ཐང་ཝང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐང་ཝང་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཞིང་ཨན་ལིང་གི་རྩེ་མོར་ཆགས་ཡོད། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2141.92ཟིན་པ། ནགས་ལས་སྤེལ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང523351ཟིན་པ། སྤྱིའི་མི་འབོར་ཁྲི6.3ཙམ་ཟིན་ཡོད། སྤྱི་ལོ2019ལོའི་ཟླ7པའི་ཚེས13ཉིན་དབྱི་ཁྲུན་གྲོང་ཁྱེར་གྱིས་སྐུལ་སློང་ཚོགས་ཆེན་འཚོགས་ནས《ཧེ་ལུང་ཅང་ཞིང་ཆེན་གྱིས་དབྱི་ཁྲུན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན》སྒྲོག་སྦྱངས་བྱས་པ་དང་ཐང་ཝང་རྫོང་གསར་དུ་བཙུགས་པ་དང་དེ་སྔའི་ཐང་ཝང་ཧུ་ཆུས་དང་ཝུའུ་དབྱི་ལིང་ཆུས་གཉིས་ཟླ་སྒྲིལ་བཏང་ནས་གསར་དུ་བཙུགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
汤旺县
ཕྱི་ཡིག་གི་མིང་།
TangWang County
ཁོངས་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མེ་འཁོར་འབབ་ཚུགས།
ཐང་ཝང་ཧུ་འབབ་ཚུགས། ཝུའུ་དབྱི་ལིང་འབབ་ཚིགས།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)F
1 ངོ་སྤྲོད།

ཐང་ཝང་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཞིང་ཨན་ལིང་གི་རྩེ་མོར་ཆགས་ཡོད། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2141.92ཟིན་པ། ནགས་ལས་སྤེལ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང523351ཟིན་པ། སྤྱིའི་མི་འབོར་ཁྲི6.3ཙམ་ཟིན་ཡོད། 

ཁོངས་གཏོགས་སུ་གྲོང་རྡལ2དང་། ནགས་ར19 གཉེར་སྐྱོང་སུའོ6བཅས་ཡོད་པ་སྟེ། ཐང་ཝང་ཧུ་གྲོང་རྡལ་དང་ཝུའུ་དབྱི་ལིང་གྲོང་རྡལ། རི་ཤིན་ནགས་ར་དང་། ཧྲི་ལིན་ནགས་ར། ཏུང་ཧྲེང་ནགས་ར། ཨར་ལུང་ཧྲན་ནགས་ར། ཀའོ་ཧྥུང་ནགས་ར། ཨར་ཆིང་ཧོ་ནགས་ར། ཧུའུ་ཧྲན་ནགས་ར། ཆོན་ཧྲི་ནགས་ར། ཅུན་ལིང་ནགས་ར། ཧྲང་ཡོའུ་ལིན་ནགས་ར། མེ་ཧྥུང་ནགས་ར། ཅན་ཤིང་ནགས་ར། ཅན་ཤིན་ནགས་ར། སྤོ་ཧྲན་ནགས་ར། ལིན་ཧའེ་ནགས་ར། ཏུང་ཁེ་ལིན་ནགས་ར། ཧྥུའུ་མིང་ནགས་ར། ཨ་ཐིང་ཧོ་ནགས་ར། ཆན་ཝེ་ནགས་ར། ཡུའུ་ལིན་ལས་གཉེར་ཁང་དང་། ཐོན་ཅི་གཉེར་སྐྱོང་ཁང་། མོ་ཧྲི་ཧྲན་གཉེར་སྐྱོང་ཁང་། ཁེ་ལིན་གཉེར་སྐྱོང་ཁང་། ཡུང་ཧྲེང་གཉེར་སྐྱོང་ཁང་། ཅུའུ་ཡོན་གཉེར་སྐྱོང་ཁང་བཅས་ཡིན། 

སྤྱི་ལོ1958ལོར་ཅུས་བཙུགས་པ་ནས་བཟུང་རིམ་རྩིས་བྱས་ན་རྒྱལ་ཁབ་ལ་ཚོང་ཟོག་ཐོན་སྐྱེད་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི1600ཙམ་ཟིན་ཡོད། སྤྱི་ལོ2013ལོ་ནས་བཟུང་ཕྱོགས་ཡོངས་ནས་ནགས་ཚལ་གཅོད་མཚམས་བཞག་སྟེ་ལྗང་མདོག་གི་རྣམ་པར་བསྒྱུར་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་པ་དང་ནགས་ཚལ་ཁྱབ་ཚད་ཀྱི92.27%ཟིན་ནས“ཤིན་ཨན་མུ་ཏིག”དང“ལྗང་མདོག་དབྱང་ཁང”ཞེས་པའི་མཚན་སྙན་ཡོད། རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཏེ་ལིན་ཧའེ་ཆི་ཧྲི་མཛེས་ལྗོངས་ཁུལ་དང་། རྒྱལ་ཁབ་ཀྱིA3རིམ་པའི་སུང་ཅང་ཡོན་འདམ་རའི་མཛེས་ལྗོངས་ཁུལ་གྱི་གནས་ཡུལ། ཧེ་ལུང་ཅང་ཞིང་ཆེན་གྱི་གཙོ་གནད་ཡུལ་སྐོར་གྲགས་ཅན་གྱི་གྲོང་རྡལ། རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་སྡེ་ཚན། སྔ་རྗེས་སུ“ཀྲུང་གོའི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཡུལ་སྐོར་གྲགས་ཅན་གྱི་གྲོང་ཁྱེར”དང་། “ཀྲུང་གོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་རྩེ་གྲས་བཅུ”“འཛམ་གླིང་གི་གྲགས་ཅན་ཡུལ་སྐོར་གྲགས་ཅན་གྱི་གྲོང་རྡལ”“ཧེ་ལུང་ཅང་ཞིང་ཆེན་གྱི་འགྲོ་རིན་ཆེ་ཤོས་ཀྱི་ས་ཆ”“པིང་ཞུའུ་ལུང་ཀྲོའུ་ཕ་ཡུལ”“ཀྲུང་གོའི་པེ་ཧུང་མ་ནོའི་ཕ་ཡུལ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་ཡོད། 

སྤྱི་ལོ2019ལོའི་ཟླ7པའི་ཚེས13ཉིན་དབྱི་ཁྲུན་གྲོང་ཁྱེར་གྱིས་སྐུལ་སློང་ཚོགས་ཆེན་འཚོགས་ནས《ཧེ་ལུང་ཅང་ཞིང་ཆེན་གྱིས་དབྱི་ཁྲུན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན》སྒྲོག་སྦྱངས་བྱས་པ་དང་ཐང་ཝང་རྫོང་གསར་དུ་བཙུགས་པ་དང་དེ་སྔའི་ཐང་ཝང་ཧུ་ཆུས་དང་ཝུའུ་དབྱི་ལིང་ཆུས་གཉིས་ཟླ་སྒྲིལ་བཏང་ནས་གསར་དུ་བཙུགས་པ་ཡིན་ལ། གསར་དུ་བཙུགས་པའི་རྫོང་གནས་ཐང་ཝང་ཧུ་གྲོང་རྡལ་དུ་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1957ལོའི་ཟླ10པར་ཏུང་ཐང་ནགས་ལས་ཅུས་ཀྱི་གྲ་སྒྲིག་ཁྲུའུ་བཙུགས།      སྤྱི་ལོ1958ལོའི་ཟླ8པར། སྔོན་གྱི་གྲ་སྒྲིག་ཁྲུའུ་དང་ཝུའུ་རྨིན་ཧོ་འཛུགས་སྐྲུན་འགན་ལེན་ལས་ཁུངས་གཉིས་ཟླ་སྒྲིལ་བྱས་ཏེ། ཤར་དུ་ནུབ་རླུང་མནན་པའི་ཏུང་ཧྥེང་ཞེས་པའི་ཡིག་འབྲུ་གཉིས་གཡར་ནས་ཏུང་ཐང་ནགས་ལས་ཅུས་དེ་ཏུང་ཧྥེང་ནགས་ལས་ཅུས་སུ་བསྒྱུར།      སྤྱི་ལོ1960ལོར་ཏུང་ཧྥེང་ཀུང་ཧྲེ་བཙུགས།      སྤྱི་ལོ1964ལོའི་ཟླ12པར་དབྱི་ཁྲུན་གྲོང་ཁྱེར་གྱི་ཏུང་ཧྥེང་ཆུས་བཙུགས་ནས་ཏུང་ཧྥེང་ནགས་ལས་ཅུས་དང་མཉམ་དུ་སྲིད་གཞུང་དང་ཁེ་ལས་གཅིག་སྒྲིལ་གྱི་རྫོང་རིམ་པའི་ཚན་པ་བཙུགས་པ་དང་། ལོ་དེར་ཝུའུ་དབྱི་ལིན་ནགས་ལས་ཅུས་འཛུགས་པར་གྲ་སྒྲིག་བྱས།     སྤྱི་ལོ1967ལོའི་ཟླ10པར་དབྱི་ཁྲུན་གྲོང་ཁྱེར་ཝུའུ་དབྱི་ལིང་ཆུས་བཙུགས། ཝུའུ་དབྱི་ལིན་ནི་སོག་པོའི་སྐད་ཡིན། ཞིང་ཨན་ལིང་གི་རི་རྒྱུད་ཅིག་ཡིན་ཞིང་། ཅིན་རྒྱལ་རབས་ཀྱི་རི་བོ་དེར་ཨ་སི་ཝུན་ཧྲན་དང་། ཨེ་སི་རི་བོ་དང་ཧྥོ་སི་ཅིན་རི་བོ་བཅས་འབོད།      སྤྱི་ལོ1984ལོར་ཏུང་ཧྥེང་ཆུས་ཏེ་ཐང་ཝང་ཧུ་ཆུས་སུ་མིང་བསྒྱུར། མངའ་ཁོངས་ནང་གི་ཐང་ཝང་ཆུ་བོ་ཞེས་པའི་མིང་ལས་ཐོགས་པ་ཡིན།      སྤྱི་ལོ2019ལོའི་ཟླ7པའི་ཚེས13ཉིན་དབྱི་ཁྲུན་གྲོང་ཁྱེར་གྱིས་སྐུལ་སློང་ཚོགས་ཆེན་འཚོགས་ནས《ཧེ་ལུང་ཅང་ཞིང་ཆེན་གྱིས་དབྱི་ཁྲུན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན》སྒྲོག་སྦྱངས་བྱས་པ་དང་ཐང་ཝང་རྫོང་གསར་དུ་བཙུགས་པ་དང་དེ་སྔའི་ཐང་ཝང་ཧུ་ཆུས་དང་ཝུའུ་དབྱི་ལིང་ཆུས་གཉིས་ཟླ་སྒྲིལ་བཏང་ནས་གྲུབ་པ་ཡིན། 

3 ​གནས་ཡུལ།

ཞིང་ཨན་ལིང་ཆུང་བའི་དབུས་སུ་གནས་པ་དང་། དབྱི་ཁྲུན་གྲོང་ཁྱེར་གྱི་བྱང་རྒྱུད་དུ་ཆགས་པ། ཤར་རྒྱུད་དང་བྱང་ཤར་རྒྱུད་ཅ་དབྱིན་རྫོང་དང་འབྲེལ་བ། ལྷོ་རྒྱུད་ཧྥེང་ལིན་རྫོང་དང་ས་མཚམས་འབྲེལ་བ། ནུབ་རྒྱུད་དེ་ཧེ་ཧོ་གྲོང་ཁྱེར་ཤུན་ཁེ་རྫོང་དང་འབྲེལ་བ། རྫོང་སྲིད་གཞུང་གནས་ཡུལ་དེ་གྲོང་ཁྱེར་ལྟེ་བའི་ཁུལ་དང་བར་ཐག་སྤྱི་ལེ100ཡོད་པ། ཞིང་ཆེན་ལྟེ་གནས་ཧ་ཨེར་པིན་དང་བར་ཐག་སྤྱི་ལེ450ཡོད་པ། བྱང་རྒྱུད་ཧེ་ལུང་ཅང་ཞིང་ཆེན་གྱི་རིམ་པ་དང་པོས་ཨུ་རུ་སུའི་མཐའ་མཚམས་ཉོ་ཚོང་འགག་སྒོ་དང་བར་ཐག་སྤྱི་ལེ100ཡོད། རྫོང་ནང་ཁུལ་གྱི་འགྲིམ་འགྲུལ་སྟབས་བདེ་བ་དང་། ནན་ཝུའུ་ལྕགས་ལམ་རྫོང་ཁོངས་བརྒྱུད་དེ་ཝུའུ་དབྱི་ལིང་འབབ་ཚུགས་དང་ཐང་ཝང་ཧུ་ས་ཚིགས་གཉིས་བཙུགས་པ་དང་། རྒྱལ་ལམG222ནས་དབྱི་ཁྲུན་གྲོང་ཁྱེར་ཁུལ་དུ་ཤར་བགྲོད་ཐུབ་པ།

རྫོང་དེའི་ནང་གི་རི་མ་ཐང་མང་ཆེ་བ་ནི་ས་བབ་མཐོ་ཤོས་སྨི786.9ཟིན་པ་དང་། རི་བོ་གཙོ་བོ་ནི་མོ་ཧྲི་རི་བོ་དང་། ཧུའུ་ཧྲན་རི་བོ། ལིན་པེ་རི་བོ། ཧོ་ཡུས་རི་བོ། ཨར་ལུང་རི་བོ། ཞའོ་ཅུས་རི་བོ། ཏ་ཆིང་ཏིང་སོགས་ཡིན། མངའ་ཁོངས་སུ་གཙང་བོར་ལྦུ་བ་ཅུང་མང་བ་དང་། དེ་ནི་དབྱི་ཁྲུན་གྲོང་ཁྱེར་མ་ཡུམ་གཙང་པོ་ཐང་ཝང་གཙང་པོའི་ཆུ་འགོ་ཡིན་པ་དང་། གཙང་པོ་གཙོ་བོར་ཆུ་རྒྱུད3ཡོད་པ་སྟེ། ཝུའུ་ཡུན་གཙང་པོའི་ཆུ་རྒྱུད་དང་། ཁུ་ཨེར་པིན་ཆུ་བོའི་ཆུ་རྒྱུད། ཐང་ཝང་གཙང་པོའི་ཆུ་རྒྱུད་བཅས་ཡིན་པ་དང་། ཅུང་ཆེ་བའི་ཏུང་ཐང་ཝང་གཙང་པོའི་འགྲམ་རྒྱུད་ཀྱི་ཧའེ་མ་མཚེའུ་དང་། ཝུའུ་ཞིང་མཚེའུ། ཆོན་ཧུའུ། ཡུའུ་ཡ་ཕའོ། ཝུན་ཆོན་ཕའོ་སོགས་ཡོད། སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞི་ཅུང་གསལ་བོ་ཡིན་ལ་གྲང་ངར་ཆེ་བའི་དུས་ཡུན་རིང་། དྲོད་འཇམ་གྱི་དུས་ཚོད་ཅུང་ཐུང་། སྟོན་དགུན་གྱི་སྔ་རྗེས་སུ་ཁ་བ་འབབ་པ་དང་། ནགས་ཚལ་གྱི་ཤིང་སྡོང་དང་རྩི་ཤིང་ལ་སད་བརྒྱབ་པའི་རྐྱེན་གྱི་་ཁ་དོག་མི་འདྲ་བར་མ་ཟད་ཐུན་མོང་མ་ཡིན་པའི་ཝུའུ་ཧྭ་ཧྲན་གྱི་མཛེས་ལྗོངས་ཆགས་པ་ཡོད། 

མངའ་ཁོངས་ནང་གི་སྲོག་ཆགས་དང་རྩི་ཤིང་གི་སྣ་ཁ་མང་ཞིང་ནགས་ཚལ་གྱི་ཁེབས་ཚད་མཐོ་བ། དེ་ནི་ཞིང་ཆེན་གྱི་ལོ་ལྷུང་ཐང་ཤིང་གི་ཐོན་སྐྱེད་རྟེན་གཞིའི་གྲས་ཤིག་ཡིན་པ་དང་གཙོ་བོ་གསོམ་ཤིང་དམར་པོ་དང་། ལོ་ལྷུང་ཐང་ཤིང་། ཧྥེང་ཧྭ། སེར་ཤིང་སོགས་ཀྱི་ཤིང་རིགས་ཡིན་པ་དང་། དེའི་ནང་གསོམ་ཤིང་དམར་པོ་དང་། པོ་ལུའོ། ཧྲུའེ་ཆུས་ལུའོ། ཧུའུ་ཐའོ་སོགས་བྱང་ཤར་ས་ཁུལ་གྱི་ཤིང་རིགས་རྩ་ཆེན་ཡིན་པ་རེད། ཆུ་སྐྱེས་སྲོག་ཆགས་ནི་གཙོ་བོ་ཆུ་གྲང་མོའི་ཉ་གཙོ་བོ་ཡིན་པ་དང་། ཉ་ཁྲབ་སྔོན་པོའི་ཉ་དང་། ཉ་ཁྲབ་ཕྲ་མོའི་ཉ། ལྕང་མའི་རྩ་བ་བཅས་ལས་མང་ཤོས་ཡིན། ཤྭ་བ་སེར་ཆེན་དང་གླ་བ་དཀར་པོ། བྱ་གླ། བྱ་གླག་སེར་པོ། རི་དེ་ནག་པོ་སོགས་རི་སྐྱེས་སྲོག་ཆགས་ཡོད། ནུར་ལི་དང་ཧྲན་ཏིང་ཙི། རི་རྒུན་འབྲུམ། ཚུའུ་ལི་སོགས་རི་སྐྱེས་ཤིང་འབྲས་རིགས་ཡོད། ཞིན་ཨན་སྟག་མ་དང་། རྟ་རྒོད། རུས་མཐུད་ཤིང་། ས་འབྲུག་སོགས་ཀྱི་སྨན་རྩྭ་ཡོད། མོག་རོ་དང་ཤ་མོ་སོགས་བཟའ་བྱའི་ཤ་མོའི་རིགས་ཡོད་པ་དང་། གཙོ་བོ་ནི་དབྱུག་སྲིན་དང་། སྣུམ་རྩི། སྤྲེལ་ཐོའུ། ཡོལ། སྲམ་སོགས་ཡིན། མ་ཎི་དང་། སྭེལ། གསེར་སོགས་ཀྱི་གཏེར་རྫས་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཐང་ཝང་རྫོང་། གནས་ཡུལ། མངའ་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-02

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།