ཞི་ཀང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞི་ཀང་ཆུས།
ཞི་ཀང་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཏཱ་ལེན་གྲོང་ཁྱེར་སྲིད་གཞུང་གི་གནས་ཡུལ་ཡིན། ཞི་ཀང་ཆུས་ཀྱི་ལྷོ་བྱང་ནི་མཚོ་ཁའི་ཉེ་འགྲམ་དུ་གནས་ཡོད་པ་དང་། ས་ཁོངས་དོག་ལ། ཏཱ་ལེན་གྲོང་ཁུལ་གཙོ་བོས་ཡོངས་སུ་ཁྱབ་ཡོད། ཞི་ཀང་ཆུས་སུ་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླ་དེ་སྐམ་ས་ཆེ་མོར་བར་བརྒལ་བྱེད་པའི་རྒྱ་མཚོའི་གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་དང་ལོའི་ཆ་སྙོམས་དྲོད་ཚད10℃ཡས་མས་ཟིན་གྱི་ཡོད། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ26.6ཟིན་ཡོད། ཞི་ཀང་ཆུས་ཀྱི་བྱང་རྒྱུད་ཀྱི་ཏཱ་ལེན་གྲུ་ཁ་དང་ཞང་ལུའུ་ཅའོ་སྣོལ་ཟམ་ནི་ཏཱ་ལེན་གྲོང་ཁྱེར་དུ་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་ལྟེ་གནས་ཡིན། ཤར་རྒྱུད་ཀྱི་འབབ་ཚུགས་བྱང་ཐང་ཆེན་ནི་ཏཱ་ལེན་མེ་འཁོར་བབས་ཚུགས་དང་། ཡང་བའི་ལྕགས་ལམ་གཏོང་འགོ་ས་ཚུགས། ཐག་རིང་འགྲུལ་སྐྱེལ་འབབ་ཚུགས་བཅས་འབབ་ཚུགས་གསུམ་གྱི་འབྲེལ་མཚམས་ཡིན་ལ། ཏཱ་ལེན་གྲོང་ཁྱེར་གྱི་ཚོང་ཟོག་དང་དངོས་ཟོག་བསྡུ་འགྲེམས་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན། ཞི་ཀང་ཆུས་སུ་ཡུལ་སྐོར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཏཱ་ལེན་ནགས་ཚལ་སྲོག་ཆགས་གླིང་དང་། ཕུའུ་ཅཱ་ཀྲོང་སྤྱི་གླིང་། མི་དམངས་ཐང་ཆེན་བཅས་ནི་ཡུལ་སྐོར་གནས་མཆོག་གྲགས་ཅན་དག་ཡིན། སྤྱི་ལོ2018ལོའི་ཟླ12པར་དམངས་སྲིད་པུས་ཞི་ཀང་ཆུས་ནི་ཁག་གསུམ་པའི་རྒྱལ་ཡོངས་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་གསར་གཏོད་ཚོད་ལྟ་ཁུལ་དུ་གཏན་འཁེལ་བྱས། སྤྱི་ལོ2018ལོ་བར་ཞི་ཀང་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར388.79ཟིན་པ་དང་ཐེམ་ཐོའི་མི་འབོར་ཁྲི28.1ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西岗区
ཕྱི་ཡིག་གི་མིང་།
Xigang District
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་གྱི་ཏཱ་ལེན་གྲོང་ཁྱེར།
མངའ་ཁོངས།
མངའ་ཁོངས་སུ་ཁྲོམ་གཞུང5ཡོད།
མེ་འཁོར་འབབ་ཚུགས།
ཏཱ་ལེན་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0411
སྦྲག་སྲིད་ཨང་རྟགས།
116011
རླངས་འཁོར་ཚབ་ཨང་།
ལིའོ(辽)B
གནས་ཡུལ།
ཏཱ་ལེན་གྲོང་ཁྱེར་གྱི་ལྷོ་ཕྱོགས་དང་གྲོང་ཁུལ་གྱི་དཀྱིལ་སྙིང་དུ་གནས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ26.6ཡོད།
མི་གྲངས།
ཁྲི28.1ཡོད། (སྤྱི་ལོ2018ལོའི་ཐེམ་ཐོའི་མི་གྲངས)
གནས་གཤིས།
དྲོད་རྒྱུད་དུས་རླུང་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླ།
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
210203
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།
སྲིད་གཞུང་གནས་ཡུལ།
མི་དམངས་ཐང་ཆེན་གྱི་སྲང་ལམ་དུ་གནས་ཡོད།
1 ངོ་སྤྲོད་མདོར་བསྡུས།

ཞི་ཀང་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཏཱ་ལེན་གྲོང་ཁྱེར་སྲིད་གཞུང་གི་གནས་ཡུལ་ཡིན། ཞི་ཀང་ཆུས་ཀྱི་ལྷོ་བྱང་ནི་མཚོ་ཁའི་ཉེ་འགྲམ་དུ་གནས་ཡོད་པ་དང་། ས་ཁོངས་དོག་ལ། ཏཱ་ལེན་གྲོང་ཁུལ་གཙོ་བོས་ཡོངས་སུ་ཁྱབ་ཡོད། ཞི་ཀང་ཆུས་སུ་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླ་དེ་སྐམ་ས་ཆེ་མོར་བར་བརྒལ་བྱེད་པའི་རྒྱ་མཚོའི་གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་དང་ལོའི་ཆ་སྙོམས་དྲོད་ཚད10℃ཡས་མས་ཟིན་གྱི་ཡོད། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ26.6ཟིན་ཡོད།

ཞི་ཀང་ཆུས་ཀྱི་བྱང་རྒྱུད་ཀྱི་ཏཱ་ལེན་གྲུ་ཁ་དང་ཞང་ལུའུ་ཅའོ་སྣོལ་ཟམ་ནི་ཏཱ་ལེན་གྲོང་ཁྱེར་དུ་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་ལྟེ་གནས་ཡིན། ཤར་རྒྱུད་ཀྱི་འབབ་ཚུགས་བྱང་ཐང་ཆེན་ནི་ཏཱ་ལེན་མེ་འཁོར་བབས་ཚུགས་དང་། ཡང་བའི་ལྕགས་ལམ་གཏོང་འགོ་ས་ཚུགས། ཐག་རིང་འགྲུལ་སྐྱེལ་འབབ་ཚུགས་བཅས་འབབ་ཚུགས་གསུམ་གྱི་འབྲེལ་མཚམས་ཡིན་ལ། ཏཱ་ལེན་གྲོང་ཁྱེར་གྱི་ཚོང་ཟོག་དང་དངོས་ཟོག་བསྡུ་འགྲེམས་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན། ཞི་ཀང་ཆུས་སུ་ཡུལ་སྐོར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཏཱ་ལེན་ནགས་ཚལ་སྲོག་ཆགས་གླིང་དང་། ཕུའུ་ཅཱ་ཀྲོང་སྤྱི་གླིང་། མི་དམངས་ཐང་ཆེན་བཅས་ནི་ཡུལ་སྐོར་གནས་མཆོག་གྲགས་ཅན་དག་ཡིན། སྤྱི་ལོ2018ལོའི་ཟླ12པར་དམངས་སྲིད་པུས་ཞི་ཀང་ཆུས་ནི་ཁག་གསུམ་པའི་རྒྱལ་ཡོངས་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་གསར་གཏོད་ཚོད་ལྟ་ཁུལ་དུ་གཏན་འཁེལ་བྱས།

སྤྱི་ལོ2018ལོ་བར་ཞི་ཀང་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར388.79ཟིན་པ་དང་ཐེམ་ཐོའི་མི་འབོར་ཁྲི28.1ཟིན་ཡོད།

2 འཛུགས་སྐྲུན་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ10པ་ནས་སྤྱི་ལོ1950ལོའི་ཟླ12པའི་བར་ཏཱ་ལེན་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན་པ་དང་། དེ་རྗེས་ལུས་ཏཱ་གྲོང་ཁྱེར་གྱི་ཐད་གཏོགས་ཆུས་ཡིན།

སྤྱི་ལོ1950ལོའི་ཟླ12པར་གྲོང་ཁྱེར་ཁུལ་ཀུང་སུའོ་ནས་ཁུལ་མི་དམངས་སྲིད་གཞུང་དུ་བསྒྱུར་བ་དང་མཉམ་དུ། མངའ་ཁོངས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་བྱས་ཏེ། ཁོངས་གཏོགས་ཀྱི་ཁྲོམ་ལམ24དེ་ཁྲོམ་ལམ14དུ་ཟླ་སྒྲིལ་བཏང་བ་སྟེ། དེ་དག་ནི་ཏཱ་ཐུང་དང་ཀྲུའུ་ཏེ། ཁྲང་ཁྲུན། ཅིའུ་སན། རི་ཞིན། ཧྲི་ཁྲང་། ཏུང་ཀོན། པེ་ཀང་ཟམ་པ། དབྱིན་ཧྭ། པེ་ཀང་ཆའོ་སྲང་ལམ། རུང་ཧྭ། སུང་ཧྲན། ཀོང་ཧོ། ཧྲུའེ་ཞན་ཧྥང་བཅས་ཡིན།

སྤྱི་ལོ1953ལོའི་ཟླ3པར། ཆུས་དང་སྲང་ལམ་གྱི་སྒྲིག་སྲོལ་བཅོས་བསྒྱུར་བྱས་ཏེ། ཁྲོམ་ལམ14མེད་པར་བཟོས་ཏེ། ཁྲོམ་གཞུང་གི་སྡོད་དམངས་ཨུ་ཡོན་ལྷན་ཁང14དུ་བསྒྱུར།

སྤྱི་ལོ1954ལོའི་ཟླ8པར། སྲང་ལམ་སྡོད་དམངས་ཨུ་ལྷན་མེད་པར་བཟོས་ཏེ། སྲང་ལམ12སུ་བསྒྱུར།

སྤྱི་ལོ1959ལོའི་ཟླ5པར་ཁྲོམ་གཞུང12དེ་ཏུང་ཀོན་དང་། སུང་ཧྲན། ཧོང་ཧོ་ལམ། རི་ཞིན། པེ་ཀང་ཆའོ། ཁྲང་ཁྲུན་ལྕགས་ལམ་སོགས་ཁྲོམ་གཞུང6དུ་ཟླ་སྒྲིལ་བཏང་ཡོད།

སྤྱི་ལོ1960ལོའི་ཟླ3པར། སྲང་ལམ6ཁྲང་ཁྲུན་ལམ་དང་། པེ་ཅིན་སྲང་ལམ། ཏུང་ཀོན་སྲང་ལམ་བཅས་མི་དམངས་ཀུང་ཧྲེ3རུ་ཟླ་བསྒྲིལ་དུ་བཏང་། ལོ་དེའི་ཟླ8པར་ཞི་ཀང་ཆུས་མི་དམངས་ཀུང་ཧྲེ་བཙུགས་རྗེས། སྔར་གྱི་ཀུང་ཧྲེ་གསུམ་ཡན་ལག་ཁང་དུ་བསྒྱུར།

སྤྱི་ལོ1963ལོར་གྲོང་ཁྱེར་མི་དམངས་ཀུང་ཧྲེ་མེད་པར་བཟོས་ནས་སྲང་ལམ་སླར་གསོ་བྱས། ཡན་ལག་ཁང3དེ་རྨ་ཆུའི་ལམ་དང་། པེ་ཅིང་ཁྲོམ་གཞུང་། རི་ཤིན་དང་། སུང་ཧྲན། ཁྲང་ཁྲུན་ལམ། ཏུང་ཀོན། རུང་ཧྭ་སོགས་ཁྲོམ་གཞུང7དུ་བསྒྱུར་ཡོད།

སྤྱི་ལོ1969ལོའི་ཟླ9བར། སྲང་ལམ་སྔ་གཞུག་ཏུ་མི་དམངས་ཀུང་ཧྲེའི་གསར་བརྗེ་ཨུ་ཡོན་ལྷན་ཁང་དུ་བསྒྱུར། དུས་མཚུངས་སུ་ས་ཁུལ་ཁ་ཤས་ཀྱི་དབྱེ་མཚམས་ལེགས་སྒྲིག་བྱས། དེ་སྔའི་ཧྲ་ཧུ་ཁོའུ་ཆུས་ཀྱི་མིན་ཡུན་དང་། ཞང་ལུའུ་ཅའོ། དེ་སྔའི་ཀྲུང་ཧྲན་ཆུས་ཀྱི་པཱ་དབྱི་དང་། མིན་ཡུན་ཁྲོམ་ལམ་དེ་ཞི་ཀང་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་གཏོགས་པ་དང་། ཞི་ཀང་ཆུས་ཀྱི་སྔར་ཡོད་ཁྲོམ་ལམ7དེ་མི་དམངས་ཀུང་ཧྲེ6ལ་བསྒྱུར་ཡོད།

སྤྱི་ལོ1978ལོར་གྲོང་ཁྱེར་མི་དམངས་ཀུང་ཧྲེ་མི་དགོས་པར་བཟོས་པ་དང་། ཁྲོམ་ལམ་དོན་གཅོད་ཁང་སླར་གསོ་བྱས་ཤིང་། མིང་ལ་འགྱུར་བ་བྱུང་མེད། གྲོང་ཁྱེར་གྱི་མི་འབོར་མང་དུ་ཕྱིན་པ་དང་གྲོང་ཁྱེར་གྱི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ཞི་ཀང་ཆུས་ཀྱིས་ཀུང་རེན་གྲོང་ཚོ་དང་། ཧྲི་ཏའོ་ཁྲོམ་ལམ། པའེ་ཡུན་བཅས་ཁྲོམ་གཞུང་དོན་གཅོད་ཁྲུའུ3ཇེ་མང་དུ་བཏང་།

སྤྱི་ལོ1980ལོའི་ཟླ8པར། ཞི་ཀང་ཆུས་ཀྱིས་སྐབས་དགུ་བའི་མི་དམངས་འཐུས་མི་ཚོགས་ཆེན་བསྡུས་ནས་ཞི་ཀང་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ཞི་ཀང་ཆུས་མི་དམངས་སྲིད་གཞུང་དུ་བསྒྱུར་རྒྱུའི་ཐག་བཅད། སྤྱི་ལོ1981ལོའི་ཟླ3པར། ཏཱ་ལེན་གྲོང་ཁྱེར་ཞི་ཀང་ཆུས་ཞེས་པར་བསྒྱུར། སྤྱི་ལོ1983ལོའི་ཟླ4བའི་ཚེས6ཉིན། ཞི་ཀང་ཆུས་ཀྱི་མངའ་འོག་གི་ཧྲ་ཧུ་ཁོའུ་མེ་འཁོར་འབབ་ཚུགས་ཀྱི་ནུབ་ངོས་དང་། ཏཱ་ལེན་མེ་འཁོར་བཟོ་གྲྭའི་ལས་བཟོ་བའི་ཉལ་ཁང་གི་ཤར་ཕྱོགས། ཧྲིན་ཏ་ལྕགས་ལམ་གྱི་ལྷོ་ཕྱོགས། ཀྲུང་ཁྲང་སྲང་ལམ་གྱི་བྱང་ཕྱོགས་ཀྱི་ས་ཁོངས་བཅས་ཧྲ་ཧུ་ཁོའུ་ཆུས་ཀྱི་མངའ་ཁོངས་སུ་བགོས།

སྤྱི་ལོ2019ལོའི་ཟླ11པའི་ཟླ་མཇུག་ཏུ་ཏཱ་ལེན་གྲོང་ཁྱེར་སྲིད་གཞུང་གིས་འབབ་ཚུགས་བྱང་མའི་ཁྲོམ་གཞུང་དང་པེ་ཅིང་ཁྲོམ་གཞུང་མེད་པར་བཟོས་ནས། རི་ཤིན་ཁྲོམ་གཞུང་དང་མི་དམངས་ཐང་ཆེན་ཁྲོམ་གཞུང་དུ་ཟླ་སྒྲིལ་གཏོང་རྒྱུའི་གཏན་འབེབས་བྱས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོའི་ཟླ12བར་ཞི་ཀང་ཆུས་ཀྱི་ཁོངས་གཏོགས་ཁྲོམ་གཞུང5ཡོད་པ་སྟེ། དེ་དག་ནི་ཞང་ལུའུ་ཅའོ་ཁྲོམ་གཞུང་དང་། རི་ཞིན་ཁྲོམ་གཞུང་། པཱ་དབྱི་ལུའུ་ཁྲོམ་གཞུང་། མི་དམངས་ཐང་ཆེན་ཁྲོམ་གཞུང་། པའེ་ཡུན་ཁྲོམ་གཞུང་བཅས་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཞི་ཀང་ཆུས་ཤར་ནས་མིན་ལུ་ཁྲོམ་གཞུང་དང་། ཀེང་ཞུན་ཁྲོམ་གཞུང་། ཁྲང་ཆིང་ཁྲོམ་གཞུང་བཅས་ཀྲུང་ཧྲན་ཆུས་ཀྱི་ས་མཚམས་དང་འབྲེལ་ཡོད། ནུབ་ཏུ་ཧྭ་པེ་ལམ་དང་། པུའུ་ལའོ་ཁྲོམ་གཞུང་། བྱང་ཤར་ལམ་བཅས་ཧྲ་ཧུ་ཁའུ་ཆུས་དང་འབྲེལ་ཡོད། ལྷོ་ནི་ཧྥུ་ཅཱ་ཀྲོང་དང་ཅིན་གྲམ་ཐང་གི་ཧོང་ཧའེ་མཚོ་ཁོངས་སུ་འབྲེལ་ཡོད། བྱང་དུ་ཀན་ཅིང་ཙི་ཆུས་དང་འབྲེལ་ཡོད་ལ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ26.6ཡོད།

4_2 ནམ་ཟླ།

ཞི་ཀང་ཆུས་ནི་ཏཱ་ལེན་གྲོང་ཁྱེར་ལྟེ་གནས་ཀྱི་ནུབ་ཕྱོགས་སུ་ཡོད། ཏཱ་ལེན་ནི་བྱང་ཤར་ས་ཁུལ་གྱི་ཆེས་དྲོ་བའི་ས་ཁུལ་ཡིན་ལ། རྒྱ་མཚོའི་རང་བཞིན་དེ་སྐམ་སའི་རང་བཞིན་དུ་བར་བརྒལ་བྱེད་པའི་རྒྱ་མཚོའི་གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་ལྡན། ལོའི་ཆ་སྙོམས་དྲོད་ཚད10℃ཡས་མས་ཡིན་པ་དང་དེའི་ནང་ཟླ8པར་ཚ་བ་ཆེ་ཤོས་དང་ཆ་སྙོམས་དྲོད་ཚད24℃ཟིན་གྱི་ཡོད། ཉིན་རེའི་དྲོད་ཚད་མཐོ་ཤོས30℃ལས་བརྒལ་བའི་ཉིན་གྲངས10ནས12ལས་མེད། ཟླ་དང་པོར་གྲང་ཤོས་ཡིན་པ་དང་ཆ་སྙོམས་དྲོད་ཚད-5℃ཡིན་པ་དང་དྲོད་ཚད་དམའ་ཤོས-21℃ཡས་མས་ཟིན་ཡོད། དབྱར་དུས་དྲོ་ཞིང་ཚ་བ་ཆེ་བ་དང་། དགུན་དུས་གྲང་ངར་ཉུང་ཡང་ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི550ནས1000བར་ཡིན། ཆར་ཆུ་མང་ཆེ་བ་དབྱར་དུས་སུ་འདུས་ཡོད་ལ། དབྱར་དུས་ཆ་སྙོམས་དྲོད་ཚད22℃ཡས་མས་ཡིན་པ་དང་ཆར་ཆུ་འབབ་ཚད་ཧའོ་སྨི348-691ཡིན།

5 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཞི་ཀང་ཆུས་ཀྱི་ཐེམ་ཐོའི་མི་འབོར286624ཡོད། དེའི་ནང་སྐྱེས་པའི་མི་འབོར139560དང་བུད་མེད་མི་འབོར147064ཡོད། ལྗོངས་ཡོངས་སུ་གསར་སྐྱེས་མི་འབོར2149ཡོད་པ་དང་། སྐྱེས་ཚད7.54%ཟིན་ཡོད། ཕྲུ་གུ་ཕོ་མོའི་བསྡུར་ཚད་(བུད་མེད100ཡིན)102.93ཡིན། མི2555ཤི་བ་དང་། ཤི་ཚད8.85%ཡིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི-0.43ཟིན་ཡོད།

སྤྱི་ལོ2017ལོ་བར་ཞི་ཀང་ཆུས་ཁྱོན་ཡོངས་སུ་མི་རིགས24ཡོད་པའི་ནང་རྒྱ་རིགས་མི་འབོར98%དང་གྲངས་ཉུང་མི་རིགས་མི་འབོར་གྱིས2%བཟུང་ཡོད།

6 དཔལ་འབྱོར།

སྤྱི་ལོ2017ལོར་ཞི་ཀང་ཆུས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི3618665ལེགས་སྒྲུབ་བྱས་པ་དེ་ལོ་གོང་མ་ལས7.1%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི771232ཟིན་ནས23.2%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི2847433ཟིན་ནས3.4%འཕར་ཡོད། ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པའི་གྲུབ་ཆའི་བསྡུར་ཚད་ནི21.3:78.7ཡིན།

སྤྱི་ལོ2017ལོར་ཞི་ཀང་ཆུས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི136900ཟིན་ཡོད། ལོ་ཧྲིལ་པོར་དངོས་སུ་སྒོར་ཁྲི191872བཏང་ནས་དུས་མཚུངས་ལས50%འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི160797ཟིན་པ་དེ་དུས་མཚུངས་ལས30.1%འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 རིག་གནས་བྱ་གཞག

སྤྱི་ལོ2017ལོར་ཞི་ཀང་ཆུས་ལ་ཀྲུང་གོའི་གཞས་མ་གཏམ་གྱི་ཕ་ཡུལ(གྲགས་ཅན་གྲོང་ཁྱེར)གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་དང་“ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་གྱི་པད་མའི་བྱ་དགའི་སྒྱུ་རྩལ་ཚོགས་པས་ཏཱ་ལེན་ཞི་ཀང་དུ་དགའ་སྤྲོའི་ངང་འཁྲབ་སྟོན་ཐེངས་གཉིས་སུ་སྤེལ་བ་ཡིན། སྐབས་དགུ་པའི་ཏཱ་ལེན་གྱི“ཞི་ཀང་བུམ་པའི”རྒྱལ་ཡོངས་ཀྱི་དགོད་བྲོའི་གཞས་མ་གཏམ་གྱི་བརྩམས་ཆོས་གསར་པ་འདེམས་སྒྲུག་བྱེད་སྒོ་སྤེལ་བ་དང་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་གྲགས་ཅན་གྱི་འཁྲབ་སྟོན་པ་གསར་པ་དག་ཞི་ཀང་དུ་འཁྲབ་སྟོན་བྱེད་པར་བསྐྱོད་ཡོད།

7_2 ཚན་རིག་ལས་དོན།

སྤྱི་ལོ2017ལོར་ཞི་ཀང་ཆུས་སུ་ཚན་རྩལ་ཁེ་ལས132ནང་འདྲེན་བྱས་པ་དེ་དག་གཙོ་བོ་གློག་རྡུལ་ཆ་འཕྲིན་དང་། ཚན་རྩལ་ཞབས་ཞུ། མཉེན་ཆས། ཆ་འཕྲིན་སོགས་ཁྱབ་ཁོངས་རྒྱ་ཆེ་ལ། ཤེས་བྱའི་ཐོན་དབང་གི་ནུས་ལྡན་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ701ལེགས་གྲུབ་བྱུང་ཡོད།

7_3 སློབ་གསོའི་བྱ་གཞག

སྤྱི་ལོ2017ལོར་ཞི་ཀང་ཆུས་སུ་གཞུང་བཙུགས་སློབ་གྲྭ་འབྲིང་ཆུང31དང་། འཛིན་གྲྭ569ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ18273བཅས་ཡོད། དེའི་ནང་སློབ་ཆུང20དང་སློབ་གྲྭར་ཡོད་པའི་སློབ་མ12359ཡོད། དམའ་རིམ་སློབ་འབྲིང9དང་སློབ་གྲྭར་ཡོད་པའི་སློབ་མ4650ཡོད། སློབ་འབྲིང2ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ1264ཡོད། བུ་བཅོལ་ཁང40ཡོད་པ་དང་བུ་བཅོལ་ཁང་དུ་བྱིས་པ6708ཡོད། བྱིས་པ་སློབ་གྲྭར་ཞུགས་ཚད99.2%ཟིན་ཡོད། དམངས་གཉེར་སློབ་གྲྭ79བཅས་ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ107ཡོད།

7_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2017ལོར་ཞི་ཀང་ཆུས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི276ཡོད་པའི་ནང་སྨན་ཁང17དང་། ནད་སྐྱོང་ཁང2ལོ་ཧྲིལ་པོར་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི294.6ཟིན་ཡོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི257ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་ནད་བརྟག་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི55.4ཟིན་ཡོད། འཕྲོད་བསྟེན་ལས་སྒྲུབ་མི་སྣ9972ཡོད་པའི་ནང་འཕྲོད་བསྟེན་ལག་རྩལ་མི་སྣ8673དང་། ལག་རྩལ་མི་སྣ་གཞན་དག448དང་། དོ་དམ་མི་སྣ339ལས་སྒྲུབ་རྩལ་ནུས་མི་སྣ512བཅས་ཡོད།

7_5 ལུས་རྩལ་བྱ་གཞག

སྤྱི་ལོ2017ལོར་ཞི་ཀང་ཆུས་སུ་ལུས་རྩལ་ལུས་སྦྱོང་དཔུང་ཁག100བཙུགས་པ་དང་། ཞི་ཀང་ཆུས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་བྱེད་སྒོ་ཐེངས་དགུ་ལ་སྤེལ། ཏཱ་ལེན་གྲོང་ཁྱེར་གྱི“རྒྱལ་ཁབ་ནགས་ཚལ་བུམ་པའི”ཕིང་ཕང་སྤོ་ལོའི་ཚོགས་པའི་འགྲན་བསྡུར་སྐབས་གཉིས་པ་དང་། ཞི་ཀང་ཆུས་ཀྱི“ས་ཚིགས་བྱང་བུམ་པའི”ལུས་རྩལ་ཉིན་མོའི་བྱེད་སྒོ་སྐབས་སུམ་ཅུ་པ། ཞི་ཀང་ཆུས་ཀྱི“ཆུས་ཀྲང་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་ཞི་ཀང་ཆུས་ཀྱི“དམངས་ཡོངས་ལུས་སྦྱོང་དུས་ཆེན”སྐབས་དང་པོའི་རིམ་སྤེལ་བྱེད་སྒོ་ཐེངས100ལྷག་སྤེལ་བ་རེད། སྐབས30པའི་ཏཱ་ལེན་རྒྱལ་སྤྱིའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་ལས་སྒྲུབ་འགན་འཁུར་བ་དང་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད།

7_6 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོར་ཞི་ཀང་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི10603གསར་དུ་ལས་ཞུགས་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད2.51%ཟིན་ཡོད། ལས་རིགས་རྩལ་ནུས་གསོ་སྦྱོང་མི་སྣ1009སྒྲིག་འཛུགས་བྱས་ཡོད། ཏཱ་ལེན་གྲོང་ཁྱེར་གྱི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱས་ནས་མི2688ལས་ཤོར་ཐོ་འགོད་བྱས་པ་དང་། ལས་ཤོར་དངུལ་མི་ཐེངས26542ལ་ཞིབ་བཤེར་རྩིས་ལེན་བྱས། མི1066ལ“4050”སྐབས་བསྟུན་ལས་ཞུགས་ཀྱི་སྤྱི་ཚོགས་འགན་བཅོལ་ཁ་གསབ་སྒོར་ཁྲི551.5སྤྲད། རིམ་རྩིས་བྱས་ན་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་གི་མི་སྣའི་སྤྱི་ཚོགས་འགན་བཅོལ་དང་གླ་ཕོགས་ཁ་གསབ་སྒོར་ཁྲི432.0སྤྲད། དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་འཚོལ་ཁ་གསབ་དངུལ་སྒོར་ཁྲི0.2སྤྲད་ཡོད། ལས་ཞུགས་ཐུབ་མེད་པའི་དངོས་ཞབས་དམག་མིའི་བཟའ་ཟླའི་འཚོ་བའི་ཁ་གསབ་སྒོར་ཁྲི51.9སྤྲད་ཡོད། ལས་གནས་བརྟན་གཏོང་གི་ཁ་གསབ་ཁེ་ལས596ལ་ཞིབ་བཤེར་བྱས་པ་དང་ཁ་གསབ་དངུལ་སྒོར་ཁྲི2599.1ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-03

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།