ཧྲེན་ཧུ་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲེན་ཧུ་ཆུས།
ཧྲེན་ཧུ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྲེན་དབྱང་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན། བྱང་གི་འཕྲེད་ཐིག41°10′ནས42°16′བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ61.06ཟིན་པ་དང་དེའི་ཁོངས་གཏོགས་ཀྱི་ཁྲོམ་གཞུང11(སྤྱི་ལོ2019ལོའི་ཟླ12པ)ཡོད་པ་དང་མི་འབོར་ཁྲི61ཡོད། ཧྲེན་ཧུ་ཆུས་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་ཆབ་སྲིད་ལྟེ་གནས་དང་། ཚོང་དོན་ལྟེ་གནས། དངུལ་རྩའི་ལྟེ་གནས། རིག་གནས་ལྟེ་གནས་བཅས་ཡིན་པ་དང་། ཡུལ་སྐོར་གནས་མཆོག་ལ་སྒོ་མོ་འབྱེད་ཡོད་པ་དང་། རྒྱལ་ཡོངས་གྲོང་ཁུལ་ཁྲོད་ཀྱི་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་དང་པོ་ཡིན། སྤྱི་ལོ2016ལོར་ཧྲེན་ཧུ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར941ཟིན་པ་དེ་སྤྱི་ལོ2015ལོའི་དུས་མཚུངས་ལས0.4%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར43937ཟིན་པ་དེ་དུས་མཚུངས་ལས7%འཕར་ཡོད། སྤྱི་ལོ2018ལོའི་ཟླ9པར་ཧྲེན་ཧུ་ཆུས་སུ་སྤྱི་ལོ2018ལོའི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཆེའི་ཁུལ་བརྒྱའི་ནང་ཚུད་ནས་ཨང་རིམ68པར་སླེབས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈河区
ཕྱི་ཡིག་གི་མིང་།
Shenhe District
གནམ་གཤིས།
བྱང་དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླ།
ཡུལ་སྐད།
བྱང་ཤར་སྐད། ལིའོ་དབྱང་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་གྱི་ཧྲེན་དབྱང་གྲོང་ཁྱེར།
གནམ་གྲུ་ཐང་།
ཧྲེན་དབྱང་ཐའོ་ཞན་རྒྱལ་སྤྱིའི་གནམ་གྲུ་ཐང་།
མངའ་ཁོངས།
མངའ་ཁོངས་སུ་ཁྲོམ་གཞུང11ཡོད།
མེ་འཁོར་འབབ་ཚུགས།
ཧྲེན་དབྱང་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
024
སྦྲག་སྲིད་ཨང་རྟགས།
110000
རླངས་འཁོར་ཚབ་ཨང་།
ལིའོ(辽)A
གནས་ཡུལ།
ཧྲེན་དབྱང་གྲོང་ཁྱེར་གྱི་དཀྱིལ་སྙིང་དུ་གནས་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ61.06ཡོད།
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
210103
མི་གྲངས།
ཁྲི61ཡོད།
སྲིད་གཞུང་གནས་ཡུལ།
ཧྲེང་ཅིང་ལམ་ཨང་རྟགས25པར་གནས།
1 ངོ་སྤྲོད་མདོར་བསྡུས།

ཧྲེན་ཧུ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྲེན་དབྱང་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན། བྱང་གི་འཕྲེད་ཐིག41°10′ནས42°16′བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ61.06ཟིན་པ་དང་དེའི་ཁོངས་གཏོགས་ཀྱི་ཁྲོམ་གཞུང11(སྤྱི་ལོ2019ལོའི་ཟླ12པ)ཡོད་པ་དང་མི་འབོར་ཁྲི61ཡོད། ཧྲེན་ཧུ་ཆུས་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་ཆབ་སྲིད་ལྟེ་གནས་དང་། ཚོང་དོན་ལྟེ་གནས། དངུལ་རྩའི་ལྟེ་གནས། རིག་གནས་ལྟེ་གནས་བཅས་ཡིན་པ་དང་། ཡུལ་སྐོར་གནས་མཆོག་ལ་སྒོ་མོ་འབྱེད་ཡོད་པ་དང་། རྒྱལ་ཡོངས་གྲོང་ཁུལ་ཁྲོད་ཀྱི་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་དང་པོ་ཡིན།     སྤྱི་ལོ2016ལོར་ཧྲེན་ཧུ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར941ཟིན་པ་དེ་སྤྱི་ལོ2015ལོའི་དུས་མཚུངས་ལས0.4%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར43937ཟིན་པ་དེ་དུས་མཚུངས་ལས7%འཕར་ཡོད།     སྤྱི་ལོ2018ལོའི་ཟླ9པར་ཧྲེན་ཧུ་ཆུས་སུ་སྤྱི་ལོ2018ལོའི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཆེའི་ཁུལ་བརྒྱའི་ནང་ཚུད་ནས་ཨང་རིམ68པར་སླེབས་ཡོད།

2 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དྲུག་པ་སྤྱི་ལོ1938ལོའི་ཟླ1ཚེས1ཉིན་ཆུས་ཀྱི་ས་མཚམས་སུ་ཧྲེན་དབྱང་ས་ཁུལ་བཙུགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་དྲུག་པ་སྤྱི་ལོ1948ལོའི་ཟླ11ཚེས20ཉིན། ཧྲེན་དབྱང་ཆུས་དང་ཧུན་ཧུ་ཆུས་གཉིས་ཟླ་སྒྲིལ་བཏང་ནས། མིང་ལ་ཧྲེན་ཧུ་ཆུས་ཞེས་བཏགས། སྤྱི་ལོ1952ལོའི་ཟླ2པར། ཧྲེན་དབྱང་གྲོང་ཁྱེར་ལེགས་སྒྲིག་བྱེད་སྐབས། སྔོན་གྱི་གྲོང་ཁུལ་ལྷོ་མ་དང་། གྲོང་ཁྱེར་བྱང་མ། པེ་ཀོན་ཆུས་བཅས་ཆུས3དང་ཀུང་ཧྲེ(ཁྲོམ་གཞུང)10ཧྲེན་ཧོ་ཆུས་སུ་བགོས། སྤྱི་ལོ2000ལོར་ཧྲེན་ཧུ་ཆུས་ཁོངས་སུ་ཁྲོམ་གཞུང16ཡོད། སྤྱི་ལོ2001ལོར་ཧྲེན་ཧུ་ཆུས་སུ་ཁོངས་གཏོགས་ཁྲོམ་གཞུང16ཡོད་པ་སྟེ། ཁྲོམ་གཞུང་དང་པོ། གཉིས་བརྒྱུད་ཁྲོམ་གཞུང་། ཏ་ཤིས་ཁྲོམ་གཞུང་། ཞའོ་ཤིས་ཁྲོམ་གཞུང་། ཏཱ་ནན་ཁྲོམ་གཞུང་། ཞའོ་ནན་ཁྲོམ་གཞུང་། པིན་ཧུ་ཁྲོམ་གཞུང་། ཝན་ལེན་ཁྲོམ་གཞུང་། ཀྲུང་ཅེ་ཁྲོམ་གཞུང་། ཀྲེང་དབྱང་ཁྲོམ་གཞུང་། ཧུའེ་ཀུང་ཁྲོམ་གཞུང་། ཀྲུའུ་ཇའོ་ཐབ་ཁྲོམ་གཞུང་། རིག་གནས་ལམ་ཁྲོམ་གཞུང་། ཧྥེང་ཐན་ཁྲོམ་གཞུང་། ཧྲན་ཏུང་ལྷ་ཁང་ཁྲོམ་གཞུང་། ཤིན་པེ་བབས་ཚུགས་ཁྲོམ་གཞུང་བཅས་ཡོད།

སྤྱི་ལོ2005ལོའི་ཟླ1ཚེས17ཉིན་ཧྲེན་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཧྲེན་ཧུ་ཆུས་སུ་དེ་སྔའི་ཁྲོམ་གཞུང་དོན་གཅོད་ཁྲུའུ16དེ་ཁྲོམ་གཞུང་དོན་གཅོད་ཁྲུའུ10རུ་ལེགས་སྒྲིག་བྱས་པ་དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་སྲིད་འཛིན་དོ་དམ་ས་ཁོངས་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱུང་། ཉིན་དེར་ཧྲེན་ཧུ་ཆུས་ཀྱིས་ཁྲོམ་གཞུང་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྐུལ་སློང་ཚོགས་ཆེན་འཚོགས་ནས་དེ་སྔའི་ཁྲོམ་གཞུང་དོན་གཅོད་ཁྲུའུ16དེ་དག10རུ་ལེགས་སྒྲིག་བྱས་པ་དང་དེ་དག་ནི་བྱང་ཚུགས་གསར་པ་དང་། ཀྲུའུ་ཇེམ་ལུའུ། ཧོང་ཁྲེང་། ཏཱ་ཤིས། ཧྲན་ཏུང་ལྷ་ཁང་། ཧྥེང་ཡུའུ་ཐན། པིན་ཧུ། ཝན་ལེན། ཏཱ་ནན་དང་ཝུའུ་ལི་ཧུ་བཅས་ཁྲོམ་གཞུང་དོན་གཅོད་ཁྲུའུ10ཡིན། སྤྱི་ལོ2010ལོའི་ཟླ2པར་ཧྲེན་དབྱང་དུ་ས་ཁོངས་གསར་པ་དབྱེ་ནས་ལེགས་སྒྲིག་བྱས་ཏེ་ཤར་སྐོར་ལམ་གསུམ་པའི་ནུབ་རྒྱུད་དང་། ཧུན་ཧུའི་ལྷོ་རྒྱུད། ཧྲེན་ཅི་ལྕགས་ལམ་བྱང་ངོས་ཀྱི་དེ་སྔའི་ཏུང་ལིན་ཆུས་ཀྱི་གྲོང་ཁུལ་ཁག་ཅིག་ཧྲེན་ཧུ་ཆུས་སུ་དབྱེ་ཡོད། དེ་ནས་བཟུང་ཧྲེན་ཧུ་ཆུས་ཀྱི་ས་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ58ལྷག་མང་དུ་ཕྱིན་པ་དང་། དེའི་ཁོངས་སུ་་ཁྲོམ་གཞུང15དང་སྡེ་ཁུལ124ཡོད། སྤྱི་ལོ2019ལོའི་ཟླ12པར་ཧྲེན་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ཁུལ་གྱི་དབྱེ་བ་ལེགས་སྒྲིག་བྱས་ནས་ཏཱ་ཤིས་དང་། ཧྲན་ཏུང་ལྷ་ཁང་། ཏཱ་ནན། ཕུང་ལེ་བཅས་ཁྲོམ་གཞུང4མེད་པ་བཟོས་པ་དང་ལེགས་སྒྲིག་བྱས་རྗེས་ཧྲེན་ཧུ་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང11ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཧྲེན་ཧུ་ཆུས་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་ལྟེ་གནས་སུ་གནས་པ་དང་འཕྲེད་ཐིག་གི་ཁྱབ་ཁོངས་ནི་འཕྲེད་ཐིག་བྱང་མའི41°10′-42°16′བར་ཡིན་པ་དང་གཞུང་ཐིག་གི་ཁྱབ་ཁོངས་ནི་གཞུང་ཐིག123°20′-123°45′བར་ཡིན་ལ་རྒྱ་ཁྱོན་དུ་སྤྱི་ལེ་གྲུ་བཞི་མ61.06ཡོད།

3_2 ས་བབ་ཆགས་ཚུལ།

ཧྲེན་ཧུ་ཆུས་ཀྱི་ས་བབ་ཁོད་སྙོམས་པོ་ཡོད་པ་དང་ནུབ་བྱང་ཤར་ལྷོ་ལས་ཅུང་མཐོ་བ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི45ཟིན་ཡོད།

3_3 ནམ་ཟླའི་ཁྱད་ཆོས།

ཧྲེན་ཧུ་ཆུས་ནི་བྱང་དྲོ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དུས་བཞི་གསལ་བ་དང་། ཆར་ཆུ་གཅིག་སྡུད་ཆེ་བ། ཆར་ཆུ་དུས་གཅིག་པ། ཉི་འོད་ཕོག་པ་བཅས་ཀྱི་ཁྱད་ཆོས་ལྡན། དཔྱིད་དུས་ཐུང་དུ་འགྲོ་བ་དང་ཆར་ཆུ་ཉུང་། དྲོད་བབ་ཚད་མྱུར་བ། དབྱར་དུས་དྲོད་ཚད་མཐོ་ཞིང་ཆར་ཆུ་མང་བ་དང་། མཁའ་རླུང་ལ་བརླན་གཤེར་ཆེ། སྟོན་དུས་ནམ་མཁའ་དྭངས་ཤིང་གསལ། དགུན་དུས་ཟླ་བ་དྲུག་ཡོད་ལ་གྲང་ངར་དང་སྐམ་ཤས་ཆེ། ལོ་རེའི་ཉི་འོད་ཕོག་ཡུན་ནི་ཆུ་ཚོད2517ཡིན་པ་དང་། ལོ་ཧྲིལ་པོར་སད་མེད་དུས་ནི་ཉིན150ཡས་མས་ཡིན།

4 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོའི་ཟླ12བར་ཧྲེན་ཧུ་ཆུས་ཀྱི་ཁོངས་གཏོགས་ཁྲོམ་གཞུང11ཡོད་པ་སྟེ། དེ་དག་ནི་བྱང་ཚུགས་ཁྲོམ་གཞུང་དང་། ཀྲུའུ་ཇིང་ལུའུ་ཁྲོམ་གཞུང་། ཧོང་ཁྲེང་ཁྲོམ་གཞུང་། ཧྥུང་ཐན་ཁྲོམ་གཞུང་། པིན་ཧུ་ཁྲོམ་གཞུང་། ཝན་ལེན་ཁྲོམ་གཞུང་། ཝུའུ་ལི་ཧུ་ཁྲོམ་གཞུང་། ནན་ཐཱ་ཁྲོམ་གཞུང་། ཆོན་ཡོན་ཁྲོམ་གཞུང་། ཏུང་ལིང་ཁྲོམ་གཞུང་། མ་ཀོན་ཆའོ་ཁྲོམ་གཞུང་བཅས་ཡིན།

5 མི་རིགས།

ཧྲེན་ཧུ་ཆུས་སུ་ཆེས་མང་ཆེ་བ་རྒྱ་རིགས་ཡིན་པ་དང་། དེ་མིན་མན་ཇུ་རིགས་དང་། སོག་རིགས། ཧུའེ་རིགས། ཁྲའོ་ཞན་རིགས་སོགས་གྲངས་ཉུང་མི་རིགས22ཡོད། ཧྲེན་ཧུ་ཆུས་ཀྱི་མི་འབོར་གཙོ་བོ་འགག་ནང་དུ་གནས་སྤོར་བྱས་ནས་ཡོང་བ་དག་ཡིན་པ་དང་། གཞན་ཡང་བྱང་ཤར་མན་ཇུ་རིགས་ཁག་གཅིག་ཡོད་པ་དང་འགག་ནང་ནས་ཡིན་པའི་གནས་སྤོས་ཡུལ་མི་གཙོ་བོ་ཧྲན་ཏུང་དང་། ཧོ་པེ། ཧོ་ནན་སོགས་ཞིང་ཆེན་གྱི་ཡིན།

6 མི་གྲངས།

སྤྱི་ལོ2006ལོར་ལྗོངས་ཡོངས་ཀྱི་མི་འབོར་སྐྱེ་ཚད5.19%ཟིན་པ་དེ་སྤྱི་ལོ་2005ལོ་ལས་སྟོང་ཆའི་0.95འཕར་བ་དང་གསར་སྐྱེས་མི་འབོར3213ཟིན་པ་དེ་སྤྱི་ལོ2005ལོ་དང་བསྡུར་ན24.4%འཕར་ཡོད། ཤི་ཚད་བརྒྱ་ཆའི6.17ཡིན་པ་དེ་སྤྱི་ལོ2005ལོ་དང་བསྡུར་ན་སྟོང་ཆའི0.89འཕར་ཡོད་པ་དང་། མི་གྲངས3819ཤི་བ་དེ་སྤྱི་ལོ2005ལོ་དང་བསྡུར་ན་བརྒྱ་ཆའི18.8འཕར་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི-0.98ཡིན་པ་དེ་སྤྱི་ལོ2006ལོ་དང་བསྡུར་ན་སྟོང་ཆའི0.06ཆག་ཡོད། སྤྱི་ལོ2007ལོར་ལྗོངས་ཡོངས་ཀྱི་མི་འབོར་སྐྱེ་ཚད5.59%ཟིན་པ་དེ་སྤྱི་ལོ2006ལོ་ལས་སྟོང་ཆའི་0.4འཕར་བ་དང་གསར་སྐྱེས་མི་འབོར3538ཟིན་པ་དེ་སྤྱི་ལོ2006ལོ་ལས10.0%འཕར་བ་དང་། ཤི་ཚད་བརྒྱ་ཆ5.85ཡིན་པ་དེ་སྤྱི་ལོ2006ལོ་ལས་སྟོང་ཆའི0.32ཆག་ཡོད། མི་གྲངས3706ཤི་བ་དེ་སྤྱི་ལོ2006ལོ་ལས་བརྒྱ་ཆའི0.97ཆག་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི-0.27ཡིན་པ་དེ་སྤྱི་ལོ2006ལོ་ལས་སྟོང་ཆའི0.71ཆག་ཡོད། སྤྱི་ལོ2007ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་མི་འབོར་བསྡོམས་འབོར་མི611060ཡོད་པ་དང་། སྤྱི་ལོ2006ལོ་ལས་མི536ཉུང་དུ་སོང་ཡོད།

7 ​དཔལ་འབྱོར།

སྤྱི་ལོ2007ལོར་ཧྲེན་ཧུ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར295.6ཟིན་པ་དེ་སྤྱི་ལོ2006ལོའི་དུས་མཚུངས་ལས16.4%འཕར་ཡོད། བལྟོས་མེད་གྲངས་ཐང་ལེགས་སྒྲུབ་བྱེད་ཚད་དང་འཕར་ཚད་དེ་གྲོང་ཁྱེར་ནང་ཁུལ་གྱི་ཁུལ་ལྔའི་བང་རིམ་ཨང་གཉིས་པ་དང་ཨང་བཞི་པར་སླེབས་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་བང་རིམ་ནང་ཨང་བཅུ་བཞི་པ་དང་བདུན་པར་སླེབས་ཡོད། དེའི་ནང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར43.8ཟིན་པ་དེ་སྤྱི་ལོ2006ལོའི་དུས་མཚུངས་ལས4.7%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར251.8ཟིན་པ་དེ་སྤྱི་ལོ2006ལོའི་དུས་མཚུངས་ལས་སྒོར18.6%འཕར་ཡོད། ཐོན་ལས་གཉིས་པ། ཐོན་ལས་གསུམ་པའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་སོ་སོར14.8%དང85.2%བཅས་ཟིན་ཡོད།

འགྲིམ་འགྲུལ།

ཧྲེན་ཧུ་ཆུས་ལྟེ་བར་བྱས་ཏེ་པེ་ཅིང་དང་། དབྱིན་ཁོའུ། ཏཱ་ལེན། ཁྲང་ཁྲུན། ཧ་ཨར་པིན། ཧྥུའུ་ཧྲུན། པུན་ཞི། ཏན་ཏུང་སོགས་ཨ་ལོང་གཅིག་དང་ཟུར་ལྔའི་མྱུར་བགྲོད་གཞུང་ལམ་དྲ་བ་སྤྱི་ཙམ་ཞིག་་ཆགས་ཡོད་ལ། མྱུར་བགྲོད་གཞུང་ལམ་ལྔ་དང་ཧྲིན་ཡང་གྲོང་སྐོར་མྱུར་བགྲོད་གཞུང་ལམ་ལྔ། ཧྲེན་དབྱང་ནས་པེ་ཅིང་དང་། ཁྲང་ཁྲུན། ཏཱ་ལེན། ཨན་ཧྲན། ཅིན་ཀྲོའུ། ཧྥུའུ་ཧྲུན། པུན་ཞི་སོགས་སུ་མྱུར་བགྲོད་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་ཡོད།

8 སྤྱི་ཚོགས་ལས་དོན།
8_1 ཚན་རིག་བྱ་གཞག

སྤྱི་ལོ2007ལོར་ཧྲེན་ཧུ་ཆུས་ཀྱིས་བསྐྲུན་ཟིན་པའི་ཚན་རྩལ་གླིང་བཞིའི(ཧྲེན་ཧོ་ཚན་རྩལ་གླིང་དང་། ཅིན་ཧོ་བཟོ་ལས་གླིང་། ཧྥེང་ཐེན་དབྱིན་ཁྲི་ཐོག་ཁང་ཆེན་མོ། ཧུའེ་པའོ་ཐོག་བརྩེགས་ཁང་ཆེནB)ལ་ཆེད་བསྐོས་ལས་དོན་མི་སྣ་མངགས་གཏོང་བྱས་ནས་ལྡུམ་རའི་ནང་གི་ཚན་རྩལ་ཁེ་ལས་ལ་ཆེད་ལས་ཞབས་ཞུ་རྒྱུན་མི་ཆད་པར་མཁོ་འདོན་བྱས་པ་དང་། ཚན་རྩལ་ཁྱད་ཆོས་ལྡན་པའི་ཐོག་ཁང་གི་རྒྱ་ཁྱོན་ཆེ་རུ་བཏང་ནས། ཚན་རྩལ་ཁེ་ལས་འཕེལ་རྒྱས་གཏོང་ཆེད་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་་བཏང་། དེ་ཉིད་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གླིང་ཁུལ་གྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཡོད། ཧྲེན་ཧུ་ཆུས་ཀྱིས“སྤྱི་ལོ2007ལོའི་ཚན་རྩལ་གཟའ་འཁོར་གྱི་བྱེད་སྒོ”དང“སྤྱི་ལོ2007ལོའི་ཤེས་བྱའི་བདག་དབང་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ”བདེ་བླག་ངང་གཉེར་ནས་ཕན་འབྲས་བཟང་པོ་ཐོན་ཡོད། ལྗོངས་ཡོངས་ཀྱི་ཚན་རྩལ་ཁེ་ལས་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཚན་རྩལ་རྣམ་གྲངས་ཀྱི་འཆར་གཞི་དང་ཁེ་ལས་འབྲིང་ཆུང་གི་གསར་གཏོད་ཐེབས་རྩ་སོགས་ཁག26རེ་ཞུ་བྱས་ཡོད། རྣམ་གྲངས8ལ་རྣམ་གྲངས་འཛུགས་རྒྱུར་ཆོག་མཆན་ཐོབ་པ་དང་རིན་མེད་མ་དངུལ་སྒོར་ཁྲི400ལྷག་རག་ཡོད།

8_2 སློབ་གསོའི་ལས་དོན།

སྤྱི་ལོ2007ལོའི་ལོ་མཇུག་ཏུ་ཧྲེན་ཧུ་ཆུས་སུ་ཁྱོན་ཡོངས་སུ་སློབ་གྲྭ་འབྲིང་ཆུང49(དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་ཚུད་ཡོད)དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ56707ཡོད་པ་དེ་སྤྱི་ལོ2006ལོ་ལས7.0%ཆག་ཡོད། སློབ་འབྲིང་དཀྱུས་མ21དང་ལས་རིགས་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ28271ཡོད་པ་དེ་སྤྱི་ལོ2006ལོ་ལས8.0%ཆག་ཡོད། སློབ་ཆུང26ནང་གི་སློབ་མ28158ཡོད་པ་དེ་སྤྱི་ལོ2006ལོ་ལས3.5%ཆག་ཡོད།

9 རིག་དངོས་གནའ་ཤུལ། 
9_1 ཀྲང་ཞུའེ་ལིའང་གི་སྡོད་ཁང་རྙིང་པ།

ཀྲང་ཞུའེ་ལེང་གི་སྡོད་ཁང་རྙིང་པ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན། མིང་གཞན་ལ་ཀྲང་ཧྲི་ཧྥུའུ་ཟེར། དེ་ནི་ཧྲེན་དབྱང་གྲོང་ཁྱེར་ཧྲིན་ཧུ་ཁུལ་ཁྲའོ་དབྱང་སྲང་ལམ་གྱི་སྲང་ལམ་ཨང་རྟགས48ལ་གནས་ཡོད། དེ་སྔའི་ཧྥེང་ཐེན་ཕྱོགས་གཏོགས་ཀྱི་དམག་ཤེད་ཅན་གྱི་འགོ་གཙོ་ཀྲང་ཙུའོ་ལིན་དང་རྒྱལ་གཅེས་དམག་དཔོན་ཀྲང་ཞུའེ་ལིའང་གི་བཞུགས་ཤག་དང་སྒེར་ཁང་ཡིན། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི3.6ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི2.76ཟིན་ཡོད།

9_2 ཧྲེན་དབྱང་གནའ་བོའི་ཕོ་བྲང་།     

ཧྲེན་དབྱང་གནའ་བོའི་ཕོ་བྲང་ནི་ཆིང་རྒྱལ་རབས་དུས་འགོའི་གོང་མའི་ཕོ་བྲང་ཡིན། དེ་སྔའི་མིང་ལ་ཧྲེང་ཅིན་ཕོ་བྲང་དང་། རྗེས་སུ་ཧྥེང་ཐེན་ཕོ་བྲང་ཟེར། དེ་ནིལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་རྙིང་བའི་ལྟེ་གནས་ཡིན། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི6ཡོད་པ་དང་། འཛུགས་སྐྲུན90ལྷག་ཙམ་དང་ཁང་མིག300ལྷག་ཙམ་ཡོད་ཅིང་། དེ་ནི་ཀྲུང་གོའི་པེ་ཅིང་གནའ་བོའི་ཕོ་བྲང་ཕུད་པའི་ཆེས་ཆ་ཚང་བའི་གོང་མའི་ཕོ་བྲང་གི་བཟོ་བཀོད་ཅིག་ཡིན། བཟོ་སྐྲུན་སྒྱུ་རྩལ་ཐད་ཀྲུང་གོའི་གནའ་བོའི་བཟོ་སྐྲུན་གྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད་ཅིང་། རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས་བཅས་ཀྱི་བཟོ་སྐྲུན་སྒྱུ་རྩལ་གཞི་གཅིག་ཏུ་འདུས་ཡོད་པས་ལོ་རྒྱུས་དང་སྒྱུ་རྩལ་གྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན། སྤྱི་ལོ1961ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་ཚུད་ཡོད་པ་ཁྱབ་བསྒྲགས་བྱས།

10 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ9པར་ཧྲེན་ཧུ་ཆུས་སྤྱི་ལོ2018ལོའི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཆེའི་ཁུལ་བརྒྱའི་ནང་ཚུད་ནས་ཨང་རིམ68པར་སླེབས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-02

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།