སུའུ་ཅཱ་ཐུན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའུ་ཅཱ་ཐུན་ཆུས།
སུའུ་ཅཱ་ཐུན་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧྲེན་དབྱང་གྲོང་ཁྱེར་གྱི་ཁོངས་གཏོགས་གྲོང་ཁྱེར་བཅུའི་གྲས་ཤིག་ཡིན་པ་དང་། ཧུན་ཧོ་ལྷོ་ངོགས་སུ་གནས་ཡོད་པ་དང་། ཧྲེན་དབྱང་གྲོང་ཁྱེར་གྱི་ལྟེ་གནས་དང་བར་ཐག་སྤྱི་ལེ10ཡོད། དེའི་མངའ་ཁོངས་སུ་ཁྲོམ་གཞུང17ཡོད། སྲིད་འཛིན་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ776ཟིན་ཡོད། རྒྱུན་སྡོད་མི་འབོར་ཁྲི42ཡོད། སུའུ་ཅཱ་ཐུན་ཆུས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་ཧྲེན་དབྱང་ལྷོ་རྒྱུད་ཀྱི་གྲོང་ཁྱེར་གཞོན་པ་ཞིག་ཡིན་པ་དང་། ས་ཁོངས་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་ཧྲེན་དབྱང་གི་ལིའོ་ཉིང་དབུས་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་དང་སྦྲེལ་མཐུད་བྱས་ཡོད་པའི་འཐབ་ཇུས་ཀྱི་སྒོ་མོ་ཞིག་ཡིན། སུའུ་ཅཱ་ཐུན་ཆུས་ཁོངས་སུ་ཧྲེན་དབྱང་གི་ཆུ་ཕུག་དང་། པའེ་ཆིང་ཀྲའེ་ཡི་མཛེས་ལྗོངས་ཁུལ། ཧྲེན་དབྱང་གྲོང་ཁྱེར་རྟ་རྩལ་ལུས་རྩལ་ལྟེ་གནས་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཡོད། སྤྱི་ལོ2011ལོར་ལིའོ་ཉིང་ཞིང་ཆེན་གྱི་སྐབས་གསུམ་པའི་རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་འཚོ་བའི་སྤུས་ཚད་ཀྱི་ཨང་རིམ་ཁྲོད་སུའུ་ཅཱ་ཐུན་ཆུས་ལིའོ་ཉིང་ཞིང་ཆེན་གྱི་གྲོང་འདབས་ཀྱི་ཨང་ལྔ་པར་སླེབས་ཡོད། སྤྱི་ལོ2016ལོར་སུའུ་ཅཱ་ཐུན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར249མངོན་འགྱུར་བྱུང་ཡོད། སྤྱི་ལོ2016ལོར་རྒྱལ་ཁབ་རིམ་པའི་ཐོན་གྲོང་མཉམ་འདྲེས་དཔེ་སྟོན་ཁུལ་ཁག་དང་པོའི་གྲས་སུ་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏家屯区
ཕྱི་ཡིག་གི་མིང་།
Sujiatun District
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་གྱི་ཧྲེན་དབྱང་གྲོང་ཁྱེར།
གནས་ཡུལ།
བྱང་ཤར་གྱི་ལིའོ་ཧུ་བདེ་ཐང་དུ་གནས།
མངའ་ཁོངས།
བཅིངས་འགྲོལ་དང་། དམངས་གཙོ། བརྒྱད་གཅིག་སོགས་ཁྲོམ་གཞུང17ཡོད།
མེ་འཁོར་འབབ་ཚུགས།
ཧྲེན་དབྱང་ལྷོ་ཚུགས།  སུའུ་ཅཱ་ཐུན་འབབ་ཚུགས།
ཡུལ་སྐད།
བྱང་ཤར་སྐད། ཧྲེན་དབྱང་སྐད།
ས་ཁོངས་ཁ་པར་ཨང་རྟགས།
024
སྦྲག་སྲིད་ཨང་རྟགས།
110101
རླངས་འཁོར་ཚབ་ཨང་།
ལིའོ(辽)A
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ776ཡོད།
མི་གྲངས།
ཁྲི42ཡོད།
གནས་གཤིས།
བྱང་དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླ།
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
210111
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།
སྲིད་གཞུང་གནས་ཡུལ།
ཚུའེ་པའེ་ལམ་གྱི་ཨང་རྟགས14པར་གནས།
1 ​ངོ་སྤྲོད་མདོར་བསྡུས།

སུའུ་ཅཱ་ཐུན་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧྲེན་དབྱང་གྲོང་ཁྱེར་གྱི་ཁོངས་གཏོགས་གྲོང་ཁྱེར་བཅུའི་གྲས་ཤིག་ཡིན་པ་དང་། ཧུན་ཧོ་ལྷོ་ངོགས་སུ་གནས་ཡོད་པ་དང་། ཧྲེན་དབྱང་གྲོང་ཁྱེར་གྱི་ལྟེ་གནས་དང་བར་ཐག་སྤྱི་ལེ10ཡོད། དེའི་མངའ་ཁོངས་སུ་ཁྲོམ་གཞུང17ཡོད། སྲིད་འཛིན་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ776ཟིན་ཡོད། རྒྱུན་སྡོད་མི་འབོར་ཁྲི42ཡོད། སུའུ་ཅཱ་ཐུན་ཆུས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་ཧྲེན་དབྱང་ལྷོ་རྒྱུད་ཀྱི་གྲོང་ཁྱེར་གཞོན་པ་ཞིག་ཡིན་པ་དང་། ས་ཁོངས་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་ཧྲེན་དབྱང་གི་ལིའོ་ཉིང་དབུས་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་དང་སྦྲེལ་མཐུད་བྱས་ཡོད་པའི་འཐབ་ཇུས་ཀྱི་སྒོ་མོ་ཞིག་ཡིན། སུའུ་ཅཱ་ཐུན་ཆུས་ཁོངས་སུ་ཧྲེན་དབྱང་གི་ཆུ་ཕུག་དང་། པའེ་ཆིང་ཀྲའེ་ཡི་མཛེས་ལྗོངས་ཁུལ། ཧྲེན་དབྱང་གྲོང་ཁྱེར་རྟ་རྩལ་ལུས་རྩལ་ལྟེ་གནས་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཡོད། 

སྤྱི་ལོ2011ལོར་ལིའོ་ཉིང་ཞིང་ཆེན་གྱི་སྐབས་གསུམ་པའི་རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་འཚོ་བའི་སྤུས་ཚད་ཀྱི་ཨང་རིམ་ཁྲོད་སུའུ་ཅཱ་ཐུན་ཆུས་ལིའོ་ཉིང་ཞིང་ཆེན་གྱི་གྲོང་འདབས་ཀྱི་ཨང་ལྔ་པར་སླེབས་ཡོད། སྤྱི་ལོ2016ལོར་སུའུ་ཅཱ་ཐུན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར249མངོན་འགྱུར་བྱུང་ཡོད། སྤྱི་ལོ2016ལོར་རྒྱལ་ཁབ་རིམ་པའི་ཐོན་གྲོང་མཉམ་འདྲེས་དཔེ་སྟོན་ཁུལ་ཁག་དང་པོའི་གྲས་སུ་ཚུད་ཡོད། 

2 ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་གཉིས་པའི(སྤྱི་ལོ1913ལོར)ཁྲེང་ཏེ་རྫོང་དེ་ཧྲེན་དབྱང་རྫོང་ཞེས་པར་བསྒྱུར་ཅིང་། མངའ་ཁོངས་དེ་ཧྲེན་དབྱང་རྫོང་གི་ནན་ལུའུ་ཆུས་ཡིན། 

མིན་གོའི་སྲིད་ལོ་ཉི་ཤུ་པར(སྤྱི་ལོ1931ལོ)འཇའ་ཕན་བཙན་རྒྱལ་རིང་ལུགས་ཀྱིས“དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་བསླངས་ནས་དྲག་ཤུགས་ཀྱིས་ཧྲེན་དབྱང་བཙན་བཟུང་བྱས་རྗེས་འཇའ་ཕན་དང་སྲིད་གཞུང་རྫུས་མའི་དབང་འཛིན་ལས་ཁུངས་ཀྱིས་ཧྲེན་དབྱང་རྫོང་རྣམས་ཆུས་དགུ་རུ་ཕྱེ་ཡོད་ཅིང་། སུའུ་ཅཱ་ཐུན་གྱི་མངའ་ཁོངས་སུ་ཆུས་གཉིས་པ་དང་། གསུམ་པ། བཞི་པ་བཅས་གཏོགས་ཡོད།      མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)འཇའ་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ཧྲེན་དབྱང་གྲོང་ཁྱེར་དམངས་གཙོའི་མཉམ་འབྲེལ་སྲིད་གཞུང་གིས་ཟླ12པར་སུའུ་ཅཱ་ཐུན་གྲོང་ཁྱེར་དང་གྲོང་རྡལ་དུ་སུའུ་ཅཱ་ཐུན་ཡན་ལག་དམག་ཁུལ་གྱི་དམངས་གཙོའི་སྲིད་གཞུང་བཙུགས།      མིན་གོའི་སྲིད་ལོ་སུམ་ཅུ་སོ་ལྔ་པར(སྤྱི་ལོ1946ལོའི་ཟླ2པར)སུའུ་ཅཱ་ཐུན་ཆུས་ཀྱི་དམངས་གཙོའི་སྲིད་གཞུང་དུ་བསྒྱུར། ལོ་དེའི་ཟླ6པར་གོ་མིན་ཏང་གི་ཧྲེན་དབྱང་གྲོང་ཁྱེར་སྲིད་གཞུང་གིས་སུའུ་ཅཱ་ཐུན་ཆུས་དེ་ཧྲེན་དབྱང་རྫོང་གི་ཆུས་གཉིས་པར་བསྒྱུར། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སོ་བདུན་པའི(སྤྱི་ལོ1948ལོའི་)ཟླ11པའི་ཚེས2ཉིན་ཧྲེན་དབྱང་མངའ་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བཏང་རྗེས། ཟླ་པའི་ཚེས22ཉིན་སུའུ་ཅ་ཐུན་ས་ཁུལ་དུ་ཁྲེན་ཞང་ཐུན་དང་སུའུ་ཅ་ཐུན། ཀོན་ལི་པའོ་བཅས་ཁུལ་3སོ་སོར་བཙུགས་པ་དང་། དེ་དག་ཚང་མ་ཧྲེན་དབྱང་དམིགས་བསལ་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན།      སྤྱི་ལོ1951ལོའི་ཟླ12པར། སུའུ་ཅཱ་ཐུན་ཆུས་དེ་སུའུ་ཅཱ་ཐུན་ལྟེ་གནས་ཁུལ་དུ་བསྒྱུར་ཞིང་། ཧྲེན་དབྱང་གྲོང་འདབས་དོན་གཅོད་ཁང་གི་ཁོངས་སུ་གཏོགས།      སྤྱི་ལོ1952ལོའི་ཟླ8པར། ལྟེ་གནས་ཁུལ་གྱི་འཛུགས་སྐྲུན་མེད་པར་བཟོས་པ་དང་། དེ་སྔའི་ས་ཁོངས་སུ་ཝང་ཀང་པའོ་དང་། ཧྲི་ལི་ཧོ། ཀོན་ལི་པའོ། ཡའོ་ཆན་ཧུའུ་། ཁྲེན་ཞང་ཐུན། པའེ་ཐ་ཕུའུ་ཁུལ། སུའུ་ཅཱ་ཐུན་གྲོང་རྡལ་བཅས་སོ་སོར་བཙུགས་པ་ཚང་མ་ཧྲེན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཡོད། 

སྤྱི་ལོ1953ལོའི་ཟླ2པར། སུའུ་ཅཱ་ཐུན་གྲོང་རྡལ་དེ་སུའུ་ཅཱ་ཐུན་ཆུས་སུ་བསྒྱུར་ཞིང་། ཧྲེན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།      སྤྱི་ལོ1954ལོའི་ཟླ3པར། ཧྲེན་དབྱང་གྲོང་ཁྱེར་དུ་ནན་ཉེ་ཁུལ་བཙུགས་ཤིང་། དེའི་ཁོངས་སུ་ཝང་ཀང་པའོ་དང་ཧྲི་ལི་ཧོ། ཀོན་ལི་པའོ། ཡའོ་ཆན་ཧུའུ་ཐུན་དང་ཁྲེན་ཞང་ཐུན། པའེ་ཐ་ཕུའུ་བཅས་ཡན་ལག་ཁུལ6ཡོད།      སྤྱི་ལོ1955ལོའི་ཟླ4བར། སུའུ་ཅ་ཐུན་ཁུལ་གྱི་སྒྲིག་གཞི་མེད་པར་བཟོས་ཏེ། སྔོན་གྱི་སུའུ་ཅ་ཐུན་ཁུལ་དེ་ལྷོ་ཕྱོགས་ཀྱི་ཉེ་འདབས་སུ་ཟླ་སྒྲིལ་བཏང་།      སྤྱི་ལོ1956ལོའི་ཟླ7པར། གྲོང་ཁྱེར་ལྷོ་ཁུལ་གྱི་སྒྲིག་གཞི་མེད་པར་བཟོས་པ་དང་། དེ་དང་མཉམ་དུ་སུའུ་ཅ་ཐུན་ཁུལ་སླར་གསོ་བྱས་པ་དང་། ཧྲེན་དབྱང་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། 

3 སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།    

སྤྱི་ལོ2014ལོའི་བར་སུའུ་ཅཱ་ཐུན་ཆུས་ཀྱི་ཁོངས་གཏོགས་བཅིངས་འགྲོལ་ཁྲོམ་གཞུང་དང་། དམངས་གཙོའི་ཁྲོམ་གཞུང་། ཀྲུང་ཤིན་ཁྲོམ་གཞུང་། ཧུའུ་ཤིས་ཁྲོམ་གཞུང་། ལིན་ཧུའུ་ཁྲོམ་གཞུང་། བྲག་ཡིབ་ཁྲོམ་གཞུང་། ཧུང་ལིང་ཁྲོམ་གཞུང་། ལིན་ཧྲེང་ཁྲོམ་གཞུང་། ཧྲ་ཧོ་ཁྲོམ་གཞུང་། ཧྲི་ལི་ཧོ་ཁྲོམ་གཞུང་། ཁྲེན་ཞང་ཁྲོམ་གཞུང་། ཡའོ་ཆན་ཁྲོམ་གཞུང་། ཝང་ཀང་ཁྲོམ་གཞུང་། ཡུང་ལེ་ཁྲོམ་གཞུང་། ཏ་ཀོའུ་ཁྲོམ་གཞུང་། པའེ་ཆིང་ཁྲོམ་གཞུང་། ཐུང་ཀོའུ་ཁྲོམ་གཞུང་སོགས་ཁྲོམ་གཞུང17ལ་སྲིད་འཛིན་གྲོང་ཚོ121ཡོད་པ་རེད། 

4 ས་ཁམས་ཁོར་ཡུག 
4_1 གནས་སའི་ཡུལ་ཁོངས། 

སུའུ་ཅཱ་ཐུན་ཆུས་དེ་ཧྲེན་དབྱང་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་པ་དང་ཧྲེན་དབྱང་གྲོང་ཁྱེར་གྱི་ལྟེ་གནས་དང་བར་ཐག་སྤྱི་ལེ15ཡོད་པ་དང་། ཕུའུ་ཧྲུན་དང་། པེན་ཤིས། ལིའོ་དབྱང་བཅས་གྲོང་ཁྱེར་གསུམ་དང་འབྲེལ་ཞིང་། སྤྱི་ལོ2014ལོར་སྲིད་འཛིན་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ776ཟིན་ཡོད། 

4_2 ས་བབ་ཆགས་ཚུལ།     

སུའུ་ཅཱ་ཐུན་ཆུས་ནི་ལིའོ་ཏུང་རི་མ་ཐང་དང་ལིའོ་ཧོ་གཙང་པོ། ཧུན་ཧོ་གཙང་པོ་བཅས་ཀྱི་བར་བརྒལ་ས་རྒྱུད་དུ་གནས་པ་དང་། ཤར་རྒྱུད་ནི་རི་ཁུལ་དམའ་བ་དང་། དབུས་རྒྱུད་ནི་རི་མ་ཐང་། ནུབ་རྒྱུད་ནི་བདེ་ཐང་བཅས་ཡིན། སུའུ་ཅཱ་ཐུན་ས་ཁོངས་ཀྱི་མཚོ་སྙོམ་མཐོ་ཚད་སྨི200ཡན་གྱི་རི་བོ10ཡོད་པ་དང་། སྨི་བརྒྱ་ཡས་མས་ཀྱི་རི་མ་ཐང་གི་རྒྱ་ཁྱོན་མུའུ་ཁྲི21ཡོད་པ་དང་། ས་བབ་མཐོ་ཤོས་ནི་སུའུ་ཅ་ཐུན་ཆུས་ཡའོ་ཆན་ཧུའུ་གྲོང་རྡལ་ལྷོ་རྒྱུད་ཀྱི་མར་ཧྲན་རི་བོ་ཡིན་པ་དང་། རི་བོ་གཙོ་བོའི་ས་བབ་མཐོ་ཚད་སྨི330.8ཟིན་ནས་ཧྲེན་དབྱང་ལྷོ་རྒྱུད་ཀྱི་རི་བོ་མཐོ་ཤོས་ཡིན་པ་རེད།

4_3 ནམ་ཟླའི་ཁྱད་ཆོས།   

སུའུ་ཅཱ་ཐུན་ཆུས་ནི་དྲོ་འཇམ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་གི་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞི་གསལ་བ་དང་། ཆར་ཆུ་དང་ཚ་བ་དུས་ཚིགས་གཅིག་པ། གྲང་སྐམ་གྱི་དུས་མཚུངས། ཉི་འོད་འདང་ངེས་ཡོད་པ། ཆར་བ་འབབ་པ་བཅས་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད8℃ཡས་མས་ཡིན་ཞིང་། གྲང་ཤོས་ནི་ཟླ1པོ་ཡིན་པ་དང་། ཚ་ཤོས་ནི་ཟླ7པ་ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི659.6ཟིན་པ་དང་། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད2527ཡིན། 

5 མི་འབོར་མི་རིགས།  

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་དྲུག་པ(སྤྱི་ལོ2010ལོའི་ཟླ11ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་གྱི་ཚད་གཞིར་བྱས་པ)གྲངས་གཞིའི་ཐོག་ནས་མངོན་པར། སུའུ་ཅཱ་ཐུན་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི42ཡོད་པའི་ནང་སྐྱེས་པ242224དང་། བུད་མེད232555ཡོད་པ། ཕོ་མོའི་ཕོ་མོའི་བསྡུར་ཚད104.16:100ཡིན་པ་རེད། ཐེམ་ཐོའི་མི་འབོར429575ཟིན་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་བསྡུར་ཚད11.55%ཟིན་པ། ཞིང་པའི་ཐེམ་ཐོ་མིན་པའི་མི་འབོར་བསྡུར་ཚད50.73%ཡིན་པ་བཅས་རེད། རྒྱུན་སྡོད་མི་འབོར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར324103དང་གྲོང་གསེབ་ཀྱི་མི་འབོར150676ཡོད་པ་རེད། 

6 དཔལ་འབྱོར།     

སྤྱི་ལོ2016ལོར་སུའུ་ཅཱ་ཐུན་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར249ཟིན་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར16.24ཟིན་པ། གྲོང་ཁྱེར་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར35330ཟིན་པ་དེ་དུས་མཚུངས་ལས6.3%འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16521ཟིན་པ་དེ་དུས་མཚུངས་ལས7%འཕར་ཡོད། 

7 སྤྱི་ཚོགས་ལས་དོན། 
7_1     སློབ་གསོ།     

སྤྱི་ལོ2006ལོའི་ལོ་མཇུག་བར་སུའུ་ཅཱ་ཐུན་ཆུས་སུ་སློབ་གྲྭ་འབྲིང་ཆུང་སྣ་ཚོགས61ཡོད་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མ2དང་། ཆ་ཚང་སློབ་འབྲིང5ལོ་བཅུ་གཉིས་ལམ་ལུགས་ཀྱི་སློབ་གྲྭ1(དམངས་གཉེར་སློབ་གྲྭ)དམའ་རིམ་སློབ་འབྲིང11དང་ལོ་དགུ་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭ9ཐད་གཏོགས་སློབ་ཆུང14དམིགས་བསལ་སློབ་གསོའི་སློབ་གྲྭ1གྲོང་གསེབ་ལྟེ་བའི་སློབ་གྲྭ5གྲོང་ཚོའི་སློབ་ཆུང13བཅས་ཡོད་པ་རེད། དེའི་ནང་ཧྲེན་དབྱང་གྲོང་ཁྱེར་གྱི་སློབ་འབྲིང་སུམ་ཅུ་པ་ནི་ཞིང་ཆེན་རིམ་པའི་གཙོ་གནད་མཐོ་རིམ་སློབ་འབྲིང་ཡིན། སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྱོན་བསྡོམས47384ཡོད་པའི་ནང་མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ7232དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ15681སློབ་ཆུང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ24422དམིགས་བསལ་སློབ་གསོའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ49བཅས་ཡོད།

སློབ་ཆུང་གི་སློབ་ལོ་ཚད་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། འཕོ་བསྐྱོད་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། དབང་པོ་སྐྱོན་ཅན་གྱི་བྱིས་པ་རིགས་གསུམ་སློབ་གྲྭར་ཞུགས་ཚད100%ཟིན་པ། སློབ་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མ་ལོ་རེར་སློབ་མཚམས་འཇོག་ཚད0%ཟིན་པ། དབང་པོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ལོ་རེར་སློབ་མཚམས་འཇོག་ཚད0%ཟིན་པ། ལོ14/15ལོན་པའི་སློབ་ཆུང་གི་སློབ་གསོ་ལེགས་སྒྲུབ་བྱེད་ཚད100%ཟིན་པ། སློབ་ཆུང་གི་སློབ་ཐོན་འཛིན་གྲྭའི་སློབ་མ་དུས་ཐོག་ཏུ་སློབ་གྲྭ་ཐོན་ཚད100%ཟིན་པ། སློབ་ཆུང་གི་སློབ་ཐོན་སློབ་མ་དམའ་རིམ་སློབ་འབྲིང་དུ་ཞུགས་ཚད100%ཟིན་པ། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ་ལོ་རེར་སློབ་མཚམས་འཇོག་ཚད0.98%ཟིན་པའི་ནང་གྲོང་ཁྱེར་གྱི་དམའ་རིམ་སློབ་འབྲིང་གི་ལོ་རེའི་སློབ་མཚམས་འཇོག་ཚད0.66%དང་གྲོང་གསེབ་ཀྱི་དམའ་རིམ་སློབ་འབྲིང་གི་ལོ་རེའི་སློབ་མཚམས་འཇོག་ཚད1.39%ཟིན་པ་དང་། སྐོར་སྐྱོད་སློབ་ལོ་ལོན་པའི་ན་གཞོན་དམའ་འབྲིང་གི་སློབ་གྲྭར་ཞུགས་ཚད100%ཟིན་པ། ལོ16/17ཅན་གྱི་དམའ་རིམ་སློབ་འབྲིང་གི་སློབ་གསོ་ལེགས་གྲུབ་བྱུང་ཚད96.3%/98%ཡིན། 

7_2 འཕྲོད་བསྟེན། 

སུའུ་ཅཱ་ཐུན་ཆུས་ཁོངས་སུ་ཧྲེན་དབྱང་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་གཉིས་པ་དང་ལེའོ་ཉིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་བཞི་པ་སོགས་རིམ་པ་གསུམ་པའི་ཀ་པ་རིམ་པའི་སྨན་ཁང་དང་། ཧྲེན་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་བཅུ་གཅིག་པ་སོགས་རིམ་པ་གཉིས་པའི་ཀ་པ་རིམ་པའི་སྨན་ཁང་། ད་དུང་རིམ་པ་མཐོ་བའི་སྨན་ཁང་བཅས་མང་པོ་ཡོད། དེའི་ནང་ཧྲེན་དབྱང་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་གཉིས་པ་དེ་རྒྱལ་ཁབ་འཕྲོད་བསྟེན་པུས“རྒྱལ་ཡོངས་ཀྱི་ཁྲག་རེང་ནད་སྨན་བཅོས་ཀྱི་ཆེད་ཚན་སྨན་ཁང་གཙོ་བོར”གཏན་འཁེལ་བྱས་པ། 

7_3 རིག་གནས།  

སྤྱི་ལོ2012ལོའི་ལོ་མཇུག་བར་སུའུ་ཅཱ་ཐུན་ཆུས་སུ་རིགས་ཁག་གི་རིག་གནས་མཐུན་ཚོགས་དང་སྤྲོ་སྐྱིད་ཁང22ཡོད་པ་རེད། མངའ་ཁོངས་སུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་གནས་ཁང་སྟེ་སུའུ་ཅཱ་ཐུན་ཆུས་ཀྱི་རིག་གནས་ཁང་ཡོད་པ་དང་། ཁང་ནང་གི་བྱེད་སྒོ་སྣ་ཚོགས་ཀྱི་ཚོམས་ཁང་ཆ་ཚང་བ་དང་། རྒན་རྒོན་གྱི་མིག་མངས་ཀྱི་བྱེད་སྒོ་ཁང་དང་། ལས་ཞོར་ཟློས་གར་གྱི་བྱེད་སྒོ་ཁང་། ཡིག་གཟུགས་འགྲེམས་ཁང་། དམངས་ཁྲོད་རི་མོའི་འགྲེམས་སྟོན་ཁང་། པར་ལེན་འགྲེམས་ཁང་། ནུས་མང་ཚོམས་ཆེན་སོགས་འགྲེམས་ཁང་དང་བྱེད་སྒོ་ཁང21ཡོད། 

8 འགྲིམ་འགྲུལ།    

སུའུ་ཅཱ་ཐུན་ཆུས་ཀྱི་ས་ཁུལ་ནས་ཧྲེན་དབྱང་ཐའོ་ཞན་རྒྱལ་སྤྱིའི་གནམ་གྲུ་ཐང་དང་བར་ཐག་སྟོང་སྨི2ལས་མེད་པ་དང་། ཧྲེན་དབྱང་ལྷོ་ཚུགས་དང་བར་ཐག་སྟོང་སྨི2ཡོད་པ། ཡིང་ཁོའུ་གྲུ་ཁ་དང་བར་ཐག་སྟོང་སྨི100ཡང་མེད་པ་བཅས་ནི་ཧྲེན་དབྱང་ནས་ཏ་ལེན་གྲུ་ཁ་དང་། ཅིན་ཀྲོའུ་གྲུ་ཁ། ཏན་ཏུང་གྲུ་ཁ་བཅས་སུ་ཐད་ཀར་སྐྱོད་སའི་ཐག་ཉེ་ཤོས་ཡིན། བྱང་ཤར་གྱི་ལྕགས་ལམ་ཟོག་འདྲེན་རང་འགུལ་སྒྲིག་འཛུགས་ས་ཚིགས་ཆེ་ཤོས་ཡོད་པ་དེ་ནི་ཁྲང་ཁྲེང་ལྕགས་ལམ་དང་ཧྲེན་ཏན་ལྕགས་ལམ་གྱི་ཚོང་འདུས་བྱ་ཡུལ་ཡིན་པ་རེད། ཧ་ཏ་མྱུར་བགྲོད་ལྕགས་ལམ་དང་། པེ་ཅིང་ནས་ཧྲེན་དབྱང་བར་གྱི་མྱུར་བགྲོད་ལྕགས་ལམ། ཧྲེན་ཏན་གྲོང་ཁྱེར་དབར་གྱི་ལྕགས་ལམ་བཅས་དེ་ལས་བརྒལ་བ་དང་། ཧྲེན་ཏ་མྱུར་བགྲོད་གཞུང་ལམ་དང་ཧྲེན་ཏན་མྱུར་བགྲོད་གཞུང་ལམ་དང་ཧྲེན་པིན་གྲོང་ཁྱེར་དབར་གྱི་གཞུང་ལམ་དང་ཧྲེན་ཡིང་གྲོང་ཁྱེར་དབར་གྱི་གཞུང་ལམ་གྱི་སྒྲོམ་གཞི་དེ་ཧྲེན་དབྱང་གི“ཆུ་ཚོད་ཕྱེད་ཀའི་དཔལ་འབྱོར་ཆུས”ཆེ་རུ་བཏང་ཡོད། འཆར་འགོད་འཛུགས་སྐྲུན་བྱས་པའི་ཧྲེན་དབྱང་གི་སྐོར་ལམ་བཞི་པ་དང་། སྐོར་ལམ་ལྔ་པའི་མྱུར་བགྲོད་གཞུང་ལམ་དང་། ས་འོག་ལྕགས་ལམ་ལམ་ཐིག་བཞི་པ། ལམ་ཐིག་བཅུ་པ་བཅས་ས་ཁོངས་ནང་ཁྱབ་པ་དང་ཧྲེན་དབྱང་གྲོང་ཁྱེར་ལྟེ་གནས་སུ་ཐད་ཀར་ཤར་གཏོང་ཐུབ་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-02

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།