ལུང་ཀང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་ཀང་གྲོང་ཁྱེར།
ལུང་ཀང་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་པ་དང་། ཝུན་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱི་ཡོད། ཀྲེ་ཅང་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་ཤིང་། ཨོ་ཅང་གཙང་པོ་རྒྱ་མཚོར་འདྲེས་མཚམས་ཀྱི་ལྷོ་ངོགས་སུ་གནས་ཡོད། ཤར་ནས་ཤར་གྱི་རྒྱ་མཚོར་འབྲེལ་ཡོད་ཅིང་། ནུབ་ཏུ་ཨའོ་ཅང་གཙང་པོའི་ཧེང་དབྱང་ཡན་ལག་གཙང་པོ་དང་། རྒྱལ་ལམ104 ཧྲེན་ཧའེ་མྱུར་བགྲོད་གཞུང་ལམ་དང་ཝུན་ཧྥུའུ་ལྕགས་ལམ་བཅས་དང་འབྲེལ་བ། ལྷོ་རུ་འབྲི་ཆུའི་ལྷོ་རྒྱུད་ཀྱི་བདེ་ཐང་དང་བྱང་དུ་ཨོ་ཅང་གཙང་པོའི་གཞུང་རྒྱུན་གཙོ་བོ་ཡིན། ལྟེ་གནས་ཀྱི་ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག27°30′དང་། ཤར་གྱི་གཞུང་ཐིག120°23'ཡིན། སྤྱི་ལོ1983ལོའི་ཟླ10པའི་ཚེས12ཉིན། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལུང་ཀང་གྲོང་རྡལ་འཛུགས་རྒྱུའི་ཆོག་མཆན་དངོས་སུ་བཀོད། སྤྱི་ལོ1984ལོའི་ཟླ6པར། ཚང་ནན་རྫོང་གི་ཧུའུ་ཆན་དང་། པའེ་ཧྲ། ལུང་ཅང་། ཡན་ཅང་བཅས་ཡུལ་ཚོ་བཞི་ལུང་ཀང་གྲོང་རྡལ་གྱི་མངའ་ཁོངས་སུ་གཏོགས། སྤྱི་ལོ2011ལོར་ཚང་ནན་རྫོང་གི་ལུའུ་ཕུའུ་གྲོང་རྡལ། ཡུན་ཡན་ཤང་བཅས་ཀྱི་སྒྲིག་གཞི་ཕྱིར་འཐེན་བྱས་པ་དང་དེའི་སྲིད་འཛིན་ས་ཁོངས་ལུང་ཀང་དུ་ཚུད་ཡོད། སྤྱི་ལོ2014ལོའི་ལོ་མཇུག་ཏུ། རྒྱལ་ཡོངས་ཀྱི་ཁག་དང་པོའི་གྲོང་རྡལ་རིམ་པའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་གྲས་ཤིག་ཡིན་པའི་ངོས་ནས་རེས་སྐོར་གསར་པའི“དབང་ཆ་ཆེ་རུ་གཏོང་བའི”སྒྱུར་བཅོས་བྱེད་འགོ་ཚུགས་ཡོད། སྤྱི་ལོ2019ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཚང་ནན་རྫོང་ལུང་ཀང་གྲོང་རྡལ་མེད་པ་བཟོས་ནས་རྫོང་རིམ་པའི་ལུང་ཀང་གྲོང་ཁྱེར་བཙུགས་པ་དང་། ལུང་ཀང་གྲོང་ཁྱེར་ལ་ཀྲེ་ཅང་ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱེད་པ། ཝུན་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པ་རེད། དེ་ནི་རྒྱལ་ཡོངས་ཀྱི་གྲོང་རྡལ་གྱི་སྒྱུར་བཅོས་གྲོང་ཁྱེར་དང་པོ་དང་དེ་བཞིན་རྒྱལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་བཙུགས་མེད་པའི་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་ཐོག་མ་དེ་ཡིན་པ་རེད། སྤྱི་ལོ2019ལོར་གྲོང་རྡལ་གྲོང་ཁྱེར་དུ་བསྒྱུར་སྐབས་སྲིད་འཛིན་གྲོང་ཚོ73དང་། སྡེ་ཁུལ30ཡོད་པ་དང་། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ183.99ཡོད་པ། མི་འབོར་ཁྲི་38.2ཡོད་པ་བཅས་རེད། སྤྱི་ལོ2018ལོར། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར299.5ཟིན་པ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི7.86ཟིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད63.2%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར54500དང་སྒོར28302བཅས་ཟིན་ཡོད། ལུང་ཀང་རང་བསྐྲུན་གྲོང་རྡལ་ནས་གྲོང་རྡལ་གྲོང་ཁྱེར་དུ་བསྒྱུར་བའི་བར་སྔ་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་ཧྲུའུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་གྲོང་རྡལ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་དཔེ་སྟོན་གྲོང་རྡལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་གྲོང་རྡལ། ཀྲེ་ཅང་ཞིང་ཆེན་གྱི་ལྟེ་བའི་གྲོང་རྡལ་དང་གྲོང་ཁྱེར་ཆུང་གྲས་སྐྱེད་སྲིང་ཚོད་ལྟའི་གྲོང་རྡལ། ཀྲེ་ཅང་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་ཀྱི་དེང་རབས་ཚོང་དོན་ཞབས་ཞུའི་དཔེ་སྟོན་གྲོང་རྡལ། ཝུན་ཀྲོའུ་གྲོང་ཁྱེར་དང་གྲོང་རྡལ་སྟོབས་ཆེན་གྱི་དབང་ཆ་ཆེར་གཏོང་སྒྱུར་བཅོས་ཚོད་ལྟའི་གྲོང་རྡལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཚོད་ལྟའི་གྲོང་རྡལ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། ཀྲུང་གོའི་པར་འདེབས་གྲོང་དང་། ཀྲུང་གོའི་ཞིང་པའི་གྲོང་དང་པོ། ཀྲུང་གོའི་ལག་རྟགས་གྲོང་སོགས་ཀྱི་མཚན་སྙན་སོ་སོར་སྤྲད་པ་དང་འབྲེལ་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཆེའི་གྲོང་རྡལ་སྟོང་གི་མདུན་གྲལ100ཡི་ནང་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
龙港
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི183.99ཡོད།
ཕྱི་ཡིག་གི་མིང་།
Longgang
མི་འབོར།
ཁྲི38.2(སྤྱི་ལོ2018ལོ)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མིང་གཞན།
方岩下
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར། ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
སྲིད་འཛིན་གྲོང་ཚོ73དང་སྡེ་ཁུལ30ཡོད།
རླངས་འཁོར་ཚབ་ཨང་།
浙C
ས་ཁོངས་ཁ་པར་ཨང་རྟགས།
0577
མེ་འཁོར་ས་ཚིགས།
ཕིན་དབྱང་མེ་འཁོར་ས་ཚིགས།
སྦྲག་སྲིད་ཨང་རྟགས།
325802
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
330383
གནས་ཡུལ་ས་ཁོངས།
ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་ལྷོ་རྒྱུད།
ཐོན་སྐྱེད་སྤྱི་འབོར།
དུང་ཕྱུར299.5(སྤྱི་ལོ2018ལོ)
1 ལོ་རྒྱུས་ཀྱི་འཕེལ་རིམ།

ལུང་ཀང་གི་སྲིད་འཛིན་ས་ཁོངས་དེ་སྔ་ཕིང་དབྱང་རྫོང་གི་ཁོངས་སུ་གཏོགས་པ་དང་སྤྱི་ལོ1981ལོར་ཨོ་ཅང་གཙང་པོའི་ལྷོ་རྒྱུད་ཀྱི་ཆུས7དང་གྲོང་རྡལ1ལ་ཚང་ནན་རྫོང་ལོགས་སུ་བཙུགས་རྗེས་ཚང་ནན་རྫོང་གི་ཁོངས་སུ་གཏོགས་ཡོད།     སྤྱི་ལོ1983ལོའི་ཟླ10པའི་ཚེས12ཉིན། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཚང་ནན་རྫོང་ལུང་ཀང་གྲོང་རྡལ་འཛུགས་པར་ཆོག་མཆན་བཀོད།     སྤྱིལོ1984ལོའི་ཟླ3པར། ཀྲུང་གུང་ལུང་ཀང་གྲོང་རྡལ་ཨུ་ཡོན་ལྷན་ཁང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དངོས་སུ་བཙུགས།     སྤྱི་ལོ1985ལོའི་ཟླ4པར་ལུང་ཀང་ཆུས་བཙུགས།     སྤྱི་ལོ1992ལོའི་ཟླ3པར། ལུང་ཀང་ཆུས་དང་དེའི་ཁོངས་གཏོགས་ཡུལ་ཚོ་མེད་པར་བཟོས་ཏེ། ལུང་ཀང་གྲོང་རྡལ་གསར་བ་བཙུགས།     སྤྱི་ལོ2019ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཚང་ནན་རྫོང་ལུང་ཀང་གྲོང་རྡལ་མེད་པ་བཟོས་ནས་རྫོང་རིམ་པའི་ལུང་ཀང་གྲོང་ཁྱེར་བཙུགས་པ་དང་། ལུང་ཀང་གྲོང་ཁྱེར་ཀྲེ་ཅང་ཞིང་ཆེན་གྱིས་ཐད་ཀར་སྐྱོང་བ་དང་། ཝུན་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱི་ཡོད། ཟླ9པའི་ཚེས25ཉིན། ལུང་ཀང་གྲོང་ཁྱེར་ལ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ1949ལོ་ནས1983ལོའི་བར་གྲོང་བརྡལ་མ་བཙུགས་སྔོན་དུ། མངའ་ཁོངས་དེ་ཡན་ཅང་དང་ལུང་ཅང་ཡུལ་ཚོ2སུ་གཏོགས།     སྤྱི་ལོ1984ལོའི་ཟླ6པར། ཧུའེ་དབྱི་ཆུས་ཀྱི་ཧུའུ་ཆན་དང་། པེ་ཧྲ། ལུང་ཅང་། ཡན་ཅང་རྒྱུད་བཅས་ཡུལ་ཚོ4ལུང་ཀང་གྲོང་རྡལ་གྱི་བདག་སྐྱོང་བྱེད་ཁོངས་སུ་གཏོགས་པ་དང་། གྲོང་རྡལ་ཁོངས་གཏོགས་ཡུལ་ཚོའི་ལམ་ལུགས་ཚོད་ལྟའི་ལག་བསྟར་བྱས།     སྤྱི་ལོ1985ལོའི་ཟླ2པར། རྫོང་གི་ཁོངས་གཏོགས་ཆུས་གྱི་སྒྲིག་གཞི་སླར་གསོ་བྱས་པ་དང་། ཧུའུ་ཆན་དང་། པའེ་ཧྲ། ལུང་ཅང་། ཡན་ཅང་ཡུལ་ཚོ་བཅས་དབྱི་ཧྲན་ཆུས་ལ་སླར་ཡང་གཏོགས་པ་རེད།         སྤྱི་ལོ1988ལོའི་ཟླ10པར། ཧུའུ་ཆན་གྲོང་རྡལ་དེ་ཐད་གཏོགས་གྲོང་རྡལ་དུ་བསྒྱུར།     སྤྱི་ལོ1992ལོའི་ཟླ3པར། ལུང་ཀང་ཆུས་དང་དེའི་ཁོངས་གཏོགས་ཀྱི་ཡན་ཅང་དང་། ལུང་ཅང་། པའེ་ཧྲ། ཧའེ་ཁྲེང་བཅས་ཡུལ་ཚོ་བཞི་མེད་པར་བཟོས་ཏེ། སྲིད་འཛིན་ས་ཁོངས་ཡོངས་རྫོགས་ལུང་ཀང་གྲོང་རྡལ་དུ་ཟླ་སྒྲིལ་བཏང་།      སྤྱི་ལོ2000ལོའི་ཟླ6པར། ཧུའུ་ཆན་གྲོང་རྡལ་དང་། ཕིན་ཕིན་ཡུལ་ཚོ། ཅང་ཧྲན་ཡུལ་ཚོ་བཅས་ཀྱི་སྒྲིག་ཁུངས་(ཅང་ཧྲན་ཡུལ་ཚོའི་ཧོའུ་ཧུའེ་ཙེང་དང་ལིའང་ཀྲའེ་གྲོང་ཚོ་2)ཕྱིར་འཐེན་བྱས་ཏེ། ལུང་ཀང་གྲོང་རྡལ་དུ་བཅུག་པ་རེད།

སྤྱི་ལོ2011ལོའི་ཟླ4པའི་ཚེས15ཉིན། ཕ་ཚའོ་གྲོང་རྡལ་དང་། ལུའུ་ཕུའུ་གྲོང་རྡལ། ཡུན་ཡན་ཡུལ་ཚོ་བཅས་ཀྱི་སྒྲིག་གཞི་མེད་པ་བཟོས་པ་དང་དེའི་སྲིད་འཛིན་ས་ཁོངས་ལུང་ཀང་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་ལེགས་སྒྲིག་བྱས་རྗེས་ལུང་ཀང་གྲོང་རྡལ་དུ་སྡེ་ཁུལ3དང་། གྲོང་མིའི་སྡོད་ཁུལ25སྲིད་འཛིན་གྲོང་ཚོ171བཅས་ཡོད། གྲོང་རྡལ་སྲིད་གཞུང་ཧོ་ཏི་ཀའོ་གྲོང་ཚོར་བཅའ་སྡོད་བྱས་ཡོད། གྲོང་ལྷོ་དང་གྲོང་བྱང་། ཡན་ཅང་། ལུང་ཅང་། པའེ་ཧྲ། ཧའེ་ཁྲེང་། ཧུའུ་ཆན། ཧྥེང་ཅང་། ཕིན་ཏིན། ཕ་ཚའོ། ལུའུ་ཕུའུ། ཡུན་ཡན་བཅས་དོན་གཅོད་ཁང12བཙུགས་ཡོད།     སྤྱི་ལོ2012ལོའི་ཟླ5པའི་ཚེས23ཉིན། གྲོང་རྡལ་ཁོངས་གཏོགས་དོན་གཅོད་ཁང་མེད་པ་བཟོས་ནས་ཅང་ཕུའུ་དང་། གྲོང་ལྷོ། ལུང་ཡུའེ། གྲོང་བྱང་། ཡན་ཅང་། ལུང་ཅང་། པའེ་ཧྲ། ཧའེ་ཁྲེང་། ལུང་ཕུའུ། ཧུའུ་ཆན། ཧྥེང་ཅང་། ཅང་ཧྲན། ཕིང་། ཐུང་། ལུའུ་ཕུའུ། ཡུན་ཡན། ཤིན་ཁྲེང་བཅས་སྡེ་ཁུལ17བཙུགས་ཡོད།     སྤྱི་ལོ2016ལོའི་ཟླ4པའི་ཚེས་22ཉིན་ལུང་ཀང་གྲོང་རྡལ་གྱི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་དགོས་མཁོའི་དབང་གིས་དེ་སྔའི་སྡེ་ཁུལ17དེ་སྡེ་ཁུལ་14ལ་ལེགས་སྒྲིག་བྱས་ནས་ལུང་ཅང་དང་། གཙང་རྒྱུད། པའེ་ཧྲ། ཧའེ་ཁྲེང་། ཧྥེང་ཅང་། ཅང་ཧྲན། ཕིན་ཏིན། ལུའུ་ཕུའུ། ཡུན་ཡན། ཤིན་ཁྲེང་བཅས་སྡེ་ཁུལ11སོར་བཞག་བྱས་ཏེ། ཁྲེང་ནན་དང་ཅང་ཕུའུ་སྡེ་ཁུལ་ཟླ་སྒྲིལ་བཏང་ནས་གྲོང་ལྷོའི་སྡེ་ཁུལ་གསར་པ་བཙུགས་པ་དང་། གྲོང་བྱང་དང་ལུང་ཡུའེ་སྡེ་ཁུལ་ཟླ་སྒྲིལ་བཏང་ནས་གྲོང་བྱང་སྡེ་ཁུལ་གསར་པ་བཙུགས་པ་དང་། ཧུའུ་ཆན་དང་ལུང་ཕུའུ་སྡེ་ཁུལ་ཟླ་སྒྲིལ་བཏང་ནས་ཧུའུ་ཆན་གྱི་སྡེ་ཁུལ་གསར་པ་བཙུགས།

སྤྱི་ལོ2019ལོའི་ཟླ5པར་ལུང་ཀང་གིས་གྲོང་ཚོ་དང་སྡེ་ཁུལ་ལེགས་སྒྲིག་བྱས་ནས་སྲིད་འཛིན་གྲོང་ཚོ73དང་སྡེ་ཁུལ30ཡོད་པ་རེད།     སྤྱི་ལོ2019ལོར་དེ་སྔའི་སྡེ་ཁུལ་དོ་དམ་ཨུ་ལྷན14ཡི་མིང་བརྗེས་ཏེ་ལས་དོན་ས་ཚིགས14རུ་བསྒྱུར་ཡོད།     སྤྱི་ལོ2019ལོར་ལུང་ཀང་གིས་གྲོང་ཚོ་དང་མཉམ་ལས་ཁང་ལེགས་སྒྲིག་བྱས་པ་རེད། གྲོང་ཁྱེར་ཡོངས་ཀྱི་ཁོངས་སུ་སྲིད་འཛིན་གྲོང་ཚོ73དང་སྡེ་ཁུལ30ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

.png

ལུང་ཀང་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་ཤིང་། ཨོ་ཅང་གཙང་པོའི་རྒྱ་མཚོར་འདྲེས་མཚམས་ཀྱི་ལྷོ་ངོགས་སུ་གནས་ཡོད། ཤར་ནས་ཤར་གྱི་རྒྱ་མཚོར་འབྲེལ་ཡོད་ཅིང་། ནུབ་ཏུ་ཨའོ་ཅང་གཙང་པོའི་ཧེང་དབྱང་ཡན་ལག་གཙང་པོ་དང་། རྒྱལ་ལམ104 ཧྲེན་ཧའེ་མྱུར་བགྲོད་གཞུང་ལམ་དང་ཝུན་ཧྥུའུ་ལྕགས་ལམ་བཅས་དང་འབྲེལ་བ། ལྷོ་རུ་འབྲི་ཆུའི་ལྷོ་རྒྱུད་ཀྱི་བདེ་ཐང་དང་བྱང་དུ་ཨའོ་ཅང་གཙང་པོའི་གཞུང་རྒྱུན་གཙོ་བོ་ཡིན། ལྟེ་གནས་ཀྱིས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག27°30′དང་། ཤར་གྱི་གཞུང་ཐིག120°23'ཡིན།

3_2 ས་དབྱིབས་རྣམ་པ།

ལུང་ཀང་གི་སྤྱིའི་ས་བབ་ནི་ལྷོ་ནུབ་མཐོ་ཞིང་བྱང་ཤར་དམའ་བ་དང་། བྱང་ཤར་སྣེ་ནི་ཨོ་ཅང་གཙང་པོ་རྒྱ་མཚོར་འདྲེས་མཚམས་ཡིན་པ་དང་། ས་བབ་དམའ་ཞིང་མཐོ་ཚད་ལ་སྨི3ནས5ལས་མེད་ཅིང་། ཆུ་བོའི་དྲ་བ་ཁྱབ་པའི་བདེ་ཐང་ཡིན། ཚ་ཁུལ་ཕལ་བའི་དྲོད་རླན་གནམ་གཤིས་ཀྱི་ཆ་རྐྱེན་འོག་ས་ངོས་ཀྱི་རླུང་ཟད་ནུས་པ་ཆེ་ཞིང་རླུང་ཟད་མཐུག་ཚད་སྨི10ཡན་ཟིན་ཡོད། བཞུར་ཆུའི་ནུས་པ་ཆེ་བ་དང་། གཟར་ཞིང་གི་ལུང་ཤུར་འཕྲེད་གཞུང་དུ་ཡོད།

3_3 ཆུ་དཔྱད།

ལུང་ཀང་ནི་ལུའུ་ཅང་གཙང་པོའི་འབབ་རྒྱུད་དུ་གནས་པ་དང་། མངའ་ཁོངས་སུ་ཆུ་བོ་མང་པོ་ཡོད་ཅིང་། ཨོ་ཅང་གཙང་པོའི་ཆུ་ལག་ཆུང་ཆུང་མང་པོ་ཞིག་གིས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆུ་བོའི་དྲ་བ་གྲུབ་ཡོད། བདེ་ཐང་གི་ཆུ་ལམ་འཕྲེད་གཞུང་དུ་བསྣོལ་ནས་སྤྱིའི་རིང་ཚད་སྤྱི་ལེ809.4ཟིན་ཡོད།

3_4 ནམ་ཟླ།

ལུང་ཀང་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དགུན་དྲོ་དབྱར་བསིལ་ཡིན་ལ། ལོ་རེའི་ཆ་སྙོམས་དྲོད་ཚད17.9℃ཡིན།

4 རང་བྱུང་ཐོན་ཁུངས།
4_1 ཆུ་ཐོན་ཐོན་ཁུངས།   

ལུང་ཀང་ནི་ཤར་རྒྱ་མཚོའི་འགྲམ་དུ་གནས་པ་དང་ཆུ་ཐོན་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཅིང་། རྡོ་ཁྲ་ཉ་དང་། སྡིག་སྲིན། ཉ་སེར་ཆུང་སོགས་ཆུ་ཐོན་དངོས་རྫས་རྩ་ཆེན་མང་པོ་ཐོན་གྱི་ཡོད།     

4_2 ནགས་ཤིང་ཐོན་ཁུངས།

ལུང་ཀང་གི་ས་ཁོངས་སུ་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ནགས་ཤིང་གི་སྣ་ཁ་མང་པོ་ཡོད། རྩི་ཤིང་ཁུལ་ནི་ས་ཁམས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་ཞིང་སྣ་མང་ཡིན་ཞིང་། ཚ་ཁུལ་འབྲིང་བ་དང་། ལྷོ་བྱང་དང་ཕལ་པའི་ས་རྒྱུད་ཀྱི་བར་བརྒལ་ཁུལ་གྱི་སྔོ་ཁེབས་ཀྱི་ཁོངས་སུ་གཏོགས།

5 མི་འབོར།

སྤྱི་ལོ2018ལོར་ལུང་ཀང་ས་ཁོངས་སུ་ཁྱོན་མི་འབོར་ཁྲི38.2ཡོད་པའི་ནང་མང་ཆེ་བ་རྒྱ་རིགས་ཡིན་པ་དང་གྲངས་ཉུང་མི་རིགས་ལ་ཧྲེ་རིགས་དང་ཧུའེ་རིགས་སོགས་ཡོད།

6 དཔལ་འབྱོར།

སྤྱི་ལོ2018ལོར་ལུང་ཀང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར299.5ཟིན་པ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི7.86ཟིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད63.2%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར54500དང་སྒོར28302ཟིན་ཡོད།     ལུང་ཀང་གྲོང་ཁྱེར་གྱི་དཔལ་འབྱོར་ཀ་རྟེན་ཐོན་ལས་ནི་པར་འདེབས་ལས་རིགས་དང་ལག་རྟགས་ལས་རིགས་ཡིན། སྤྱི་ལོ2019ལོར་ལུང་ཀང་གྲོང་ཁྱེར་དུ་མ་བསྒྱུར་གོང་བསྡོམས་རྩིས་བརྒྱབ་པའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར299.5ཟིན་པ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར78403ཟིན་པ་དང་། ནོར་སྲིད་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར15.08ཟིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་མི་དམངས་ཤོག་སྒོར54500ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ལོ་རེའི་ཡོང་འབབ་མི་དམངས་ཤོག་སྒོར28302ཟིན་པ་བཅས་རེད།

7 ཆབ་སྲིད།

ཀྲུང་གུང་ལུང་ཀང་གྲོང་ཨུ་ཡི་ཧྲུའུ་ཅི། ཀྲེང་ཅན་ཀྲུང་།     ཀྲུང་གུང་ལུང་ཀང་གྲོང་ཨུ་ཡི་ཧྲུའུ་ཅི་གཞོན་པ་ལུང་ཀང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་། ཧོ་ཙུང་ཅིང་།     ལུང་ཀང་གྲོང་ཁྱེར་གྱི་སྐབས་དང་པོའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཁྲེན་གོ་མེའོ།     སྲིད་གྲོས་ལུང་ཀང་གྲོང་ཁྱེར་སྐབས་དང་པོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཁྲེན་ཝེ་ལའེ།

8 གཟི་བརྗིད་མཚན་སྙན།

ལུང་ཀང་ལ་སྔ་ཕྱིར།  རྒྱལ་ཡོངས་དཔལ་ཡོན་གྲོང་རྡལ་དང་རྒྱལ་ཡོངས་མང་ཚོགས་ལུས་རྩལ་སྔོན་ཐོན་གྲོང་རྡལ། ཀྲེ་ཅང་ཞིང་ཆེན་གྱི་དཔལ་འབྱོར་སྟོབས་ཆེའི་གྲོང་རྡལ། ཀྲའེ་ཅང་ཞིང་ཆེན་ལུས་རྩལ་གྲོང་རྡལ་སྟོབས་ཆེན། ཀྲེ་ཅང་ཞིང་ཆེན་ལུས་རྩལ་ཁྱད་ཆོས་ལྡན་པའི་གྲོང་རྡལ། ཀྲེ་ཅང་ཞིང་ཆེན་རིམ་པའི་སྐྱེ་ཁམས་གྲོང་རྡལ། ཀྲེ་ཅང་ཞིང་ཆེན་སློབ་གསོ་སྟོབས་ལྡན་གྲོང་རྡལ། ཀྲེ་ཅང་ཞིང་ཆེན་ཤེས་དཔལ་གྲོང་རྡལ། ཝུན་ཀྲོའུ་གྲོང་ཁྱེར་གྱི་དཔལ་འབྱོར་སྟོབས་ཆེའི་གྲོང་རྡལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆུང་ངུ་འཛུགས་སྐྲུན་དཔེ་སྟོན་གྲོང་རྡལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆུང་བའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་གྲོང་རྡལ།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་གྲོང་རྡལ།ཀྲེ་ཅང་ཞིང་ཆེན་གྱི་གྲོང་ཁྱེར་ཆུང་ཆུང་སྐྱེད་སྲིང་ཚོད་ལྟའི་གྲོང་རྡལ། ཀྲེ་ཅང་ཞིང་ཆེན་རྒན་རྒོན་ལུས་རྩལ་གྱི་ཁྱད་ཆོས་ལྡན་པའི་རྣམ་གྲངས་ཀྱི་ཕ་ཡུལ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་བ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-03

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།