཐུན་ཆུས་གསར་དུ་བཙུགས། ཟླ9ཚེས5ཉིན་ཁྲང་ཧྲན་གླིང་ཚོམ་དེ་ཅིན་རྫོང་ནས་ལོགས་སུ་དབྱེ་ནས་ཁྲང་ཧྲན་རྫོང་བཙུགས། ཟླ9ཚེས29ཉིན་ཅིན་ཀྲོའུ་གྲོང་ཁུལ་དང་གྲོང་ཁྱེར་ཉེ་འདབས་ཟླ་སྒྲིལ་བཏང་ནས་ཅིན་ཀྲོའུ་གྲོང་ཁྱེར(རྫོང་གི་ཐད་སྐྱོང་གྲོང་ཁྱེར)བཙུགས། ལེགས་སྒྲིག་བྱས་རྗེས་ཅིན་རྫོང་ལ་ཁྱོན་གྲོང་ཁྱེར1དང་ཆུས12ཡོད་པ་དང་དེའི་མངའ་ཁོངས་སུ་ཁྲོམ་སྲང8དང་། གྲོང་རྡལ8གྲོང་ཚོ170བཅས་ཡོད།

སྤྱི་ལོ1949ལོའི་ཟླ4ཚེས27ཉིན་ལུའི་ཤོག་གི་སྲིད་འཛིན་ཀུང་ཧྲུའུ་ཆེ་གྲས་ཁུལ་ལ་སྤྲད།

སྤྱི་ལོ1949ལོའི་ཟླ10པར་མི་འབོར་ཁྲི32.3ཡོད།

སྤྱི་ལོ1950ལོའི་ཟླ8པའི་ཚེས19ཉིན། ཅིང་ལུས་ཏཱ་སྲིད་འཛིན་ཀུང་ཧྲུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཅིན་རྫོང་སྲིད་འཛིན་ཁུལ་དེ་གྲངས་ཀའི་རིམ་པ་ལྟར་མིང་བསྒྱུར། སྔར་བཞིན་གྲོང་ཁྱེར1དང་ཆུས12ཡིན། ལོ་དེར་ཅིན་ཀྲོའུ་གྲོང་ཁྱེར་མེད་པར་བཟོས་ནས་ཆུས་དང་པོར་བསྒྱུར་པ་དང་། དེ་སྔའི་ཆུས་དང་པོ(ནན་ཧྲན་ཆུས)དེ་ཆུས་བཅུ་གསུམ་པར་བསྒྱུར་པ་རེད།

སྤྱི་ལོ1950ལོའི་ཟླ12པའི་ཚེས1ཉིན་ཀྲུང་དབྱང་ཐད་གཏོགས་ལུའེ་ཏཱ་གྲོང་ཁྱེར་མི་དམངས་སྲིད་གཞུང་དུ་བསྒྱུར།

སྤྱི་ལོ1955ལོར་ལིའོ་ཉིང་ཞིང་ཆེན་གྱི་ལུས་ཏཱ་གྲོང་ཁྱེར(སྤྱི་ལོ1955ལོའི་ཟླ6པར་ལུས་ཏཱ་གྲོང་ཁྱེར་གྱི་ཞིང་ཆེན་གྱི་ཚབ་བྱས་ནས་ཅིན་རྫོང་ལ་དོ་དམ་བྱས)གྱི་ཁོངས་སུ་གཏོགས།

སྤྱི་ལོ1955ལོའི་ཟླ9པའི་ཚེས9ཉིན། ཅིན་རྫོང་སྲིད་འཛིན་ཁུལ་གྱིས་ཡང་བསྐྱར་ས་མིང་ལྟར་འབོད་སྲོལ་སླར་གསོ་བྱས་པ་དང་། སྲིད་ཁུལ་གྱི་ཁྱབ་ཁོངས་ལ་འགྱུར་བ་བྱུང་མེད། ཆུས་གཅིག་ཅིན་ཀྲོའུ་གྲོང་རྡལ་ཞེས་པར་བསྒྱུར།

སྤྱི་ལོ1956ལོའི་ཟླ2པར། ཆུས་མེད་པར་བཟོས་ནས་གྲོང་ཚོ་དང་ཤང་དུ་བགོས་ཤིང་། དེ་སྔའི་ཆུས13མེད་པ་བཟོས་ནས་གྲོང་ཚོ193ཤང33དང་གྲོང་རྡལ2དུ་བསྒྱུར། ཤང་དང་གྲོང་རྡལ་ཁག་ཏུ་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས། ལོ་དེའི་ཟླ5པར། ཅིན་ཏིང་ཧྲན་ཤང་ལིང་ཅཱ་ཏེན་གྲོང་རྡལ་དུ་བསྒྲིལ། ཧའེ་ཐོའུ་ཤང་། ཏེང་ཧྲ་ཧོ་གྲོང་རྡལ་གྱི་ཁོངས་སུ་བསྒྲིལ། ལོ་དེའི་ཟླ10པའི་ཚེས8ཉིན། པ་ལི་ཤང་ཅིན་ཀྲོའུ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ལོ་དེའི་ཟླ12བར་ལྗོངས་རིམ་པའི་ལམ་ལུགས་ཕྱིར་འཐེན་བྱས་ནས། ལེགས་སྒྲིག་བྱས་རྗེས་རྫོང་དེ་ཡོངས་ལ་ཁྱོན་གྲོང་རྡལ4དང་ཤང31ཡོད་པ་དེའི་ཁོངས་གཏོགས་སུ་ཁྲོམ་གཞུང8དང་གྲོང་ཚོ185ཡོད།

སྤྱི་ལོ1958ལོའི་ཟླ6ཚེས13ཉིན་དེ་སྔའི་ཤང་དང་གྲོང་རྡལ35ཤང་དང་གྲོང་རྡལ་མཉམ་དུ་བསྒྲིལ་ནས་ཤང་ཆེན་པོ12དང་ཞིང་ལས་མཉམ་ལས་ཁང་ཆེ་གྲས་སུ་ཟླ་བསྒྲིལ་བཏང་། ཟླ9པར་ཤང་དང་ཞིང་ལས་ཁང་རྨང་གཞིར་བྱས་ཏེ་ཅིན་ཀྲོའུ་གྲོང་རྡལ་དང་། ཏཱ་ཀུའུ་ཧྲན། ཏུང་ཅཱ་ཀུའུ། ཏཱ་ལི་ཅཱ། ལེང་ཅཱ་པའོ། སན་ཧྲི་ལི་པའོ། ཏཱ་ཝེ་ཅཱ། ཏེང་ཧྲ་ཧོ། ཧྭ་ཅཱ་ཐུན། ཞིན་ཧྲུའུ་ཐུན། ཉི་ལི་པའོ། ཏཱ་ལེན་ཝན་སོགས་སྲིད་ཧྲེ་གཅིག་ཏུ་སྒྲིལ་བྱས་ནས་མི་དམངས་ཀུང་ཧྲེ12བསྐྲུན་པ་རེད། དེ་དང་ཆབས་ཅིག་དེ་སྔའི་གྲོང་གསེབ་ཀྱི་སྲིད་འཛིན་གྲོང་ཚོ་མེད་པར་བཟོས་ནས་ཐོན་སྐྱེད་རུ་ཆེན193བཙུགས།

སྤྱི་ལོ1959ལོའི་ཟླ1ཚེས5ཉིན་ལུས་ཏཱ་གྲོང་ཁྱེར་གྱི་འགོ་ཁྲིད་ལ་སྤྲད།

སྤྱི་ལོ1961ལོའི་ཟླ8པའི་ཚེས19ཉིན། སྔར་གྱི་མི་དམངས་ཀུང་ཧྲེ12དེ་མི་དམངས་ཀུང་ཧྲེ19རུ་བསྒྱུར་བ་དང་། ཁོངས་གཏོགས་སུ་རུ་ཆེན་(ཁྲོམ་ལམ)202དང་ཐོན་སྐྱེད་རུ་ཁག1466ཡོད།

སྤྱི་ལོ1966ལོའི་ཟླ3ཚེས16ཉིན(ཟླ6ཚེས12ཉིན་དངོས་སུ་རྩིས་སྤྲོད་རྩིས་ལེན་བྱས)ལིའོ་ནན་ཀྲོན་ཆུས་སུ་བསྒྱུར།

སྤྱི་ལོ1966ལོའི་ཟླ3ཚེས31ཉིན་ལིའོ་ཉིང་ཞིང་ཆེན་ལེའོ་ནན་ཀྲོན་ཧྲུའུ་རུ་བསྒྱུར།

སྤྱི་ལོ1968ལོའི་ཟླ12པའི་ཚེས26ཉིན། ཡང་བསྐྱར་ལུས་ཏཱ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ལོག(སྤྱི་ལོ1965ལོ་ནས་སྤྱི་ལོ1968ལོའི་བར་ལིའོ་ནན་ཆེད་ཁུལ་དུ་གཏོགས། )

སྤྱི་ལོ1969ལོར་ལུས་ཏཱ་གྲོང་ཁྱེར་གྱི་རྒྱལ་གཉེར་ཞིང་ར་གཉིས་པ་ཅིན་རྫོང་གི་འགོ་ཁྲིད་ལ་སྤྲད་ཅིང་། ཅིན་རྫོང་གི་ཞིང་ར(སྲིད་ཁེ་གཅིག་སྒྲིལ)བཙུགས། ལིའོ་ནན་ཀྲོན་ཡོན་ལས་ཁུངས་ཕྱིར་འཐེན་བྱས་པ་དང་། ཅིན་རྫོང་ལུས་ཏཱ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཕྱིར་ལོག

སྤྱི་ལོ1970ལོར་ཅིན་ཀྲོའུ་གྲོང་རྡལ་ཀུང་ཧྲེ་དེ་མཁར་ནང་ཀུང་ཧྲེ་དང་ཀྲན་ཆན་ཀུང་ཧྲེར་བགོས།

སྤྱི་ལོ1976ལོའི་ཟླ3པར། གོང་གི་མཉམ་ལས་ཁང་གཉིས་ཅིན་ཀྲོའུ་གྲོང་རྡལ་ཀུང་ཧྲེར་ཟླ་སྒྲིལ་བཏང་།

སྤྱི་ལོ1976ལོའི་ཟླ4བའི་ཚེས12ཉིན། ཏཱ་ཀུའུ་ཧྲན་ཀུང་ཧྲེ་ཡི་ཡུས་ཝན་རུ་ཆེན་བཙུགས་ནས་ཞིན་ཀང་གྲོང་རྡལ་མི་དམངས་ཀུང་ཧྲེ་བཙུགས། རྫོང་དེ་ཡོངས་ཀྱི་ཁྱོན་མི་དམངས་ཀུང་ཧྲེ20(དེའི་ནང་གྲོང་རྡལ2ཀྱི་མི་དམངས་ཀུང་ཧྲེ)དང་ཞིང་ར1དང་ཁོངས་གཏོགས་རུ་ཆེན269(དེའི་ནང་ཁྲོམ་གཞུང20)ཡོད།

སྤྱི་ལོ1980ལོའི་ཟླ10པར་ལེ་བར་སུམ་ཅུ་ཅན་གྱི་ཀུང་ཧྲེ་ནས་ཨུ་ཡོན་དྲུག་བགོས་ཏེ་སན་ཧྲི་ལི་པའོ་གྲོང་རྡལ་མི་དམངས་ཀུང་ཧྲེ་བཙུགས།

སྤྱི་ལོ1981ལོའི་ཟླ2པའི་ཚེས9ཉིན། ལུས་ཏཱ་གྲོང་ཁྱེར་མི་དམངས་སྲིད་གཞུང་དེ་ཏཱ་ལེན་གྲོང་ཁྱེར་མི་དམངས་སྲིད་གཞུང་དུ་བསྒྱུར། ཅིན་རྫོང་ཁོངས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1981ལོའི་ཟླ4པར་ཅིན་རྫོང་དུ་སྐབས་དགུ་པའི་མི་དམངས་འཐུས་ཚོགས་འཚོགས་ནས་ཅིན་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ཅིན་རྫོང་མི་དམངས་སྲིད་གཞུང་དུ་བསྒྱུར་རྒྱུའི་ཐག་བཅད།

སྤྱི་ལོ1981ལོའི་ཟླ5པར་སན་ཧྲི་ལི་པའོ་མི་དམངས་ཀུང་ཧྲེས་རུ་ཆེན13དུ་བཅད་ནས་སི་ཧྲི་ལི་པའོ་མི་དམངས་ཀུང་ཧྲེ་གསར་འཛུགས་བྱས། སྐབས་དེར་རྫོང་ཡོངས་སུ་ཁྱོན་གྲོང་རྡལ3དང་། མི་དམངས་ཀུང་ཧྲེ19ཞིང་ར1བཅས་ཡོད།

སྤྱི་ལོ1982ལོར་ཅིན་རྫོང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1412ཡོད་པ་དང་། མི་གྲངས་ཁྲི58.3264ཡོད་ཅིང་། རྒྱ་རིགས་མང་ཤོས་ཡིན་པ་དང་། ད་དུང་མན་དང་ཧུའེ་རིགས། ཁྲའོ་ཞན་རིགས། མེའོ་རིགས་སོགས་མི་རིགས་ཀྱང་ཡོད། དེའི་ཁོངས་སུ་སྲང་ལམ་དོན་གཅོད་ཁང17དང་། གྲོང་གསེབ་མི་དམངས་ཀུང་ཧྲེ19རྒྱལ་གཉེར་ཞིང་ར1གྲོང་རྡལ3ཐོན་སྐྱེད་རུ་ཆེན260བཅས་ཡོད།

སྤྱི་ལོ1983ལོའི་ཟླ10པར་གྲོང་གསེབ་ཀྱི་མི་དམངས་ཀུང་ཧྲེའི་ལམ་ལུགས་དེ་ཤང་གི་ལམ་ལུགས་སུ་བསྒྱུར་བ་དང་། སྲིད་འཛིན་ཁང་དངོས་སུ་བཙུགས། མི་དམངས་ཀུང་ཧྲེ་དེ་ཤང་དུ་བསྒྱུར་རྒྱུ་དང་། ཤང་མི་དམངས་སྲིད་གཞུང་འཛུགས་རྒྱུ། ཐོན་སྐྱེད་རུ་ཆེན་དེ་གྲོང་ཚོར་བསྒྱུར་རྒྱུ། གྲོང་མིའི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཐོན་སྐྱེད་རུ་ཁག་དེ་གྲོང་མིའི་ཚོ་ཆུང་དུ་བསྒྱུར་རྒྱུ། རྫོང་དེ་ཡོངས་ཀྱི་གྲོང་རྡལ3དང་རྒྱལ་གཉེར་ཞིང་ར1ལས་གཞན། ཁྱོན་བསྡོམས་ཤང19བཙུགས་པ་དང་། སྲིད་ཁུལ་གྱི་ཁྱབ་ཁོངས་དེ་སྔའི་མི་དམངས་ཀུང་ཧྲེ་དང་མཚུངས།

སྤྱི་ལོ1984ལོའི་ཟླ8པའི་ཚེས20ཉིན། ཧྲི་ཧོ་ཤང་དང་ཏེང་ཧྲ་ཤང་། ལིང་ཅཱ་ཏེན་ཤང་བཅས་གྲོང་རྡལ་དུ་སྒྲིག་འཛུགས་བྱས་ཏེ། གྲོང་རྡལ་གྱིས་སྡེ་བར་དོ་དམ་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱས་ཤིང་། སྔོན་གྱི་སྲིད་ཁུལ་ལ་འགྱུར་བ་བྱུང་མེད། དུས་མཚུངས་སུ་སན་ཧྲི་ལི་པའོ་ཤང་ཕྱིར་འཐེན་བྱས་ནས་སན་ཧྲི་ལི་པའོ་གྲོང་རྡལ་དང་ཟླ་བསྒྲིལ་དུ་བཏང་།

སྤྱི་ལོ1984ལོའི་ཟླ9བའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཏཱ་ལེན་གྲོང་ཁྱེར་ཅིན་རྫོང་ཏཱ་ཀུའུ་ཧྲན་ཤང་མཱ་ཆའོ་ཙི་སྡེ་བས་ཏཱ་ལེན་གྲོང་ཁྱེར་གྱི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གསར་འཛུགས་བྱེད་འགོ་བརྩམས་པ་དང་། གསར་འཛུགས་གནས་ནི་ཅིན་རྫོང་ཏཱ་ཀུའུ་ཧྲན་ཤང་མ་ཆའོ་ཙི་སྡེ་བའི་རྒྱུད་བདམས་ཤིང་། རྒྱང་རིང་གི་འཆར་འགོད་ལྟར་ན་སྟོང་སྨི་གྲུ་བཞི་མ20ཡོད།

སྤྱི་ལོ1984ལོའི་ཟླ10བའི་ཚེས15ཉིན། ཏཱ་ལེན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། གྲོང་ཁྱེར་སྲིད་གཞུང་ལ་ལས་ཁུངས་མངགས་གཏོང་བྱས།

སྤྱི་ལོ1984ལོའི་ཟླ12པའི་ཚེས15ཉིན། ཆི་ཏིང་ཧྲན་ཤང་དེ་ཆི་ཏིང་ཧྲན་མན་ཇུ་མི་རིགས་ཤང་དུ་བསྒྱུར།

སྤྱི་ལོ1984ལོའི་ཟླ12པའི་ཚེས22ཉིན། རྒྱལ་གཉེར་ཅིན་རྫོང་གི་ཞིང་རར་སྲིད་ཁེ་ལོགས་སུ་བཙུགས་པ་དང་། ཝེ་གོ་ཤང་བཙུགས་པ་དང་། དེ་སྔའི་རྫོང་གི་ཞིང་ར་དེ་ཤང་གི་ཞིང་རར་བསྒྱུར། ཟླ་བ་དེའི་ནང་མན་ཅཱ་ཐན་ཤང་དེ་གྲོང་རྡལ་གྱི་ལམ་ལུགས་སུ་བསྒྱུར།

སྤྱི་ལོ1985ལོའི་ཟླ7པར་ཏཱ་ཀུའུ་ཧྲན་ཤང་གི་ཧུང་ཡན་དང་། ཧེ་ཧྲན། མ་ཆའོ་ཙི། ཧྥེང་ཡན་བཅས་གྲོང་ཚོ4ཏཱ་ལན་གྲོང་ཁྱེར་གྱི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁོངས་སུ་བཅུག་ཡོད།

སྤྱི་ལོ1987ལོར་ཧྲི་ཧོ་གྲོང་རྡལ་ཞེས་པའི་མིང་དེ་ཧྲི་ཧོ་མན་ཇུ་རིགས་གྲོང་རྡལ་ཞེས་པར་བསྒྱུར།

སྤྱི་ལོ1987ལོའི་ཟླ4པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་གནང་བ་བརྒྱུད། ཅིན་རྫོང་གི་སྒྲིག་གཞི་མེད་པར་བཟོས་ཏེ། ཏཱ་ལེན་གྲོང་ཁྱེར་ཅིན་ཀྲོའུ་ཆུས་བཙུགས།

སྤྱི་ལོ1987ལོའི་ཟླ6ཚེས6ཉིན་ཅིན་ཀྲོའུ་གྲོང་རྡལ་མེད་པར་བཟོས་པ་དང་དེ་སྔའི་གྲོང་རྡལ་ཁྲོམ་གཞུང་དང་ཡའོ་དབྱི་ཤང་གི་གྲོང་ཚོ་ཁག་ཏུ་སྲིད་བཀུར་དང་། དམངས་སྲིད། ཀྲུང་ཁྲང་། ཀོང་མིན། ཀྲན་ཆན། ཞན་ཅིང་བཅས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ6བསྐྱར་དུ་བཙུགས་པ་རེད།

སྤྱི་ལོ1990ལོའི་ལོ་མཇུག་ཏུ་ཅིན་ཀྲོའུ་ཆུས་ཁོངས་ཀྱི་གྲོང་རྡལ8དང་། ཤང9སྲང་ལམ7ཁོངས་གཏོགས་ཀྱི་གྲོང་མིའི་ཨུ་ཡོན་ལྷན་ཁང231གྲོང་མིའི་ཚོགས་ཆུང1339གྲོང་མིའི་ཨུ་ཡོན་ལྷན་ཁང182གྲོང་མིའི་ཚོགས་ཆུང1432བཅས་ཡོད། གྲོང་རྡལ8ནི་ཏུང་ཅཱ་ཀོའུ་དང་། མན་ཅཱ་ཐན། ལིང་ཅཱ་ཏེན། ཏེང་ཧྲ་ཧོ། ཞིན་ཧྲུའུ་ཐུན། སན་ཧྲི་ལི་པའོ་དང་ཏ་ཝེ་ཅཱ་གྲོང་རྡལ། ཧྲི་ཧོ་མན་ཇུ་རིགས་གྲོང་རྡལ་བཅས་ཡིན། ཤང9ནི་ཏཱ་ཀུའུ་ཧྲན་དང་། ཝན་ལི། ཏཱ་ལི་ཅཱ། ཏེ་ཧྲེང་། ཞང་ཡིང་། ཧྭ་ཅཱ། སི་ཧྲི་ལི་པའོ། ཨར་ཧྲི་ལི་པའོ། ཆི་ཏིན་མན་ཇུ་རིགས་ཤང་བཅས་ཡིན། ཁྲོམ་གཞུང7སྟེ། ཞན་ཅིང་དང་། ཀྲན་ཆན། ཀོང་མིན། ཀྲུང་ཁྲང་། སྲིད་བཀུར། ཡའོ་དབྱི། ཞིན་ཀང་བཅས་ཡིན།

སྤྱི་ལོ1995ལོའི་ཟླ12པའི་ཚེས10ཉིན། ལིའོ་ཉིན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཆན་བཀོད་བཀའ་ལན་གནང་ནས་འཐད་པ་བྱུང་རྗེས། ཅིན་ཀྲོའུ་ཆུས་ཞང་ཡིང་ཤང་ཕྱིར་འཐེན་བྱས་ཏེ་ཞང་ཡིང་གྲོང་རྡལ་བཙུགས། ཅིན་ཀྲོའུ་ཆུས་ཀྱི་སི་ཧྲི་ལོ་པའོ་གྲོང་རྡལ་གྱི་མིང་དེ་པེ་ལུ་གྲོང་རྡལ་དུ་བསྒྱུར།

སྤྱི་ལོ1996ལོའི་ལོ་འཁོར་དུ་ཅིན་ཀྲོའུ་སྲིད་འཛིན་ཆུས་སུ་ཏཱ་ལེན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ3དང་། གྲོང་རྡལ1ཤང1བཅས་ཚུད་ཡོད། ཏཱ་ལེན་ཅིན་ཧྲི་ཐན་རྒྱལ་ཁབ་ཀྱི་ཡུལ་སྐོར་སྤྲོ་གསེང་ཁུལ་གྱི་གྲོང་རྡལ1ཚུད་ཡོད།

སྤྱི་ལོ1998ལོའི་ཟླ2པའི་ཚེས10ཉིན། ཀྲུང་གུང་ཏཱ་ལེན་གྲོང་ཁྱེར་ཏང་ཨུ་དང་ཏཱ་ལེན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཅིན་ཀང་ཆུས་གསར་གྱི་གྲ་སྒྲིག་ལས་ཁུངས་ལེགས་སྒྲིག་བྱ་བའི་གྲོས་ཚོགས་བསྡུས། ཚོགས་འདུའི་ཐོག་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི《ཏཱ་ལན་གྲོང་ཁྱེར་ཅིན་ཀང་ཆུས་གསར་འཛུགས་རྒྱུ་དང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བརྒྱུད་བསྒྲགས་བྱས་པ་རེད། 《ཇུས་གཞིའི》ནང་ཅིན་ཀང་ཆུས་གསར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ནི་གྲོང་ཁྱེར་སྲིད་གཞུང་གི་མངགས་གཏོང་ལས་ཁུངས་ཤིག་ཡིན་པ་དང་གྲོང་ཁྱེར་སྲིད་གཞུང་གིས་དབང་ཆ་སྤྲད་པ་གཞིར་བཟུང་ཆུས་གསར(དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ཏཱ་ལེན་ཁྲལ་སྲུང་ཁུལ། ཏཱ་ལེན་ཅིན་ཧྲི་ཐན་བཅས་རྒྱལ་ཁབ་ཡུལ་སྐོར་སྤྲོ་གསེང་ཁུལ་་སོགས་ཚུད་ཡོད)ལ་སྤྱི་ཚོགས་ཀྱི་སྲིད་འཛིན་དོ་དམ་འགན་ནུས་ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། ཅིན་ཀང་ཆུས་གསར་ནི་རིམ་པ་དང་པོའི་སྲིད་འཛིན་ཁུལ་མིན་པས་དེའི་མི་འབོར་སྔར་བཞིན་ཅིན་ཀྲོའུ་ཆུས་སུ་བརྩིས་ཡོད།

སྤྱི་ལོ2000ལོར་ཅིན་ཀྲོའུ་ཆུས་སུ་ཁྲོམ་གཞུང10དང་། གྲོང་རྡལ13ཤང2བཅས་ཡོད། སྤྱིའི་མི་འབོར833594ཡོད།

སྤྱི་ལོ2002ལོའི་ཟླ4ཚེས2ཉིན། ལིའོ་ཀྲེང[2002]ཡིག་ཨང90པའི་མཆན་བཀོད་བཀའ་ལན་གནང་ནས་ཝན་ལི་ཤང་མེད་པར་བཟོས་ཏེ་ཝན་ལི་སྲང་ལམ་དོན་གཅོད་ཁང་བཙུགས། ཏུང་ཅཱ་གྲོང་རྡལ་ཕྱིར་འཐེན་བྱས་ནས་ཏུང་ཅཱ་སྲང་ལམ་དོན་གཅོད་ཁང་བཙུགས། མན་ཅཱ་ཐན་གྲོང་རྡལ་ཕྱིར་འཐེན་བྱས་ནས་ཅིན་མན་སྲང་ལམ་དོན་གཅོད་ཁང་བཙུགས།

སྤྱི་ལོ2002ལོའི་ཟླ7པའི་ཚེས18ཉིན། ལིའོ་ཀྲེང[2002]ཡིག་ཨང184པའི་མཆན་བཀོད་བཀའ་ལན་གནང་ནས་ཧྲི་ཧོ་མན་ཇུ་རིགས་གྲོང་རྡལ་མེད་པར་བཟོས་ཏེ་ཧྲི་ཧོ་གྲོང་རྡལ་བཙུགས།

སྤྱི་ལོ2005ལོའི་ཟླ1པའི་ཚེས21ཉིན། གསར་སྤེལ་ཆུས་ཀྱི་ཅིན་མན་སྲང་ལམ་ལ་ཅིན་ཧྲི་ཐན་སྲང་ལམ་ཞེས་མིང་བསྒྱུར། ཅིན་ཧྲི་ཐན་སྲང་ལམ་ནི་དེ་སྔའི་ཅིན་ཧྲི་ཐན་རྒྱལ་ཁབ་ཡུལ་སྐོར་སྤྲོ་གསེང་ཁུལ་ཁོངས་གཏོགས་ཀྱི་སྲང་ལམ་ཞིག་ཡིན། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ120ཡོད་པ་དང་། མི་གྲངས24043ཡོད། སྲང་ལམ་མངའ་ཁོངས་སུ་རང་བྱུང་གྲོང་ཚོ7བཙུགས་ཡོད།

སྤྱི་ལོ2010ལོའི་ཟླ4ཚེས9ཉིན་ཏཱ་ལེན་གྲོང་ཁྱེར་གྱིས་གྲོང་ཁུལ་གསར་པའི་སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་བྱེད་འགོ་བཙུགས་ནས་ཏཱ་ལེན་གྲོང་ཁྱེར་ཅིན་ཀྲོའུ་ཆུས་ཀྱི་སྲིད་འཛིན་ཁུལ་ཡོངས་དང་ཕུའུ་ལན་ཏན་ཆུས་ཀྱི་ས་ཁུལ་ཁག་གཅིག་ཏཱ་ལེན་གྲོང་ཁྱེར་གྱི་གྲོང་ཁུལ་གསར་པར་བརྩིས་ཡོད། ཅིན་ཀྲོའུ་ཆུས་ཀྱི་ཉི་ལི་པའོ་ཁྲོམ་གཞུང་དང་ལིང་ཅཱ་ཏན་ཁྲོམ་གཞུང་གི་སྒྲིག་གཞི་ཧྲིལ་པོ་ཏཱ་ལེན་ཁྲལ་སྲུང་ཁུལ་དུ་ཚབ་གཉེར་བྱ་རྒྱུར་རྩིས་སྤྲད་པ་དང་། སྲིད་འཛིན་ས་ཁོངས་དེ་ཏཱ་ལེན་གྲོང་ཁྱེར་ཅིན་ཀྲོའུ་ཆུས་སུ་གཏོགས། ཏཱ་ལེན་གྲོང་ཁྱེར་ཅིན་ཀྲོའུ་ཆུས་ཀྱི་ལེ་པའོ་ཁྲོམ་གཞུང་དང་ཧྲི་ཧོ་ཁྲོམ་གཞུང་། དེ་བཞིན་ཝ་ཧྥང་ཏན་གྲོང་ཁྱེར་གྱི་ཕའོ་ཐའེ་ཁྲོམ་གཞུང་དང་ཕུའུ་ཀྲོའུ་ཝན་ཁྲོམ་གཞུང་བཅས་ཏཱ་ལེན་ཕུའུ་ཝན་ཁུལ་གསར་ལ་ཚབ་བྱས་ནས་དོ་དམ་བྱ་རྒྱུར་སྤྲད་པ་རེད། ཅིན་ཀྲོའུ་ཆུས་ཁོངས་གཏོགས་ཀྱི་ཁྲོམ་གཞུང27ཁྲོད་ཁེ་ལི་པའོ་དང་། ལིང་ཅཱ་ཏེན། ཏཱ་ཡའོ་ཝན། ལེ་ཧྲི་པའོ། ཧྲི་ཧོ། ཕའོ་ཐའེ། ཕུའུ་ཀྲོའུ་མཚོ་ཁུག་བཅས་ཁྲོམ་གཞུང7ཕུད་པའི་ཅིན་ཀྲོའུ་ཆུས་ཀྱི་ཁྲོམ་གཞུང12དང་དེ་བཞིན་ཏཱ་ལེན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཚབ་གཉེར་བྱས་པའི་ཅིན་ཀྲོའུ་ཆུས་ཀྱི་ཁྲོམ་གཞུང8བཅས་མཉམ་དུ་ཅིན་ཀྲོའུ་ཆུས་གསར་ལ་འཆར་འགོད་བྱས་པ་རེད། ཅིན་ཀྲོའུ་ཆུས་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་དང་དོ་དམ་ཨུ་ལྷན་བཙུགས་ནས་གྲོང་ཁྱེར་གྱི་ཅིན་ཀྲོའུ་ཆུས་མི་དམངས་སྲིད་གཞུང་དང་མཉམ་དུ་གཞུང་དོན་སྒྲུབ་པའི་གཞུང་ལས་ཁང་བཙུགས་ཡོད།

སྤྱི་ལོ2016ལོའི་ཟླ3ཚེས4ཉིན་གྱི་སྔ་དྲོ་ཅིན་ཕུའུ་ཆུས་གསར་གྱི་སྒྲིག་གཞི་འཛུགས་པའི་ཇུས་གཞི་དང་དེ་བཞིན་སྡེ་ཚན་གྱི་སྒྲིག་གཞི་འཛུགས་པའི་ཇུས་གཞིར་སྲིད་གཞུང་གི་འགན་ནུས་སྔར་བས་འགྱུར་ལྡོག་གཏོང་རྒྱུར་དམིགས་ཏེ་དོ་དམ་སྒྲིག་སྲོལ་ཧྲང་ཅིན་ཕུའུ་ཆུས་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་དང་དོ་དམ་ཨུ་ལྷན་ཁག་སོ་སོར་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་མངགས་གཏོང་ལས་ཁུངས་ཡིན་པ་དང་ཏཱ་ལེན་གྲོང་ཁྱེར་ཅིན་ཀྲོའུ་ཆུས་ཨུད་དང་ཆུས་སྲིད་གཞུང་དང་མཉམ་དུ་གཞུང་དོན་སྒྲུབ། ཏཱ་ལེན་གྲོང་ཁྱེར་ཅིན་ཀྲོའུ་ཆུས་མི་དམངས་སྲིད་གཞུང་གིས་ཏཱ་ལེན་ཅིན་ཀྲོའུ་ཆུས་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་དང་དོ་དམ་ཨུ་ལྷན་དང་མཉམ་དུ་གཞུང་ལས་བསྒྲུབས་ནས་ཏཱ་ལེན་ཅིན་ཀྲོའུ་ཆུས་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་དང་དོ་དམ་ཨུ་ལྷན་མེད་པར་བཟོས། དེ་སྔའི་ཏཱ་ལེན་ཅིན་ཀྲོའུ་ཆུས་གསར་གྱི་སྤྱི་ཡོངས་དང་། སྲིད་གཞུང་སྡེ་ཚན། སྲིད་འཛིན་སྒྲིག་གཞི་བཅས་ཀྱི་སྒོ་བྱང་དེ་ཏཱ་ལེན་ཅིན་ཕུའུ་ཆུས་གསར་ཞེས་པར་དངོས་སུ་བསྒྱུར་ཡོད། ཏཱ་ལེན་ཕུའུ་ཝན་ཆུས་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་དང་། དོ་དམ་ཨུ་ལྷན། ཕུའུ་ཝན་ཆུས་གསར་གྱི་ཏང་གི་ལས་དོན་ཨུ་ལྷན། དོ་དམ་ཨུ་ལྷན་བཅས་ཀྱིས་ཏཱ་ལེན་ཕུའུ་ལན་ཏན་ཆུས་མི་དམངས་སྲིད་གཞུང་དང་མཉམ་དུ་གཞུང་ལས་སྒྲུབ་རྒྱུ་མེད་པར་བཟོས་པ་དང་། ཏཱ་ལེན་ཕུའུ་ཝན་དཔལ་འབྱོར་ཁུལ་དོ་དམ་ཨུ་ལྷན་གྱི་ཁོངས་གཏོགས་ཧྲི་ཧོ་དང་། སན་ཧྲི་ལི་པའོ་དང་ཕའོ་ཐའེ་བཙུགས།

སྤྱི་ལོ2016ལོའི་ཟླ3པར་ཏཱ་ལེན་གྲོང་ཁྱེར་ཅིན་ཀྲོའུ་ཆུས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ1850ཟིན་པ་དང་ཐེམ་ཐོའི་མི་འབོར་ཁྲི110ཡོད་པ་དང་དེའི་ཁོངས་སུ་ཁྲོམ་གཞུང27ཡོད་པ་དང་། ཏཱ་ལེན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ཏཱ་ལེན་དཔྱ་ཁྲལ་འགན་ལེན་ཁུལ། ཏཱ་ལེན་ཕུའུ་དབན་དཔལ་འབྱོར་ཁུལ། ཏཱ་ལེན་ཅིན་ཧྲི་ཐནA5རིམ་པའི་རྒྱལ་ཁབ་ཡུལ་སྐོར་སྤྲོ་གསེང་ཁུལ་གྱི་ཅུས་རིམ་པའི་ནུས་པའི་ཁུལ་བཞི་ཡོད། སྤྱི་ལོ2019ལོའི་ཟླ12ཚེས2ཉིན《ཅིན་ཀྲོའུ་ཆུས་ཀྱི་ཁྲོམ་གཞུང་ཁག་གཅིག་གི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་ལ་མོས་མཐུན་བྱ་རྒྱུའི་སྐོར་གྱི་ཏཱ་ལན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མཆན་བཀོད་བཀའ་ལན》(ཏཱ་ཀྲེང〔2019〕ཨང129) གྱིས་ཏཱ་ཡའོ་ཝན་ཁྲོམ་གཞུང་དེ་མ་ཆའོ་ཙི་ཁྲོམ་གཞུང་དང་། ཧའེ་ཆིང་ཏའོ་ཁྲོམ་གཞུང་། ཏ་ཀུའུ་ཧྲན་ཁྲོམ་གཞུང་། ཝན་ལི་ཁྲོམ་གཞུང་བཅས་ཀྱི་ཁོངས་གཏོགས་ཁུལ་གྱི་ཁྱབ་ཁོངས་སུ་བསྐྱར་དུ་དབྱེ་ནས་སྔར་ཡོད་ཁོངས་གཏོགས་ཀྱི་འབྲེལ་བ་སླར་གསོ་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། ཀོང་མིང་ཁྲོམ་གཞུང་དང་། ཀྲུང་ཁྲང་ཁྲོམ་གཞུང་། ཀོང་ཀྲུང་ཁྲོམ་གཞུང་བཅས་མེད་པ་བཟོ་རྒྱུ་དང་། དེ་སྔའི་ཁྲོམ་གཞུང་གཉིས་ཀྱི་ས་ཁོངས་ཁྱབ་ཁོངས་དེ་ཁྲོམ་གཞུང་གསར་པའི་ས་ཁོངས་ཀྱི་ཁྱབ་ཁོངས་སུ་བརྩི་རྒྱུ་ལག་བསྟར་བྱས། དེའི་རྐྱེན་གྱིས་ད་ལྟ་ཁྲོམ་གཞུང25ཡོད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ད་ལྟའི་ཁོངས་གཏོགས་ཀྱི་སྲང་ལམ25ནི་སྲིད་བཀུར་སྲང་ལམ་དང་། ཡོའུ་དབྱི་སྲང་ལམ། ཀོང་ཀྲུང་སྲང་ལམ། མཱ་ཆའོ་ཙི་སྲང་ལམ། ཧའེ་ཆིན་ཏའོ་སྲང་ལམ། ཏཱ་ཀུའུ་ཧྲན་སྲང་ལམ། ཀྲན་ཆན་སྲང་ལམ། ཞན་ཅིང་སྲང་ལམ། ཏུང་ཅཱ་ཀུའུ་སྲང་ལམ། ཅིན་ཧྲི་ཐན་སྲང་ལམ། ཝན་ལི་སྲང་ལམ། ཉི་ལི་པའོ་སྲང་ལམ། ལིང་ཅཱ་ཏེན་སྲང་ལམ། ཏིན་ཧྲ་ཧོ་སྲང་ལམ། ཏཱ་ཝེ་ཅཱ་སྲང་ལམ། ཞིན་ཧྲུའུ་སྲང་ལམ། ཆི་ཏིན་ཧྲན་སྲང་ལམ། ཧྭ་ཅཱ་སྲང་ལམ། ཞང་ཡིང་སྲང་ལམ། ཏཱ་ལི་ཅཱ་སྲང་ལམ། ཏེ་ཧྲིན་སྲང་ལམ། ཧྥུ་ཀྲོའུ་ཝན་སྲང་ལམ། སན་ལི་པའོ་སྲང་ལམ། ཧྲི་ཧོ་སྲང་ལམ་བཅས་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་སའི་ཡུལ་ཁོངས། 

ཅིན་ཀྲོའུ་ཆུས་ནི་ཏཱ་ལེན་གྲོང་ཁྱེར་གྱི་དབུས་ཁུལ་དུ་ཆགས་ཡོད་པ་དང་། ནུབ་ཏུ་པོ་ཧའེ་རྒྱ་མཚོ་དང་། ཤར་དུ་ཧོང་ཧའེ་རྒྱ་མཚོ་དང་འབྲེལ་ཞིང་། བྱང་ནི་བྱང་ཤར་གྱི་དབུས་ཁུལ་དུ་ཆགས་ཡོད་པ་དང་། པོ་ཧའེ་རྒྱ་མཚོ་དང་ཨེ་ཤ་ཡ་བྱང་ཤར་གྱི་དཔལ་འབྱོར་ཁུལ་དུ་ཆགས་ཡོད། རྒྱ་མཚོའི་འགྲམ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1850དང་རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་སྤྱི་ལེ322ཡོད།

4_2 ས་བབ་ཆགས་ཚུལ།

རི་དམའ་བའི་རི་མ་ཐང་གི་ཁོངས་སུ་གཏོགས་པ་དང་། ས་དབྱིབས་ནི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་རི་བོ་ཧེ་རུ་ཆུང་བ་ནས་རི་བོ་ཏཱ་ཧེ་ཧྲན་བར་གྱི་རི་རྒྱུད་ཀྱི་ལྟེ་བའི་རྒྱུད་ཡིན་པ་དང་། དེ་མིན་ད་དུང་རི་བོ་ཏཱ་ཧེ་ཧྲན་ནས་རི་བོ་ལི་ཅཱ་གྲོང་ཁྱེར་གྱི་རི་མགོ་ཧོང་ཧའེ་འགྲམ་རྒྱུད་ཀྱི་རི་རྒྱུད་དུམ་བུ་དེ་ཤར་རྒྱུད་ཡན་ལག་གི་གཞོགས་གཉིས་སུ་གསེག་སྟེ་དབུས་རྒྱུད་མཐོ་ཞིང་གཞོགས་གཉིས་དམའ་བའི་སྐས་དབྱིབས་ས་དབྱིབས་གྲུབ་ཡོད། ས་ཁོངས་གསུམ་དུ་དབྱེ་ཡོད་དེ། དབུས་རྒྱུད་དམའ་རིའི་རི་མ་ཐང་ཁུལ་དང་། ཤར་རྒྱུད་རི་མ་ཐང་གྲམ་སྒང་ཁུལ། མཚོ་རྒྱུད་ཀྱི་ཆུ་རྒྱུན་གྱིས་བདེ་ཐང་ཁུལ་ཆུང་བ་བཅས་ཡིན།

4_3 ནམ་ཟླའི་ཁྱད་ཆོས།

ཅིན་ཀྲོའུ་ཆུས་ནི་དྲོ་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་གི་ནམ་ཟླ་ཡིན་ལ། རྒྱ་མཚོའི་རང་བཞིན་གྱི་ནམ་ཟླའི་ཁྱད་ཆོས་ཀྱང་ལྡན། སའི་གོ་ལའི་ཕྱེད་བྱང་མའི་འཕྲེད་ཐིག་དཀྱིལ་མའི་ས་རྒྱུད་དུ་གནས་ཡོད་ཅིང་། ཉི་མའི་འགྱེད་འཕྲོའི་ལོ་གཅིག་དུས་བཞི་ཅུང་ཆེ་བ་དང་། རླུང་ཁམས་ཆེན་པོའི་འཁོར་རྒྱུན་ནི་ནུབ་རླུང་རྒྱུད་དང་ཚ་ཁུལ་ཕལ་བའི་མ་ལག་གིས་གཙོ་བོ་བྱེད་པ་དང་། དེའི་ཁར་ཕྱོགས་གཅིག་རི་བོ་དང་ཕྱོགས་གསུམ་མཚོ་དང་ཉེ་བའི་ས་ཁམས་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པས་ཅིན་ཀྲོའུ་ཆུས་ཀྱི་གནམ་གཤིས་ནི་དུས་བཞི་གསལ་བ་དང་། གནམ་གཤིས་འཇམ་པ། མཁའ་རླུང་བཞའ་ཚན་ཆེ་བ། ཆར་ཆུ་གཅིག་སྡུད་ཆེ་བ། དུས་རླུང་མངོན་གསལ་ཆེ་བ། རླུང་ཤུགས་ཅུང་ཆེ་བ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ཡིན།

4_4 ཆུ་དཔྱད།

ཅིན་ཀྲོའུ་ཆུས་ཀྱི་ཆུ་བོ་མང་ཆེ་བ་དུས་ཚིགས་ཀྱི་ཆུ་བོ་ཡིན། ས་བབ་དབུས་ཁུལ་མཐོ་ལ་གཤོག་པ་གཉིས་དམའ་བ་དང་། ཆར་ཐན་གྱི་དུས་ཚིགས་གསལ་བ། ཆར་ཆུ་གཅིག་སྡུད་ཡིན་པ་བཅས་ཡིན་སྟབས་ཆུ་རྒྱུན་གྱི་བརྒྱུད་རིམ་ཐུང་བ་རེད། མངའ་ཁོངས་ཡོངས་སུ་རྒྱ་མཚོར་འབབ་པའི་ཆུ་བོ11དང་སྤྱིའི་རིང་ཚད་སྤྱི་ལེ204ཟིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ950ཟིན་ཡོད། ཆུ་བོ་ཆེ་ཤོས་ནི་ཏེང་ཧྲ་ཆུ་བོ་ཡིན་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ26ཡོད་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ229.2ཟིན་ཡོད། ཏེང་ཧྲ་ཆུ་བོ་ནི་ཅིན་ཀྲོའུ་ཆུས་ཀྱི་ཞང་ཡིང་སྲང་ལམ་གྱི་ཞའོ་ཧེ་ཧྲན་རི་བོ་དང་ཕུའུ་ལན་ཏེན་གྱི་ཨེར་ལུང་ཧྲན་རི་བོ་ནས་བརྡོལ་བ་ཡིན། ཧོང་ཧའེ་ཡན་ཏཱ་མཚོ་ཆེན་རྒྱུད་དུ་འབབ་པ་ཡིན།

5 རང་བྱུང་ཐོན་ཁུངས།
5_1 ས་ཞིང་ཐོན་ཁུངས།

སྤྱི་ལོ2016ལོར་ཅིན་ཀྲོའུ་ཆུས་ཀྱི་སྐམ་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1850ཟིན་པའི་ནང་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི2.4དང་། འབྲས་ཤིང་འདེབས་ཁྱོན་ལ་སྤྱི་ཆིང9643.3སྔོ་ཚལ་འདེབས་ཁྱོན་ལ་སྤྱི་ཆིང7016.2བཅས་ཡོད། རྨོ་ཞིང་རྒྱ་ཁྱོན་གྱིས་ས་ཞིང་སྤྱིའི་རྒྱ་ཁྱོན་གྱི22%ཟིན་པ་དང་མི་རེའི་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང0.042ཟིན་ཡོད།

5_2 གཏེར་རྫས་ཐོན་ཁུངས།

སྤྱི་ལོ2010ལོའི་ལོ་སྟོད་དུ་ཅིན་ཀྲོའུ་ཆུས་ཀྱི་ས་འོག་གཏེར་ཁུངས་རིགས22རྩད་ཆོད་པ་དེའི་ནང་ལྕགས་རིགས་མིན་པའི་གཏེར་ཁུངས་ཀྱིས་སྣ་ཁ17བཟུང་བ་དང་ཨར་སྐྲུན་རྒྱུ་ཆ་ཅུང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ལྷག་པར་དུ་རྡོ་ཐལ་བྲག་རྡོ་གསོག་ཚད་མང་བ་དང་ཁྱབ་རྒྱ་ཆེ་བ་ཡོད།

5_3 ཆུའི་ཐོན་ཁུངས།

ཅིན་ཀྲོའུ་ཆུས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.32ཟིན་པའི་ནང་ས་ངོས་ཀྱི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.1དང་ས་འོག་གི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར0.63(ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུ་གཉིས་བསྐྱར་ཟློས་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར0.4ཡིན)ཡོད་པ་རེད། མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་བཟུང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ480ཟིན་ཡོད། ཅིན་ཀྲོའུ་ཆུས་སུ་ཆུ་མཛོད25ཡོད་པའི་ནང་ཆུ་མཛོད་འབྲིང་གྲས2དང་། ཆུ་མཛོད་ཆུང་གྲས23ཆུ་འདྲེན་ཁྱོན་ཡོངས་སུ་སྤྱི་ཆིང་ཁྲི1.8བཅས་ཡོད་པ་རེད། ཆུ་བེད་ལས་གྲྭའི་སྤྱིའི་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི6390ཟིན་ཡོད།

5_4 ནགས་ཚལ་ཐོན་ཁུངས།

སྤྱི་ལོ2010ལོར་ཅིན་ཀྲོའུ་ཆུས་སུ་ནགས་ལས་ས་ཆའི་རྒྱ་ཁྱོན་སྤྱི་ཆིང21398.4ཟིན་པའི་ནང་སྤྱི་ཕན་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང17361.8ཟིན་པ་དང་། ཚོང་ཟོག་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང3870ཟིན་ཡོད། ནགས་ཚལ་རིགས་མེད་པའི་སྤྱི་ཆིང166.6ཟིན་ཡོད། ནགས་ཚལ་ཁྱབ་ཚད38.3%ཟིན་ཡོད།

5_5 རྒྱ་མཚོའི་ཐོན་ཁུངས།

ཅིན་ཀྲོའུ་ཆུས་ཀྱི་མཚོ་འགྲམ་ཀྱག་ཀྱོག་དང་གྲམ་ཐང་རྒྱ་ཆེ་ལ་བེད་སྤྱོད་ཆོག་པའི་མཚོ་ཁོངས་རྒྱ་ཁྱོན་སྤྱི་ཆིང་ཁྲི6.1ཟིན་པའི་ནང་ཧོང་ཧའེ་རྒྱ་མཚོའི་སྤྱི་ཆིང་ཁྲི1.8དང་པོ་ཧའེ་རྒྱ་མཚོའི་རྒྱ་ཁྱོན་སྤྱི་ཆིང་ཁྲི4.3ཟིན་ཡོད། ལྗོངས་ཡོངས་སུ་མཐིལ་འདེབས་རྒྱ་ཁྱོན་སྤྱི་ཆིང་ཁྲི5.7མང་དུ་བཏང་ཡོད། མཚོ་ཐོན་དངོས་རྫས་རྩ་ཆེན་གསོ་ཁང85དང་། ཉ་སྤྱོད་གྲང་མཛོད30ཆུ་ཐོན་དངོས་རྫས་ལས་སྣོན་བཟོ་གྲྭ46ལོ་རེར་ལས་སྣོན་བྱེད་ནུས་ཏུན་ཁྲི14.8བཅས་ཡོད། མཚོ་ཆུའི་གསོ་སྤེལ་རྒྱ་ཁྱོན་སྤྱི་ཆིང་ཁྲི1.4ཡོད་པའི་ནང་ཞ་སྨི་དང་ཧའེ་ཧྲེན་གསོ་སྤེལ་རྒྱ་ཁྱོན་སྤྱི་ཆིང2446ཡོད་པ་རེད།

6 མི་གྲངས་དང་མི་རིགས།

སྤྱི་ལོ2016ལོའི་བར། ཅིན་ཀྲོའུ་ཆུས་ཀྱི་ཐེམ་ཐོ་མི་འབོར681543ཡོད་པའི་ནང་སྐྱེས་པའི་མི་འབོར335787དང་བུད་མེད་མི་འབོར345756ཡོད། མི་འབོར་སྐྱེ་ཚད་བརྒྱ་ཆའི8.75དང་། ཤི་ཚད་བརྒྱ་ཆའི7.32མི་འབོར་རང་ཤུགས་སུ་འཕར་ཚད་བརྒྱ་ཆའི1.43བཅས་ཡིན།

རྒྱུན་སྡོད་མི་འབོར་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། དེར་མན་ཇུ་རིགས་དང་། སོག་རིགས། ཁྲའོ་ཞན་རིགས། ཧུའེ་རིགས་སོགས་གྲངས་ཉུང་མི་རིགས་ཀྱང་ཡོད། ལྗོངས་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱེད་པའི་ཁྲོམ་གཞུང2ཡོད་པ་སྟེ། ཆི་ཏིང་ཧྲན་ཁྲོམ་གཞུང་དང་རྡོ་ཆུ་ཁྲོམ་གཞུང་ཡིན།

7 འགྲིམ་འགྲུལ།
7_1 རྒྱ་མཚོའི་གྲུ་ཁ།

ཅིན་ཀྲོའུ་ཆུས་ཀྱི་མཐའ་འཁོར་དུ་གྲུ་ཁ་ཆེན་པོ་དགུ(ཞིན་ཧྲུའུ་ཐུན་གྲུ་ཁ་དང་། ཏཱ་ཡའོ་མཚོ་ཁུག་གྲུ་ཁ། ཆི་ཡུས་མཚོ་ཁུག་གྲུ་ཁ། ཁོང་ཐོའུ་གྲུ་ཁ། ཡོན་ཡོའུ་གྲུ་ཁ། པེ་ལེང་གྲུ་ཁ། ཧོ་ཧྲང་ཏའོ་མེ་གྲུ་ཁ། ཏ་ལེན་ཝན་གྲུ་ཁ་བཅས)ཡིས་བསྐོར་ཡོད་པ་དང་། ཨེ་ཤེ་ཡ་ཤར་ལྷོ་དང་། ཡོ་རོབ། ཨ་མེ་རི་ཁ་གླིང་བྱང་མ་བཅས་ཚང་མར་དུས་གཏན་གྲུ་གཟིངས་གཏོང་ཐུབ་ཀྱི་ཡོད།

ཏཱ་ལེན་གྲུ་ཁའི་དོས་སྒམ་གྲུ་ཁ་དེ་ཏཱ་ཡའོ་མཚོ་ཁུག་གྲུ་ཁར་གནས་པ་དང་ཀྲུང་གོའི་བྱང་ཕྱོགས་ཀྱི་བརྒྱུད་སྐྱེལ་གྲུ་ཁ་ཆེ་ཤོས་དེ་ཡིན།

ཏཱ་ལེན་གྲུ་ཁའི་ཁྱབ་ཁོངས་སུ་ཡོད་པའི་ཡོན་ཡོའུ་གྲུ་ཁ་དང་ཁོང་ཧྲི་གྲུ་ཁ་སོགས་ནི་རྒྱལ་ནང་གི་འདོན་འཇུག་ནུས་པ་ཆེ་ཤོས་ཀྱི་ཆེད་ལས་གྲུ་ཁ་ཡིན།

ཞིན་ཧྲུའུ་ཐུན་གྲུ་ཁ་ནི་རང་རྒྱལ་བྱང་ཕྱོགས་ཀྱི་རྒྱལ་ཁབ་རིམ་པའི་ལྟེ་གནས་ཀྱི་ཉ་གྲུ་ཆེ་ཤོས་ཡིན། ཞིན་ཧྲུའུ་ཐུན་གྲུ་ཁ་ནི་ཏཱ་ལེན་གྲོང་ཁྱེར་གྱི་གྲོང་ཁུལ་ནས་ཁྲང་ཧའེ་རྫོང་དུ་སྐྱོད་པའི་ཆེས་སྟབས་བདེ་ཤོས་ཀྱི་གྲུ་ཁ་ཞིག་ཡིན་པ་དང་ཀོང་ལུའུ་གླིང་ཕྲན་དང་། ཏཱ་ཁྲང་ཧྲན་གླིང་ཕྲན། ལུའུ་ཙེ་གླིང་ཕྲན། རྒྱ་མཚོའི་གླིང་ཕྲན་བཅས་སུ་སྐྱོད་པའི་འགྲུལ་སྐྱེལ་མཁའ་ལམ་ཞིག་ཡིན་པ་དང་མཁའ་ལམ་མང་ཤོས་ཡོད་པ་དེ་ནི་ལེའོ་ཉིང་ཕྱེད་གླིང་ནས་ཁྲང་ཧའེ་རྫོང་དུ་སྐྱོད་པའི་འགྲུལ་སྐྱེལ་ལྟེ་གནས་ཀྱི་གྲུ་ཁ་ཞིག་རེད། ཞིན་ཧྲུའུ་ཐུན་གྲུ་ཁར་ཏཱ་ལེན་ས་ཚུགས་སུ་འགྲོ་བའི་འགྲུལ་སྐྱེལ་རླངས་འཁོར་ཡོད།

7_2 ལྕགས་ལམ།

ཅིན་ཀྲོའུ་ས་ཚུགས།  ཅིན་ཀྲོའུ་ཆུས་ཀྱི་ལྕགས་ལམ་དག་བྱང་ཤར་ལྕགས་ལམ་དྲ་བ་དང་སྦྲེལ་ཡོད་པ་དང་། ཏཱ་ཡའོ་ཝན་དང་སྦྲེལ་བའི་ཧྲུའུ་ཀང་ལྕགས་ལམ(ཅིན་ཡའོ་ལྕགས་ལམ)ཤར་བྱང་ལྕགས་ལམ་དྲ་བར་ཐད་ཀར་དཔྱངས་ཏེ་མཚོ་ཐོག་དང་སྐམ་སའི་འགྲིམ་འགྲུལ་སྦྲེལ་མཐུད་བྱས་ཡོད། ཏཱ་ལེན་ནས་ཧ་ཨར་པིན་དང་། ཧྲེན་དབྱང་། ཡན་ཅི་སོགས་སྐམ་སའི་དབུས་ཁུལ་གྱི་གྲུ་ཁའི་ཁྲལ་སྲུང་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་ཡོད། ཧར་པིན་སློབ་ཆེན་གྱི་མྱུར་བགྲོད་ལྕགས་ལམ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བསྐྱོད་དེ་ཕུའུ་ཝན་འབབ་ཚུགས་བཙུགས་པ་དང་སྤྱི་ལོ2012ལོའི་ལོ་མཇུག་ཏུ་མེ་འཁོར་ཤར་གཏོང་ཐུབ་ཡོད། ཏན་ཏཱ་མྱུར་བགྲོད་ལྕགས་ལམ་ལྷོ་ནུབ་ནས་བྱང་ཤར་དུ་བསྐྱོད་དེ་ཅིན་ཀྲོའུ་འབབ་ཚུགས་དང་། ཀོང་ཉིང་སི་ས་ཚུགས། ཏེང་ཧྲ་ཧོ་ས་ཚུགས། ཞིན་ཧྲུའུ་ཐུན་འབབ་ཚུགས་བཅས་བཙུགས་ཡོད། ཡན་ཏཱ་ལྕགས་ལམ་གྲུ་ཐོག་ནས་སྒྲོལ་ནས་བྱང་ཕྱོགས་སུ་ཤར་བྱང་ལྕགས་ལམ་དྲ་བ་དང་འབྲེལ་ཞིང་། ལྷོ་ཕྱོགས་སུ་ཡན་ཐའེ་དང་། ཅི་ནན། ཆིང་ཏའོ་བཅས་བར་གྱི་ལྕགས་ལམ་དང་། འཛུགས་སྐྲུན་བྱེད་གྲབས་ཡོད་པའི་ཧྲན་ཏུང་དང་། ཅང་སུའུ། ཀྲེ་ཅང་བཅས་ཀྱི་མཚོ་རྒྱུད་ལྕགས་ལམ་དང་སྦྲེལ་མཐུད་བྱས་ཡོད། བྱང་ཕྱོགས་ནས་ཧའར་པིན་དང་། ལྷོ་ནས་ཧྲང་ཧའེ་བར་གྱི་ཤར་རྒྱུད་མཚོ་རྒྱུད་ཀྱི་བགྲོད་ལམ་ཆེན་པོ་ཞིག་གྲུབ་པས། བྱང་ཤར་ནས་ཧྲན་ཏུང་དང་འབྲི་ཆུའི་ཟུར་གསུམ་གླིང་བར་གྱི་སྐྱེལ་འདྲེན་བར་ཐག་དེ་སྔོན་གྱི་ལམ་ལས་སྤྱི་ལེ400ནས1000བར་ཇེ་ཐུང་དུ་བཏང་ཡོད།

7_3 གཞུང་ལམ།

ཅིན་ཀྲོའུ་ཆུས་སུ་ཧྲེན་ཏཱ་མྱུར་བགྲོད་གཞུང་ལམ་དང་། ཏན་ཏཱ་མྱུར་བགྲོད་གཞུང་ལམ་རྒྱལ་ལམ། རྒྱལ་ལམ་201རྒྱལ་ལམ202ཅིན་ལམ་ཐིག་བདུན་པ། ཧྲུའུ་ཀང་ལམ། ཧྭ་པེ་ལམ་དང་དེ་བཞིན་ཧོང་པོ་ཧའེ་མཚོ་གཉིས་ཀྱི་གཞུང་ལམ་བཅས་གཙོ་བོར་བྱས་པའི་འགྲིམ་འགྲུལ་དྲ་བ་ཆེན་པོ་ཞིག་ཆགས་ཡོད། ཧྲེན་ཏཱ་མྱུར་བགྲོད་གཞུང་ལམ་དང་ཏན་ཏཱ་མྱུར་བགྲོད་གཞུང་ལམ་དེ་ལྗོངས་ཡོངས་སུ་ཁྱབ་ཡོད། ཅིན་ཀྲོའུ་མྱུར་བགྲོད་གཞུང་ལམ་ལམ་མདོ་དང་། ཧྲི་ལི་པའོ་ལམ་མདོ་དང་། སན་ཧྲི་ལི་པའོ་ལམ་མདོ། ཧྲི་ཧོ་ལམ་མདོ། ཀོན་ཅ་ཏན་ལམ་མདོ། ཧྲི་ལི་གྲུ་ཁའི་ལམ་མདོ། ཧྲ་ཧོ་ལམ་མདོ་སོགས་ཡོད།

7_4 གྲོང་ཁྱེར་ས་འོག་ལྕགས་ལམ།

ཏཱ་ལེན་ས་འོག་ལྕགས་ལམ་གྱི་ལམ་ཐིག་གསུམ་པ་ཏཱ་ལེན་གྲོང་ཁྱེར་ཁུལ་དང་ཅིན་ཀྲོའུ་ཆུས་དང་སྦྲེལ་ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་མགྱོགས་ཤོས་སྤྱི་ལེ100ཡིན་པ་དང་ཏཱ་ལེན་གྲོང་ཁྱེར་ནས་ཅིན་ཀྲོའུ་ཆུས་བར་སྐར་མ25ལས་འགོར་གྱི་མེད། འབྱུང་འགྱུར་ཏཱ་ལེན་གྱི་ས་འོག་ལྕགས་ལམ་ལམ་ཐིག13དེ་ཏཱ་ལེན་བྱང་རྒྱུད་འབབ་ཚུགས་ནས་ཅིན་ཀྲོའུ་ཧུ་ཕིང་ལམ་འབབ་ཚུགས་བར་དང་ཕུའུ་ལན་ཏན་ཆུས་བར་སྣུར་སྲིང་བྱས་ཡོད།

7_5 མཁའ་ལམ།

ལྗོངས་ནང་ཁུལ་དུ་ཏཱ་ལེན་ཅིན་ཀྲོའུ་མཚོ་ཁུག་རྒྱལ་སྤྱིའི་གནམ་གྲུ་ཐང་སྐྲུན་བཞིན་ཡོད། གཞན་ཡང་ཏཱ་ལེན་ཀྲོའུ་ཧྲུའེ་ཙེ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཅིན་ཀྲོའུ་ཆུས་བར་སྤྱི་ལེ24དང་། རྒྱལ་སྤྱིའི་མཁའ་ལམ50དང་རྒྱལ་ནང་གི་མཁའ་ལམ75བཅས་ཡོད། ཉིན་ལྟར་པེ་ཅིང་དུ་འགྲོ་བའི་དུས་གཏན་གནམ་གྲུ་ཐེངས30ལྷག་ཙམ་ཡོད། གཟའ་འཁོར་རེར་རི་པིན་དུ་འགྲོ་བའི་དུས་གཏན་གནམ་གྲུ་ཐེངས50ལྷག་ཙམ་ཡོད། ཉིན་ལྟར་ཁོ་རེ་ཡ་དང་ཤང་ཀང་དུ་འགྲོ་བའི་དུས་གཏན་གནམ་གྲུ་ཡོད། ཐའེ་ཝན་ཞིང་ཆེན་དང་འགྲུལ་བཞུད་ཐེངས་གསུམ་ལ་གཏོང་ཐུབ་ཀྱི་ཡོད།

8 དཔལ་འབྱོར།
8_1 དཔལ་འབྱོར་བསྡོམས་འབོར།  

སྤྱི་ལོ2010ལོར་ཅིན་ཀྲོའུ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1100.4མངོན་འགྱུར་བྱུང་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས18.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར41.7ཟིན་ནས2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར790.9ཟིན་ནས20.8%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར267.8ཟིན་ནས12.7%འཕར་བ་དང་ཐོན་ལས་གསུམ་པའི་གྲུབ་ཆའི་བསྡུར་ཚད3.8:71.9:24.3ཡིན།

ནོར་སྲིད་ཁྲལ་འབབ། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར82.6མངོན་འགྱུར་བྱུང་ཞིང་། ལོ་གོང་མ་ལས་བརྒྱ་ཆའི20.2འཕར་ཡོད། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར90.1མངོན་འགྱུར་བྱུང་བས་ལོ་གོང་མ་ལས30.8%འཕར་ཡོད། དེའི་ནང་ཚན་རིག་ལག་རྩལ་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན་བཅས་ཀྱི་གཏོང་སྒོ་སོ་སོར60.7%དང་། 10.7%17.8%བཅས་འཕར་ཡོད། རྒྱལ་ཁབ་ཁྲལ་དོན་ཅུས་ཀྱིས་ཁྲལ་འབབ་སྣ་ཚོགས་སྒོར་དུང་ཕྱུར77.2སྒྲིག་འཛུགས་བྱས་ནས27.8%འཕར་བ། ས་གནས་ཁྲལ་དོན་ཅུས་ཀྱིས་ཁྲལ་འབབ་ཁག་སྒོར་དུང་ཕྱུར69.9སྒྲིག་འཛུགས་བྱས་ནས23%འཕར་ཡོད།

8_2 ཐོན་ལས་དང་པོ།

ནགས་ལས་ཐད་སྔོ་འགྱུར་མ་དངུལ་སྒོར་དུང་ཕྱུར15.8བཏང་ནས་སྡོང་རྐང་ཁྲི1670བཙུགས་པ་དང་། སྡོང་ཆེན་སྡོང་རྐང་ཁྲི600བཙུགས། ནགས་བཟོ་གསབ་འཛུགས་རྒྱ་ཁྱོན་མུའུ་ཁྲི5.6བཅས་ཟིན་ཡོད། ཅིན་ཀྲོའུ་ཆུས་ལ་གྲོང་ཁྱེར་ཡོངས་ཀྱི་རི་སྔོན་སྣོད་བཅུད་མ་ལག་འདུ་འགོད་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་གྱི་ཨང་དང་པོ་ཐོབ་ཡོད།

ཞིང་ལས་ཐད་མའེ་ཧའོ་མེ་ཏོག་དང་ཤིན་དབྱི་མེ་ཏོག་སོགས་རྣམ་གྲངས་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཐན་པའོ་འཁྱགས་ཞོ་དང་པའོ་ཡེ་བཟའ་བྱའི་ཤ་མོ་སོགས་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་ནས་གཞི་ཁྱོན་ཡན་གྱི་སྣེ་འདྲེན་ཁེ་ལས77ཟིན་ཡོད། སྤྱི་ལོ2012ལོར་སྒྲིག་བཀོད་ཞིང་ལས་མུའུ་ཁྲི1.9མང་དུ་བཏང་བ་དང་། གསེར་སྙེ་ལན་མའེ་ཀུའུ་དང་མུའུ་ཅཱ་སྔོ་ཚལ་གྱི་ཚད་ལྡན་གླིང་སོགས་སྒྲིག་བཀོད་ཞིང་ལས་ཁུལ་ཆེན་དེ་མཁོ་སྤྲོད་འགན་ལེན་བྱེད་པའི་རྟེན་གཞི་གལ་ཆེན་དུ་གྱུར་ཡོད། མ་དངུལ་སྒོར་ཁྲི7019བཏང་བའི་ཏཱ་ཝུའེ་ཅཱ་དང་། ཆི་ཏིང་རི་བོའི་སྔོ་ཚལ་རྟེན་གཞིའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ལས་མཇུག་འགྲིལ།

ཆུ་བེད། གྲོང་གསེབ་ཀྱི་འཐུང་ཆུ་ཉེན་མེད་ལས་གྲྭ་ཁག2གསར་སྐྲུན་བྱས་པ་དང་། མི4175ཡི་འཐུང་ཆུ་ཉེན་མེད་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། ཆུ་ཁུངས་ལས་གྲྭ་སྣ་ཚོགས96གསར་དུ་བསྐྲུན་པ་དང་། ཆུ་གསོག་ནུས་པ་སྨི་གྲུ་བཞི་ཁྲི131གསར་དུ་བསྣན་ཡོད། ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི3.2མང་དུ་བཏང་བ་དང་། སྒྲིག་བཀོད་ཞིང་ལས་ཁུལ་ཆེན་པོའི་ནུས་ཆེའི་ཆུ་གྲོན་ཆུང་གི་ཆུ་འདྲེན་མ་ལག5དང་། གྲོང་ཁྱེར་རྣམ་པའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་གྱི་ནུས་ཆེའི་ཆུ་གྲོན་ཆུང་མ་ལག4བསྐྲུན་ཡོད། གཙོ་གནད་ཆུ་ལམ་གྱི་སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ཁག6ལེགས་སྒྲུབ་བྱས་པ་དང་ཆུ་ལམ་སྤྱི་ལེ25.7བཅོས་སྒྲིག་བྱས། ཆུ་ལམ་གྱི་སྣོད་བཅུད་འཛུགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི0.89ལེགས་གྲུབ་བྱུང་ཡོད། ས་ཆུ་ཤོར་བའི་རྒྱ་ཁྱོན་མུའུ་ཁྲི1ཟིན་པ་དང་ས་ཆུ་སྲུང་འཛིན་གྱི་ནགས་ཚལ་མུའུ810བསྐྲུན་ཡོད།

8_3 ཐོན་ལས་གཉིས་པ།

བཟོ་ལས། སྤྱི་ལོ2012ལོར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2478.2ཟིན་པ་དེ་དུས་མཚུངས་ལས13.8%(ཁ་ཞེང་ཆེ་བའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2916.1ཡིན་པ)འཕར་ཡོད། སྤྱི་ལོ2012ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་མདུན་གྲལ་ནས་ལྔ་པའི་བར་གྱི་རྐང་འཛིན་ལས་རིགས(རྡོ་སྣུམ་ལས་སྣོན་དང་། རྫས་འགྱུར་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆ་དང་དེ་བཞིན་རྫས་འགྱུར་མཁོ་ཆས་བཟོ་སྐྲུན། རྩིས་འཁོར། དེ་བཞིན་གློག་རྡུལ་སྒྲིག་ཆས་བཟོ་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ཆས་བཟོ་སྐྲུན། ཀུན་སྤྱོད་སྒྲིག་ཆས་བཟོ་སྐྲུན)བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1309.9ཟིན་པ་དེས་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི52.9%བཟུང་ཡོད། ཐོན་འཚོང་འབྲེལ་མཐུད་ཡག་པོ་བྱུང་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་བྲིན་ཚོང་བྱེད་ཚད96.9%ཟིན་ཡོད་པ་རེད། ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2402.3ཟིན་ནས12.9%འཕར་ཡོད། ཨར་སྐྲུན་ལས་རིགས་ཀྱི་འོས་ཐོབ་ཡན་གྱི་ཨར་སྐྲུན་ཁེ་ལས་ལ་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར492.8ཟིན་པ་དེ་དུས་མཚུངས་ལས18.9%འཕར་ཡོད། དེའི་ནང་ཨར་པོའི་ལས་གྲྭའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར439ཟིན་པ་དང་སྒྲིག་སྦྱོར་ལས་གྲྭའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར41ཟིན་ཡོད། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར322.3ཟིན་ཡོད།

8_4 ཐོན་ལས་གསུམ་པ།
8_4_1 འགྲིམ་འགྲུལ།

འགྲིམ་འགྲུལ་ཐད་ལོ་ཧྲིལ་པོར་གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར1.7དང་གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱི་ལེ་དུང་ཕྱུར10.9ཟིན་ཡོད། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི13300ཟིན་པ་དང་ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་ཏུན་དུང་ཕྱུར22ཟིན་ཡོད། ཆུ་ཐོག་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི14.3ཟིན་པ་དང་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི529ཟིན་ཡོད། ཀྲེན་ལན་ལམ་ལས་གྲྭའི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་དང་ལམ་ཐིག་བདུན་པའི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་ཡོད། ཆི་ཧུའུ་ལམ་ཐིག་དང་། ཀོན་སན་ལམ་ཐིག། ཏེང་ཝང་ལམ་ཐིག་སོགས་ཀྱི་ཉམས་གསོའི་ལས་གྲྭ་ཚང་མ་ལས་མཇུག་འགྲིལ་བ་དང་། ཧུ་ཏཱ་ལམ་ཐིག་སྒྱུར་བཀོད་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་ཡོད།

ལྗོངས་ཡོངས་སུ་རིམ་ཁག་གཞུང་ལམ164དོ་དམ་དང་གསོ་ཚགས་བྱས་པ་རེད། ཅིན་ཧྲི་ཐན་གྱི་སྤྱི་སྤྱོད་རླངས་འཁོར་འཇོག་ས་འཛུགས་སྐྲུན་ས་འོག་གི་ཆུ་འདོན་མདོང་ལམ་དུད་ཚང་ལ་སྤྲོད་པའི་ལས་གྲྭ་དང་། ཅིན་ཀྲོའུ་སྤྱི་སྤྱོད་རླངས་འཁོར་ལྟེ་གནས་ཀྱི་ལྟེ་བའི་ས་ཚུགས། ཅིན་ཧྲི་ཐན་སྤྱི་སྤྱོད་རླངས་འཁོར་གྱི་ལྟེ་བའི་ས་ཚུགས། ཏུང་ཅཱ་ཀོའུ་ཝོ་ལུང་ཁུལ་ཆུང་འཛུགས་སྐྲུན་སོགས་འགྲུལ་སྐྱེལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་འཆར་གཞི་ལྟར་སྤེལ་བཞིན་ཡོད། ཞིན་ཧྲུའུ་འགྲུལ་སྐྱེལ་གྲུ་ཁ་དང་། ཅིན་ཧྲི་ཐན་གྲུ་ཁའི་དུས་ཐེངས་གཉིས་པའི་ལས་གྲྭ། ཞིན་ཧྲུའུ་མཚོ་ཐོག་གྲུ་གཟིངས་ཤར་གཏོང་ཐུབ་པ་བཅས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཁག3འགྲུབ་གྲབས་ཡོད་པ་རེད།

8_4_2 སྦྲག་སྲིད།

སྦྲག་སྲིད་སྡེ་ཚན་གྱི་ལས་སྒོའི་བསྡོམས་འབོར་སྒོར་ཁྲི8585.5ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས7.4%འཕར་ཡོད། བསྐུར་ཡིག་སྣ་ཚོགས་ཁྲི89.7ཐག་གཅོད་བྱས་པའི་ནང་རྒྱལ་ནང་དུ་ཁྲི85.6དང་རྒྱལ་སྤྱིའི་ཐོག་ཁྲི4.1ཡོད། ཐུམ་སྒྲིལ་ཁྲི9.5དང་ཆེས་མགྱོགས་ཆེད་གཏོང་བསྐུར་མ་ཁྲི20.4ཡོད་པའི་ནང་རྒྱལ་ནང་དུ་བསྐུར་མ་ཁྲི19.9དང་རྒྱལ་སྤྱི་དང་། ཤང་ཀང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་བསྐུར་མ་ཁྲི0.5ཡོད།

8_4_3 ཡུལ་སྐོར།

ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1002.5ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས་10.6%འཕར་བ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་100.2ཟིན་ནས་13.2%འཕར་ཡོད།

9 སྤྱི་ཚོགས་ལས་དོན།
9_1 སྤྱི་ཚོགས་འགན་སྲུང་།

ཅིན་ཀྲོའུ་ཆུས་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པའི་ཚད་གཞི་སྔར་བས་མཐོ་རུ་བཏང་ཡོད། གྲོང་གསེབ་ཀྱི་འགན་བཅོལ་བྱེད་ལམ་གསར་པའི་ཚད་གཞི་མཐོ་རུ་བཏང་རྗེས་མི་སྒེར་གྱི་ལོ་རེའི་གྲོན་དངུལ་འཇལ་བའི་ཚད་གཞི་དང་ནོར་སྲིད་ཀྱི་ཁ་གསབ་ཚད་གཞིའི་ཐད་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་བྱེད་ལམ་གསར་པའི་ཚད་གཞི་གཅིག་གྱུར་བྱུང་ཡོད།

9_2 སྨན་བཅོས་ལས་དོན།

ཅིན་ཀྲོའུ་ཆུས་སུ་ཏཱ་ལེན་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་གསུམ་དང་། ཏཱ་ལེན་དཔྱ་ཁྲལ་ཆག་ཡང་ཁུལ་གྱི་སྨན་ཁང་། ཏཱ་ལེན་ཧྲེང་ཅིང་སྨན་ཁང་། ཏཱ་ལེན་གསར་སྤེལ་ཁུལ་གྱི་སྨན་ཁང་། ཅིན་ཀྲོའུ་ཆུས་མི་དམངས་སྨན་ཁང་དང་པོ། ཅིན་ཀྲོའུ་ཆུས་ཀྲུང་ལུགས་སྨན་ཁང་སོགས་ཡོད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྣ་ཚོགས447དང་ཉལ་ཁྲི3167ཡོད། ཅིན་ཀྲོའུ་ཆུས་སྨན་ཁང་ཚང་མར་ཕྱི་སྐད་ཤེས་པའི་སྨན་པས་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། རྒྱལ་སྤྱིའིSOSལྟེ་གནས་དེ་ཅིན་ཀྲོའུ་ཁུལ་དུ་རོགས་སྐྱོབ་ལྟེ་གནས་བཙུགས་ཡོད།

ཏཱ་ལེན་ཧྲེང་ཅིང་བུད་མེད་དང་བྱིས་པའི་སྨན་ཁང་གི་གཙོ་གཟུགས་ལས་མཇུག་འགྲིལ་བ་དང་། སྨན་པ་ཆེ་མོའི་ཞོར་གཏོགས་སྨན་ཁང་དང་པོའི་སྨན་བཅོས་ལྟེ་གནས་སོགས་རྣམ་གྲངས་སྐྲུན་འགོ་ཚུགས་ཉེར་ཡོད་ཅིང་། རིམ་རྩིས་བྱས་ན་སྒོར་དུང་ཕྱུར13བཏང་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་མ་ལག་ཆ་ཚང་སྒྲིག་ཐད་སྤྱད་ཡོད།

9_3 སློབ་གསོའི་བྱ་གཞག

ཅིན་ཀྲོའུ་ཆུས་སུ་རྨང་གཞིའི་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་སོགས་ཅུང་ཆ་ཚང་བའི་སློབ་གསོའི་མ་ལག་ཆགས་ཡོད་པ་དང་། ཅིན་ཀྲོའུ་ཆུས་སུ་སློབ་ཆེན12དང་། སློབ་གྲྭ་འབྲིང་ཆུང་བརྒྱ་ལྷག རྒྱལ་སྤྱིའི་སློབ་གྲྭ3བཅས་བཙུགས་ཡོད། ཅིན་ཀྲོའུ་ཆུས་སུ་ཕྱི་ཕྱོགས་དང་འབྲེལ་བའི་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་ཡོད། ཁ་ན་ཏའི་ཧྥེང་ཡེ་རྒྱལ་སྤྱིའི་སློབ་གྲྭར་སློབ་ཆུང་ནས་སློབ་འབྲིང་བར་གྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་པོའི་ཁས་ལེན་ཉིས་བརྩེགས་ཐོབ་པ་དང་སློབ་མ་སློབ་གྲྭ་ཐོན་རྗེས་ཁ་ན་ཏའི་སློབ་ཆེན་དུ་ཐད་ཀར་རྒྱུགས་འཕྲོད་ཀྱི་ཡོད། ཨ་རིའི་རྒྱལ་སྤྱིའི་སློབ་གྲྭས་ཨ་རིའི་སློབ་གསོའི་མ་ལག་སྤྱད་དེ་གཙོ་བོ་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ལས་བཟོའི་བུ་ཕྲུག་གི་སློབ་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། སློབ་གྲྭར་བུ་བཅོལ་ཁང་ནས་སློབ་འབྲིང་བར་གྱི་སློབ་ཚན་བཀོད་སྒྲིག་བྱས། གཞན་ཡང་ཁོ་རེ་ཡའི་སློབ་གྲྭ་བཙུགས་ཡོད།

ལིའོ་ཉིང་ཞིང་ཆེན་གྱི་རྨང་གཞིའི་སློབ་གསོའི་སྟོབས་ཆེའི་ཁུལ་ལ་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ཅིན་ཀྲོའུ་ཆུས་འདི་ཉིད་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩའི་དོ་སྙོམས་ཁུལ་ཁག་དང་པོར་གྱུར་ཡོད། པེ་ཅིང་གི་སློབ་གྲྭ་བཅུ་གཅིག་དང་མཉམ་ལས་བྱས་ནས་ཧུང་ཤིང་ཧའེ་རྒྱལ་སྤྱིའི་སློབ་གྲྭ་བཙུགས་པ་དང་པེ་ཅིང་སློབ་ཆུང་དང་མཉམ་ལས་བྱས་ནས་ཧྭ་རུན་ཧའེ་ཀྲུང་གོའི་ཡན་ལག་སློབ་གྲྭ་བཙུགས།

9_4 རིག་གནས་ལས་དོན།

རྒྱལ་ཡོངས་ཀྱི་རིག་གནས་སྔོན་ཐོན་ཚན་པ་ཁག་དང་པོའི་གྲས་ཤིག་ཡིན་པའི་ངོས་ནས་ཆུས་སྲིད་གཞུང་གིས་རིག་གནས་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་གཏོང་སྒོ་ཆེན་པོ་བཏང་བས་ཅིན་ཀྲོའུ་ཆུས་སུ་ད་ལྟ་ཆུས་དང་། ཁྲོམ་ལམ། གྲོང་ཚོ(སྡེ་ཁུལ)བཅས་རིམ་གསུམ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་གཞི་རྩའི་ཆ་ནས་ཆགས་ཡོད། སྤྱི་པའི་དཔེ་མཛོད་ཁང་དང་། རིག་གནས་ཁང་། གྲོང་མིའི་རིག་གནས་བྱེད་སྒོའི་ལྟེ་གནས། གཞོན་ནུ་ལོ་ཆུང་ཕོ་བྲང་། འཆར་འགོད་འགྲེམས་སྟོན་ཁང་། མཛེས་རྩལ་ཁང་། ཟློས་གར་ཁང་། གློག་བརྙན་ཁང་། རྟེན་རྫས་བཤམས་མཛོད་ཁང་སོགས་སྤྱི་པའི་རིག་གནས་ཁང་ཚང་མ་འཛོམས་ཤིང་། སྤྱི་ལོ2013ལོར་ཅིན་ཀྲོའུ་ཆུས་སུ་ཁྲོམ་གཞུང་ཕྱོགས་བསྡུས་རིག་གནས་ས་ཚིགས27དང་། སྡེ་ཁུལ་རིག་གནས་བྱེད་སྒོ་ཁང204ཞིང་དུད་དཔེ་དེབ་ཁང84བཅས་བསྐྲུན་ཡོད། དམངས་ཁྲོད་སྒྱུ་རྩལ་དཔུང་ཁག400ལྷག་ཙམ་ཡོད་པ་དང་ཁྱད་ལྡན་རིག་རྩལ་བྱེད་སྒོའི་རྟེན་གཞི33ཡོད་པས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཁྱབ་ཚད100%ཟིན་ཡོད། ལོ་ལྟར་གཉེར་བའི་ལོ་གསར་གྱི་རོལ་དབྱངས་འདུ་ཚོགས་དང་། མེ་ཏོག་སྣ་བརྒྱའི་འདུ་ཚོགས། སྤྲོ་གསེང་གློག་སྒྲོན་འདུ་ཚོགས། ཚོན་ཁྲའི་ཤོག་སྦག་མཚན་ཚོགས་སོགས་རིག་གནས་བྱེད་སྒོ་དང་ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མང་ཚོགས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སོགས་འཁྲབ་སྟོན་སྣ་ཚོགས400ལྷག་ཙམ་བྱས་པས། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

སྤྱི་ལོ2013ལོར་ཅིན་ཀྲོའུ་ཆུས་སུ་ནང་བསྟན་དང་། ཏའོ་ཅའོ་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་ཆོས་ལུགས3ཡོད་པ་དང་། ལོ་ལྟར་ཆོས་ལུགས་བྱེད་སྒོར་ཞུགས་མཁན་ཆོས་ལུགས་ཀྱི་དགེ་རྒན་དང་ལས་དོན་པ30ཡོད། དད་ལྡན་སྤྱི་དམངས་ཁྲི1ཙམ་ཡོད། ཐོ་འགོད་བྱེད་རྒྱུར་ཆོག་མཆན་ཐོབ་པའི་དགོན་སྡེ་ལྷ་ཁང་དང་དེ་བཞིན་སྟབས་བདེའི་ཆོས་ལུགས་བྱེད་སྒོ་སྤེལ་ས12ཡོད་པའི་ནང་ཡེ་ཤུའི་ཆོས་ལུགས་ཁག7དང་། སངས་རྒྱས་ཆོས་ལུགས་ཁག2ཏའོ་ཅའོ་ཆོས་ལུགས་ཁག3ཆུས་རིམ་པའི་རྒྱལ་གཅེས་ཆོས་ལུགས་ཚོགས་པ1བཅས་ཡོད།

10 ཡུལ་སྐོར་མཛེས་ལྗོངས།
10_1 ཀོན་ཞང་ཡིང་དྲན་གསོ་ཁང་། 

ཀོན་ཞང་ཡིང་གི་བཞུགས་གནས་རྙིང་པའི་དྲན་གསོ་ཁང་ནི་ཞིང་ཆེན་རིམ་པའི་གཙོ་གནད་ཡིག་ཆ་སྲུང་སྐྱོབ་སྡེ་ཚན་ཡིན། ཅིན་ཀྲོའུ་ཆུས་ཤང་དབྱིང་ཁྲོམ་གཞུང་དུ་གནས་པ་དེས་རྒྱ་ཁྱོན་སྨི་གྲུ་བཞི་མ3300བཟུང་ཡོད། “བློ་མཐུན་ཀོན་ཞང་ཡིང་གི་བཞུགས་གནས་རྙིང་པ་”ཞེས་པ་ནི་བློ་མཐུན་ཕེང་ཀྲེན་གྱིས་ཕྱག་བྲིས་གནང་བ་དང་། དྲན་གསོ་ཁང་གི་མདུན་ནི་བློ་མཐུན་ཀོན་ཞང་ཡིང་གི་བྱིས་དུས་སུ་སྡོད་པའི་རྩྭ་ཁང་ཡིན། དྲན་གསོ་ཁང་དུ་བློ་མཐུན་ཀོན་ཞང་ཡིང་གི་ཟངས་སྐུ་ཞིག་ཀྲོང་ངེར་འགྱིང་ཡོད་པ་དང་། ཟངས་སྐུ་རྗེས་ཀྱི་འགྲེམས་ཁང་ནང་རྩ་ཆེའི་ལོ་རྒྱུས་ཀྱི་འདྲ་པར་དང་། དཔྱད་གཞིའི་ཡིག་རིགས། དངོས་པོ77བཅས་བརྒྱུད་ཀོན་ཞང་ཡིང་གི་སྐུ་ཚེ་ཧྲིལ་པོ་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད།

10_2 ཅིན་ཀྲོའུ་ཏུའུ་ཐུང་གཞོན་པ་ཡ་མོན་རྟེན་རྫས་བཤམས་མཛོད་ཁང་།

ཅིན་ཀྲོའུ་ཆུས་ཀྱི་སྲིད་བཀུར་ཁྲོམ་གཞུང་ཅིན་ཀྲོའུ་ཡི་ཏུའུ་ཐུང་ཡ་མོན་གཞོན་པ་ནི་ཀྲུང་གོས་ཉར་ཚགས་ཆ་ཚང་བྱས་པའི་ཆིང་རྒྱལ་རབས་ཀྱི་སྐབས་གཉིས་པའི་དར་ཚོ་བརྒྱད་ཀྱི་བཅའ་སྡོད་དམག་དོན་ཡ་མོན་ཞིག་ཡིན་པ་དང་། དེ་ནི་ཆིང་རྒྱལ་རབས་སྐབས་ཀྱི་དར་ཚོ་བརྒྱད་པར་བཅའ་སྡོད་བྱས་པའི་འབྱུང་འབྲས་ཤིག་ཡིན་ལ། ཀྲུང་གོའི་རྒྱལ་ནང་དུ་ཡ་མོན་ཉུང་ཤས་ཤིག་ཉར་ཡོད་པའི་གྲས་ཤིག་ཀྱང་ཡིན། སྤྱི་ལོ2002ལོར་ཅིན་ཀྲོའུ་ཆུས་སྲིད་གཞུང་གིས་མ་དངུལ་བཏང་སྟེ་ཏུའུ་ཐུང་ཡ་ཧྲུའུ་གཞོན་པ་བསྐྱར་སྐྲུན་བྱས་པ་དང་། བསྐྱར་སྐྲུན་བྱས་རྗེས་ཀྱི་ཡ་མོན་ཧྲུའུ་ཡིས་དེ་སྔའི་ཁྱད་ཆོས་རྒྱུན་འཁྱོངས་བྱས་པ་དང་། འཛུགས་སྐྲུན་ཧྲིལ་པོ་དཀྱིལ་འཁོར་དང་མཉམ་མཚུངས་སུ་བསྒྲིགས་པའི་ཆིང་རྒྱལ་རབས་ཀྱི་སྒོ་ར་ལྟར་བསྐྲུན་ཡོད། ད་ལྟ་ཡ་མོན་ལས་ཁུངས་ནང་གི《ཅིན་ཀྲོའུ་ཡི་ཏུའུ་ཐུང་གཞོན་པ་ཡ་མོན་གྱི་ཆེད་དོན་བཤམས་སྟོན》ཞེས་པའི་ནང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འབོར་ཆེན་རྨང་གཞིར་བྱས་ཏེ་འདྲ་པར་དང་། རེའུ་མིག རི་མོ། རིག་དངོས་བཅས་ཉིས་བརྒྱ་ལྷག་བཤམས་སྟོན་བྱས། དེ་བཞིན་ཡ་མོན་ལས་ཁུངས་ནང་གི་ཚོམས་ཆེན་དང་ཏུའུ་ཐུང་གཞོན་པའི་ལས་ཤག་སླར་གསོ་བྱས་པ་བརྒྱུད་ཡུལ་སྐོར་བ་རྣམས་ལ་ཅིན་ཀྲོའུ་ཡི་ཏུའུ་ཐུང་གཞོན་པ་ཇི་ལྟར་བྱུང་བ་དང་། འཕེལ་རྒྱས། འགྱུར་ལྡོག་བཅས་ཀྱི་བརྒྱུད་རིམ་བསྟན་ཡོད།

10_3 ཁྲེང་ཧྲན་ཐོའུ་རྒྱལ་ཁབ་མཚོ་འགྲམ་ས་གཤིས་རང་བྱུང་སྲུང་སྐྱོབ་ཁུལ།

ཁྲེང་ཧྲན་ཐོའུ་མཚོ་འགྲམ་ས་དབྱིབས་རང་བྱུང་སྲུང་སྐྱོང་ཁུལ་དེ་ཅིན་ཀྲོའུ་ཆུས་ཀྱི་ཤར་རྒྱུད་ཀྱི་ཧོང་ཧའེ་མཚོ་འགྲམ་དུ་གནས་པ་དང་། མོ་ཕན་རི་བོའི་ལྷོ་འདབས་སུ་གནས་ཡོད་པ་དང་། ཅིན་ཧྲི་ཐན་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དང་འབྲེལ་ཡོད། ས་བཟུང་རྒྱ་ཁྱོན་སྤྱི་ཆིང1350ཟིན་པ་དེ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་རེད། མཁར་གྱི་རི་མགོ་ནི་ཐང་རྒྱལ་རབས་ཀྱི་རྡོ་རྩིག་གནའ་མཁར་གྱི་རྗེས་ཤུལ་ལས་མིང་དེ་ལྟར་ཐོགས་པ་དང་། གནའ་མཁར་གྱི་ཁང་རོ་ད་ལྟ་ཡང་མཐོང་དཀོན་པ་ཞིག་རེད། “བྱང་ཕྱོགས་ཀྱི་རྡོ་ནགས་ཆུང་ཆུང”ཞེས་པའི་མཚན་སྙན་ཡོད།

10_4 ཧན་ཡུན་ཅེ་བཞུགས་གནས་རྙིང་པ།

ཧན་ཡུན་ཅེ་སྡོད་ཁང་རྙིང་པ་དེ་ཅིན་ཀྲོའུ་ཆུས་ཡོའུ་ཧའོ་ཁྲོམ་གཞུང་ཨང46པར་གནས་པ་དང་སྤྱི་ལོ1938ལོར་བསྐྲུན་པ་དང་དེ་ནི་འཇར་རི་པིན་གྱི་ཁང་པའི་རྣམ་པ་ལྟར་བསྐྲུན་ཡོད་པའི་མེ་ཏོག་ལྡུམ་རའི་ཕྱི་རྒྱལ་གྱི་ཐོག་ཁང་ཞིག་རེད། སྤྱི་ལོ1946ལོའི་ཟླ3ཚེས18ཉིན་ཅིན་རྫོང་དམངས་གཙོ་སྲིད་གཞུང་གིས་མན་ཇུ་རྒྱལ་ཁབ་རྫུས་མའི་དཔལ་འབྱོར་བློན་ཆེན་ཧན་ཡུན་ཅེ་རྫོང་དེ་གའི་ས་ཞིང་དང་ཁང་པ་ཚང་མ་གཞུང་བཞེས་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། སྤྱི་ལོ1982ལོར་ཧན་ཡུན་ཅེ་ནད་ཀྱིས་ཨ་རི་ནས་ཚེ་ལས་འདས། སྡོད་ཁང་རྙིང་པ་དེ་གྲོང་ཁྱེར་རིམ་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་ཁོངས་སུ་ཚུད་ཡོད།

10_5 ཅིན་ཧྲི་ཐན་རྒྱལ་ཁབ་ཀྱི་ཡུལ་སྐོར་སྤྲོ་གསེང་ཁུལ།

ཅིན་ཧྲི་ཐན་རྒྱལ་ཁབ་ཡུལ་སྐོར་སྤྲོ་གསེང་ཁུལ་ནི་ལིའོ་ཏུང་ཕྱེད་གླིང་གི་ལྷོ་སྣེའི་ཧོང་ཧའེ་མཚོ་འགྲམ་དུ་གནས་པ་དང་ཏཱ་ལེན་གྲོང་ཁྱེར་གྱི་ལྟེ་གནས་དང་བར་ཐག་སྤྱི་ལེ50ཡོད་ཅིང་། ཤར་རྒྱུད་ཕྱེད་གླིང་དང་། ནུབ་རྒྱུད་ཕྱེད་གླིང་། དེ་བཞིན་གླིང་ཕྲན་གཉིས་བཅས་དབར་གྱི་ཡངས་ཤིང་རྒྱ་ཆེ་བའི་དབུས་ཁུལ་དང་མཚོ་ཆུ་འཁྲུས་ཁང་ལས་གྲུབ་ཡོད། སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ62ཡོད་པ་དང་། མཚོ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ58ཡོད། མཚོ་འགྲམ་གྱི་རིང་ཚད་ལ་སྤྱི་ལེ30ཡོད་པ་བཅས་ནི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དང་། རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། ཀྲུང་གོའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་བཅས་ཁག་དང་པོ་དེ་ཡིན། ཅིན་ཧྲི་ཐན་ལའང་ཏཱ་ལེན་གྱི་མེ་ཏོག་ལྡུམ་ར་ཟེར། དེ་ནི་ཀྲུང་གོའི་ཡུལ་སྐོར་གྲོང་ཁྱེར་ཡག་ཤོས་ཁག་དང་པོ་སྟེ་འཆར་ཡན་རྒྱལ་ས་ཏཱ་ལེན་གྱི་མེ་ཏོག་ལྡུམ་ར་རེད། ཅིན་ཧྲི་ཐན་གྱི་ངོས་གསུམ་ནི་མཚོ་ཡིན་པ་དང་། ཡོན་སྤའོ་དབྱིབས་ལྟར་གནས་ཡོད། ཅིན་ཧྲི་ཐན་སྤྲོ་གསེང་ཁུལ་གྱི་མཛེས་སྡུག་ལྡན་པའི་ཆེད་སྤྱོད་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་བསྡད་དེ་མཚོ་འགྲམ་གྱི་གཞུང་ལམ་བརྒྱུད་ནས་སྐྱོད་སྐབས་ཧྭ་ལི13གྱི་མཚོ་ཐོག་གི་ངོ་མཚར་ཆེ་བའི་བྲག་རྡོའི་མཛེས་ལྗོངས་ཁུལ་མྱོང་རོལ་བྱེད་ཆོག་ཅིང་། དེ་གར་ད་བར་ལོ་དུང་ཕྱུར6ནས་དུང་ཕྱུར3བར་གྱི་ས་གཤིས་ངོ་མཚར་ཆེ་བའི་མཛེས་ལྗོངས་ཁུལ་དུ་གྱུར་ནས“ཤར་ཕྱོགས་ཀྱི་ལྷ་ཤུགས་འཇིམ་བརྐོས”ཞེས་འབོད་པའི་མཚོ་ཟགས་ངོགས་དང་། མཚོ་ཟགས་བྲག་རྡོ། མཚོ་ཟགས་ཀ་བ་སོགས་ངོ་མཚར་ཆེ་བའི་མཛེས་ལྗོངས་ཤིག་ཆགས་ཡོད།

10_6 གསར་རྙེད་རྒྱལ་པོའི་རྒྱལ་ཁབ།

རྒྱལ་པོའི་རྒྱལ་ཁབ་ཀྱི་ཡུལ་སྐོར་ཡུལ་སྐོར་བྱེད་སྒོ་དེ་སྤྱི་ལོ2010ལོའི་ཟླ7ཚེས10ཉིན་སྤེལ་རྗེས་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་དང་། ཆུ་རྩེད་བྱེད་སྒོ་རབ་དང་རིམ་པས་ཡུལ་སྐོར་བར་བསིལ་བསིལ་བཟོས་པ་མ་ཟད། རྒྱལ་ཁབ་འདི་ཉིད་དབྱར་དུས་ཀྱི་ཚ་གཡོལ་བྱ་ཡུལ་དུ་གྱུར་ཡོད།

10_7 ཐུང་ཉིའུ་ལིན།

ཐུང་ཉིའུ་ལིན་ལ་མིང་གཞན་དུ་ཐོང་ཉིའུ་ལིན་ཟེར་ལ། དེ་ནི་ཏཱ་ལེན་གྲོང་ཁྱེར་གྱི་མཚོན་རྟགས་རང་བཞིན་དང་སྐྱེ་ཁམས་རྣམ་པའི་མཛེས་ལྗོངས་ཁུལ་ཡིན། ཁྱོན་བསྡོམས་སྤྱི་ལེ་གྲུ་བཞི་མ8བཟུང་ཡོད། མཛེས་ལྗོངས་ཁུལ་ལ་རི་བོ9ཡོད་པ་དང་། རི་བོ་མུ་འབྲེལ་བརྒྱུད་དེ་ཤར་ལྷོའི་ཕྱོགས་སུ་བསྲིངས་ཡོད་ཅིང་། རི་བོ་གཙོ་བོ་ཅིན་ཧྲི་རི་བོ་ཡིན་པ་དང་དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི173ཡོད། ལྷོ་རུ་ཧོང་ཧའེ་རྒྱ་མཚོ་དང་། བྱང་དུ་ལིའོ་ནན་གྱི་རི་བོ་དང་པོ་སྟེ་རི་བོ་ཏཱ་ཧེ(ས་བབ་མཐོ་ཚད་སྨི664ཡོད)ལ་ལྟ་བཞིན་ཡོད་པ་མ་ཟད། ཏཱ་ལེན་ཧའེ་ཀྲི་ཡུན་ཐང་ཆེན་དང་མཚོའི་བར་ཆོད་ཅིང་རྒྱང་ལྟ་བྱེད་བཞིན་ཡོད་པ་ལྟར་གནས་ཡོད།

10_8 ཏཱ་ཧེ་ཧྲན།

རི་བོ་ཆེན་པོ་ཧེ་ཧྲན་ལ་ལིའོ་ནན་གྱི་རི་བོ་དང་པོ་ཞེས་བརྗོད་པ་དང་དེ་སྔའི་མིང་ལ་ཏཱ་ཧེ(ཏ་ལེན་གྱི་སྐད།)རི་བོ་དང་། ཏཱ་ལེན་གྱི་གནའ་བོའི་རིག་གནས་འབྱུང་གནས་ཡིན། ཀྲུང་ཧྭའི་ལོ་རྒྱུས་ཤེས་དཔལ་བརྒྱུད་སྤེལ་བྱེད་པའི་བྱང་ཕྱོགས(མཚོ་ཐོག)དར་གོས་ལམ་བུའི་འགོ་འཛུགས་ས་ཡིན། རི་བོ་ཆེན་པོའི་རང་བྱུང་མཛེས་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས། རང་བྱུང་གསོ་རླུང་བཅས་གཅིག་ཏུ་འདུས་ནས་རྒྱལ་ཁབ་ཀྱིAAAརིམ་པའི་མཛེས་ལྗོངས་ཁུལ་དང་། རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་། རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་བཅས་སུ་ཆོག་མཆན་སྤྲད་པ་དང་ཆབས་ཅིགསངས་རྒྱས་ཆོས་ལུགས་དང་། ཏའོ། རུའུ་རིགས་བཅས་ཆོས་ལུགས་གསུམ་གཞི་གཅིག་ཏུ་འདུས་པ་དེ་ནི་ལིའོ་ཏུང་ས་ཁུལ་གྱི་གྲགས་ཅན་ཆོས་ལུགས་ཀྱི་གནས་མཆོག་ཅིག་དང་། རྒྱལ་ནང་དུ་མཐོང་དཀོན་པའི་གྲོང་ཁྱེར་གྱི་ཡུལ་སྐོར་གྲགས་ཅན་རི་བོ་དང་ཏཱ་ལེན་གྲོང་ཁྱེར་གྱི་མེ་ཏོག་ལྡུམ་ར་ཞིག་ཡིན་ལ། མཚོ་འགྲམ་གྲོང་ཁྱེར་གྱི་རི་འཛེག་ཡུལ་སྐོར་གྱི་དཔེ་མཚོན་ལམ་ཐིག་ཅིག་ཀྱང་ཡིན། ཧྭ་ཤང་རི་བོ་ཆེན་པོ་དང་སྟག་རི་རི་བོ། ཏཱ་ལེན་གྲོང་ཁྱེར་ཅིན་ཀྲོའུ་ཆུས་ཀྱི་ཤར་ངོས་སུ་སྤྱི་ལེ5ཙམ་ཡོད་པ་དང་རི་རྩེ་གཙོ་བོའི་ས་བབ་མཐོ་ཚད་སྨི663.1ཟིན་པ་དང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ23.79ཟིན་ཡོད། ལིའོ་ཉིང་ཞིང་ཆེན་རིག་དངོས་སྲུང་སྐྱོབ་ཚན་པ་ཡང་མཚོ་འགྲམ་གྲོང་ཁྱེར་གྱི་རི་འཛེག་ཡུལ་སྐོར་གྱི་ལམ་ཐིག་གལ་ཆེན་ཞིག་ཡིན།

གཞན་ཡང་ཅིན་ཀྲོའུ་ཆུས་སུ་ད་དུང་ཤང་དབྱིང་སྤྱི་གླིང་དང་། ཧྲི་མོན་ཆུ་མཛོད། ལི་ཅའོ་ཝན། ཤང་ཧྲུའེ་དགོན། ཁྲའོ་དབྱང་དགོན། ཀོན་དབྱིང་དགོན། ཐང་ཝང་ལྷ་ཁང་། ལཱ་བཟོས་གཟུགས་རིས་ཁང་། ཅིན་པོ་ཧའེ་མཛེས་ལྗོངས། ཏེན་ཅང་ཐའེ། ཧྲི་ཀུའུ་དགོན། ཀོན་ཀྲའེ་དགོན། ཏ་ཀུའུ་ཧྲན་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་རབ་དང་རིམ་པ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-06

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།