ཡོན་དབྱང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོན་དབྱང་ཆུས།
ཡོན་དབྱང་ཆུས་ལ་སྔར་ཡོན་རྫོང་ཟེར་ཞིང་། ཧུའུ་པེ་ཞིང་ཆེན་གྱི་ཧྲི་ཡན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། སྤྱི་ལོ2014ལོའི་ཟླ9པའི་ཚེས9ཉིན་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོན་རྫོང་མེད་པར་བཟོ་རྒྱུའི་མཆན་འགོད་བཀའ་ལན་གནང་ནས་ཧྲི་ཡན་གྲོང་ཁྱེར་ཡོན་དབྱང་ཆུས་བཙུགས་ཏེ་དེ་སྔའི་ཡོན་རྫོང་གི་སྲིད་འཛིན་ས་ཁོངས་ནི་ཡོན་དབྱང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། ཡོན་དབྱང་ཆུས་མི་དམངས་སྲིད་གཞུང་གནས་ཡུལ་ཁྲེང་ཀོན་གྲོང་རྡལ་ཅིན་ཧྲ་ལམ་ཨང1པོ་ཡིན་པ་རེད། སྤྱི་ལོ2014ལོའི་ཟླ12པའི་ཚེས17ཉིན་ཡོན་རྫོང་གི་རྫོང་དངོས་སུ་ཕྱིར་འཐེན་བྱས་པ་རེད། སྤྱི་ལོ2014ལོའི་ཟླ9པའི་བར་ཡོན་དབྱང་ཆུས་ཁོངས་སུ་གྲོང་རྡལ16དང་། ཞང5ནགས་ར1དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད། ཡོན་དབྱང་ཁུལ་ནི་འཕྲེད་ཐིག་བྱང་མའི32°25′ནས33°16′བར་དང་། གཞུང་ཐིག་ཤར་མའི110°07′ནས111°16′བར་དུ་གནས་ཡོད། ལྷོ་བྱང་གི་ཞེང་ལ་སྤྱི་ལེ92ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ108ཡོད། སྣེ་གཉིས་ཞེང་ཆེ་བ། དཀྱིལ་དོག་པ། དབྱིབས་གསེར་ཉ་འདྲ་བ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3863ཡོད། སྤྱི་ལོ2013ལོའི་བར་ནགས་ཚལ་གྱི་རྒྱ་ཁྱོན་ལ་མུའུ་ཁྲི186.92ཡོད་པ་དང་། ནགས་ཚལ་ཁྱབ་ཚད་གྱིས32.3%ཟིན། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི157ཟིན་ཡོད་པ་རེད། རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི60ཟིན་པ་དང་། སེ་ཀྭ་དང་ཚ་ལུ་མ་སོགས་ཐོན་སྐྱེད་བྱེད་བཞིན་ཡོད། ཡོན་དབྱང་ཆུས་ཀྱི་རིག་དངོས་གནའ་ཤུལ་ལ་མའེ་ཕུའུ་སྤྲ་མིའི་རྗེས་ཤུལ་དང་། ཨན་ཁྲེང་གནའ་བོའི་ཟངས་གཏེར་རྗེས་ཤུལ། ཧན་ཅ་ཀྲོའུ་གནའ་ཤུལ། ཆིང་ལུང་ཆོན་གནའ་ཤུལ། ཡོན་དབྱང་ཧྥུ་ཕོ་བྲང་གི་ཏ་ཁྲེང་ལྷ་ཁང་སོགས་ཡོད་པ་དང་ཆབས་ཅིག་དབྱང་ཞན་ཀྲེན་དང་། ལི་ཧུང་པོ། མེ་ཅེ། ཀྲང་ཡིའུ་ཡུན་སོགས་ཀྱི་གྲགས་ཅན་མི་སྣ་ཡང་བྱུང་མྱོང་ཡོད། སྤྱི་ལོ2016ལོར་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར100.69ཟིན་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྔ་ལོ་ལས་བརྒྱ་ཆའི8.4འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི222806ཡོད་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི400809ཡོད་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི་383324ཡོད་པ་རེད། སྤྱི་ལོ2016ལོར་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམསGDPསྒོར17727ཡོད། སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་སྒོར་ཁྲི81220ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར214ཡོད། སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན་ཚོང་དོན་པུའི“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郧阳区
ཕྱི་ཡིག་གི་མིང་།
Yunyang
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ16དང་ཞང3ཡོད།
སྲིད་གཞུང་གནས་ཡུལ།
ཅིན་ཧྲ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0719
སྦྲག་སྲིད་ཨང་རྟགས།
442500
གནས་ཡུལ།
ཧྲི་ཡན་གྲོང་ཁྱེར་གྱི་བྱང་རྒྱུད་དང་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3863
མི་འབོར།
མི་ཁྲི64(སྤྱི་ལོ2014ལོ)
ཡུལ་སྐད།
ལྷོ་ནུབ་གཞུང་སྐད་། ཡོན་དབྱང་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་གཤེར་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཧྲི་ཡན་ཝུའུ་ཏང་ཧྲན་གནམ་ཐང་།
རླངས་འཁོར་ཚབ་ཨང་།
ཨོ(鄂)C
མེ་འཁོར་འབབ་ཚུགས།
ཧྲི་ཡན་ས་ཚིགས་དང་ཧྲི་ཡན་པེ་ས་ཚིགས།
སྲིད་འཛིན་ས་ཁོངས་ཚབ་ཨང་།
420304
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར100.69(སྤྱི་ལོ2016ལོའི་ལོ་མཇུག་གིGDP)
མི་རེའི་ཆ་སྙོམས་ཀྱིGDP
སྒོར17727 (སྤྱི་ལོ2016ལོའི་ལོ་མཇུག)
1 ​ལོ་རྒྱུས་འཕེལ་རིམ།

ཡོན་རྫོང་ནི་ཞ་རྒྱལ་རབས་ཀྱི་དུས་སུ་ཡུས་ཀྲོའུ་ཡི་ནུབ་ཡུལ་ཡིན།

ཀྲོའུ་ནུབ་མའི་དུས་སྐབས་སུ་ཀྲོའུ་ཡི་མངའ་ཁོངས་ཡིན།

ཆིན་རྒྱལ་རབས་ཀྱིས་རྒྱལ་ཁབ་དྲུག་གཅིག་གྱུར་བྱས་རྗེས། དབྱི་ཀྲོའུ་ཧན་ཀྲུང་ཅུན་ཀྱི་ཁོངས་སུ་གཏོགས།

མིན་གོའི་དུས་སྐབས་སུ། ཡོན་རྫོང་གིས་སྔ་གཞུག་ཏུ་ཧུའུ་པེ་ཞིང་ཆེན་ཞང་དབྱང་ཏའོ་ཡོན་དབྱང་ཧྥུ་དང་ཧུའུ་པེ་ཞིང་ཆེན་བཅུ་གཅིག་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ23ལོར(སྤྱི་ལོ1934ལོར)ཧུའུ་པེ་ཞིང་ཆེན་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཨང་བརྒྱད་པར་བསྒྱུར། མིན་གོའི་སྲིད་ལོ36(སྤྱི་ལོ1947ལོ)ཟླ12པའི་ཚེས30ཉིན་རྫོང་མཁར་བཅིངས་འགྲོལ་བཏང་བ་དང་། སྐབས་དེ་དུས་ཧོ་ནན་དང་། ཧྲའན་ཞི། ཧུའུ་པེ་བཅས་ཀྱི་ཀྲོན་ཡོན་ལས་ཁུངས་ཨང་བཞི་པར་གཏོགས།

སྤྱི་ལོ1950ལོའི་ཟླ3པར། ཧུའུ་པེ་ཞིང་ཆེན་གྱི་སྒྲིག་གཞིའི་ཁོངས་སུ་གཏོགས། ཧུའུ་པེ་ཞིང་ཆེན་གྱི་ཡོན་དབྱང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1952ལོའི་ཟླ12པར་ཡོན་དབྱང་དང་ཞང་དབྱང་ཀྲོན་ཧྲུའུ་གཉིས་ཟླ་སྒྲིལ་བཏང་བ་དང་། སྤྱི་ལོ1965ལོའི་ཟླ6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོན་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་སྒྲིག་གཞི་བསྐྱར་གསོ་དང་། སྤྱི་ལོ1994ལོའི་ཟླ9པའི་ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོན་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་གཉིས་ཟླ་སྒྲིལ་བཏང་ནས་གྲོང་ཁྱེར་དང་རྫོང་གི་སྒྲིག་སྲོལ་ལག་བསྟར་བྱེད་པར་ཆོག་མཆན་བཀོད། ཡོན་རྫོང་ཁོངས་ཧྲི་ཡན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ2001ལོའི་ཟླ4པར་ཡོན་རྫོང་གིས་ཤང་དང་གྲོང་རྡལ26དེ་དག18ལ་ལེགས་སྒྲིག་བྱས་པ་སྟེ། ཏ་ཡན་དང་། ཏུང་ཧོ། ལིའོ་ཝ། ཨན་ཁྲེང་། ཀའོ་མེན། ཧོང་དབྱི། ཀུའེ་ཧྭ། ཡེ་ཐན་བཅས་ཤང་དང་གྲོང་རྡལ8མེད་པར་བཟོས་ནས་ཁྲེང་ཀོན་དང་། ཧུའུ་ཅ་ཡིང་། ལིའུ་ཕི། ཝུའུ་ཧྥུང་། པའེ་སང་། ནན་ཧྭ། དབྱང་ཤིས། ཡེ་ཏ་བཅས་དང་ཟླ་སྒྲིལ་བཏང་བ་རེད། ཨན་དབྱང་དང་། ཆིང་ཆུའུ། མེ་ཕུའུ། ཁྲ་ཏིན། ཐན་ཧྲན། པའེ་ལང་། ཏ་ལིའུ། ཆིང་ཧྲན། ལིའུ་ཏུང་། པའོ་ཞ་བཅས་ཤང(གྲོང་རྡལ)10དང་རྒྱུད་རྩ་ར་བ། ཧུང་ཡན་པེ་ནགས་ར2སོར་ཉར་བྱས་ཡོད།

སྤྱི་ལོ2014ལོའི་ཟླ9པའི་ཚེས9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་འཕྲིན་ཡིག[2014]ཡིག་ཨང118ཀྱི་མཆན་བཀོད་བཀའ་ལན་ཐོབ་ནས་ཡོན་རྫོང་མེད་པ་བཟོས་ཏེ་ཧྲི་ཡན་གྲོང་ཁྱེར་ཡོན་དབྱང་ཆུས་བཙུགས་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2013ལོའི་བར་ཡུས་དབྱང་ཆུས་ཁོངས་སུ་གྲོང་རྡལ16དང་། ཤང5ནགས་ར1 དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད། 


3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཡོན་དབྱང་ཆུས་ཀྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3863ཡོད་པ་དང་། འཕྲེད་ཐིག་བྱང་མའི32°25′ནས33°16′བར་དང་། གཞུང་ཐིག་ཤར་མའི110°07′ནས111°16′བར་དུ་གནས་ཡོད། ལྷོ་དང་བྱང་གི་ཞེང་ཚད་ལ་སྤྱི་ལེ92དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ108ཡོད་པ་དང་། སྣེ་གཉིས་ཞེང་ཆེ་བ། དཀྱིལ་དོག་པ། དོག་ཤོས་ལ་སྤྱི་ལེ6ལས་མེད་པ། དབྱིབས་གསེར་ཉ་ལྟ་བུ། བྱང་ཤར་རྒྱུད་ནི་ཧོ་ནན་ཞིང་ཆེན་གྱི་ཞི་ཁྲོན་རྫོང་དང་ཕན་ཚུན་འབྲེལ་ཞིང་། ནུབ་ལྷོའི་རྒྱུད་ནི་ཀྲུའུ་ཧྲན་རྫོང་དང་འབྲེལ་ཡོད། ནུབ་རྒྱུད་ནི་ཧྲའན་ཞི་ཞིང་ཆེན་གྱི་པའེ་ཧོ་རྫོང་དང་འབྲེལ་ཡོད། ནུབ་བྱང་ཁུལ་ནི་ཅི་ཞི་རྫོང་དང་འབྲེལ་ཡོད། བྱང་རྒྱུད་ནི་ཧྲའན་ཞི་ཞིང་ཆེན་གྱི་ཧྲང་ནན་རྫོང་དང་འབྲེལ་ཡོད། ལྷོ་རྒྱུད་ནི་ཧྲི་ཡན་གྲོང་ཁྱེར་དང་འབྲེལ་ཡོད། ཆུས་མི་དམངས་སྲིད་གཞུང་གནས་ཡུལ་ནི་ཡོན་དབྱང་ཆུས་ཁྲེང་ཀོན་གྲོང་རྡལ(ཀུའུ་ཝེ་དབྱང་ཧྥུ་གྲོང་ཁྱེར)ཡིན་པ་དང་། དེ་ནི་ཧན་ཅང་གཙང་པོའི་བྱང་རྒྱུད་དུ་ཆགས་ཡོད། ཞིང་ཆེན་གྱི་ལྟེ་གནས་ཝུའུ་ཧན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ535ཡོད་པ་དང་། ཧྲི་ཡན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ27ལས་མེད།

3_2 ནམ་ཟླ།

ཚ་ཁུལ་ཕལ་བའི་བརླན་གཤེར་རང་བཞིན་གྱི་དུས་རླུང་གནམ་གཤིས་ཡིན་ལ། ལོ་རེར་ཆ་སྙོམས་སུ་ཆར་ཆུ་འབབ་ཚད་ཧའོ་སྨི824ཡིན་པ་དང་། ལོ་རེར་ཆ་སྙོམས་དྲོད་ཚད13℃ནས16℃བར་ཡིན།

4 མི་འབོར།

སྤྱི་ལོ2011ལོའི་བར་ཡོན་རྫོང་གི་ལོ་མཇུག་ཏུ་སྤྱིའི་མི་འབོར་ཁྲི63.61ཡོད། དེའི་ནང་བུད་མེད་མི་འབོར་ཁྲི30.97དང་སྐྱེས་པའི་མི་འབོར་ཁྲི32.6ཡོད་པ་རེད། གྲོང་གསེབ་ཀྱི་མི་འབོར་ཁྲི41.92ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི21.69ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི34.1ཟིན་ཡོད། སྤྱི་ལོ2011ལོར་སྐྱེས་པའི་མི་འབོར8250དང་། ཤི་བའི་མི་འབོར2261 ལོ་རེར་རྒྱུན་སྡོད་མི་འབོར་ཁྲི55.53 སྤྱི་ལོ2011ལོར་ལས་ཞུགས་མི་སྣ་ཁྲི35.93བཅས་ཡོད། དེའི་ནང་ཐོན་ལས་དང་པོའི་ལས་ཞུགས་མི་སྣ་ཁྲི14.18དང་། ཐོན་ལས་གཉིས་པའི་ལས་ཞུགས་མི་སྣ་ཁྲི10.31ཡོད། ཐོན་ལས་གསུམ་པའི་ལས་ཞུགས་མི་སྣ་ཁྲི7.95ཡོད། ལས་ཐོག་ལས་བཟོ་པ23597ཡོད།

5 དཔལ་འབྱོར།

སྤྱི་ལོ2010ལོར་ཡོན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི439263ལེགས་གྲུབ་བྱུང་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2009ལོ་ལས15.0%འཕར་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་ཁྲི134627ཡོད་པ་དང་ལོ་གོང་མ་ལས6.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི162268ཡོད་པ་དང་ལོ་གོང་མ་ལས23.6%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི142368ཡོད་པ་དང་ལོ་གོང་མ་ལས14.1%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་སྒྲིག་གཞིའི་བསྡུར་ཚད་ནི30.7:36.9:32.4ཡིན། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམསGDPསྒོར7845ཡོད་པ་དང་ལོ་གོང་མ་ལས24.2%འཕར་ཡོད།

6 སྤྱི་ཚོགས།
6_1 རིག་གནས།

སྤྱི་ལོ2011ལོའི་བར་ཡོན་རྫོང་དུ་སྤྱི་པའི་དཔེ་མཛོད་ཁང1ཡོད་པ་དང་། སྤྱི་པའི་དཔེ་མཛོད་ཁང་དུ་ཁྱོན་དེབ་ཁྲི1.63ཡོད་པ་དང་། ལུས་རྩལ་ཐང1ཡོད། རླུང་འཕྲིན་ཁྱབ་ཚད96.5%ཟིན་པ། བརྙན་འཕྲིན་ཁྱབ་ཚད95.5%ཟིན་པ་བཅས་རེད།སྤྱི་ལོ2015ལོའི་ཚུན་ཡོན་དབྱང་ཆུས་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྱོང་མ་དངུལ་སྒོར་ཁྲི387བསྡུ་སྒྲིལ་བྱས་ནས“རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ(སྡེ་ཁུལ)”མུ་མཐུད་གཏོད་རྒྱུ་གཞི་རྟེན་དུ་བྱས་ནས་གྲོང་ཚོ་རིམ་པའི་རིག་གནས་གཡུལ་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཆུས་ཡོངས་སུ་ཁྱོན“རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ(སྡེ་ཁུལ)”70བཏོད་པའི་ནང32གསར་སྐྲུན་དང38སྲ་བརྟན་དུ་བཏང་ཡོད། གྲོང་ཚོ་ཁག་ལ་གློག་ཀླད4དང་། དྲ་སྐུད1 བརྙན་འཕྲིན1 རོལ་ཆ1 ལུས་སྦྱོང་ཐབས་ལམ1 སྒྲ་སྐྱེད1 གློག་རྡུལ་སྒྲ་སྙན1 གྱོན་ཆས30སོགས་བཀོད་སྒྲིག་བྱས་ནས་གྲོང་ཚོར་ཆ་སྙོམས་སྒོར་ཁྲི5ལྷག་ཙམ་བཏང་ཡོད་པ་རེད། དེ་དང་ཆབས་ཅིག་གྲོང་ཚོའི་ཆ་སྙོམས་མ་དངུལ་སྒོར་ཁྲི2བཏོན་ནས་ལོ་མཇུག་གི་དཔྱད་ཞིབ་བྱ་དགའ་སྤྲད་དེ་གྲོང་ཚོ་ཁག་ལ་རིག་རྩལ་བྱེད་སྒོ་སྤེལ་རྒྱུའི་ལྕག་སྐུལ་བྱས་པ་རེད།

6_2 འཕྲོད་བསྟེན།

སྤྱི་ལོ2010ལོར་ཡོན་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི453ཡོད་པ་རེད། དེའི་ནང་སྨན་ཁང2དང་འཕྲོད་བསྟེན་ཁང19ཡོད། ནད་རིགས་སྔོན་འགོག་ལྟེ་གནས1དང་མ་བུ་བདེ་སྲུང་སྨན་ཁང1བཅས་ཡོད། འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི1964དང་། སྨན་ཁང་དུ910 འཕྲོད་བསྟེན་ཁང་དུ1054བཅས་ཡོད་པ་རེད། འཕྲོད་བསྟེན་ལས་བྱེད་མི་སྣ2001ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ1864དང་། ལས་གཉེར་སྨན་པ་དཀའ་བཅུ་པ992 ནད་གཡོག814 འཕྲོད་བསྟེན་རིམས་འགོག་མི་སྣ136བཅས་ཡོད།

སྤྱི་ལོ2011ལོར་ཡོན་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི453ཡོད་པ་རེད། དེའི་ནང་སྨན་ཁང2དང་འཕྲོད་བསྟེན་ཁང19ཡོད། ནད་རིགས་སྔོན་འགོག་ལྟེ་གནས1དང་མ་བུ་བདེ་སྲུང་སྨན་ཁང1བཅས་ཡོད། འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲིའི་གྲངས་ཀ2080དང་། སྨན་ཁང་དུ820 འཕྲོད་བསྟེན་ཁང་དུ1260བཅས་ཡོད། འཕྲོད་བསྟེན་ལས་དོན་མི་སྣ2525དང་། འཕྲོད་བསྟེན་ལག་རྩལ་མི་སྣ2018 ལས་གཉེར་སྨན་པ་དཀའ་བཅུ་པ1013 ནད་གཡོག851 འཕྲོད་བསྟེན་རིམས་འགོག་མི་སྣ147བཅས་ཡོད་པ་རེད།

6_3 སློབ་གསོ།

སྤྱི་ལོ2010ལོར་ཡོན་རྫོང་གི་ཆེད་ལས་ལག་རྩལ་མི་སྣ་སྣ་ཚོགས11660ཡོད་པ་དེ9.2%འཕར་ཡོད། དེའི་ནང་འབྲིང་རིམ་ལག་རྩལ་གྱི་གོ་མིང་ཡན་གྱི་མི་སྣ5101ཡོད་པ་དེ6.8%འཕར་ནས་ཞིང་ལས་ལག་རྩལ་མི་སྣ637ཡོད་པ་དང1.3%འཕར་ཡོད།

སྤྱི་ལོ2011ལོར་ཡོན་རྫོང་ལ་སློབ་གྲྭའི་བསྡོམས་འབོར183ཡོད་པ་རེད། དེའི་ནང་འབྲིང་རིམ་ཆེད་ལས་སློབ་གྲྭ་དཀྱུས་མ2དང་། སློབ་འབྲིང་དཀྱུས་མ29 སློབ་ཆུང151བཅས་ཡོད། སློབ་གྲྭར་ཡོད་པའི་སློབ་མའི་བསྡོམས་འབོར75145ཡོད། དེའི་ནང་འབྲིང་རིམ་ཆེད་ལས་སློབ་གྲྭ་དཀྱུས་མར་མི10382དང་། སློབ་འབྲིང་དཀྱུས་མར་མི25443 སློབ་ཆུང་དུ་མི38627བཅས་ཡོད་པ་དང་། ཆེད་བསྐོས་དགེ་རྒན་བསྡོམས་གྲངས4685ཡོད། དེའི་ནང་འབྲིང་རིམ་ཆེད་ལས་སློབ་གྲྭ་དཀྱུས་མར་མི་གྲངས323དང་། སློབ་འབྲིང་དཀྱུས་མར་མི་གྲངས2425 སློབ་ཆུང་གི་མི་གྲངས2223བཅས་ཡོད། ཡོན་དབྱང་ཆུས་ཀྱི་བུ་བཅོལ་ཁང56ཡོད་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ9403ཡོད་པ་དང་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མའི་སློབ་རིམ་འཕར་ཚད100%ཟིན་པ། ལོ་དགུའི་འོས་འགན་སློབ་གསོ་ལེགས་སྒྲུབ་ཐུབ་ཚད99.9%ཟིན་པ་བཅས་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། རྫོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-02

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།