ཐིའེ་ཞི་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐིའེ་ཞི་ཆུས།
ཐིའེ་ཞི་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧྲེན་དབྱང་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་ཞིང་། གྲོང་ཁྱེར་རྙིང་པའི་སྐོར་ལམ་དང་པོ་དང་སྐོར་ལམ་གཉིས་པའི་འདུ་འཛི་ཆེ་བའི་སར་གནས་ཡོད། གྲོང་གསར་ནི་སྐོར་ལམ་གསུམ་པ་དང་སྐོར་ལམ་བཞི་བའི་ས་ཁུལ་དུ་གནས་ཡོད་ལ། ཐིའེ་ཞི་ཆུས་བྱང་དུ་ཧོང་ཀུའུ་ཆུས་དང་ཡུས་ཧུང་ཆུས་དང་འབྲེལ་ཡོད། ནུབ་ཏུ་ལིའོ་ཀྲུང་ཆུས་དང་འབྲེལ་ཡོད། ཤར་དུ་ཧུ་ཕིང་ཆུས་དང་སུའུ་ཅ་ཐུན་ཆུས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ484ཡོད་པ་དང་མི་འབོར་ཁྲི91ཟིན་ནས་གྲོང་ཁྱེར་རིམ་པའི་དོ་དམ་དབང་ཚད་ལོངས་སུ་སྤྱོད་བཞིན་ཡོད། ཐིའེ་ཞི་ཆུས་ནི་ཀྲུང་གོའི་བཟོ་ལས་ཁུལ་ཡིན་པ་དང་། སྤྱི་ལོ2007ལོའི་ཟླ6ཚེས9ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བྱང་ཤར་དར་རྒྱས་གཞུང་དོན་ཁང་གིས་ཧྲེན་དབྱང་གྲོང་ཁྱེར་གྱི་ཐིའེ་ཞི་ཆུས་ལ“ཐིའེ་ཞི་བཟོ་ལས་རྟེན་གཞི་རྙིང་པ་ལེགས་སྒྲིག་སྒྱུར་བཀོད་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་དཔེ་སྟོན་ཁུལ”གྱི་མཚན་སྙན་སྤྲད། སྤྱི་ལོ2008ལོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ30ལྷག་གི་རིང་རྒྱལ་ཡོངས་ཀྱི་དཔེ་མཚོན་ས་ཁུལ18ཀྱི་གྲས་སུ་བཅུག་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་སྡོད་རྒྱུར་འཚམ་པའི་གྲོང་ཁུལ་གྱི་དཔེ་སྟོན་བྱ་དགའ་ཐོབ་ཡོད། སྤྱི་ལོ2009ལོར《ཐིའེ་ཞི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་གཅིག་སྡུད་ཁུལ་གྱི་ཐོན་ལས་འཕེལ་རྒྱས་འཆར་འགོད》ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཚོགས་གྱིས་དངོས་སུ་ཆོག་མཆན་སྤྲད་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས། ཐིའེ་ཞི་ཆུས་ལ“རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ”དང“རྒྱལ་ཁབ་ཀྱི་བཟོ་ལས་ཅན་གསར་པའི་ཐོན་ལས་དཔེ་སྟོན་རྟེན་གཞི”“རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་དཔེ་སྟོན་ཁུལ”“རྒྱལ་ཁབ་ཀྱི་ཁག་དང་པོའི་ཤེས་བྱའི་བདག་དབང་སྟོབས་ཆེའི་ཁུལ”“རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་ཅན་གྱི་དཔེ་སྟོན་ཁུལ”“ཀྲུང་གོ་གསར་པའི་ས་ཁུལ་ཆེ་གྲས60”ཡི་གྲས་སུ་བདམས་པ་རེད། སྤྱི་ལོ2017ལོའི་ཀྲུང་གོའི་བཟོ་ལས་སྟོབས་ཆེན་བརྒྱའི་ཆུས་སུ་གྱུར་ཡོད། སྤྱི་ལོ2016ལོར་ཐིའེ་ཞི་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར932ཟིན་པ་དེ་2015ལོ་དང་བསྡུར་ན3%ཆག་ཡོད། གྲོང་ཁྱེར་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར39601ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
铁西
ཕྱི་ཡིག་གི་མིང་།
Tiexi District
མིང་གཞན།
ཐིའེ་ཞི།
སྲིད་གཞུང་གནས་ཡུལ།
ཀྲུང་ཀུང་བྱང་ལམ་གྱི་ཨང་རྟགས37པར་གནས།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་གྱི་ཧྲེན་དབྱང་གྲོང་ཁྱེར།
གནམ་གྲུ་ཐང་།
ཧྲེན་དབྱང་ཐའོ་ཞན་རྒྱལ་སྤྱིའི་གནམ་གྲུ་ཐང་།
མངའ་ཁོངས།
པའོ་ཀུང་དང་། ཞིང་ཧྲུན། ཆི་ཀུང་སོགས་ཁྲོམ་གཞུང20ཡོད།
མེ་འཁོར་འབབ་ཚུགས།
ཧྲེན་དབྱང་འབབ་ཚུགས།
ཡུལ་སྐད།
བྱང་ཤར་སྐད། ཧྲེན་དབྱང་སྐད།
ས་ཁོངས་ཁ་པར་ཨང་རྟགས།
024
སྦྲག་སྲིད་ཨང་རྟགས།
110000
རླངས་འཁོར་ཚབ་ཨང་།
ལིའོ(辽)A
གནས་ཡུལ།
ཧྲེན་དབྱང་གྲོང་ཁྱེར་གྱི་དཀྱིལ་སྙིང་གི་ལྷོ་ནུབ་ཕྱོགས་སུ་གནས།
མི་གྲངས།
ཁྲི91ཡོོད།
གནས་གཤིས།
དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ484ཡོད།
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
210106
1 ངོ་སྤྲོད་མདོར་བསྡུས།

ཐིའེ་ཞི་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧྲེན་དབྱང་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་ཞིང་། གྲོང་ཁྱེར་རྙིང་པའི་སྐོར་ལམ་དང་པོ་དང་སྐོར་ལམ་གཉིས་པའི་འདུ་འཛི་ཆེ་བའི་སར་གནས་ཡོད། གྲོང་གསར་ནི་སྐོར་ལམ་གསུམ་པ་དང་སྐོར་ལམ་བཞི་བའི་ས་ཁུལ་དུ་གནས་ཡོད་ལ། ཐིའེ་ཞི་ཆུས་བྱང་དུ་ཧོང་ཀུའུ་ཆུས་དང་ཡུས་ཧུང་ཆུས་དང་འབྲེལ་ཡོད། ནུབ་ཏུ་ལིའོ་ཀྲུང་ཆུས་དང་འབྲེལ་ཡོད། ཤར་དུ་ཧུ་ཕིང་ཆུས་དང་སུའུ་ཅ་ཐུན་ཆུས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ484ཡོད་པ་དང་མི་འབོར་ཁྲི91ཟིན་ནས་གྲོང་ཁྱེར་རིམ་པའི་དོ་དམ་དབང་ཚད་ལོངས་སུ་སྤྱོད་བཞིན་ཡོད།

ཐིའེ་ཞི་ཆུས་ནི་ཀྲུང་གོའི་བཟོ་ལས་ཁུལ་ཡིན་པ་དང་། སྤྱི་ལོ2007ལོའི་ཟླ6ཚེས9ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བྱང་ཤར་དར་རྒྱས་གཞུང་དོན་ཁང་གིས་ཧྲེན་དབྱང་གྲོང་ཁྱེར་གྱི་ཐིའེ་ཞི་ཆུས་ལ“ཐིའེ་ཞི་བཟོ་ལས་རྟེན་གཞི་རྙིང་པ་ལེགས་སྒྲིག་སྒྱུར་བཀོད་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་དཔེ་སྟོན་ཁུལ”གྱི་མཚན་སྙན་སྤྲད། སྤྱི་ལོ2008ལོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ30ལྷག་གི་རིང་རྒྱལ་ཡོངས་ཀྱི་དཔེ་མཚོན་ས་ཁུལ18ཀྱི་གྲས་སུ་བཅུག་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་སྡོད་རྒྱུར་འཚམ་པའི་གྲོང་ཁུལ་གྱི་དཔེ་སྟོན་བྱ་དགའ་ཐོབ་ཡོད། སྤྱི་ལོ2009ལོར《ཐིའེ་ཞི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་གཅིག་སྡུད་ཁུལ་གྱི་ཐོན་ལས་འཕེལ་རྒྱས་འཆར་འགོད》ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཚོགས་གྱིས་དངོས་སུ་ཆོག་མཆན་སྤྲད་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས། ཐིའེ་ཞི་ཆུས་ལ“རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ”དང“རྒྱལ་ཁབ་ཀྱི་བཟོ་ལས་ཅན་གསར་པའི་ཐོན་ལས་དཔེ་སྟོན་རྟེན་གཞི”“རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་དཔེ་སྟོན་ཁུལ”“རྒྱལ་ཁབ་ཀྱི་ཁག་དང་པོའི་ཤེས་བྱའི་བདག་དབང་སྟོབས་ཆེའི་ཁུལ”“རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་ཅན་གྱི་དཔེ་སྟོན་ཁུལ”“ཀྲུང་གོ་གསར་པའི་ས་ཁུལ་ཆེ་གྲས60”ཡི་གྲས་སུ་བདམས་པ་རེད། སྤྱི་ལོ2017ལོའི་ཀྲུང་གོའི་བཟོ་ལས་སྟོབས་ཆེན་བརྒྱའི་ཆུས་སུ་གྱུར་ཡོད།

སྤྱི་ལོ2016ལོར་ཐིའེ་ཞི་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར932ཟིན་པ་དེ་2015ལོ་དང་བསྡུར་ན3%ཆག་ཡོད། གྲོང་ཁྱེར་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར39601ཟིན་ཡོད།

སྤྱི་ལོ2018ལོའི་ཟླ9པར《སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཆུས་བརྒྱའི་འཕེལ་རྒྱས་ཀྱི་རྒྱབ་དཀར་ཡིག་ཆ》པེ་ཅིང་དུ་ཁྱབ་བསྒྲགས་བྱས་ཤིང་། ཐིའེ་ཞི་ཆུས་སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཆུས་བརྒྱའི་ནང་བདམས་པ་རེད། སྤྱི་ལོ2018ལོའི་ཟླ11པར་བཟོ་ལས་སྟོབས་ཆེན་བརྒྱའི་ཆུས་སུ་བདམས་པ་རེད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1948ལོའི་ཟླ11པའི་ཚེས2ཉིན། ཧྲེན་དབྱང་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས།

ལོ་ལྔའི་འཆར་གཞི་དང་པོའི་སྐབས། ཧྲེན་དབྱང་ནི་འཕྲུལ་ཆས་བཟོ་སྐྲུན་ལས་རིགས་གཙོ་བོར་བྱས་པའི་བཟོ་ལས་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་པའི་གཙོ་གནད་དུ་གྱུར་པ་དང་། ཁེ་ལས་གཅིག་སྡུད་ཚད་མཐོ་བའི་ཐིའེ་ཞི་ཆུས་ནི་གལ་ཆེའི་ནང་གི་འགངས་ཆེར་གྱུར་ཡོད། སུའུ་ལེན་གྱིས་རོགས་སྐྲུན་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ156ལས་རྣམ་གྲངས3ཐིའེ་ཞི་རུ་ཡོད། མ་དངུལ་སྒོར་ས་ཡ་གཅིག་ལྷག་ཙམ་བཏང་ནས་ཁེ་ལས་བསྒྱུར་བཀོད་བྱས་པའི་རིགས40ལྷག་ཙམ་ཡོད་པ་དང་། གསར་བཙུགས་ཁེ་ལས་ཆེ་འབྲིང12ཡོད།

སྤྱི་ལོ1952ལོའི་ཟླ9ཚེས23ཉིན་བཟོ་པའི་གྲོང་ཚོ་སྐྲུན་འགོ་བཙུགས་ཏེ་ཨར་སྐྲུན་ཚོགས་པ5དང་ཐོག་སོ་གསུམ་ལྡན་གྱི་སོ་ཕག་བསྲེས་པའི་ཁང་པ72མཉམ་སྐྲུན་བྱས་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ99012ཟིན་ཡོད་པ་དང་། བཟོ་པའི་གྲོང་ཚོ་བསྐྲུན་ཟིན་རྗེས་སྐབས་དེའི་རྒྱལ་ཡོངས་ཀྱི་བཟོ་པའི་སྡོད་གནས་ཁུལ་ཆེ་ཤོས་སུ་གྱུར་ནས་རྒྱལ་ཡོངས་སུ“ཐོག་ཁང་གི་སྟེང་འོག་དང་། གློག་སྒྲོན་ཁ་པར”གྱི་དེང་རབས་སྡོད་ཁང་གི་འཕེལ་ཕྱོགས་སྣེ་ཁྲིད་བྱས།

སྤྱི་ལོ1984ལོར་ཐིའེ་ཞི་འཆར་གཞི་དཔལ་འབྱོར་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཀྱི་བཟོ་ལས་ཁུལ་རྙིང་པ་ཞིག་ཡིན་པའི་ཆ་ནས་ཁེ་ལས་དོ་དམ་ལམ་སྲོལ་སྒྱུར་བཅོས་བྱེད་པའི་ཐད་འཚོལ་ཞིབ་དང་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། དཔལ་འབྱོར་འགན་འཁྲིའི་ལམ་ལུགས་དང་། གཉེར་སྐྱོང་འགན་འཁྲིའི་ལམ་ལུགས། བཟོ་གྲྭའི་འགོ་འཛིན་གྱི་འགན་འཁྲིའི་ལམ་ལུགས། དམིགས་ཚད་འགན་འཁྲིའི་ལམ་ལུགས་སོགས་ཁྱབ་སྤེལ་བཏང་བ་མ་ཟད། སྤྱི་ལོ1986ལོ་ནས་བཟུང་ཕྱོགས་ཡོངས་ནས་གཉེར་སྐྱོང་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་ཁྱབ་སྤེལ་བཏང་།

སྤྱི་ལོ2002ལོའི་ཟླ6ཚེས  18ཉིན་ཧྲེན་དབྱང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐབས་ཇུས་གལ་ཆེན་བཏོན་ནས་ཐིའེ་ཞི་ཆུས་དང་ཧྲེན་དབྱང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་མཉམ་དུ་གཞུང་དོན་སྒྲུབ་པ་དང་ཐིའེ་ཞི་ཆུས་གསར་པ་འཛུགས་རྒྱུའི་གཏན་འབེབས་བྱས།

སྤྱི་ལོ2007ལོའི་ཟླ6ཚེས9ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བྱང་ཤར་དར་རྒྱས་གཞུང་དོན་ཁང་གིས“བཟོ་ལས་རྟེན་གཞི་རྙིང་པ་ལེགས་སྒྲིག་སྒྱུར་བཀོད་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་དཔེ་སྟོན་ཁུལ”གྱི་མཚན་སྙན་སྤྲད་པ་དང་། ལོ་དེར་ཐིའེ་ཞི་ཆུས་དང་ཞི་ཧུ་དཔལ་འབྱོར་ཁུལ་བསྐྱར་སྒྲིག་བྱས་པས་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ484ཡོད་པའི“ཏཱ་ཐིའེ་ཞི”བྱུང་།

སྤྱི་ལོ2008ལོའི་ཟླ12པར་“རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ30སོང་བའི་དཔེ་མཚོན་ས་ཁུལ་བཅོ་བརྒྱད་ཀྱི་གྲས་ཤིག”དང“སྤྱི་ལོ2008ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་གནས་སྡོད་ལ་འཚམ་པའི་གྲོང་ཁུལ་དཔེ་སྟོན་བྱ་དགའི”མཚན་སྙན་སྔ་རྗེས་སུ་སྤྲད།

སྤྱི་ལོ2012ལོའི་ཟླ8ཚེས31ཉིན་ཐིའེ་ཞི་གྲོང་ཁུལ་རྙིང་པའི་ནང་གི་བཟོ་ལས་ཁེ་ལས་ཆེ་གྲས་མཐའ་མ་དེ་གནས་སྤོ་བྱས་པ་དང་ཐིའེ་ཞི་ཀྱིས“ཤར་སྤོ་ནུབ་སྐྲུན” ལས་འགན་ཡོངས་སུ་མཇུག་སྒྲིལ།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཐིའེ་ཞི་ཆུས་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཁོངས་གཏོགས་ཆུས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ484ཟིན་ཡོད་པ་དང་གྲོང་ཁྱེར་གྱི་ལྟེ་བར་གནས་ཡོད། ཐིའེ་ཞི་ཆུས་ཀྱི་བྱང་ནི་ཧོང་ཀུའུ་ཆུས་དང་འབྲེལ་ཡོད་པ་དང་། ནུབ་ཏུ་ཧུང་ཆུས་དང་འབྲེལ་ཡོད། ཤར་ཧུ་ཞི་ཆུས་ཀྱི་ས་མཚམས་སུ་འབྲེལ་ཡོད།

3_2 ནམ་ཟླའི་ཁྱད་ཆོས།

རྒྱལ་ནང་གི་ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2575ཟིན་པ་དང་ལོར་ཆ་སྙོམས་ཉི་འོད་ཕོག་ཚད70.5%ཟིན་ཡོད། དེའི་ནང་དཔྱིད་ཀའི(ཟླ3པ་ནས5པའི་བར)མང་ཤོས་བཟུང་ཡོད་ལ་དེས28.1%བཟུང་བ་དང་། དབྱར་དུས(ཟླ6པ་ནས8པའི་བར)26.1%བཟུང་ཡོད། སྟོན་དུས་ཟླ9པ་ནས10བའི24.2%བཟུང་ཡོད། དགུན་ཁ་ཟླ12པ་ནས་ཕྱི་ལོའི་ཟླ2པའི་བར16%ཟིན་ཡོད། ས་ཁམས་ཁྱབ་སྟངས་ནི་ཤར་ལྷོ་ཉུང་ལ་ནུབ་བྱང་མང་། ལོ་རེའི་ཉི་འོད་ཕོག་ཡུན་གྱི་ཧེ་བག་ནི་ཆུ་ཚོད130ཡིན་པ་དང་། ལྷོ་བྱང་གི་ཧེ་བག་ནི་ཆུ་ཚོད60ཡིན། མངའ་ཁོངས་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་ནི8.1℃ཡིན་པ་དང་། ཤར་ལྷོའི་རྒྱུད་དུ་ཅུང་མཐོ་བ། ནུབ་བྱང་དུ་ཅུང་དམའ་བ། བར་ཁྱད0.3℃ཡིན། ནུབ་བྱང་ས་ཁུལ་དུ་སྐྱེས་པའི་དུས་ཡུན་ནི་ཤར་ལྷོའི་རྒྱུད་ལས་ཉིན3-5ཡིས་ཐུང་། ཟླ7པར་ཚ་བ་ཆེ་ཤོས་དང་། ཟླ་རེར་ཆ་སྙོམས་དྲོད་ཚད་ཏུའུ24.1ཡིན། ཟླ་དང་པོར་གྲང་ཤོས་ཡིན་ཞིང་། ཟླ་རེའི་ཆ་སྙོམས་དྲོད་ཚད་ནི-11.4℃དང་སད་མེད་དུས་ནི་ཉིན168ཡིན། དྲོད་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད6.2-9.7℃དང་། ལོ་ཧྲིལ་པོར་ཆར་ཆུ་འབབ་ཚད་ཧའོ་སྨི600-800ཡིན།

4 མི་གྲངས།

སྤྱི་ལོ2017ལོ་བར་ཐིའེ་ཞི་ཆུས་སུ་མི་འབོར་ཁྲི91ཡོད།

5 དཔལ་འབྱོར།

སྤྱི་ལོ2016ལོར་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར932ཟིན་ནས3%ཆག་པ་དང་། ཆག་ཚད་དེ་གྲོང་ཁྱེར་དེ་ཡོངས་ཀྱི་བརྒྱ་ཆའི་གྲངས4.8ལས་དམའ་བ་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར91.2ཟིན་པ་དེ་དུས་མཚུངས་ལས0.6%འཕར་བའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར85.25ཟིན་པ་དེ་དུས་མཚུངས་ལས11%འཕར་ནས་གྲོང་ཁྱེར་དེ་ཡོངས་ཀྱི་བརྒྱ་ཆའི་གྲངས7ལས་མཐོ་བ་ཡོད་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར185བཏང་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར594ཟིན་ཡོད། གྲོང་ཁྱེར་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར39601ཟིན་ཡོད།

6 སྤྱི་ཚོགས་ལས་དོན།
6_1 གྲོང་ཁྱེར་འཛུགས་སྐྲུན།

སྤྱི་ལོ2014ལོར་གསར་སྤེལ་ཁུལ་གྱིས་ས་ཆ་སྨི་གྲུ་བཞི་མ་ཁྲི1200བསྡུས་པ་དང་། བེད་སྤྱོད་བཏང་མེད་པའི་ས་ཆ་སྨི་གྲུ་བཞི་མ་ཁྲི81.9ལྷག་ཁྲིམས་དང་སྒྲིག་སྲོལ་ལྟར་གཙང་བཤེར་བྱས། གྲོང་ཁུལ་གྱི་ས་ཆ་སྨི་གྲུ་བཞི་མ་ཁྲི64ལྷག་ལ་གནས་སྤོས་པ་ཡིན་ལ། ལྗོངས་ཡོངས་སུ་ས་ཆ་སྨི་གྲུ་བཞི་མ་ཁྲི892.7ཟིན་པ་དང་ས་ཆ་སྨི་གྲུ་བཞི་མ་ཁྲི201བཤུག་སྤྲོད་བྱས་ཡོད།

སྤྱི་ལོ2015ལོར་ལྗོངས་ཡོངས་སུ་སྒོར་ཁྲི3000ཡན་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས101དང་ལས་མཇུག་འགྲིལ་བའི་རྣམ་གྲངས92ཡོད། གྲོང་ཁྱེར40ཡི་གཙོ་གནད་རྣམ་གྲངས་ཚང་མ་ལས་འགོ་བསྐྱར་ཚུགས་བྱས་ནས་མ་དངུལ་སྒོར་དུང་ཕྱུར241.4བཏང་། རྒྱལ་ཁབ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར16.4བརྩོན་ལེན་བྱས་པའི་ནང་བཟོ་ལས་རྟེན་གཞི་རྙིང་པ་གནས་སྤོའི་སྒྱུར་བཀོད་རྣམ་གྲངས་ལ་རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི5897བཏང་ཡོད།

6_2 སློབ་གསོའི་ལས་དོན།

སྤྱི་ལོ2012ལོར་སློབ་གསོར་མ་དངུལ་སྒོར་དུང་ཕྱུར8.7བཏང་ནས་སློབ་མ་རེའི་ཆ་སྙོམས་འགྲོ་གྲོན་ཞིང་ཆེན་རིམ་པའི་ཚད་གཞི་ལས་བརྒལ་ཡོད་པ་རེད། བཟོ་པའི་གྲོང་ཚོའི་སློབ་གྲྭ་གཉིས་པ་སོགས་སློབ་གྲྭ4ཡི་གཙོ་གཟུགས་ལས་གྲྭ་ལེགས་གྲུབ་ཟིན། སློབ་གྲྭ34ཉམས་གསོ་སྒྱུར་བཀོད་བྱས་པ་དང་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན150ཡི་སྤེལ་རེས་ལེགས་གྲུབ་བྱུང་ཡོད། སློབ་འབྲིང127ལ་འཕྲུལ་མིའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་ཨང་གསུམ་པ་ཐོབ་པ་དང་ཐིའེ་ཞི་ཆུས་དེ་རྒྱལ་ཡོངས་ཀྱི་ཚེ་སྲོག་སློབ་གསོའི་ཁོར་ཡུག་ཧྲིལ་པོའི་ཚོད་ལྟའི་ཁུལ་དུ་གྱུར་ཡོད།

སྤྱི་ལོ2014ལོར་སློབ་ཞུགས་གོང་གི་སློབ་གསོའི“ཁྲོམ་གཅིག་ལ་བྱིས་སྐྱོང་ཁང་གསུམ”དང“ཤང་གཅིག་ལ་བྱིས་སྐྱོང་ཁང་གཅིག”གི་དམིགས་ཚད་མངོན་འགྱུར་བྱུང་ནས་བུ་བཅོལ་ཁང2660གསར་དུ་འཕར་ཡོད།

སྤྱི་ལོ2015ལོར་རྒྱལ་ཁབ་ཀྱི་དམིགས་བསལ་སློབ་གསོའི་སྒྱུར་བཅོས་ཚོད་ལྟའི་ཁུལ་དུ་ཚུད་ཡོད།

6_3 སྨན་བཅོས་འཕྲོད་བསྟེན།

འཕྲོད་བསྟེན་གྲོན་དངུལ་ཕྱོགས་ལ་སྒོར་དུང་ཕྱུར1.9བཏང་ཡོད། མི་སེར་ལ་ཕན་པ་འདོགས་རྒྱུ་མཐའ་འཁྱོངས་ཀྱིས་སྨན་བཅོས་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཅན་གྱི་འཛུགས་སྐྲུན་མགྱོགས་སུ་བཏང་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཆེད་དོན་ཁ་གསབ་སྒོར་ཁྲི7000ཙམ་བཏང་ཡོད། ལོ65ཡན་གྱི་རྒན་པ་ཁྲི5ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས། གྲོང་མིས་སྲིད་གཞུང་གཞུང་དོན་ཁང་གི་གཞི་རིམ་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པའི་སྒོ་བསྟེན་སྨན་ཁང་གི་མི་རེའི་ཆ་སྙོམས་གྲོན་བསྡུ53.9%ཆག་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རང་ལྗོངས་ཀྱིས་ཞིང་ཆེན་སྨན་བཅོས་སྒྱུར་བཅོས་ལས་དོན་ལ་ཞིབ་བཤེར་རྩིས་ལེན་བྱས། སྤྱི་ལོ2014ལོར་འཕྲོད་བསྟེན་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས22ལག་བསྟར་བྱས།

6_4 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2015ལོར་ས་ཆ་བསྡུ་སྤྱོད་བྱས་པའི་ཞིང་པ42381གྲོང་ཁྱེར་རིམ་པའི་རྒན་གསོའི་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ནང་བཅུག་ཡོད། གཞུང་ཁོངས་རྒྱུ་ནོར་གཏོང་སྤྲོད་དང་། བོགས་མར་གཏོང་ལེན། ཐོན་ཁུངས་སྡེབ་སྒྲིག་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཚད་གཞི་མ་ལོན་པའི་སྡེ་ཁུལ་གྱི་གཞུང་ལས་ཁང15སྒྱུར་བཀོད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད། སྡེ་ཁུལ་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ས་ཚིགས7དང་། ས་ཁོངས་རང་བཞིན་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལྟེ་གནས་1དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉི་འོད་བཟོ་ར་1བཅས་གསར་སྐྲུན་བྱས་པ་དང་། དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་འགོག་རྐྱེན་མེད་པའི་སྒྲིག་བཀོད་165སྒྱུར་བཀོད་བྱས་པ། རིམ་པ་དང་པོའི་དབང་པོ་སྐྱོན་ཅན་ཚབས་ཆེན་2283ལ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་འགན་བཅོལ་བྱས་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་དངོས་མིང་ལམ་ལུགས་ཀྱི་ལས་ཞུགས་མི་གྲངས་ཁྲི་4.2ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ་4ནང་ཚུན་དུ་ཚོད་འཛིན་བྱས་པ། ལས་ཞུགས་མེད་པའི་ཁྱིམ་ཚང་གི་འགུལ་རྣམ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་བཅས་རེད། དངོས་མིང་ལམ་ལུགས་ཀྱིས་ལས་གཏོད་སྣེ་ཁྲིད་པ་647ལ་རོགས་སྐྱོར་བྱས་པ་དང་མི་7882ལ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། བདེ་སྡོད་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་མི་དུད་ཚང་3400བཀོད་སྒྲིག་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-02

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།