ཡུང་ཅ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུང་ཅ་རྫོང་།
ཡུང་ཅ་རྫོང་ནི་ཀྲུང་གོའི་ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཞིག་ཡིན་ཞིང་། ཀྲེ་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་ཨོ་ཅང་གཙང་པོའི་སྨད་རྒྱུད་ཀྱི་བྱང་ངོགས་སུ་གནས་པ་དང་། ཤར་དུ་ལེ་ཆིང་དང་ཧོང་ཡན་དང་འབྲེལ་བ་དང་། ནུབ་ཏུ་ཆིང་ཐེན་དང་དབྱིང་ཡུན་དང་འབྲེལ་ཡོད། བྱང་དུ་ཞན་ཅུས་དང་འབྲེལ། ལྷོ་རུ་ཝུན་ཀྲོའུ་གྲོང་ཁུལ་དང་གཙང་པོས་བཅད་དེ་ཁ་སྤྲོད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ2674ཡོད་པ་དང་མི་འབོར་ཁྲི78.92ཟིན་པ་དང་ཡུང་ཅ་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་ནི་ཧྲང་ཐང་ལྟེ་བའི་གྲོང་ཁུལ་པེ་ཁྲེང་སྲང་ལམ་ཞན་ཆན་ལམ་ཨང94པར་གནས་ཡོད། མངའ་ཁོངས་སུ་སྲང་ལམ7དང་གྲོང་རྡལ11དང་ཡུལ་ཚོ4ཡོད། “ཀྲུང་གོའི་ཚེ་ཐག་རིང་བའི་ཕ་ཡུལ”དང“ཀྲུང་གོའི་ཆུ་འཐེན་འཕྲུལ་འཁོར་གྱི་ཕ་ཡུལ” “ཀྲུང་གོའི་སྒྲོག་ཙེའི་ཕ་ཡུལ” “ཀྲུང་གོའི་རྩེད་ཆས་གྲོང་ཁྱེར”ཞེས་པའི་མཚན་སྙན་ཡོད། ཡུང་ཅ་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་། ཧན་ཧྲུན་ཏི་ཡུང་ཧོ་ཁྲི་ལོ་གསུམ་པ(སྤྱི་ལོ138)ནས་ཡུང་ཉིང་རྫོང་བཙུགས་པ་དང་། སུའེ་ཁའེ་ཧོང་ཁྲི་ལོ་དགུ་པར(སྤྱི་ལོ་589ལོ)ཡུང་ཅ་རྫོང་ཞེས་པར་བསྒྱུར་ཞིང་། “ཆུ་རིང་ཞིང་མཛེས་་”ཞེས་པའི་དོན་ནི་ཝུན་ཀྲོའུ་རིག་གནས་ཀྱི་འབྱུང་གནས་ཀྱང་ཡིན། སྤྱི་ལོ1949ལོའི་ཟླ5པར་ཡུང་ཅ་མངའ་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བཏང་སྟེ་ཧྲོང་ཞི་རྫོང་བཙུགས་པ་དང་། ཟླ9པར་ཧྲོང་ཞི་རྫོང་ལ་སླར་ཡང་ཡུང་ཅ་རྫོང་ཞེས་ཟེར་བ་དང་། ཧྲོང་ཞི་རྫོང་སྲིད་གཞུང་གི་གནས་ཡུལ་རྙིང་པ་ནི་ཡན་ཐོའུ་གྲོང་རྡལ་ལི་ཧྲུའེ་སྲང་ལམ་ཏུང་ཙུང་མཚུན་ཁང་ཡིན་ནོ།། སྤྱི་ལོ2018ལོའི་ཟླ12པར་ཡུང་ཅ་རྫོང་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་བཅུག་པ་རེད། སྤྱི་ལོ2019ལོའི་ཀྲུང་གོའི་ཡུལ་སྐོར་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ་རུ་བདམས་ཐོན་བྱུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
永嘉县
མིང་གཞན།
永宁
ཕྱི་ཡིག་གི་མིང་།
Yong Jia County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི2698ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོར།
ཁྲི82.69(2016ལོའི་རྒྱུན་སྡོད་མི་འབོར)
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
སྲང་ལམ7དང་གྲོང་རྡལ11 ཡུལ་ཚོ4ཡོད།
རླངས་འཁོར་ཚབ་ཨང་།
浙C
ས་ཁོངས་ཁ་པར་ཨང་རྟགས།
0577
མེ་འཁོར་ས་ཚིགས།
ཡུང་ཅ་མེ་འཁོར་ས་ཚིགས།
སྦྲག་སྲིད་ཨང་རྟགས།
325100
ཡུལ་སྐད།
ཝུའུ་སྐད། ཝུན་ཀྲོའུ་ལུང་སྐད།
གནས་ཡུལ་ས་ཁོངས།
ཀྲེ་ཅང་ཞིང་ཆེན་གྱི་ལྷོ་ཕྱོགས། ཝུན་ཀྲོའུ་གྲོང་ཁྱེར་གྱི་བྱུང་ཕྱོགས། ཨོ་ཅང་གཙང་པོའི་སྨད་རྒྱུད།
སྲིད་འཛིན་ཚབ་ཨང་།
330324
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཡུང་ཅ་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྡོ་ཆས་གསར་པའི་དུས་རབས་སུ་མིའི་རིགས་འཚོ་གནས་དང་སྐྱེ་འཕེལ་བྱེད་བཞིན་ཡོད།

ཞ་དང་། ཧྲང་། ཀྲོའུ་བཅས་ཀྱི་སྐབས་སུ་ཨོ་ཡི་ས་ཆར་གཏོགས་པ་རེད།

ཁྲུན་ཆིའུ་དུས་སྐབས་སུ་ཡུའེ་རྒྱལ་ཕྲན་དུ་གཏོགས་པ་དང་ཀྲན་ཀོའི་སྐབས་སུ་ཁྲུའུ་རྒྱལ་ཕྲན་ལ་གཏོགས་པ་རེད།

ཧན་ཧྲུན་ཏི་ཡུང་ཧོ་ཁྲི་ལོ་གསུམ་པ(སྤྱི་ལོ138)ནས་ཡུང་ཉིང་རྫོང་བཙུགས་པ་དང་། སུའེ་ཁའེ་ཧོང་ཁྲི་ལོ་དགུ་པར(སྤྱི་ལོ་589ལོ)ཡུང་ཅ་རྫོང་ཞེས་པར་བསྒྱུར་ཞིང་། “ཆུ་རིང་ཞིང་མཛེས་་”ཞེས་པའི་དོན་ནི་ཝུན་ཀྲོའུ་རིག་གནས་ཀྱི་འབྱུང་གནས་ཀྱང་ཡིན། སྤྱི་ལོ1949ལོའི་ཟླ5པར་ཡུང་ཅ་མངའ་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བཏང་སྟེ་ཧྲོང་ཞི་རྫོང་བཙུགས་པ་དང་། ཟླ9པར་ཧྲོང་ཞི་རྫོང་ལ་སླར་ཡང་ཡུང་ཅ་རྫོང་ཞེས་ཟེར་བ་དང་། ཧྲོང་ཞི་རྫོང་སྲིད་གཞུང་གི་གནས་ཡུལ་རྙིང་པ་ནི་ཡན་ཐོའུ་གྲོང་རྡལ་ལི་ཧྲུའེ་སྲང་ལམ་ཏུང་ཙུང་མཚུན་ཁང་ཡིན།

སྤྱི་ལོ1950ལོའི་ཟླ5པར། སྔོན་གྱི་ཝུན་ཀྲོའུ་གྲོང་ཁྱེར་ཁོངས་ཀྱི་ཝུའུ་ཀྲོའུ་གྲོང་རྡལ་དང་། ཡུང་ཆང་ཆུས(ད་ལྟའི་ལུང་ཝན་ཆུས་སུ་གཏོགས)དང་། སན་ཞི་ཆུས(ཆུས་ཞི་གྲོང་རྡལ། ཀུའོ་ཞི་གྲོང་རྡལ། ཞུང་ཞི་གྲོང་བརྡལ།)ཐེང་ཆའོ་གྲོང་རྡལ་བཅས་ཆུས4ཡུང་ཅ་རྫོང་གི་ཁོངས་སུ་བགོས།     སྤྱི་ལོ1958ལོར། ཆུས་འདི4སླར་ཡང་ཝུན་ཀྲོའུ་གྲོང་ཁྱེར་ལ་དབང་བ་དང་། ཡུང་ཅ་རྫོང་དེ་ཧྲང་ཐང་གྲོང་རྡལ་དུ་སྤོས།     སྤྱི་ལོ1961ལོར། ཆིང་ཐེན་རྫོང་གི་ཤིས་ཡོན་དང་། ཧྲི་རན། ཧྲང་ཧེང་བཅས་ཡུལ་ཚོ་གསུམ་ཡུང་ཅ་རྫོང་གི་ཁོངས་སུ་བགོས།      སྤྱི་ལོ2001ལོར། ཆི་ཏུའུ་གྲོང་རྡལ་ཝུན་ཀྲོའུ་གྲོང་ཁྱེར་དུ་བགོས།     སྤྱི་ལོ2016ལོར། ཡུང་ཅ་རྫོང་གིས་ཆའོ་ཞ་གྲོང་རྡལ་གྱི་བདག་སྐྱོང་ཁྱབ་ཁོངས་ལེགས་སྒྲིག་བྱས་ནས་ཅིན་ཤིས་གྲོང་རྡལ་དང་མེན་ཨོ་ཡུལ་ཚོ་གསར་དུ་བསྣན། ཧོ་ཧྲེང་གྲོང་རྡལ་གྱི་བདག་སྐྱོང་ཁྱབ་ཁོངས་ལེགས་སྒྲིག་བྱས་ནས་ཡུན་ལིན་ཡུལ་ཚོ་གསར་འཛུགས་བྱས། ཡན་ཐན་གྲོང་རྡལ་གྱི་བདག་སྐྱོང་བྱེད་ཁོངས་ལེགས་སྒྲིག་བྱས་ནས་ཤིས་ཞ་ཡུལ་ཚོ་གསར་དུ་བཙུགས་པ་རེད། ཤུན་ཀྲེ་གྲོང་རྡལ་གྱི་བདག་སྐྱོང་ཁྱབ་ཁོངས་ལེགས་སྒྲིག་བྱས་ནས་ཅེ་ཁང་ཡུལ་ཚོ་གསར་འཛུགས་བྱས། ཅང་པེ་སྲང་ལམ་དང་ཏུང་ཨོ་སྲང་ལམ་མེད་པར་བཟོས་ནས་ཨོ་པེ་སྲང་ལམ་དུ་ཟླ་སྒྲིལ་བཏང་བ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2016ལོའི་ལོ་འགོར། 《ཀྲེ་ཅང་མི་དམངས་སྲིད་གཞུང་གི་ཡུང་ཅ་རྫོང་གི་སྲིད་འཛིན་ས་ཁོངས་ཁག་ཅིག་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་མཆན་འགོད་བཀའ་ལན》ཐོབ་པ་དང་། ཡུང་ཅ་རྫོང་གི་སྲིད་འཛིན་ས་ཁོངས་ཁག་ཅིག་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱས་ཡོད། ལེགས་སྒྲིག་བྱས་རྗེས་ཡུང་ཅ་རྫོང་ཁོངས་ཏུང་ཁྲེང་སྲང་ལམ་དང་། ནན་ཁྲེང་སྲང་ལམ། པེ་ཁྲེང་སྲང་ལམ། ཝུའུ་ཉིའུ་སྲང་ལམ། ཧོང་ཐེན་སྲང་ལམ། སན་ཅང་སྲང་ལམ་བཅས་སྲང་ལམ7ཡོད་པ་རེད། ཆའོ་ཐོའུ་གྲོང་རྡལ་དང་། ཆའོ་ཞ་གྲོང་རྡལ། ཡན་ཐོའུ་གྲོང་རྡལ། ཧྲ་ཐོའུ་གྲོང་རྡལ། ཧྥེང་ལིན་གྲོང་རྡལ། ཡན་ཐན་གྲོང་རྡལ། ཏ་རུའོ་ཡན་གྲོང་རྡལ། པི་ལེན་གྲོང་རྡལ། ཡུས་ཀྲའེ་གྲོང་རྡལ། ཧོ་ཧྲེང་གྲོང་རྡལ། ཅིན་ཞི་གྲོང་རྡལ་བཅས་གྲོང་རྡལ11དང་། ཡུན་ལིང་ཡུལ་ཚོ་དང་། ཡོན་ཅི་ཡུལ་ཚོ། ཤིས་ཞཡུལ་ཚོ་། ཅེ་ཁེང་ཡུལ་ཚོ་བཅས་ཡུལ་ཚོ4ཡོད། རྫོང་མི་དམངས་སྲིད་གཞུང་ཧྲང་ཐང་ལྟེ་བའི་གྲོང་ཁུལ་པེ་ཁྲེང་སྲང་ལམ་ཞན་ཆན་ལམ་ཨང94པར་བཅའ་སྡོད་བྱས་ཡོད། ཧྲང་ཐང་ལྟེ་བའི་གྲོང་ཁུལ་དོ་དམ་ཨུ་ལྷན་གྱིས་ཏུང་ཁྲེང་སྲང་ལམ(དེ་སྔའི་ཧྲང་ཐང་གྲོང་རྡལ་སྲིད་གཞུང་བཅའ་སྡོད་བྱེད་ས)དང་། ནན་ཁྲེང་སྲང་ལམ་། པེ་ཁྲེང་སྲང་ལམ་བཅས་སྲང་ལམ་གསུམ་གྱི་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་རིམ་པའི་རང་གྲབས་རྣམ་གྲངས་འཛུགས་སྐྲུན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་ཀྱིན་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཡུང་ཅ་རྫོང་ནི་ཤར་གྱི་གཞུང་ཐིག120°19′ནས120°59′བར་དང་། བྱང་གི་འཕྲེད་ཐིག 27°58′ནས28°36′བར་གནས་ཡོད། ཀྲེ་ཅང་ཞིང་ཆེན་གྱི་ལྷོ་རྒྱུད་དང་། ཨོ་ཅང་གཙང་པོའི་སྨད་རྒྱུད། ཤར་ནས་ཤར་གྱི་རྒྱ་མཚོར་འབྲེལ་ཅིང་ཝུན་ཀྲོའུ་གྲོང་ཁུལ་དང་གཙང་པོས་བཅད་དེ་ཁ་སྤྲོད་དུ་གནས་ཡོད།

.png

3_2 ས་དབྱིབས་རྣམ་པ།

ཡུང་ཅ་རྫོང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ2698ཡོད་པའི་ནང་རི་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ2308.5ཡོད་པ་དང་། བདེ་ཐང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ277.0ཡོད་པ་རེད། ཆུ་བོ་དང་མཚེའུ་ཡི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ112.7ཡོད་པ་དང་། “རི་བོ་མང་ཤོས་ཆུ་དང་ཞིང་གིས་བརྒྱན”ཞེས་འབོད་ཀྱི་ཡོད། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི36.16ཡོད་པ་དང་། ནགས་སའི་རྒྱ་ཁྱོན་མུའུ་ཁྲི291.8ཟིན་པ་རེད། ནགས་ཚལ་ཁྱབ་ཚད69.2%ཟིན་པ་དང་། སྔོ་འགྱུར་བྱེད་ཚད་96.62%ཟིན་པ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི394ཟིན་པ་བཅས་རེད།

3_3 གནམ་གཤིས་ཁྱད་ཆོས།

ཡུང་ཅ་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དུས་བཞིར་དྲོ་འཇམ་ལྡན་ལ་ཆར་ཆུ་འབེལ་བ་དང་། ལོ་རེར་ཆ་སྙོམས་དྲོད་ཚད18.2℃ཡིན་པ་རེད། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་ཧྲེང1702.2ཟིན་པ་དང་། ཆར་ཆུ་འབབ་ཚད་ཉིན175.4ཟིན་པ་རེད། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1820.2ཟིན་པ་དང་། ལོ་རེར་ཆ་སྙོམས་རླངས་པར་འགྱུར་ཚད་ཧའོ་སྨི1431.9ཟིན་པ་རེད། ལོ་ལྟར་ཆ་སྙོམས་སད་མེད་དུས་ཉིན280ཡིན།     ལོ་རེའི་ལོ་རྒྱུས་ཀྱི་ཟིན་ཐོ་ལྟར་ན། ལོ་རེའི་ཆ་སྙོམས་དྲོད་ཚད18.3℃ཡིན། ལོ་གཅིག་གི་ནང་ཆེས་གྲང་བ་དང་། ཟླ་རེའི་ཆ་སྙོམས་དྲོད་ཚད8.1℃ཡིན་པ། ཟླ7པར་ཚ་བ་ཆེ་ཤོས་ཡིན་ཏེ་ཟླ་རེའི་ཆ་སྙོམས་དྲོད་ཚད28.3℃ཡིན། དྲོད་ཚད་མཐོ་ཤོས42.1℃ཡིན་པ་དེ་སྤྱི་ལོ2003ལོའི་ཟླ7པའི་ཚེས15ཉིན་ཐོན་པ་ཡིན། དྲོད་ཚད་དམའ་ཤོས-4.8℃ཡིན་པ་དེ་སྤྱི་ལོ1999ལོའི་ཟླ12པའི་ཚེས23ཉིན་བྱུང་བ་རེད། དཔྱིད་དུས་ཀྱི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་10ཟིན་པའི་ཆ་སྙོམས་དྲོད་ལོག་གི་ཐོག་མའི་ཉིན་མོ་དེ་ཟླ3པའི་ཚེས18ཉིན་ཡིན་པ་དང་ཆ་སྙོམས་ཀྱི་ཉིན་རེའི་དྲོད་ཚད་ཟླ12པའི་ཚེས2ཉིན་ཡིན་པ་རེད། ཆ་སྙོམས་སད་མེད་དུས་ཉིན281ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1718.3ཟིན་པ་མ་ཟད། ལོའི་བར་གྱི་ཁྱད་པར་ཧ་ཅང་མངོན་གསལ་ཡིན། སྤྱི་ལོ1973ལོར་ཆེས་མང་སྟེ་ཧའོ་སྨི་2592.7ཟིན་པ་དང་། སྤྱི་ལོ1986ལོར་ཧའོ་སྨི1193.6ལས་མེད། ལོ་གཅིག་གི་ནང་ཟླ་བརྒྱད་པར་ཆ་སྙོམས་ཆར་ཆུ་འབབ་ཚད་མང་ཤོས་ཡིན་པ་སྟེ་ཧའོ་སྨི279.4ཟིན་པ་དང་། ཟླ6པར་མང་ཤོས་ལ་རྒྱ་མཚོའི་རླུང་འཚུབ་དང་སོས་ཆར་གྱི་ཤུགས་རྐྱེན་ཐེབས་པ་དང་། ཟླ12པར་ཉུང་ཤོས་ཡིན་པ་དང་ཧའོ་སྨི39.2ལས་མེད་པ་དང་དེ་རྗེས་ཟླ1པོ་རེད། ལོ་རེའི་ཆ་སྙོམས་ཆར་ཉིན་175རེད། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1799ཡིན་པ་དེའི་ནང་ཟླ་བདུན་པ་དང་བརྒྱད་པའི་ནང་མང་ཤོས་ཡིན་པ་དང་སོ་སོར་ཆུ་ཚོད225.5དང་ཆུ་ཚོད220.0ཟིན་ཡོད། ཟླ2པ་དང3པའི་ནང་ཉུང་ཤོས་ཏེ་སོ་སོར་ཆུ་ཚོད96.5དང་ཆུ་ཚོད102.1ཡིན་པ་རེད། ལོ་རེའི་ཆ་སྙོམས་རླངས་འགྱུར་ཧའོ་སྨི1432ཟིན་ཡོད། ལོ་རེའི་ཆ་སྙོམས་ཀྱི་བརླན་ཚད77%ཡིན། བགེགས་སྐྱོན་རང་བཞིན་གྱི་གནམ་གཤིས་གཙོ་བོ་ནི་དྲག་ཆར་དང་སེར་བ། ཐན་པ། རྒྱ་མཚོའི་རླུང་འཚུབ། ཆུ་ལོག་དང་ཞོད་སྐྱོན། ཐོག་རྒྱག་པ། རླུང་ཆེན་སོགས་ཡིན།

4 རང་བྱུང་ཐོན་ཁུངས།
4_1 ཆུའི་ཐོན་ཁུངས།     

ལོ་ཧྲིལ་པོར་ཆ་སྙོམས་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར36ལས་བརྒལ་བ་དང་། ཆུ་ནུས་ཐོན་ཁུངས་ཀྱི་རིགས་པའི་གཞུང་ལུགས་གསོག་ཚད་སྟོང་ཝ་ཁྲི28ཟིན་པ་རེད། གསར་སྤེལ་སྟོང་ཝ་ཁྲི25ཟིན་པ་བཅས་རྒྱལ་ཡོངས་ཀྱི་གློག་ཤུགས་ཅན་གྱི་རྫོང་ཁག་གཉིས་པ་ཡིན་པ་རེད།     གཏེར་རྫས་ཐོན་ཁུངས།     གཏེར་ཁའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དེའི་ནང་ཞ་ཉེ་དང་། ཏི་ཚ། མཱན་སོགས་མདོག་ལྡན་ལྕགས་རིགས་གསོག་ཚད་ཏུན5000ཡན་ཟིན་ཡོད།

4_2 ​མི་འབོར།

སྤྱི་ལོ 2013ལོའི་ལོ་མཇུག་ཏུ་ཡུང་ཅ་རྫོང་གི་ཐེམ་ཐོའི་དུད་ཚང་ཁྲི28.73ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི96.95ཟིན་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི10.87དང་། བུད་མེད་ཀྱི་མི་འབོར་ཁྲི45.40ལོ་རེར་ཆ་སྙོམས་མི་འབོར་ཁྲི96.61བཅས་ཟིན་ནས་ལོ60དང་དེའི་ཡན་གྱི་རྒན་རྒོན་གྱིས14.3%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.6འཕར་ཡོད་པ་རེད། སྤྱི་ལོ2013ལོར་ཡུང་ཅ་རྫོང་དུ་སྐྱེས་པའི་མི་འབོར13326ཡོད་པའི་ནང་ཕྲུ་གུ་བུ་མོ6019ཡོད་པ་དང་ཕྲུ་གུ་སྐྱེ་ཚད13.8%ཟིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར4473དང་ཤི་ཚད4.6%ཟིན་པ་རེད། མི་འབོར་རང་ཤུགས་སུ་འཕར་ཚད9.2‰ཡིན་པ་དེ་ལོ་སྔོན་མ་ལས 1.8‰ཆག་ཡོད། ལོ་འདིའི་ནང་སྐྱེས་པའི་ཕྲུ་གུ་དམར་འབྱར་གྱི་ཕོ་མོའི་ཕོ་མོའི་བསྡུར་ཚད་ནི121:100ཡིན་པ་དང་། ལོ་གོང་མར118:100ཡིན།     ཡུང་ཅ་རྫོང་དུ་འཆར་ཡོད་བུ་བཙའི་བྱེད་ཚད82.8%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.3འཕར་ཡོད།

5 དཔལ་འབྱོར།

སྤྱི་ལོ2013ལོར་ཡུང་ཅ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར291.91ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར9.63ཟིན་ནས1.1%ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར179.24ཟིན་ནས8.7%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར103.04ཟིན་ནས7.5%འཕར་བ་དང་། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ་དེ་ལོ་གོང་མའི3.7:61.1:35.2ནས3.3:61.4:35.3བར་ལེགས་སྒྲིག་བྱས་ཡོད། ཐེམ་ཐོའི་མི་འབོར་ལྟར་བརྩིས་ན། ཡུང་ཅ་རྫོང་གི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར30216ཟིན་པ་དེ་ལོ་གོང་མ་ལས་སྒོར3091འཕར་ནས11.4%འཕར་ཡོད།

6 སྤྱི་ཚོགས།
6_1 ཚན་རྩལ།

སྤྱི་ལོ 2013ལོར་ཡུང་ཅ་རྫོང་ནོར་སྲིད་ཀྱི་ཚན་རིག་ལག་རྩལ་གྱི་འགྲོ་གྲོན་སྒོར་ཁྲི7200བཏང་ནས16.8%འཕར་ཡོད། ལོ་ཧྲིལ་པོར་རྫོང་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཁག3དང་ཁྱོན་ཁ་192གཤམ་སྤྲོད་བྱས་པ་དང་། ཚན་རྩལ་གྲོན་དངུལ་སྒོར་ཁྲི3570བཀོད་སྒྲིག་བྱས་པའི་ནང་བཟོ་ལས་ཀྱི་ཆ་ཤས49དང་གྲོན་དངུལ་སྒོར་ཁྲ་1040བཀོད་སྒྲིག་བྱས་པ་དང་། ཞིང་ལས་ཀྱི་རྣམ་གྲངས89ལ་གྲོན་དངུལ་སྒོར་ཁྲི789བཀོད་སྒྲིག་བྱས་པ་རེད། སྤྱི་ཚོགས་ཀྱི་ཆ་ཤས9ལ་གྲོན་དངུལ་སྒོར་ཁྲི73.7བཀོད་སྒྲིག་བྱས་པ་རེད། འཕྲོད་བསྟེན་གྱི་ཁག21ལ་གྲོན་དངུལ་སྒོར་ཁྲི362.3བཀོད་སྒྲིག་བྱས་པ་རེད། ཕྱོགས་བསྡུས་ཁག3ཕྱོགས་བསྡུས་བྱས་ནས་གྲོན་དངུལ་སྒོར་ཁྲི42.5བཀོད་སྒྲིག་བྱས་པ་རེད། ཚན་རྩལ་གསར་གཏོད་ཀྱི་བྱ་དགའ་ཁག6སྤྲད་པར་འགྲོ་གྲོན་སྒོར་ཁྲི765བཀོད་སྒྲིག་བྱས་པ་དང་། འཆར་ལྡན་བུ་བཙའི་རྣམ་གྲངས1ལ་འགྲོ་གྲོན་སྒོར་ཁྲི49བཀོད་སྒྲིག་བྱས་པ་རེད། ལས་སྟེགས་འཛུགས་སྐྲུན་གྱི་རྣམ་གྲངས་ཁག5གསར་གཏོད་བྱས་པར་འགྲོ་གྲོན་སྒོར་ཁྲི288.5བཀོད་སྒྲིག་བྱས་པ་དང་། ཁེ་བེད་བདག་ཐོབ་ཁག9ཡོད་པ་དང་གྲོན་དངུལ་སྒོར་ཁྲི160བཀོད་སྒྲིག་བྱས་ཡོད།

6_2 སློབ་གསོ།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཡུང་ཅ་རྫོང་དུ་བུ་བཅོལ་ཁང214ཡོད་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ་ཁྲི3.03ཡོད། སློབ་ཆུང75ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི6.45ཡོད་པ་དང་སློབ་ཆུང་དུ་སློབ་ལོ་ལོན་པའི་མི་འབོར་སློབ་གྲྭར་ཞུགས་ཚད100%ཟིན་པ་རེད། སློབ་འབྲིང་དཀྱུས་མ53ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི4.40ཡོད་པའི་ནང་དམའ་རིམ་སློབ་འབྲིང་དཀྱུས་མ43ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི2.85ཡོད་པ་རེད། དམའ་རིམ་སློབ་འབྲིང་གི་སློབ་ལོ་ལོན་པའི་སློབ་མ་སློབ་གྲྭར་ཞུགས་ཚད99.9%ཟིན་པ་རེད། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད96.0%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས2མཐོ་རུ་ཕྱིན་ཡོད། ཡུང་ཅ་རྫོང་བུ་བཅོལ་ཁང་གི་དགེ་རྒན་དང་ལས་བཟོ2858ཡོད་པ་དེ་ལོ་གོང་མ་ལས་མི24མང་དུ་སོང་བའི་ནང་ཆེད་བསྐོས་དགེ་རྒན1620ཡོད་པ་དང་མི3མང་དུ་ཕྱིན་ཡོད། སློབ་ཆུང་གི་ཆེད་བསྐོས་དགེ་རྒན3457ཡོད་པ་དང་། སློབ་འབྲིང་གི་ཆེད་བསྐོས་དགེ་རྒ་3344ཡོད་པ་དེ་ལོ་གོང་མ་ལས་མི3ཉུང་དུ་ཕྱིན་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ12པར་ཡུང་ཅ་རྫོང་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་བཅུག་པ་རེད། སྤྱི་ལོ2019ལོའི་ཀྲུང་གོའི་ཡུལ་སྐོར་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ་རུ་བདམས་ཐོན་བྱུང་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-03

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།