ཏན་ཅང་ཁོའུ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏན་ཅང་ཁོའུ་གྲོང་ཁྱེར།
ཏན་ཅང་ཁོའུ་གྲོང་ཁྱེར་ནི་ཧུའུ་པེ་ཞིང་ཆེན་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་པ་དང་། ཧྲི་ཡན་གྱིས་ཚབ་བྱས་ཏེ་དོ་དམ་བྱེད་ཅིང་། ཧུའུ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་ཧན་ཅང་གཙང་པོའི་དབུས་རྒྱུད་ཀྱི་སྟོད་རྒྱུད་དུ་གནས་ཡོད། “ཀྲུང་གོའི་ཆུའི་རྒྱལ་ས་དང་། ཨེ་ཤེ་ཡའི་གནམ་མཚོ”ཞེས་འབོད་སྲོལ་ཡོད་པ་དང་། དེ་ནི་ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གྲྭའི་ལྟེ་བའི་ཆུ་ཁུངས་ཁུལ་དང་འབའ་ཁུལ་ཡིན་པ་དང་། འཛམ་གླིང་གི་རིག་གནས་ཤུལ་བཞག་དང་ཏའོ་ཅའོ་ཆོས་ལུགས་ཀྱི་གནས་མཆོག་ཝུའུ་ཏང་རི་བོའི་གནས་ཡུལ་ཡིན། ཏན་ཅང་ཁོའུ་ཡི་ལོ་རྒྱུས་དང་རིག་གནས་ཡུན་རིང་ལྡན་པ་དང་། རྫོང་གྲོང་རྙིང་པ་ནི་སྤྱི་ལོ1958ལོར་ཏན་ཅང་ཁོའུ་ཆུ་བེད་ལྟེ་གནས་བསྐྲུན་སྐབས་ཚང་མ་ཆུས་བསྣུབས། གནས་འདི་ནི་ཏན་ཅང་གཙང་བོ་ཧན་ཅང་གཙང་པོར་འབབ་པའི་གནས་ཡིན་པའི་དབང་གིས་མིང་དེ་ལྟར་ཐོགས་པ་རེད། ཏན་ཅང་ཁོའུ་གྲོང་ཁྱེར་ནི་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་ཆུ་རགས་ཁུལ(ཏན་ཅང་ཁོའུ་རགས་ཆེན)དང་། ཆུ་མཛོད་ཁུལ་དང་གནས་སྤོས་ཡུལ་མིའི་བཀོད་སྒྲིག་ཁུལ་གཙོ་བོ་བཅས་རེད། གྲོང་ཁྱེར་གྱི་མངའ་ཁོངས་སུ་འཛམ་གླིང་རིག་གནས་ཤུལ་བཞག་དང་། རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ། ཏའོ་ཅའོ་ཆོས་ལུགས་ཀྱི་གནས་མཆོག་ཝུའུ་ཏང་ཧྲན་བཅས་ཡོད་པ་དང་། ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གྲྭའི་ཆུ་འདྲེན་ཆུ་འགོ་དང་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་ཏེ་ཏན་ཅང་ཁོའུ་ཆུ་མཛོད་ཡིན་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3121ཟིན་པ་དང་དེའི་ཁོངས་གཏོགས་ཀྱི་གྲོང་རྡལ(གཞུང་ལས་ཁང་དང་། ཁྲུའུ། ཆུས)20ཡོད་པ་དང་སྤྱིའི་མི་འབོར་ཁྲི46.3ཟིན་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར་དང་། རྒྱལ་ཡོངས་དྲག་རྩལ་གྱི་ཕ་ཡུལ། རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར། རྒྱལ་ཁབ་ཀྱི་ཡུལ་སྐོར་མིང་བྱང་བཅས་སྔ་རྗེས་སུ་ཐོབ་པ་དང་། ཞིང་ཆེན་རིམ་པའི་ཤེས་དཔལ་གྲོང་ཁྱེར་དང་། འཕྲོད་བསྟེན་གྲོང་ཁྱེར། ནགས་ཚལ་གྲོང་ཁྱེར། ཁོར་ཡུག་སྲུང་སྐྱོང་གི་དཔེ་བཟང་གྲོང་ཁྱེར་སོགས་ཀྱི་མཚན་སྙན་ཐོབ་ཡོད། སྤྱི་ལོ2013ལོ་ནས་སྤྱི་ལོ2017ལོ་བར་གྱི་ལོ་ལྔར་བསྟུད་མར་ཧུའུ་པེ་ཞིང་ཆེན་གྱིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྔོན་ཐོན་རྫོང་དང་གྲོང་ཁྱེར་དུ་བདམས་པ་རེད། སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར225.14ཡོད་པ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར20.89ཡོད། བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར346.5ཡོད་པ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར235.9ཡོད། ལོ་ཧྲིལ་པོར་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི4079.18ཡོད། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི1491ལ་སྣེ་ལེན་ཞུས་པ་རེད། ཏན་ཅང་ཁོའུ་གྲོང་ཁྱེར་བཙུགས་ནས་ལོ2200ལྷག་ཙམ་སོང་ཞིང་། ཁྲུན་ཆིའུ་ཀྲན་གོའི་ལོ་རྒྱུས་ལ་ཅུན་ལིན་ཅུན་ཞེས་འབོད། ཆིན་རྒྱལ་རབས་ནས་ཝུའུ་ཏང་རྫོང་བཙུགས་པ་དང་སུའེ་ཐང་ཞེས་པ་ཅུན་ཀྲོའུ་ཞེས་པར་བསྒྱུར། རྫོང་གྲོང་རྙིང་པ་ནི་སྤྱི་ལོ1958ལོར་ཏན་ཅང་ཁོའུ་ཆུ་བེད་ལྟེ་གནས་བསྐྲུན་སྐབས་ཚང་མ་ཆུས་བསྣུབས་ཤིང་། ད་ལྟའི་གནས་ཡུལ་ནི་ཆུ་རགས་ལ་བརྟེན་ནས་བསྐྲུན་པ་ཡིན། ཏན་ཅང་གཙང་པོ་ནི་ཧན་ཅང་གཙང་པོར་འབབ་པའི་ཁ་ཡིན་པའི་དབང་གིས་མིང་དེ་ལྟར་ཐོགས་པ་རེད། སྤྱི་ལོ1983ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྫོང་གྲོང་ཁྱེར་དུ་བསྒྱུར་རྒྱུའི་ཆོག་མཆན་གནང་བ་དང་། སྤྱི་ལོ1985ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒོ་འབྱེད་གྲོང་ཁྱེར་ཀ་རིགས་སུ་བསྒྱུར་རྒྱུའི་ཆོག་མཆན་གནང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丹江口市
ཕྱི་ཡིག་གི་མིང་།
Danjiangkou
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང4གྲོང་རྡལ12
སྲིད་གཞུང་གནས་ཡུལ།
མི་དམངས་ལམ་ཨང92པ།
ས་ཁོངས་ཁ་པར་ཨང་རྟགས།
0719
སྦྲག་སྲིད་ཨང་རྟགས།
442700
གནས་ཡུལ།
ཀྲུང་གོའི་དབུས་ལྷོ་རྒྱུད། ཧུའུ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད། ཧན་ཅང་གཙང་པོའི་དབུས་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ3121
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མི་འབོར།
མི་ཁྲི46.33(སྤྱི་ལོ2017ལོའི་ཐེམ་ཐོའི་མི་གྲངས)
གནམ་གྲུ་ཐང་།
ཝུའུ་ཏང་ཧྲན་གནམ་གྲུ་ཐང་དང་ཞང་དབྱང་གནམ་གྲུ་ཐང་།
མཛེས་ལྗོངས་གྲགས་ཅན།
ཏན་ཅང་ཁའུ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཏན་ཅང་ཁའུ་རགས་ཆེན་དང་། ཅིན་ཅི་འགག ཐའེ་ཅི་ཞའི་མཛེས་ལྗོངས་ཁུལ།
མེ་འཁོར་འབབ་ཚུགས།
ཏན་ཅང་ས་ཚིགས་དང་། ཝུའུ་ཏང་ཧྲན་ས་ཚིགས། ཏན་ཅང་ཁོའུ་ས་ཚིགས། ཝུའུ་ཏང་ཧྲན་ནུབ་ཚིགས། (མྱུར་བགྲོད་ལྕགས་ལམ་ས་ཚིགས། )
རླངས་འཁོར་ཚབ་ཨང་།
ཨོ(鄂)C
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
420381
རྒྱལ་ཁབ་ཀྱི་མཛེས་ལྗོངས་གྲགས་ཅན།
ཝུའུ་ཏང་རི་བོའི་མཛེས་ལྗོངས་གྲགས་ཅན།
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཞ་དང་ཧྲང་། ཀྲུའུ་ནུབ་མ་བཅས་ཀྱི་སྐབས་སུ་ཡུས་ཀྲོའུ་ཡི་མངའ་འོག་ཏུ་གཏོགས་ཤིང་། གཡང་ཀྲོའུ་དང་ཁྱིམ་མཚེས་ཡིན།

ཁྲུན་ཆིའུ་ཡི་སྐབས་སུ་ཅོན་ཀྱི་ཁོངས་སུ་གཏོགས།

ཀྲན་གོའི་སྐབས་སུ་ཧན་དང་ཁྲུའུ་ཡི་ཁོངས་སུ་གཏོགས།

ཆིན་ནི་ཝུའུ་ཏང་རྫོང་དུ་བཙུགས་པ་དང་། ནན་དབྱང་ཅུན་གྱི་ཁོངས་སུ་གཏོགས།

ཅིན་ཝུའུ་ཏི་ཐའེ་ཁང་སྲིད་ལོ་བཅུ་བའི་ཟླ་བཅུ་གཅིག (སྤྱི་ལོ289ལོར)པར། ནན་ཞང་ཅུན་ནི་ཧྲུན་དབྱང་ཅུན་ཡིན་པ་དང་། ཝུའུ་ཏང་རྫོང་ནི་ཧྲུན་དབྱང་ཅུན་གྱི་ཁོངས་སུ་གཏོགས། ཡུང་ཅ་ཁྲི་ལོ་ལྔ་པར(སྤྱི་ལོ311ལོར)ཡུང་ཅ་ཟིང་འཁྲུག་བསླངས་ཤིང་། ཅང་ཙུའོ་ཕིན་དབྱང་ཅུན(ད་ལྟའི་ཧྲན་ཞིའི་ལིན་ཧྥུན་རྒྱུད)གྱི་མི་རྣམས་བྱང་ཕྱོགས་སུ་འཁྱམ་ཤིང་། ཙེང་ཕིན་དབྱང་རྫོང་དང་ཝུའུ་ཏང་རྫོང་གཉིས་ཧྲི་ཕིན་ཅུན་གྱི་ཁོངས་སུ་གཏོགས།

སུང་ཝུའུ་ཏི་སྲིད་ལོ་དང་པོར(སྤྱི་ལོ420ལོར)ཧྲི་ཕིན་ཅུན་ཆི་ཞིན་ཅུན་དུ་བསྒྱུར།

ལིའང་ཐའེ་ཆིན་སྲིད་ལོ་དང་པོར(སྤྱི་ལོ547ལོར)ཅུན་དབྱང་རྫོང་དུ་བཙུགས་པ་དང་། ཀེ་ཆི་ཞིན་ཅུན་ནི་ཞིན་ཀྲོའུ་ཡིན་པ་དང་། དེའི་ཁོངས་སུ་ཝུའུ་ཏང་དང་། ཕིན་དབྱང་། ཅུན་དབྱང་བཅས་རྫོང་གསུམ་ཡོད།

ཝེ་ནུབ་མའི་གོང་མ་མཁོ་མེད་དུ་གྱུར་པའི་ལོ་དང་པོར(སྤྱི་ལོ552ལོར)ཀྲོའུ་ཅུན་དེ་ཧྥེང་ཀྲོའུ་ཅུན་དུ་བསྒྱུར་ཞིང་། ཕིན་དབྱང་ཝུའུ་ཏང་དུ་ཞུགས།

ཐང་ཝུའུ་ཏེ་སྲིད་ལོ་དང་པོར(སྤྱི་ལོ618ལོར)ཝུའུ་ཏང་ཅུན་དེ་ཅུན་ཀྲོའུ་རུ་བསྒྱུར།

མིང་རྒྱལ་རབས་ཀྱི་ཧུང་ཝུའུ་སྲིད་ལོ་གཉིས་པར(སྤྱི་ལོ1369ལོར)ཝུའུ་ཏང་རྫོང་ནས་ཅུན་ཀྲོའུ་རུ་འཛུལ་བ་དང་། ཁོངས་གཏོགས་སུ་ཡོན་རྫོང་དང་ཧྲང་ཅིན་ཡོད།

མིན་གོའི་སྲིད་ལོ་གསུམ་པའི(སྤྱི་ལོ1914ལོ)ཟླ5པར་ཞིང་ཆེན་དང་། ཏའོ། རྫོང་བཅས་རིམ་པ་གསུམ་གྱི་ལམ་ལུགས་ལག་ལེན་དུ་བསྟར་ཞིང་། ཅོན་རྫོང་ཧུའུ་པེ་དང་བྱང་རྒྱུད་ཏའོ་ཡི་ཐད་གཏོགས་ཡིན། ཟླ7པར། ཞིང་ཆེན་དང་ཧུའུ་པེ་བྱང་རྒྱུད་ཀྱི་ལམ་དེ་ཞང་དབྱང་ཅིན་ནན་ལམ་དུ་བཞག་པ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོར)ནན་ཅིན་རྒྱལ་དམངས་སྲིད་གཞུང་གིས་ས་གནས་ཀྱི་སྲིད་དབང་དེ་ཞིང་ཆེན་དང་རྫོང་རིམ་པ་གཉིས་སུ་ཕྱེ་ནས་ཚང་མ་རྫོང་གི་ཐད་གཏོགས་ཧུའུ་པེ་ཞིང་ཆེན་གྱི་ཁོངས་སུ་གཏོགས། མིན་རྒྱལ་རབས་ཀྱི་སྲིད་ལོ་ཉི་ཤུ་པར(སྤྱི་ལོ1931ལོ)ཟླ5པ་ནས8པའི་བར་ཀྲུང་གོའི་བཟོ་ཞིང་དམར་དམག་ཅུན་ཤོག་གསུམ་པའི་ཅུན་དཔོན་ཧོ་ལུང་གིས་དམར་དམག་གི་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་ལང་ཧོ་དང་། ཡན་ཁྲི་ཧོ། ཀོན་ཧྲན་སོགས་སུ་རྫོང་སུའུ་ཝེ་ཨེད་སྲིད་གཞུང་དང་ཆུས་སུའུ་ཝེ་ཨེད་སྲིད་གཞུང་བཙུགས་པ་རེད། མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོར)ཧུའུ་པེ་ཞིང་ཆེན་གྱི་རྫོང69དེ་སྲིད་འཛིན་ལྟ་ཞིབ་ཁུལ11ཏུ་དབྱེ་ཡོད་པ་དང་། དེ་དག་རྫོང་གི་ཁོངས་སུ་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་གཅིག་པར་གཏོགས།མིན་གོའི་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོར)ཧུའུ་པེ་ཞིང་ཆེན་དེ་སྲིད་འཛིན་ལྟ་ཞིབ་ཁུལ8ལ་བསྒྱུར་ཡོད་ཅིང་། རྫོང་ཚང་མ་སྲིད་འཛིན་ལྟ་ཞིབ་ཁུལ་བརྒྱད་པའི་ཁོངས་སུ་གཏོགས། མིན་གོའི་ལོ་སུམ་ཅུ། (སྤྱི་ལོ1941ལོར)ཧུའུ་པེ་ཞིང་ཆེན་གྱི་ཁོངས་གཏོགས་སྲིད་འཛིན་ལྟ་ཞིབ་ཁུལ་དེ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་དང་བདེ་སྲུང་སི་ལིང་ཀུང་ཧྲུའུ་ཞེས་པར་མིང་བསྒྱུར་ཞིང་། ཅོན་རྫོང་ནི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་བརྒྱད་པ་དང་བདེ་སྲུང་སི་ལིང་ཀུང་ཧྲུའུ་དུ་གཏོགས། མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོའི)ཟླ3པའི་ཚེས21ཉིན་ཅོན་རྫོང་མཁར་བཅིངས་འགྲོལ་བཏང་བ་རེད། ཟླ6པའི་ཚེས2ཉིན། ཅུན་རྫོང་དམངས་གཙོ་རྫོང་སྲིད་གཞུང་བཙུགས་ནས། ཧྲའན་ནན་སྲིད་འཛིན་ཀུང་ཧྲུའུ་ཨང་བཞི་བའི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན། ཅུན་རྫོང་དམངས་གཙོ་རྫོང་སྲིད་གཞུང་དེ་ཅུན་རྫོང་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར་ཞིང་། ཧྲན་ནན་སྲིད་འཛིན་ལིང་ཡོན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1950ལོར་ལིང་ཡོན་ཀྲོན་ཆུས་དེ་ཧུའུ་པེ་ཞིང་ཆེན་ཁོངས་སུ་བགོས་ཤིང་ཡོན་དབྱང་ཀྲོན་ཆུས་ཞེས་མིང་བསྒྱུར། ཅོན་རྫོང་ཡུས་དབྱང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ12པར་ཡུས་དབྱང་ཀྲོན་ཆུས་མེད་པར་བཟོས་པ་དང་། ཅོན་རྫོང་ནི་ཞང་དབྱང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1960ལོའི་ཟླ7པར། ཧུའུ་པེ་ཞིང་ཆེན་ཏང་ཨུས་ཅུན་རྫོང་དང་ཀོང་ཧྭ་རྫོང་གཉིས་ཏན་ཅང་རྫོང་དུ་ཟླ་སྒྲིལ་བྱས་ཏེ། ཏན་ཅང་གྲོང་ཁྱེར་བཙུགས་པ་དང་། ཞང་དབྱང་ས་གནས་ཏང་ཨུ་དང་ཀྲོན་ཡོན་ཧྲུའུ་ཡི་འགོ་ཁྲིད་ཀྱི་ཁོངས་སུ་གཏོགས། ཟླ10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏན་ཅང་རྫོང་ཀོང་ཧྭ་རྫོང་ཞེས་མིང་བསྒྱུར།

སྤྱི་ལོ1962ལོའི་ཟླ6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཅོན་རྫོང་བསྐྱར་འཛུགས་བྱས་པ་དང་། ཞང་དབྱང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1978ལོར་ཅུན་རྫོང་ནི་ཡོན་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1983ལོའི་ཟླ8པའི་ཚེས19ཉིན། ཅུན་རྫོང་མེད་པར་བཟོས་ནས་ཏན་ཅང་ཁོའུ་གྲོང་ཁྱེར་བཙུགས་པ་དང་། ཞིང་ཆེན(རྫོང་རིམ)གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས་པ་དང་། ཡན་དབྱང་ས་ཁུལ་གྱིས་ཚབ་བྱས་ནས་དོ་དམ་བྱས།

སྤྱི་ལོ1994ལོའི་ཟླ10པར་ཡན་དབྱང་ས་ཁུལ་དང་ཧྲི་ཡན་གྲོང་ཁྱེར་ཟླ་སྒྲིལ་བཏང་ནས་ཧྲི་ཡན་གྲོང་ཁྱེར་ཞེས་པར་བསྒྱུར་བ་དང་ཏན་ཅང་ཁོའུ་གྲོང་ཁྱེར་དེ་ཧྲི་ཡན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2016ལོའི་བར་ཏན་ཅང་ཁོའུ་གྲོང་ཁྱེར་ཁོངས་གཏོགས་སུ་ཁྲོམ་གཞུང4དང་གྲོང་རྡལ12 དེ་བཞིན་ཝུའུ་ཏང་ཧྲན་ཡུལ་སྐོར་དཔལ་འབྱོར་དམིགས་བསལ་ཁུལ། སྤྱི་བསྡོམས་གྲོང་ཁུལ41དང་སྡེ་བ223བཅས་ཡོད།

2_1 ས་ཁམས་ཁོར་ཡུག
2_2 གནས་སའི་ཡུལ་ཁོངས།

ཏན་ཅང་ཁོའུ་གྲོང་ཁྱེར་ནི་ཧུའུ་པེ་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་ཧྲི་ཡན་གྲོང་ཁྱེར་གྱི་ཤར་རྒྱུད་དང་ཧན་ཅང་གཙང་པོའི་དབུས་རྒྱུད་ཀྱི་སྟོད་རྒྱུད་དུ་གནས་ཡོད། དེ་ནི་ཞང་དབྱང་དང་ཧྲི་ཡན། ནན་དབྱང་བཅས“ཟུར་གསུམ་ཆུང་བ”ཡི་དཀྱིལ་དུ་གནས་ཡོད། ཤར་ངོས་སུ་ལའོ་ཧོ་ཁོའུ་གྲོང་ཁྱེར་དང་འབྲེལ་མཚམས་དང་། ལྷོ་ངོས་སུ་ཧྥང་རྫོང་དང་འབྲེལ་ཡོད། ཤར་ལྷོ་ནི་ཀུའུ་ཁྲེང་རྫོང་དང་འབྲེལ་ཡོད། ནུབ་ངོས་ནི་ཧྲི་ཡན་གྲོང་ཁྱེར་གྱི་གྲོང་ཁུལ་དང་། ནུབ་བྱང་ས་ཁུལ་དང་ཡན་རྫོང་འབྲེལ་ཡོད། བྱང་ཤར་ནི་ཧོ་ནན་ཞིང་ཆེན་ཁོངས་ཀྱི་ཞི་ཁྲོན་རྫོང་དང་འབྲེལ་ཡོད། ས་ཁམས་གནས་ཡུལ་གྱི་གནས་ཚད་ནི་ཤར་གྱི་གཞུང་ཐིག110°47′53″—110°34′47″བྱང་གི་འཕྲེད་ཐིག32°14′10″—32°58′10″བར་དུ་གནས་ཡོད།

ཤར་ནུབ་ཀྱི་འཕྲེད་ཐག་རིང་ཤོས་སྟོང་སྨི73དང་། ལྷོ་བྱང་གི་གཞུང་ཐག་རིང་ཤོས་སྟོང་སྨི81ཡོད། མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ3121ཡོད། གྲོང་ཁུལ་ནས་ཞིང་ཆེན་ལྟེ་གནས་ཝུའུ་ཧན་གྲོང་ཁྱེར་དང་བར་ཐག་སྟོང་སྨི480ཡོད་པ་དང་། ཧྲི་ཡན་གྲོང་ཁྱེར་དང་བར་ཐག་སྟོང་སྨི110ཡོད། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་བསྣུབས་པའི་ཕྱོགས་བསྡུས་དམིགས་ཚད་ཀྱིས་ཧུའུ་པེ་དང་ཧོ་ནན་ཞིང་ཆེན་གཉིས་ཀྱི་གསུམ་ཆ་གཅིག་ཟིན་པ་དང་། ཧུའུ་པེ་ཞིང་ཆེན་གྱི་གསུམ་ཆ་གཉིས་ཟིན། དུས་ཐེངས་གཉིས་ཀྱི་ལས་གྲྭས་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ455ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་བསྡོམས་འབོར་གྱི16.2%བཟུང་བ་དང་ཆུ་མཛོད་ཁུལ་ཧྲིལ་པོའི་སྤྱི་ལེ་གྲུ་བཞི་མ1050ཡིན་ལ43%བཟུང་ཡོད།

2_3 ནམ་ཟླ།

ཏན་ཅང་ཁོའུ་གྲོང་ཁྱེར་ནི་ཚ་ཁུལ་བྱང་མའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་འབབ་ཚད་གཅིག་སྡུད་ཡིན་པ། དགུན་དུས་གྲང་ངར་ཆེ་ལ་ཁ་བ་བུ་ཡུག་ཉུང་བ། དཔྱིད་ཀ་དང་སྟོན་ཁར་གནམ་གཤིས་དྲོ་པོ་འདུག སྐམ་ས་ཆེན་པོས57.60%བཟུང་ཡོད། དགུན་དུས་ནི་དབྱར་དུས་ལས་རིང་པ་དང་། དཔྱིད་དུས་དང་སྟོན་དུས་ཕལ་ཆེར་འདྲ་བ་ཡིན། ཆར་ཆུ་འབེལ་པོ་དང་། ཚ་ཚད་ཕུན་སུམ་ཚོགས་པ། དུས་བཞིའི་དབྱེ་བ་གསལ་བའི་ཁྱད་ཆོས་ལྡན། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད1950ཡིན་པ་དང་ཉི་འོད་ཕོག་ཚད44%ཟིན་པ་དང་། ས་ཞིང་སྨི་ངོས་གྲུ་རེར་ལོ་ཧྲིལ་པོར་གཱ་སྟོང104.8ཀྱི་འགྱེད་འཕྲོའི་ནུས་པ་ལེན་གྱི་ཡོད། ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ15.6ནས16.0བར་ཡིན་པ་དང་། དྲོད་ཚད་མཐོ་དུས་ནི་ཟླ7པར་ཡིན་པ་དང་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ27.8ཟིན་པ་དང་ཐལ་དྲགས་པའི་དྲོད་ཚད་ཏུའུ41.5ཡིན། དྲོད་ཚད་དམའ་ཤོས་ནི་ཟླ1པོ་ཡིན་པ་དང་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ3.1ཡིན། ཆེས་འཁྱག་དུས་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ12.4ལ་སླེབས་པ་ཡིན།

3 མི་འབོར།

ཏན་ཅང་ཁའུ་གྲོང་ཁྱེར་ནི་ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གྲྭའི་ཆུ་རགས་ཁུལ་དང་། མཛོད་ཁུལ། གནས་སྤོས་ཡུལ་མི་བཅས་བཀོད་སྒྲིག་ཁུལ་གཙོ་བོ་ཞིག་ཡིན་པ་དང་། དུས་ཐེངས་གཉིས་ཀྱི་གནས་སྤོས་ཡུལ་མི་ཁྱོན་ཁྲི26ཟིན་པ་དེས་ད་ཡོད་མི་འབོར་གྱི57%བཟུང་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏན་ཅང་ཁའུ་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི46.33ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་མི་ཁྲི0.16ཉུང་དུ་ཕྱིན་ཡོད་པ་རེད། ཐེམ་ཐོའི་རིགས་ལྟར་དབྱེ་ན་གྲོང་གསེབ་ཀྱི་མི་འབོར་ཁྲི31.27ཟིན་པ་དེས67.5%བཟུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི15.06ཟིན་པ་དེས32.5%བཟུང་ཡོད། ཕོ་མོའི་དབྱེ་བ་ལྟར་དབྱེ་ན་སྐྱེས་པའི་མི་འབོར་ཁྲི23.88དང་བུད་མེད་མི་འབོར་ཁྲི22.46ཡོད་པ་རེད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར7322ཡོད་པ་དང་རྐྱེན་ལམ་དུ་ཤོར་བའི་མི་འབོར6551ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་མི་འབོར་རང་བྱུང་འཕར་ཚད6.22%ཟིན་ཡོད། ཏན་ཅང་ཁོའུ་གྲོང་ཁྱེར་དུ་ཧུའེ་རིགས་དང་། ཐུའུ་ཅ་རིགས། མན་ཇུ་རིགས་སོགས་གྲངས་ཉུང་མི་རིགས་ཡོད།

4 དཔལ་འབྱོར།

སྤྱི་ལོ2017ལོར་ཏན་ཅང་ཁོའུ་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར225.14ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། ལོ་གོང་མ་ལས་བརྒྱ་ཆའི9.5འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར30.29ཟིན་ནས་4.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར113.27ཟིན་ནས9.6%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར81.58ཟིན་ནས11.4%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་སྤྱི་ལོ2016ལོའི་14.4:49.7:35.9ནས13.5:50.3:36.2བར་ལེགས་སྒྲིག་བྱས་ཡོད། ཐོན་ལས་གསུམ་པས་སྔ་ལོ་ལས་བརྒྱ་ཆའི་གཞི་གྲངས0.3འཕར་ཡོད། 

5 སྤྱི་ཚོགས་ཀྱི་བྱ་བཞག
5_1 ཚན་རིག་ལག་རྩལ།

སྤྱི་ལོ2017ལོར་ཏན་ཅང་ཁའུ་གྲོང་ཁྱེར་གྱིས་ཚན་རྩལ་རྣམ་གྲངས(དཔྱད་གཞི)15རེ་ཞུ་བྱས་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་ཚན་རྩལ་གྲུབ་འབྲས་ཁག6ཐོབ་པ། ཧྲི་ཡན་གྲོང་ཁྱེར་ཡན་གྱི་ཚན་རྩལ་རྣམ་གྲངས་ཁག9རེ་ཞུ་བྱས། ཁེ་བེད་བདག་ཐོབ་ཀྱི་ཆོག་མཆན་ཁག137ཐོབ་ཡོད་པ་རེད། ས་ཁོངས་ནང་གི་ཧུའུ་པེ་ཞིང་ཆེན་གནམ་གཤིས་ལེ་ཏའི་ལྟ་དཔྱད་ཚད་འཇལ་ས་ཚིགས1ཡོད་པ་དང་སྲུང་སྐར་སྤྲིན་རིས་དང་ལེན་ས་ཚིགས1ཡོད། ས་ཡོམ་ལྟ་ཞིབ་ཚད་ལེན་ས་ཚིགས3བཅས་ཡོད།  

5_2 ​ སློབ་གསོ།    

སྤྱི་ལོ2017ལོའི་ལོ་མཇུག་བར་ཏན་ཅང་ཁོའུ་གྲོང་ཁྱེར་གྱི་རིགས་ཁག་གི་སློབ་གྲྭ96དང་། ལས་ཐོག་དགེ་རྒན་ཁྲི0.36 སློབ་གྲྭར་ཡོད་པའི་སློབ་མ་ཁྲི5བཅས་ཡོད་པ་རེད། རིགས་ཁག་གི་འབྲིང་རིམ་ལས་རིགས་སློབ་གསོར་སློབ་མ་ཁྲི0.12བསྡུས་པ་དང་སློབ་ཐོན་སློབ་མ་ཁྲི0.15ཟིན་པ། བུ་བཅོལ་ཁང77དང་བུ་བཅོལ་ཁང་གི་བྱིས་པ་ཁྲི1.8ཡོད།   

5_3 རིག་གནས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏན་ཅང་ཁོའུ་གྲོང་ཁྱེར་དུ་ཟློས་གར་ཁང་དང་། གློག་བརྙན་ཟློས་གར་ཁང2 རིག་གནས་ཁང2 སྤྱི་པའི་དཔེ་མཛོད་ཁང1 རྟེན་རྫས་བཤམས་མཛོད་ཁང3བཅས་ཡོད་པ་རེད། གློག་བརྙན་སྟོན་པའི་ཚན་པ3 བརྙན་འཕྲིན་ལས་ཁུངས1དང་། སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་བསྐྱོད་ཚད71.3%ཟིན་ནས་སྔ་ལོ་ལས་བརྒྱ་ཆའི་གྲངས3.9འཕར་ཡོད།      

5_4 འཕྲོད་བསྟེན། 

སྤྱི་ལོ2017ལོའི་ལོ་མཇུག་བར་ཏན་ཅང་ཁོའུ་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི68དང་འཕྲོད་བསྟེན་ལས་དོན་པ3609ཡོད་པའི་ནང་འཕྲོད་བསྟེན་ལག་རྩལ་མི་སྣ2759ཡོད་པ་རེད། ནད་ཁྲིའི་ཉལ་ཁྲི3379ཡོད་པ། ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས7བཅས་བཙུགས་ཡོད། ཆ་སྙོམས་མི་སྟོང་རེར་སྨན་པ2.41ཡོད་པ་དང་། ཆ་སྙོམས་མི་སྟོང་རེར་ཉལ་ཁྲི7.29ཡོད།

5_5 ལུས་རྩལ།      

སྤྱི་ལོ2017ལོར་ཏན་ཅང་ཁོའུ་གྲོང་ཁྱེར་གྱི་ལུས་རྩལ་པར་ཞིང་ཆེན་རིམ་པ་ཡན་གྱི་གསེར་གྱི་རྟགས་མ12དང་། དངུལ་གྱི་རྟགས་མ11 ཟངས་ཀྱི་རྟགས་མ17བཅས་ཐོབ་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ལུས་རྩལ་བྱེད་སྒོ་སྤེལ་ཡུལ171བསྐྲུན་ནས་སྔ་ལོ་ལས་བརྒྱ་ཆའི2.4འཕར་ཡོད།      

5_6 རྨང་གཞིའི་སྒྲིག་བཀོད།      

སྤྱི་ལོ2017ལོའི་ལོ་མཇུག་བར་ཏན་ཅང་ཁོའུ་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ28.6ཡོད། ལོ་མཇུག་ཏུ་སྐྱེད་ཚལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2055ཡོད། གྲོང་ཁུལ་གྱི་མི་རེའི་ཆ་སྙོམས་སྤྱི་གླིང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ11.42ཟིན་པ་དང་། འཛུགས་སྐྲུན་ཁུལ་གྱི་སྔོ་ལྗང་ཁེབས་ཚད40.49%ཟིན་ཡོད། ནགས་ཚལ་ཁེབས་ཚད་བརྒྱ་ཆའི55.86ཟིན་ཡོད། ལོ་ཧྲིལ་པོར་རང་འབབ་ཆུའི་བཟོ་གྲྭའི་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི1257ཟིན་པ་དང་། གཤེར་འགྱུར་རྡོ་སྣུམ་དང་སོལ་རླངས་ཏུན840མཁོ་འདོན་བྱས། རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་ཁྲི2617མཁོ་འདོན་བྱས་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གྲོང་ཁྱེར། ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-02

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།