ཧྲ་ཧུ་ཁོའུ་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲ་ཧུ་ཁོའུ་ཆུས།
ཧྲ་ཧུ་ཁོའུ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱི་ཐད་གཏོགས་གྲོང་ཁྱེར་ཞིག་ཡིན་པ་དང་། ཏཱ་ལེན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ48.32ཡོད་པ་དང་། ནགས་རིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ6.4དང་སྐམ་ས་དང་རྒྱ་མཚོའི་བར་གྱི་མཚམས་ཐིག་ལ་སྟོང་སྨི8བཅས་ཡོད། ལྗོངས་ནང་ཁུལ་གྱི་ས་བབ་ནུབ་མཐོ་ལ་ཤར་དམའ་ཞིང་། རྩེ་ཆེན་རི་བོ་དང་། སྤྲིན་དཀར་རི་བོ། རི་བོ་ནུབ་མ་སོགས་རི་བོ7ཡོད། མཱ་ལན་གཙང་པོ་གྲོང་ཁུལ་གྱི་ནུབ་རྒྱུད་བརྒྱུད་དེ་ལྷོ་ཕྱོགས་སུ་རྒྱ་མཚོ་སེར་པོར་འབབ་ཀྱིན་ཡོད་པ་དང་རིང་ཚད་ཧྲིལ་པོར་སྤྱི་ལེ15ཡོད་པ་དེ་དུས་ཚིགས་རང་བཞིན་གྱི་ཆུ་བོ་ཞིག་ཡིན། སྤྱི་ལོ2010ལོའི་བར་ཧྲ་ཧུ་ཁོའུ་ཁུལ་དུ་ཐེམ་ཐོ་ཡོད་པའི་མི་འབོར652775དང་རྒྱུན་སྡོད་མི་འབོར693140ཡོད། ཁྲོམ་གཞུང་དོན་གཅོད་ཁྲུའུ9དང་སྡེ་ཁུལ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང90ཡིས་ལྗོངས་སྲིད་གཞུང་གི་གཞུང་དོན་སྒྲུབ་གནས་དེ་ཀྲུང་ཧྲན་ལམ་གྱི་ཨང་རྟགས393སར་གནས་ཡོད། ལྗོངས་ནང་ཁུལ་དུ་བྱང་ཤར་ནོར་དཔལ་སློབ་ཆེན་དང་། ཏཱ་ལེན་རྒྱ་མཚོ་སློབ་ཆེན། ལིའོ་ཉིང་དགེ་འོས་སློབ་ཆེན། ཏཱ་ལེན་འགྲིམ་འགྲུལ་སློབ་ཆེན། དེ་བཞིན་ཀྲུང་གོ་ཚན་རིག་ཁང་ཏཱ་ལེན་རྫས་འགྱུར་དངོས་ཁམས་ཞིབ་འཇུག་ཁང་སོགས་སློབ་ཆེན་དང་ཆེད་ཚན་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沙河口区
ཕྱི་ཡིག་གི་མིང་།
Shahekou District
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་གྱི་ཏཱ་ལེན་གྲོང་ཁྱེར།
གནམ་གྲུ་ཐང་།
ཏཱ་ལེན་རྒྱལ་སྤྱིའི་གནམ་གྲུ་ཐང་།
མངའ་ཁོངས།
ཁྲོམ་གཞུང9ཡོད།
མེ་འཁོར་འབབ་ཚུགས།
ཏཱ་ལེན་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0411
རླངས་འཁོར་ཚབ་ཨང་།
ལིའོ(辽)B
སྦྲག་སྲིད་ཨང་རྟགས།
116021
གནས་ཡུལ།
ཏ་ལེན་གྲོང་ཁྱེར་གྱི་ནུབ་དབུས་སུ་གནས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ48.32(སྤྱི་ལོ2012ལོ)
མི་གྲངས།
ཁྲི69ཡོད།(སྤྱི་ལོ2010ལོ)
ཡུལ་སྐད།
ཅའོ་ལུའོ་སྐད།
གནམ་གཤིས།
རྒྱ་མཚོའི་རང་བཞིན་གྱི་དྲོད་ཁུལ་གྱི་དུས་རླུང་ནམ་ཟླ།
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
210204
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།
སྲིད་གཞུང་གནས་ཡུལ།
པའེ་ཧྲན་ལམ་གྱི་སྲང་ལམ་དུ་གནས།
1 ​ངོ་སྤྲོད་མདོར་བསྡུས།

ཧྲ་ཧུ་ཁོའུ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱི་ཐད་གཏོགས་གྲོང་ཁྱེར་ཞིག་ཡིན་པ་དང་། ཏཱ་ལེན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ48.32ཡོད་པ་དང་། ནགས་རིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ6.4དང་སྐམ་ས་དང་རྒྱ་མཚོའི་བར་གྱི་མཚམས་ཐིག་ལ་སྟོང་སྨི8བཅས་ཡོད། ལྗོངས་ནང་ཁུལ་གྱི་ས་བབ་ནུབ་མཐོ་ལ་ཤར་དམའ་ཞིང་། རྩེ་ཆེན་རི་བོ་དང་། སྤྲིན་དཀར་རི་བོ། རི་བོ་ནུབ་མ་སོགས་རི་བོ7ཡོད། མཱ་ལན་གཙང་པོ་གྲོང་ཁུལ་གྱི་ནུབ་རྒྱུད་བརྒྱུད་དེ་ལྷོ་ཕྱོགས་སུ་རྒྱ་མཚོ་སེར་པོར་འབབ་ཀྱིན་ཡོད་པ་དང་རིང་ཚད་ཧྲིལ་པོར་སྤྱི་ལེ15ཡོད་པ་དེ་དུས་ཚིགས་རང་བཞིན་གྱི་ཆུ་བོ་ཞིག་ཡིན།

སྤྱི་ལོ2010ལོའི་བར་ཧྲ་ཧུ་ཁོའུ་ཁུལ་དུ་ཐེམ་ཐོ་ཡོད་པའི་མི་འབོར652775དང་རྒྱུན་སྡོད་མི་འབོར693140ཡོད། ཁྲོམ་གཞུང་དོན་གཅོད་ཁྲུའུ9དང་སྡེ་ཁུལ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང90ཡིས་ལྗོངས་སྲིད་གཞུང་གི་གཞུང་དོན་སྒྲུབ་གནས་དེ་ཀྲུང་ཧྲན་ལམ་གྱི་ཨང་རྟགས393སར་གནས་ཡོད། ལྗོངས་ནང་ཁུལ་དུ་བྱང་ཤར་ནོར་དཔལ་སློབ་ཆེན་དང་། ཏཱ་ལེན་རྒྱ་མཚོ་སློབ་ཆེན། ལིའོ་ཉིང་དགེ་འོས་སློབ་ཆེན། ཏཱ་ལེན་འགྲིམ་འགྲུལ་སློབ་ཆེན། དེ་བཞིན་ཀྲུང་གོ་ཚན་རིག་ཁང་ཏཱ་ལེན་རྫས་འགྱུར་དངོས་ཁམས་ཞིབ་འཇུག་ཁང་སོགས་སློབ་ཆེན་དང་ཆེད་ཚན་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་སོགས་ཡོད།

2 འཛུགས་སྐྲུན་འཕེལ་རིམ།

ཧྲ་ཧུ་ཁོའུ་ཆུས་ཀྱི་མིང་ནི་ཉེ་རབས་ནས་བྱུང་བ་ཞིག་ཡིན་ཞིང་། 《ཅིན་ཀྲོའུ་ཝེ་ཧྲན་ཁྲོན་གྱི་ས་ཁམས་ལོ་རྒྱུས》ཞེས་པའི་ནང་འཁོད་པར་གཞིགས་ན། མིང་རྒྱལ་རབས་ཀྱི་དུས་འདིར་ཧྲ་ཧུ་ཆུ་བོ(ད་ལྟ་མཱ་ལན་ཆུ་བོ་ཟེར)ཡི་ཆུ་མདོ་ཡིན་པ་དང་། དེར་ཧྲ་ཧུ་ཁོའུ་ཞེས་བཏགས་ཡོད།

སྤྱི་ལོ1946ལོའི་ཟླ2པའི་ཚེས3ཉིན། ཧྲ་ཧུ་ཁོའུ་ཆུས་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1949ལོའི་ཟླ8པར་ཀོན་ཏུང་ཀུང་ཧྲུའུ་ཡི་བཀའ་ལྟར་ཧྲ་ཧུ་ཁོའུ་ཆུས་ཀྱི་སྲིད་གཞུང་དེ་ཧྲ་ཧུ་ཁོའུ་ཆུས་ཀྱི་ཀུང་སུའོ་རུ་བསྒྱུར།

སྤྱི་ལོ1950ལོའི་ཟླ12པར། གྲོང་ཁྱེར་ཆེན་པོའི་སྲིད་གཞུང་གིས་དེའི་ཁོངས་གཏོགས་ཀྱི་ཞི་ཧྲན་ཆུས་དེ་ཧྲ་ཧུ་ཁོའུ་ཆུས་ཀྱི་མངའ་ཁོངས་སུ་བསྒྱུར་པ་དང་། དུས་མཚུངས་སུ་ཧྲ་ཧུ་ཁོའུ་ཆུས་ཀྱི་ཀུང་སུའོ་ཞེས་པ་དེ་ཧྲ་ཧུ་ཁོའུ་ཆུས་མི་དམངས་སྲིད་གཞུང་དུ་མིང་བསྒྱུར།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཧྲ་ཧུ་ཁོའུ་ཆུས་ནི་ཏཱ་ལན་གྲོང་ཁྱེར་ཁུལ་གྱི་ནུབ་རྒྱུད་དུ་གནས་ཡོད་པ་དང་། ཤར་གྱི་ཁྲོམ་གཞུང་རྙིང་པ་དེ་ཤིས་ཀང་ཆུས་དང་འབྲེལ་ཡོད་ལ། བྱང་ཕྱོགས་སུ་གནས་པའི་ནན་སུང་ལམ་དེ་ཀན་ཅིང་ཙི་ཆུས་དང་ཐག་ཉེ། ནུབ་ཀྱི་ཡིའུ་ཅ་གྲོང་ཚོའི་ལྕགས་ལམ་དེ་མཐོ་གསར་ལག་རྩལ་གླིང་ཁུལ་དང་ཁ་སྤྲོད་དུ་གནས་ཡོད། ལྷོ་ནི་ཧོང་ཧའེ་དང་འབྲེལ་ཡོད། འཕྲེད་གཞུང་གི་འཕྲེད་ཐིག་ཏུའུ5ཡིན་ལ། རྒྱ་ཁྱོན་བསྡོམས་འབོར་སྟོང་སྨི་གྲུ་བཞི་མ48.32དང་། སྐམ་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ41ཡོད་པ་དང་། རི་དང་ནགས་ཚལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ6.4ཡོད། སྐམ་ས་དང་རྒྱ་མཚོའི་བར་གྱི་མཚམས་ཐིག་གི་རིང་ཚད་སྟོང་སྨི8བཅས་ཡོད།

3_2 ནམ་ཟླ།

ཧྲ་ཧུ་ཁོའུ་ཆུས་ཀྱི་གནམ་གཤིས་འཕྲོད་པོ་ཡོད་ཅིང་། དྲོད་ཁུལ་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དཔྱིད་དུས་སུ་དུས་རླུང་ལྡང་ལ། དབྱར་དུས་སུ་ཚ་གདུག་ཆེ། སྟོན་དུས་སུ་ཚ་བ་ཆེ་ལ། དགུན་དུས་སུ་གྲང་ངར་ཆེ། དབྱར་དུས་དྲོད་ཚད་མཐོ་ཤོས་ཀླད་ཀོར་ཐོག35℃ལས་ཟིན་གྱི་མེད་པ་དང་། དགུན་དུས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི21℃ལས་ཟིན་མེད། ལོ་ཧྲིལ་པོར་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ10ཡས་མས་ཟིན་ཡོད། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི550ནས950བར་ཟིན་གྱི་ཡོད།

4 སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས།

ཧྲ་ཧུ་ཁོའུ་ཆུས་མི་དམངས་སྲིད་གཞུང་གི་ཁོངས་གཏོགས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ9དང་སྡེ་ཁུལ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང90ཡོད་པ་དང་གཞུང་དོན་སྒྲུབ་ས་ནི་པའེ་ཧྲན་ལམ་ཁྲོམ་གཞུང་ཀྲུང་ཧྲན་ལམ་གྱི་ཨང་རྟགས393པར་གནས་ཡོད། ཧྲ་ཧུ་ཁོའུ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང9ཡོད་པ་སྟེ། དེ་དག་ནི་ཀྲུང་ཧྲན་སྤྱི་གླིང་ཁྲོམ་གཞུང་དང་། པའེ་ཧྲན་ལམ་གྱི་སྲང་ལམ། ཤིང་ཧའེ་ཝན་ཁྲོམ་གཞུང་། ཧེ་ཧྲི་ཅའོ་ཁྲོམ་གཞུང་། ནན་ཧྲ་ཧུ་ཁོའུ་ཁྲོམ་གཞུང་། མཱ་ལན་ཁྲོམ་གཞུང་། ལི་ཅཱ་ཁྲོམ་གཞུང་། ཤིང་ཀུང་ཁྲོམ་གཞུང་། ཁྲུན་ལིའུ་ཁྲོམ་གཞུང་བཅས་ཡིན།

5 འགྲིམ་འགྲུལ།

ཧྲ་ཧུ་ཁོའུ་ཆུས་ཀྱི་འགྲིམ་འགྲུལ་སྟབས་བདེ་བ་དང་། ཧ་ཏཱ་ལྕགས་ལམ་དེ་ཁོངས་གཏོགས་ཡོངས་སུ་ཁྱབ་ཡོད་པ་མ་ཟད། ཧྲ་ཧུ་ཁོའུ་མེ་འཁོར་བབས་ཚུགས་ཀྱང་བཙུགས་ཡོད། ཤར་ཏཱ་ལན་གྲུ་ཁ་དང་བར་ཐག་སྤྱི་ལེ4ཡོད། བྱང་ཀྲོའུ་ཧྲུའེ་ཙི་རྒྱལ་སྤྱིའི་གནམ་ཐང་བར་སྤྱི་ལེ3ཡོད། ཁོངས་གཏོགས་ཁུལ་དུ་ཁྱོན་ཡོངས་སུ་ཁྲོམ་གཞུང352ཡོད་པའི་ནང་ལམ37དང་། ཁྲོམ་གཞུང223སྲང་ལམ92བཅས་ཡོད། ཧྭ་པེ་ལམ་དང་། ཤིས་ཨན་ལམ། ཀྲུང་ཧྲན་ལམ། ཝུའུ་དབྱི་ལམ། ལྷོ་ནུབ་ལམ། རྨ་ཆུ་ལམ། ཧྲུའུ་ཀང་ལམ་བཅས་འཕྲེད་དུ་བསྣོལ་ནས་ལྗོངས་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲོམ་གཞི་ཞིག་ཆགས་ཡོད་པ་དང་། གྲོང་ཁྱེར་གྱི་མྱུར་བགྲོད་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གྲོང་ཁུལ་གྱི་ཁྲོམ་གཞུང་ཚང་མར་ཁྱབ་ཡོད།

6 མི་གྲངས་དང་མི་རིགས།
6_1 མི་གྲངས།

ཧྲ་ཧུ་ཁོའུ་ཆུས་ནི་ཏཱ་ལན་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ནུབ་རྒྱུད་དུ་གནས་ཡོད་པ་དང་ད་ལྟ་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི65.4ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི85ཡོད་པ་དེ་ནི་མི་འབོར་མང་བའི་ས་ཁུལ་ཞིག་རེད། ཆ་སྙོམས་སུ་སྤྱི་ལེ་གྲུ་བཞི་མ་རེར་མི་ཁྲི1.37ཡོད་པ་དང་། མི་འབོར་ནི་རྒྱ་རིགས་གཙོ་བོ་ཡིན། འཆར་གཞི་ལྟར་ཕྲུ་གུ་སྐྱེ་ཚད99.77%ཟིན་ཡོད་པ་དང་། རང་བྱུང་འཕར་ཚད-0.78‰ཡིན་ཞིང་། ལོ་དྲུག་བསྟུད་མར་མི་འབོར་ལྡོག་འཕར་བྱུང་ཡོད།

6_2 མི་རིགས།

ཧྲ་ཧུ་ཁོའུ་ཆུས་ཡོངས་ལ་མི་རིགས17ཡོད་པ་དང་རྒྱ་རིགས་མི་འབོར་ཁྲི60ལས་བརྒལ་ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས་བརྒྱ་ལས་བརྒལ་ཡོད་པའི་མི་རིགས་བཞི་ཡོད་པ་དག་ནི་མན་ཇུ་རིགས་དང་། ཧུའེ་རིགས། ཁྲའོ་ཞན་རིགས། སོག་རིགས་བཅས་ཡིན།

7 དཔལ་འབྱོར།

སྤྱི་ལོ2012ལོར་སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར248ཟིན་པ་དེ་དུས་མཚུངས་ལས15%འཕར་ཡོད། ཁྱབ་ཆེའི་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར73ཟིན་པའི་ནང་ཆུས་རིམ་པའི་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར26.5ཟིན་པ་དེ་དུས་མཚུངས་ལས20%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར167བཏང་བ་དེ་དུས་མཚུངས་ལས20.1%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར348ཟིན་པ་དེ་དུས་མཚུངས་ལས17.6%འཕར་ཡོད། གོང་གསལ་དམིགས་ཚད་ཀྱི་གྲངས་འབོར་ནི་སྤྱི་ལོ2007ལོའི་ལྡབ2ཡན་ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26866ཟིན་པ་དེ་དུས་མཚུངས་ལས13%འཕར་ཡོད། ལོ་ལྔའི་རིང་སྔ་ཕྱི་སྡེབ་རྩིས་བརྒྱབ་ན་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར17.2དངོས་སུ་སྤྱད་པ་དང་། ནང་དངུལ་སྒོར་དུང་ཕྱུར440ནང་འདྲེན་བྱས་ཡོད། སྤྱི་ལོ2012ལོར་ཁྲོམ་གཞུང6ཏུལྗོངས་རིམ་པའི་ཁྲལ་འབབ་སྒོར་དུང་ཕྱུར་ལས་བརྒལ་ཡོད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོའི་བྱ་གཞག

སྤྱི་ལོ2012ལོར་ཧྲ་ཧུ་ཁོའུ་ཆུས་ཡོངས་སུ་བུ་བཅོལ་ཁང96ཡོད་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ9210ཡོད། སློབ་གཉེར་བརྒྱུད་རིམ་མིན་པའི་དམངས་བཙུགས་སློབ་གསོ་སྒྲིག་གཞི90དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ63600ཡོད་པ། སློབ་གྲྭ་འབྲིང་ཆུང47ཡོད་པའི་ནང་སློབ་ཆུང29དང་། དམའ་རིམ་སློབ་འབྲིང12དང་ཆ་ཚང་སློབ་འབྲིང1ལོ་དགུ་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭ4དམིགས་བསལ་སློབ་གསོའི་སློབ་གྲྭ1དགེ་རྒན་ཟབ་སྦྱོང་སློབ་གྲྭ1བཅས་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་ཁྱོན43335ཡོད་པའི་ནང་དམའ་རིམ་སློབ་འབྲིང་གི་སློབ་མ16017དང་སློབ་ཆུང་གི་སློབ་མ27318ཡོད་པའི་ནང་ཕྱི་ནས་ཡོང་བའི་ལས་མི་བུ་ཕྲུག5727ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་དང་ལས་བཟོ་བསྡོམས་འབོར3161ཡོད། ཆེད་འགན་འཁུར་བའི་དགེ་རྒན་བསྡོམས་འབོར2463ཡོད་པའི་ནང་དམའ་རིམ་སློབ་འབྲིང་གི་ཆེད་བསྐོས་དགེ་རྒན1249དང་སློབ་ཆུང་གི་ཆེད་བསྐོས་དགེ་རྒན1214ཡོད། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་དཔེ་སྟོན་ཁུལ་དང་། ལིའོ་ཉིང་ཞིང་ཆེན་གྱི་ཁྲིམས་ལྟར་སློབ་གསོ་སྐྱོང་བའི་དཔེ་སྟོན་ཁུལ། ལིའོ་ཉིང་ཞིང་ཆེན་གྱི་དཔེ་དེབ་དོ་དམ་ལས་དོན་དཔེ་སྟོན་ཁུལ། ལིའོ་ཉིང་ཞིང་ཆེན་གྱི་ཁག་དང་པོའི་དེང་རབས་སློབ་གསོའི་ལག་རྩལ་དཔེ་སྟོན་ཁུལ། ལིའོ་ཉིང་ཞིང་ཆེན་གྱི་སྒྱུ་རྩལ་སློབ་གསོའི་དཔེ་སྟོན་ཁུལ། ལིའོ་ཉིང་ཞིང་ཆེན་གྱི་སློབ་གྲྭའི་ཁོར་ཡུག་སྒྱུ་རྩལ་ཅན་གྱི་དཔེ་སྟོན་ཁུལ། ལིའོ་ཉིང་ཞིང་ཆེན་གྱི་རྒྱལ་སྲུང་སློབ་གསོའི་སྔོན་ཐོན་ཁུལ། ལིའོ་ཉིང་ཞིང་ཆེན་གྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྔོན་ཐོན་ཚན་པ། ལིའོ་ཉིང་ཞིང་ཆེན་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་གྱི་སྔོན་ཐོན་ཚན་པ་སོགས་གཟི་བརྗིད་ཀྱི་མཚན་སྙན་ཐོབ་ཡོད།

8_2 ཚན་རིག་ལས་དོན།

སྤྱི་ལོ2012ལོར་ཧྲ་ཧུ་ཁོའུ་ཆུས་ཀྱིས་རིམ་རྩིས་བྱས་ན་ཚན་རྩལ་རྣམ་གྲངས་གསུམ་གྱི་འགྲོ་གྲོན་སྒོར་ཁྲི5000ལྷག་ཙམ་བཏང་ནས་ཚན་རྩལ་རྣམ་གྲངས74ལ་རོགས་སྐྱོར་བྱས་པ་དང་། ཚན་རྩལ་ཁེ་ལས་སྤྱི་ལོ2002ལོ་ནས་བཟུང80ལྷག་ཙམ་ནས་འཕེལ་རྒྱས་སུ་སོང་ནས620ལྷག་མང་དུ་ཕྱིན་ཡོད། ཚན་རྩལ་རྣམ་གྲངས200ལྷག་ཙམ་བཙུགས། ཆེད་ཁེའི་བདག་དབང2255ཐོབ་ཡོད། མཐོ་གསར་ལག་རྩལ་ཁྱབ་ཁོངས་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ་བྱེད་མཁན་ཁེ་ལས་སྤྱི་ལོ2002ལོའི་ལོ་མཇུག་གི70ནས500ལྷག་མང་དུ་ཕྱིན་ཡོད། སྤྱི་ལོ2002ལོར་གསར་དུ་བཙུགས་པའི་ཚན་རྩལ་གསོ་སྐྱོང་འཕྲུལ་ཆས་དང་ཆེད་ལས་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཉོ་ཚོང་ལྟེ་གནས6ཡོད་པ་དང་། གསོ་སྐྱོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི10ཙམ་ཟིན་ཡོད། གྲངས་འབོར་དང་གཞི་ཁྱོན་གྲོང་ཁྱེར་ཡོངས་ཀྱི་ཁུལ་ཁག་གི་ཨང་དང་པོར་སླེབས་ཡོད། དེའི་ནང་ཐེན་ཧོ་ལས་གཏོད་ལྟེ་གནས་ཞིང་ཆེན་རིམ་པའི་ཚན་རྩལ་གསོ་སྐྱོང་རྟེན་གཞིར་བདམས། སྤྱི་ལོ2006ལོའི་ཟླ2པར་གྲོང་ཁྱེར་སྲིད་གཞུང་གིས་སྤྲད་པའི“གསོ་སྐྱོང་ཁེ་ལས་མང་ཤོས་ཀྱི་སྒྲིག་གཞིའི”སྒོ་བྱང་བཀལ། རྒྱལ་སྤྱིའི་བཟོ་ལས་ཚོད་འཛིན་ཐོན་རྫས་ལག་རྩལ་ཐོན་དབང་ཉོ་ཚོང་ལྟེ་གནས་དེ་རྒྱལ་ཁབ་བཟོ་ལས་ཚོད་འཛིན་ལག་རྩལ་སྤོ་སྒྱུར་ལྟེ་གནས་སུ་བསྒྱུར་བ་དང་། ཚན་རྩལ་རྣམ་གྲངས120ལྷག་ཙམ་བཙུགས་པའི་ནང་རྒྱལ་ཁབ་རིམ་པའི་འཕེལ་རྒྱས་འཆར་གཞིའི་ནང་ཚུད་ཡོད་པའི་རྣམ་གྲངས20དང་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས80ལྷག་ཙམ་ཡོད། རྒྱལ་ཁབ་དང་ཞིང་ཆེན་གྱི་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་ཐེབས་རྩ་སྒོར་ཁྲི3200ཐོབ་ཡོད། སྤྱི་ལོ2005ལོར་ནང་འདྲེན་བྱས་པའི་མཚོ་ཆུའི་ཚ་འཐེན་འཕྲུལ་འཁོར་གྱི་ལག་རྩལ་རྣམ་གྲངས་ཀྱིས་ཏཱ་ལེན་དེ་རྒྱལ་ཡོངས་ཀྱི་མཚོ་ཆུའི་ཚ་ནུས་བཀོལ་སྤྱོད་བྱེད་པའི་དཔེ་སྟོན་གྲོང་ཁྱེར་ཐོག་མར་གྱུར་ཡོད་པ་མ་ཟད་ཁྱབ་གདལ་དུ་བཏང་། ལག་རྩལ་མཐོ་གསར་གྱི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་ལོ་རེར་ཆ་སྙོམས་འཕར་ཚད30%ལས་བརྒལ་ཡོད། སྤྱི་ལོ2003ལོར་རྒྱལ་ཡོངས་ཀྱི“ཚན་རྩལ་ཡར་ཐོན་སྔོན་ཐོན་གྲོང་ཆུས”སུ་བདམས།

8_3 སྨན་བཅོས་འཕྲོད་བསྟེན།

ཧྲ་ཧུ་ཁོའུ་ཆུས་སུ་སྒྲིག་གཞི་སྣ་ཚོགས་ལྡན་པའི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས19མཉམ་སྐྲུན་བྱས་པ་དང་ཆ་སྙོམས་གྲོང་མི་ཨུ་ལྷན4ནས5བར་དང་མི་འབོར་ཁྲི3.3ལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་རེ་ཡོད་ལ་སྒྲིག་ཆས་ཆ་ཚང་བ་དང་། ནུས་པ་འཐུས་སྒོ་ཚང་བ། ཁྱབ་ཚུལ་ལུགས་དང་མཐུན། ལྗོངས་ཡོངས་ལ་ཁྱབ་པ་བཅས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་རགས་ཙམ་ཆགས་ཡོད་པ་མ་ཟད། ཁྲོམ་གཞུང་ཚང་མར་རྒྱ་ཁྱོན་སྨི་གྲུ་བཞི་མ200ཡན་ཟིན་པའི་ཚད་ལྡན་ཅན་གྱི་སྡེ་ཁུལ་སྔོན་འགོག་འཕྲོད་སྦྱོར་སུའོ་བཙུགས་ནས“ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི”གནད་དོན་ཐག་གཅོད་བྱས་ཡོད། སྤྱི་ལོ2006ལོའི་ལོ་འགོར་རྒྱལ་ཡོངས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ། སྤྱི་ལོ2008ལོར་མ་དངུལ་སྒོར་ཁྲི1200བཏང་ནས་གྲོང་ཁྱེར་དེ་ཡོངས་ཀྱི་སྔོན་ལ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱས་པ་དང་ལྗོངས་འཕྲོད་བསྟེན་ཞབས་ཞུའི་ཆ་འཕྲིན་ལྟེ་གནས་གསར་སྐྲུན་བྱས་ནས་གྲོང་མིའི་བདེ་ཐང་ཡིག་ཚགས་བཟོས་པ་དང་། སྨན་བཅོས་ཆ་འཕྲིན་མཉམ་སྤྱོད་ཐུབ་པ། སྨན་བཅོས་ཞབས་ཞུའི་མ་གནས་དམའ་རུ་གཏོང་བ། སྡེ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་ཆ་རྐྱེན་བསྐྲུན་ཡོད། ལྗོངས་ཡོངས་ཀྱི་ལོ60ཡན་གྱི་མ་མཐའི་འཚོ་བའི་འགན་ལེན་ལོ་རྒན་ལ་རིན་མེད་ངང་སྤྲད་པའི“ཁྱིམ་ཚང་གི་སྨན་སྒམ་ཆུང་ངུ”1324སྤྲད་ཡོད། གཞུང་བཙུགས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་ཡུག་སྦྲེལ་སྨན་བཅོས་ལམ་ལུགས་ཁྱབ་གདལ་བཏང་བ་དང་། ཁྱིམ་ཚང་གི་སྨན་བཅོས་དང་། ཁྱིམ་ཚང་གི་བཅར་འདྲི། བདེ་ཐང་བློ་འདྲི། བདེ་ཐང་སློབ་གསོ་སོགས་ཀྱི་ལས་དོན་སྤེལ། ཆུ་ཚོད24རིང་ཁ་པར་ཤར་གཏོང་ཐུབ་པ་བཅས་བྱས་ཡོད། “གསུམ་མེད་རྒན་རྒོན་དང་ལོ་བརྒྱ་ལ་སླེབས་པའི་རྒན་རྒོན94ལ་རིན་མེད་ངང་ཁྱིམ་ཚང་གི་སྨན་པ29བཀོད་སྒྲིག་བྱས་པ་དང་བདེ་ཐང་ཡིག་ཚགས་བཟོས། གཟའ་འཁོར་རེར་ཉུང་མཐར་ཡང་སྒོ་རྩར་ཐེངས་གཅིག་སོང་ནས་ནད་བརྟག་བྱས། ལོ་ཧྲིལ་པོར་སྨན་བཅོས་ཐེངས4391ལྷག་ཙམ་བྱས།

8_4 རིག་གནས་ལུས་རྩལ།

སྤྱི་ལོ2012ལོར་ཧྲ་ཧུ་ཁོའུ་ཆུས་སུ་རིག་གནས་དང་ལུས་རྩལ་གྱི་དཔུང་ཁག446ཡོད་པ་དང་དེའི་ནང་ཞུགས་མཁན་མི་གྲངས73600ཡོད་པའི་ནང་རྐང་འཛིན་པ8378ཡོད་པ་དང་ལོ་རེར་བྱེད་སྒོ་ཐེངས3416སྤེལ་བ་དང་། རིགས་ཁག་གི་དམངས་ཁྲོད་སྒྱུ་རྩལ་པ74དང་གྲོང་ཁྱེར་རིམ་པ་ཡན་གྱི་རིག་རྩལ་ཤེས་ལྡན་པ49ཡོད། སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་ས་ཚིགས298དང་རིམ་གསུམ་ཡན་གྱི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ1430ཟིན་ནས་ལུས་རྩལ་མི་འབོར51%ཟིན་ཡོད། མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་སྤྱི་ལོ2006ལོར་ཆུས་དང་། ཁྲོམ་ལམ། སྡེ་ཁུལ་བཅས་རིམ་གསུམ་རྩ་འཛུགས་ཀྱིས་རིག་རྩལ་བྱེད་སྒོ་སྣ་ཚོགས་ཐེངས2000ལྷག་ཙམ་སྤེལ་བ་དང་གློག་བརྙན་ཐེངས480བསྟན། འཁྲབ་སྟོན་ནང་ཞུགས་མཁན་རིགས་ཁག་གི་ཚོགས་པ300ལྷག་ཙམ་དང་མི་ཐེངས་ཁྲི5ལྷག་ཙམ་ཟིན་ཡོད། ལྟད་མོ་བ་མི་ཐེངས་ཁྲི་བཅུ་ཟིན་ནས་ཁོངས་གཏོགས་ཆུས་ཀྱི་གྲོང་མིའི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཤུགས་ཆེན་ཕྱིན་ཡོད

8_5 སྤྱི་ཚོགས་འགན་སྲུང་།

ཧྲ་ཧུ་ཁོའུ་ཆུས་སུ་ལོ་ཧྲིལ་པོར་ལས་ཞུགས་མི་གྲངས40906བཀོད་སྒྲིག་བྱས་པ་དེ་ནི་གྲོང་ཁྱེར་སྲིད་གཞུང་གིས་ལས་ཞུགས་དམིགས་ཚད་ཀྱི194%ཡིན། གྲོང་ཁྱེར་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མཐོ་རུ་བཏང་ནས་ལོ་ཧྲིལ་པོར་ཁྱོན་མ་དངུལ་སྒོར་ཁྲི1885བཏང་ནས་དུད་ཚང7875དང་མི16815ལ་མ་མཐའི་འཚོ་བའི་འགན་ལེན་དངུལ་དུས་ཐོག་ཏུ་འདང་ངེས་སྤྲད་པ་དང་། “གསུམ་མེད་རྒན་རྒོན”དང་འདས་པོའི་ནང་མི150ལ་སྨན་བཅོས་ཞབས་ཞུའི་བྱང་བུ་སྤྲད། མ་དངུལ་སྒོར་ཁྲི119བཏང་ནས་ལས་ཀ་ཤོར་བའི་ཁེར་སྐྱེས་ཕྲུ་གུ8852ལ་བྱ་དགའི་དངུལ་སྤྲད། ལོ་ཧྲིལ་པོར་དགེ་སྒྲུབ་ཐེབས་རྩ་སྒོར་ཁྲི210བཏང་ནས་རིགས་ཁག་གི་དབུལ་པོའི་ཚོགས་སྤྱི་མི་ཐེངས4628ལ་རོགས་སྐྱོབ་བྱས་པ་དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི110བཏང་ཡོད། ཏཱ་ལེན་གྲོང་ཁྱེར་གྱི་སྤྱི་ལོ2001ལོ་ནས་སྤྱི་ལོ2003ལོའི་བར་དབུལ་སྐྱོར་དཀའ་སེལ་གྱི་སྔོན་ཐོན་ཚན་པར་བདམས་ཐོབ་བྱུང་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-03

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།