ཡུའེ་ཆིང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུའེ་ཆིང་གྲོང་ཁྱེར།
ཡུའེ་ཆིང་གྲོང་ཁྱེར་ནི་ཀྲུང་གོའི་ཀྲེ་ཅང་ཞིང་ཆེན་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་པ་དང་། ས་ཁུལ་རིམ་པའི་ཝུན་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི1286.90དང་། མཚོ་ཁོངས་རྒྱ་ཁྱོན་སྟོང་སྨི་གྲུ་བཞི270ཙམ་ཡོད། ཀྲེ་ཅང་ལྷོ་རྒྱུད་ཀྱི་རི་མ་ཐང་ཁུལ་གྱི་མཚོ་རྒྱུད་བདེ་ཐང་ཆུང་ངུ་ཞིག་ཏུ་གནས་པ་དང་། ཤར་ངོས་སུ་ཡུའེ་ཆིང་མཚོ་ཁུག་དང་ཐའེ་ཀྲོའུ་དང་འབྲེལ་ཡོད་ཅིང་། ལྷོ་རུ་ཨོ་ཅང་གཙང་པོ་དང་ཝུན་ཀྲོའུ་གྲོང་ཁུལ་ཕན་ཚུན་ཁ་སྤྲོད་དུ་གནས་ཡོད། ས་ཁམས་ཀྱི་གནས་ཚད་ནི་འཕྲེད་ཐིག་བྱང་མའི28°07′དང་། ཤར་གྱི་གཞུང་ཐིག 120°57′བར་ཡིན། ཡུའེ་ཆིང་གྲོང་ཁྱེར་གྱི་དཔལ་འབྱོར་དར་རྒྱས་བྱུང་ཡོད་དེ། ཀྲུང་གོའི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་ཆེས་སྔ་བ་དང་དཔལ་འབྱོར་འཕེལ་རྒྱས་ཆེས་གསོན་ཤུགས་ལྡན་པའི་ས་ཁུལ་གྱི་གྲས་ཤིག་ཡིན། ལྷོ་རྒྱུད་ཀྱི་ལིའུ་གྲོང་ཁྱེར་ས་ཁུལ་ནི་ཀྲུང་གོའི་སྐད་གྲགས་ཡོད་པའི་དམའ་གནོན་གློག་ཆས་ཀྱི་འབྱུང་ཁུངས་ཡིན་པ་དང་། བྱང་རྒྱུད་ཀྱི་ཡན་ཀང་རི་བོ་ནི་ཀྲུང་གོའི་རི་བོ་གྲགས་ཅན་བཅུའི་གྲས་ཤིག་ཡིན་པ་དེར་ཤར་ལྷོའི་རྒྱུད་ཀྱི་རི་བོ་དང་པོ་ཞེས་བརྗོད་ཅིང་། དེ་ནི་རྒྱལ་ཁབ་ཀྱི་ཁག་དང་པོའིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་པ་དང“འཛམ་གླིང་གི་ས་གཤིས་སྤྱི་གླིང”གི་མཚན་སྙན་ཐོབ་ཡོད། སྤྱི་ལོ2017ལོའི་ཟླ6པར། ཡུའེ་ཆིང་གྲོང་ཁྱེར་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་ཞེས་མིང་བཏགས་པ་རེད། རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྟོབས་ལྡན་རྫོང་གི་བཟོ་སྐྲུན་དཔེ་སྟོན་རྫོང(ཆུས)ཡིན། སྤྱི་ལོ2018ལོའི་ཟླ12པར། རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེན་པོ100དང་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེན་པོ་100ཡི་ནང་ཚུད་པ་དང་། སྤྱི་ལོ2018ལོའི་ཀྲུང་གོའི་སྐམ་ས་ཆེ་མོའི་ཚོང་ལས་གྲོང་ཁྱེར་རྩེ་གྲ100དང་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་རྩེ་གྲ30ནང་ཚུད་ཡོད་པ་རེད། སྤྱི་ལོ2019ལོའི་ཟླ10པའི་ཚེས8ཉིན། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཆེའི་རྫོང་དང་གྲོང་ཁྱེར་བརྒྱ་རུ་བདམས་པ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱ་རུ་བདམས། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་སྟོབས་ལྡན་རྫོང་བརྒྱ། ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཚད་གཞི་ལོན་པའི་རྫོང(ཆུས)ཁག་གཉིས་པ། རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་བཏང་ནས་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་ཚན་པ་བཅས་སུ་བདམས་མྱོང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乐清市
མི་འབོར།
ཁྲི141.85(2016ལོའི་རྒྱུན་སྡོད་མི་འབོར)
ཕྱི་ཡིག་གི་མིང་།
Yuèqīng、楽清(ガクセイ)
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི1286.90ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
གནམ་ཐང་།
ཝུན་ཀྲོའུ་ལུང་ཝན་རྒྱལ་སྤྱིའི་གནམ་ཐང་།
མངའ་ཁོངས།
སྲང་ལམ8དང་གྲོང་རྡལ9ཡོད།
རླངས་འཁོར་ཚབ་ཨང་།
浙C
ས་ཁོངས་ཁ་པར་ཨང་རྟགས།
0577
སྲིད་འཛིན་ཚབ་རྟགས།
330382
སྦྲག་སྲིད་ཨང་རྟགས།
325600
མེ་འཁོར་ས་ཚིགས།
ཡུའེ་ཆིང་མེ་འཁོར་ས་ཚིགས་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ5པར། ཡུའེ་ཆིང་རྫོང་བཅིངས་འགྲོལ་བཏང་ཞིང་། ཀྲེ་ཅང་ཞིང་ཆེན་གྱི་ཆེད་ཁུལ་ལྔ་བར་གཏོགས། ཟླ10པར་ཀྲོན་ཆུས་ལྔ་པ་ཝུན་ཀྲོའུ་ཀྲོན་ཆུས་སུ་མིང་བསྒྱུར་པ་དང་ཡུའེ་ཆིང་རྫོང་ཁོངས་སུ་གཏོགས། སྤྱི་ལོ1968ལོར་ཝུན་ཀྲོའུ་ཀྲོན་ཆུས་དེ་ཝུན་ཀྲོའུ་ས་ཁུལ་དུ་བསྒྱུར། ཡུའེ་ཆིང་རྫོང་ཁོངས་སུ་གཏོགས། སྤྱི་ལོ1981ལོའི་ཟླ་9པར་ཝུན་ཀྲོའུ་ས་ཁུལ་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་ཞིང་། མིང་ལ་ཝུན་ཀྲོའུ་གྲོང་ཁྱེར་ཟེར་ཞིང་། གྲོང་ཁྱེར་ཁོངས་གཏོགས་རྫོང་གི་སྒྲིག་སྲོལ་ལག་བསྟར་བྱས་པ་དང་། ཡུའེ་ཆིང་རྫོང་ནི་ཝུན་ཀྲོའུ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས།     སྤྱི་ལོ1993ལོའི་ཟླ་9བའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། དམངས་སྲིད་པུའུ་ཡིས་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་སླར་གསོ་བྱས་ཏེ། ཡུའེ་ཆིང་རྫོང་མེད་པར་བཟོས་ཏེ། ཡུའེ་ཆིང་གྲོང་ཁྱེར(རྫོང་རིམ་པ)བཙུགས་ཏེ། ཞིང་ཆེན་གྱིས་ཐད་གཏོགས་བྱས་ཏེ། དེ་སྔའི་ཡུའེ་ཆིང་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཡུའེ་ཆིང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སུ་བྱས།     སྤྱི་ལོ1993ལོའི་ཟླ10པའི་ཚེས7ཉིན། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡུའེ་ཆིང་གྲོང་ཁྱེར་གྱི་སྲིད་འཛིན་དོ་དམ་ཝུན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་ཚབ་བྱས་ནས་དོ་དམ་བྱ་རྒྱུའི་མངག་བཅོལ་བྱས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2015ལོའི་ཟླ12པའི་ཚེས7ཉིན་བར། ཡུའེ་ཆིང་གྲོང་ཁྱེར་ཁོངས་གཏོགས་སུ་ལེ་ཁྲེང་སྲང་ལམ་དང་། གྲོང་ཤར་སྲང་ལམ། གྲོང་ལྷོའི་སྲང་ལམ། ཚྭ་གཞོང་སྲང་ལམ། ཝུང་ཡན་སྲང་ལམ། པེ་ཧྲི་སྲང་ལམ། ཧྲི་ཧྥན་སྲང་ལམ། ཐེན་ཁྲེང་སྲང་ལམ་བཅས་སྲང་ལམ8ཡོད་པ་རེད། ལིའུ་ཧྲི་གྲོང་རྡལ་དང་། པེ་པའེ་ཞང་གྲོང་རྡལ། ཧུང་ཆའོ་གྲོང་རྡལ། ཕེན་ཧྲི་གྲོང་རྡལ། ཏན་ཞི་གྲོང་རྡལ། ཕུའུ་ཆི་གྲོང་རྡལ། ནན་ཡུའེ་གྲོང་རྡལ། ཆིང་ཅང་གྲོང་རྡལ། ནན་ཐང་གྲོང་རྡལ། ཧྥུའུ་རུང་གྲོང་རྡལ། ཡན་ཅིང་གྲོང་རྡལ། ཧུའུ་ཝུའུ་གྲོང་རྡལ། ཞན་ཞི་གྲོང་རྡལ་བཅས་གྲོང་རྡལ14དང་། ལིང་ཏེ་ཡུལ་ཚོདང་། ཀྲི་རེན་ཡུལ་ཚོ། ལུང་ཞི་ཡུལ་ཚོབཅས་ཡུལ་ཚོ3བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཡུའེ་ཆིང་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་གནས་ཤིང་། ཝུན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་ཁུལ་དུ་གཏོགས་པ་དང་། ས་ཁམས་ཀྱི་གནས་ཚད་ནི་འཕྲེད་ཐིག་བྱང་མའི 28°07′དང་ཤར་གྱི་གཞུང་ཐིག120°57′ན་གནས་ཡོད།  ཤར་དུ་ལེ་ཆིན་མཚོ་ཁུག་དང་། ལྷོ་རུ་ཨོ་ཅང་གཙང་པོ་དང་འབྲེལ་ཡོད།     ཤར་རྒྱ་མཚོའི་ཤར་ངོས་ཀྱི་ཡུའེ་ཆིང་མཚོ་ཁུག་དང་ཡུས་ཧོན་རྫོང་དང་ཁ་སྤྲོད་དུ་ཡོད་པ་དང་། བྱང་ཤར་ནས་ཧུའུ་ཝུའུ་གྲོང་རྡལ་གྱི་བྱང་ངོས་ཀྱི་དབྱང་ཅའོ་ཏུང་ལ་ཐུག་ཅིང་། ཝུན་ལིན་གྲོང་ཁྱེར་དང་ས་མཚམས་བཅད་ནས་ཝུན་ཀྲོའུ་གྲོང་ཁུལ་དང་ཕན་ཚུན་ཁ་སྤྲོད་དུ་ཡོད།

3_2 ས་དབྱིབས།

ལི་ཆིང་གི་ས་དབྱིབས་ནི་ཀྲེ་ཅང་ལྷོ་རྒྱུད་ཀྱི་རི་ཁུལ་དང་མཚོ་རྒྱུད་ཀྱི་དེའུ་འབུར་ཡིན་པ་དང་། ཤར་ལྷོའི་རྒྱུད་ནི་མཚོ་རྒྱུད་ཀྱི་བདེ་ཐང་ཡིན་ལ། ས་བབ་ཁོད་སྙོམས་པ་དང་ཆུ་བོའི་དྲ་བ་བསྣོལ་མར་གནས་ཡོད།

3_3 ནམ་ཟླ།

ལི་ཆིང་གི་གནམ་གཤིས་དྲོ་ཞིང་། ཚ་ཁུལ་ཕལ་བའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ལོ་ཧྲིལ་པོའི་དུས་བཞི་གསལ་བ་དང་། དྲོད་འཇམ་ཞིང་བཞའ་ཚན་ཆེ་བ། ཆར་ཆུ་འབེལ་བ། དབྱར་ཁར་ཚ་གདུག་མེད་པ། དགུན་ཁར་གྲང་ངར་མེད་པ། སད་མེད་དུས་རིང་བ། ཉི་འོད་ཕོག་ན་འཚམ་པོ་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད17.7℃ཡིན་པ་དང་། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི1507ཟིན་པ་དང་། ལོ་ཧྲིལ་པོར་སད་མེད་དུས་ཉིན258ཡིན།

4 མི་འབོར།

ཡུའེ་ཆིང་གྲོང་ཁྱེར་གྱི2012ལོའི་ལོ་མཇུག་ཏུ་ཐེམ་ཐོའི་དུད་ཚང་ཁྲི36.98ཟིན་པ་དང་ཐེམ་ཐོའི་མི་འབོར་ཁྲི127.16ཟིན་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི11.76ཡོད་པ་རེད། ཐོ་འགོད་བྱས་པའི་སྡོད་དམངས་གསར་པའི་མི་གྲངས་ཁྲི70.65ཟིན་ཡོད། གྲོང་ཁྱེར་གྱི་མི་འབོར་དང་འཆར་ལྡན་བུ་བཙའི་བསྡོམས་རྩིས་ཀྱི་ལོ་འཁོར་སྙན་ཞུ་ལྟར་ན། གསར་སྐྱེས་མི་འབོར་ཁྲི1.78(དེའི་ནང་ལོ་དེའི་མི་འབོར་ཁྲི1.71)ཡོད་པ་དང་། ཤི་རྨས་མི་འབོར7802ཡོད་པ། སྐྱེས་ཚད14.07‰དང་། ཤི་ཚད6.16‰ རང་བཞིན་གྱིས་འཕར་ཚད7.91‰བཅས་ཡོད།     སྤྱི་ལོ2017ལོའི་ལོ་མཇུག་ཏུ། ཐེམ་ཐོའི་དུད་ཚང་ཁྲི37.62ཟིན་པ་དང་ཐེམ་ཐོའི་མི་འབོར་ཁྲི130.32ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི53.05ཟིན་ཡོད། ཐོ་འགོད་བྱས་པའི་སྡོད་དམངས་གསར་པའི་མི་གྲངས་ཁྲི55.39ཟིན་ཡོད། དཔེ་འཐེན་གྲངས་གཞི་ལས་མངོན་པར་གཞིགས་ན། སྤྱི་ལོ2017ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི141.41ཡོད་པ་རེད།

5 ཆབ་སྲིད།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཧྥང་ཧུའེ།

6 དཔལ་འབྱོར།

སྤྱི་ལོ1993ལོ་ནས་བཟུང་ཡུའེ་ཆིང་ཕྱོགས་བསྡུས་སྟོབས་ཆེའི་རྫོང(གྲོང་ཁྱེར)བརྒྱ་ཡི་གྲས་སུ་ཚུད་ཡོད། སྤྱི་ལོ2004ལོར་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར252.5ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15945ཟིན་པ་རེེད། མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ40.1ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར7547ཟིན་པ་རེད། མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ41.8ཟིན་པ་དང། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དེ་ཀྲུང་གོ་སྲིད་གཞུང་གིས་བཏོན་པའི“འབྱོར་འབྲིང་”གི་འཚོ་བའི་ཚད་གཞིར་སླེབས་ཡོད།          ལིའུ་གྲོང་ཁྱེར་དམའ་གནོན་གློག་ཆས་དང་འཇའ་ཟམ་གློག་རྡུལ་ལྷུ་ལག་ཆེ་གྲས་ཆེད་ལས་ཁྲོམ་ར་སོ་སོར་“ཀྲུང་གོའི་གློག་ཆས་གྲོང་ཁྱེར”དང“གློག་རྡུལ་ལྷུ་ལག་རྟེན་གཞི”ཞེས་བརྗོད་ཀྱི་ཡོད། ཡུའེ་ཆིང་གྲོང་ཁྱེར་དུ་ད་ཆ་མི་ཁྲི40ལྷག་ཙམ་གྱིས་རྒྱལ་ཡོངས་ས་གནས་ཁག་ཏུ་ཚོང་ལས་གཉེར་བ་དང་། ཁེ་ལས་གཉེར་བ། ཁྲོམ་ར་སྐྲུན་པ་བཅས་བྱས་ནས་རྒྱལ་ཡོངས་སུ་ཁྱབ་པའི་ཁྲོམ་རའི་ཆ་འཕྲིན་དྲ་བ་དང་ཡུའེ་ཆིང་ཐོན་རྫས་གཉེར་ཚོང་དྲ་རྒྱ་བཙུགས་ཡོད།

སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར947.45ཟིན་པ་དེ་ལོ་སྔོན་མ་ལས9.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར21.50ཟིན་ནས3.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར416.88ཟིན་ནས7.1%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར509.06ཟིན་ནས11.5%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་(ཐེམ་ཐོའི་མི་འབོར་ལྟར་བརྩིས་པ་)སྒོར72905ཡིན་ཞིང་། ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར10798ཡིན་ཏེ10.2%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་ནི་སྤྱི2016ལོའི2.5:48.4:49.1ནས2.3:44.0:53.7བར་ལེགས་སྒྲིག་བྱས་ཏེ་ཐོན་ལས་གསུམ་པའི་བསྡུར་ཚད50%ལས་ཐོག་མར་བརྒལ་ཡོད་པ་རེད།

7 སྤྱི་ཚོགས།
7_1 སློབ་གསོ།

སྤྱི་ལོ2012ལོར། ཡུའེ་ཆིང་གྲོང་ཁྱེར་གྱི་ནོར་སྲིད་ནས་སློབ་གསོར་མ་དངུལ་སྒོར་དུང་ཕྱུ་16.35བཏང་བ་དེ་ལོ་སྔོན་མ་ལས4.33%འཕར་ཡོད། ལོ་མཇུག་ཏུ་མཐོ་རིམ་སློབ་འབྲིང་དཀྱུས་མ17དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི2.12 ཆེད་བསྐོས་དགེ་རྒན་1599བཅས་ཡོད། འབྲིང་རིམ་ལས་རིགས་སློབ་གྲྭ10ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི0.94ཡོད་པ་དང་། མཐོ་རྒྱུགས་དཀྱུས་མར་རྒྱུགས་འཕྲོད་ཚད82.3%ཟིན་ཡོད། དམའ་རིམ་སློབ་འབྲིང65ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི4.02ཟིན་པ་རེད། ལོ12ནས14བར་གྱི་དམའ་རིམ་འབྲིང་རིམ་སློབ་གསོའི་དུས་མཚམས་ཀྱི་སློབ་ལོ་ལོན་པའི་བྱིས་པ་དང་ལོ་ཆུང་སློབ་གྲྭར་ཞུགས་ཚད99.56%ཟིན་པ་རེད། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་བསྡུར་ཚད97.48%ཟིན། ཆེད་འགན་འཁུར་བའི་དགེ་རྒན3621ཡོད། སློབ་ཆུང88ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི10.06ཡོད་པ་རེེད། སློབ་ཆུང་དུ་སློབ་གྲྭར་ཞུགས་ཚད་99.99%ཟིན། སློབ་ཆུང་གི་ཆེད་བསྐོས་དགེ་རྒན5523ཡོད་པ་བཅས་རེད། བུ་བཅོལ་ཁང་220དང་བུ་བཅོལ་ཁང་དུ་བྱིས་པ་ཁྲི6.14ཡོད་པ་དང་། ལོ3ནས5བར་གྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད93%ཟིན་ཡོད། ཡུལ་མི་གསར་པའི་བུ་ཕྲུག་ཁྲི4.76ཡོད་པ་དང་སློབ་གྲྭར་ཞུགས་ཚད100%ཟིན་ཡོད་པ་རེད། ལོ་ཧྲིལ་པོར་སློབ་གསོའི་གཞི་རྩའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར5.14བཏང་ནས་འཛུགས་སྐྲུན་རྣམ་གྲངས་ཁག23ལེགས་གྲུབ་བྱུང་བ་དང་། སློབ་གྲྭའི་ཉལ་ཁང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི10.89གསར་སྐྲུན་བྱས་པ། སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་ཁྲི6.93ཟིན་པ་བཅས་རེད།

7_2 སྨན་བཅོས།

སྤྱི་ལོ2012ལོར།གྲོང་ཁྱེར་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས1074ཡོད་པ་དང་། སྨན་ཁང་དང་འཕྲོད་བསྟེན་ཁང51ཡོད་པའི་ནང་ཏ་ཅིན་གྲོང་རྡལ་གྱི་ལྟེ་བའི་འཕྲོད་བསྟེན་ཁང་དང་པའེ་པའེ་ཤང་ལྟེ་བའི་འཕྲོད་བསྟེན་ཁང་ཝུན་ཀྲོའུ་གྲོང་ཁྱེར་གྱི་རིམ་པ་གཉིས་པའི་སྨན་ཁང་ཁ་པ་སོགས་ཀྱི་ཞིབ་དཔྱད་ལམ་ལྷོངས་བྱུང་བ་དང་། ལོ་མཇུག་ཏུ་སྨན་བཅོས་ཉལ་ཁྲི2963ཡོད་པའི་ནང་སྨན་ཁང2418དང་འཕྲོད་བསྟེན་ཁང545ཡོད། ཝུན་ཀྲོའུ་གྲོང་ཁྱེར15ཡི་དཔེ་སྟོན་ཅན་གྱི་གྲོང་གསེབ་སྡེ་ཁུལ་གསར་པའི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་དང་ཞིང་ཆེན་རིམ་པའི་ཚད་ལྡན་ཅན་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས4བདེ་བླག་ངང་བསྐྲུན་པ་རེད། ཞིང་ཆེན་རིམ་པའི་འཚོ་བའི་འཐུང་ཆུའི་སྤུས་ཚད་འཕྲོད་བསྟེན་དོ་དམ་དཔེ་སྟོན་རྫོང་གི་དཔྱད་ཞིབ་དང་ཞིང་ཆེན་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་གྱི་བསྐྱར་དཔྱད་བརྒྱུད་ཐུབ་པ་བྱུང་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་འཕྲོད་བསྟེན་ལག་རྩལ་མི་སྣ5746ཡོད་པ་དེའི་ནང་སྨན་པ3049དང་། ཐོ་བཀོད་ནད་གཡོག1718ཡོད། མ་བུ་འཕྲོད་སྦྱོར་ལས་དོན་སྔར་བས་ཆེ་རུ་ཕྱིན་ནས་སྦྲུམ་མ་ཤི་ཚད་ཁྲི9.51/10ཡིན་པ་དང་། ཕྲུ་གུ་དམར་འབྱར་ཤི་ཚད་དང་ལོ་5མན་གྱི་བྱིས་པ་ཤི་ཚད་ཀྱིས་སོ་སོར3.68%དང4.4‰ཟིན་ཡོད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ6པར། ཡུའེ་ཆིང་གྲོང་ཁྱེར་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་ཞེས་མིང་བཏགས་པ་རེད། རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྟོབས་ལྡན་རྫོང་གི་བཟོ་སྐྲུན་དཔེ་སྟོན་རྫོང(ཆུས)ཡིན།     སྤྱི་ལོ2018ལོའི་ཟླ12པར། རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེན་པོ100དང་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེན་པོ་100ཡི་ནང་ཚུད་པ་དང་། སྤྱི་ལོ2018ལོའི་ཀྲུང་གོའི་སྐམ་ས་ཆེ་མོའི་ཚོང་ལས་གྲོང་ཁྱེར་རྩེ་གྲ100དང་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་རྩེ་གྲ30ནང་ཚུད་ཡོད་པ་རེད།     སྤྱི་ལོ2019ལོའི་ཟླ10པའི་ཚེས8ཉིན། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཆེའི་རྫོང་དང་གྲོང་ཁྱེར་བརྒྱ་རུ་བདམས་པ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱ་རུ་བདམས།    

སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་སྟོབས་ལྡན་རྫོང་བརྒྱ།     ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཚད་གཞི་ལོན་པའི་རྫོང(ཆུས)ཁག་གཉིས་པ།     རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་བཏང་ནས་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་ཚན་པ་བཅས་སུ་བདམས་མྱོང་བ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-03

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།