སྤྱི་ལོ2020ལོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ2020ལོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད།
སྤྱི་ལོ2019ལོའི་ཟླ12པ་ནས་བཟུང་། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱིས་ཆམ་རིམས་དང་དེ་བཞིན་འབྲེལ་ཡོད་ནད་ཡམས་ལ་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་བྱས་པ་དང་། ནད་དུག་རང་བཞིན་གྱི་གློ་ཚད་ཀྱི་ནད་རྟགས་མང་པོ་ཐོན་ཡོད་པ་དེ་དག་ཚང་མ་ནད་དུག་རང་བཞིན་གྱི་གློ་ཚད་དང་གློ་བའི་འགོས་ནད་ལ་ངོས་འཛིན་བྱེད་ཀྱིན་ཡོད། སྤྱི་ལོ2020ལོའི་ཟླ1པོའི་ཚེས20ཉིན་ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་བཞག་ནས་རིམས་ནད་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པར་ནན་བཤད་གནང་བ་རེད། སྤྱི་ལོ2020ལོའི་ཟླ1པོའི་ཚེས27ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་འགན་འཁུར་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་ཝུའུ་ཧན་དུ་ཕེབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་ཞིང་། ནད་པ་དང་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣར་འཚམས་འདྲི་ཞུས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
2020年新型冠状病毒疫情
བྱུང་སའི་ས་གནས།
ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར།
དུས་ཚོད།
སྤྱི་ལོ2019ལོའི་ཟླ12པ།
འབྱུང་རྐྱེན་ནད་དུག
སྤྱི་ལོ2019ལོའི་གསར་བྱུང་ཏོག་དབྱིབས་ནད་དུག
དཀར་ཆག
1   ​ངོ་སྤྲོད།
2   རིམས་ནད་བྱུང་ཚུལ་ཐག་གཅོད།
2.1 ནད་གདོད་བཤེར་འཇལ།
3   WHOདོ་ཁུར།
3.1 PHEICགྲུབ་མེད། 
3.2 PHEICགྲུབ་པ།
3.3 ཝུའུ་ཧན་ལ་རྟོག་ཞིབ་བྱས་པ།
4   རིམས་ནད་སྔོན་འགོག་དང་ཚོད་འཛིན།
4.1 གཞུང་ཕྱོགས་ཀྱི་ལས་ཀ
5   སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི།
6   སྔོན་འགོག་ཚོད་འཛིན་དཔུང་ཁག
7   དངོས་རྫས་བཀོད་སྒྲིག
8   སྨན་རྫས་ཞིབ་འཇུག
9   རྒྱལ་ནང་གི་སྔོན་འགོག་ཚོད་འཛིན།
9.1  ཧུའུ་པེ་ཞིང་ཆེན། 
9.2 ཀོང་ཏུང་ཞིང་ཆེན།
9.3  པེ་ཅིན་གྲོང་ཁྱེར།
9.4 རྒྱལ་ཁབ་སྦྲག་སྲིད་ཅུའུ།
9.5 ཁྲུང་ཆིང་གྲོང་ཁྱེར།
9.6 ནང་སོག
9.7 འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག 
10   ཕྱི་རྒྱལ་གྱི་སྔོན་འགོག་ཚོད་འཛིན།
10.1 འཛམ་གླིང་འཕྲོད་བསྟེན་རྩ་འཛུགས།
10.2 ཨ་རི། 
11   རྩིས་ཞུ་སྲིད་ཇུས།
11.1 དམིགས་བསལ་གྱི་རྩིས་ཞུ་བྱེད་པའི་སྲིད་ཇུས། 
11.2 གཏོང་སྤྲོད་སྲིད་ཇུས་ཀྱི་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས། 
12   འགོ་ཁྲིད་པའི་མཛུབ་སྟོན།
12.1 ཀྲུའུ་ཞིའི་མཛུབ་སྟོན།
12.2 ཙུང་ལིའི་བཀའ་མཆན།
13   ཁྲིམས་འགལ་ཐེར་འདོན།
1 ​ངོ་སྤྲོད།

སྤྱི་ལོ2019ལོའི་ཟླ12པ་ནས་བཟུང་། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱིས་ཆམ་རིམས་དང་དེ་བཞིན་འབྲེལ་ཡོད་ནད་ཡམས་ལ་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་བྱས་པ་དང་། ནད་དུག་རང་བཞིན་གྱི་གློ་ཚད་ཀྱི་ནད་རྟགས་མང་པོ་ཐོན་ཡོད་པ་དེ་དག་ཚང་མ་ནད་དུག་རང་བཞིན་གྱི་གློ་ཚད་དང་གློ་བའི་འགོས་ནད་ལ་ངོས་འཛིན་བྱེད་ཀྱིན་ཡོད།

སྤྱི་ལོ2020ལོའི་ཟླ1པོའི་ཚེས20ཉིན་ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་རིམས་ནད་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པར་ནན་བཤད་གནང་བ་རེད། སྤྱི་ལོ2020ལོའི་ཟླ1པོའི་ཚེས27ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་འགན་འཁུར་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་ཝུའུ་ཧན་དུ་ཕེབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་ཞིང་། ནད་པ་དང་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣར་འཚམས་འདྲི་ཞུས་པ་རེད།

སྤྱི་ལོ2020ལོའི་ཟླ1པོའི་ཚེས30ཉིན་གྱི་དགོང་མོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱིས་ཏོག་དབྱིབས་ནད་དུག་གསར་བ་དེ་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་བཞིན་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན(PHEIC)ཀྱི་གྲས་སུ་འཇོག་རྒྱུར་ཁྱབ་བསྒྲགས་བྱས་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ2པའི་ཚེས4ཉིན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཡོད་པའི་ནད་པ་ནི་མིག་སྔར“གོ་ལ་ཧྲིལ་པོའི་རིམས་ནད” མིན་པར་བཤད།

སྤྱི་ལོ2020ལོའི་ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད24བར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྙན་ཞུར་གཞིགས་ན། ད་ཡོད་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ49824(དེའི་ནང་ཚབས་ལྕིའི་ནད་གཞི9915)ཡོད་པ་དང་། རིམ་རྩིས་བྱས་ན་སྨན་ཁང་ནས་བུད་པའི་ནད་དཔེ24734དྲག་པ་དང་། ཤི་བའི་ནད་དཔེ2592ཟིན་པ། ནད་དཔེ་གཏན་འཁེལ་བྱས་པའི་ནད་དཔེ77150(ཧུའུ་པེ་ཞིང་ཆེན་གྱིས་བསྐྱར་བཤེར་བྱས་པའི་ནད་དཔེ195)ཡོད་པ་དང་། ད་ཡོད་ཀྱི་ནད་དཔེ3434ཡོད། རིམ་རྩིས་བྱས་ན་འབྲེལ་ཐུག་དམ་ཟབ་ཡོད་མཁན་རྩ་འདེད་བྱེད་པ635531ཡོད། ད་དུང་གསོ་རིག་ལྟ་ཞིབ་ཀྱི་འབྲེལ་ཐུག་དམ་ཟབ་ཡོད་མཁན་རྩ་འདེད་བྱེད་པ97481ཡོད། རིམ་རྩིས་བྱས་ན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་གྱི་བརྡ་ཁྱབ་འབྱོར་ནས་གཏན་འཁེལ་བྱུང་བའི་ནད་དཔེ112ཡོད་པ་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ནད་དཔེ74(སྨན་ཁང་ནས་བུད་པའི་ནད་དཔེ12དང་ཤི་བའི་ནད་དཔེ2)དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ནད་དཔེ10(སྨན་ཁང་ནས་བུད་པའི་ནད་དཔེ6)ཐའེ་དབན་ས་ཁུལ་གྱི་ནད་དཔེ28(སྨན་ཁང་ནས་བུད་པའི་ནད་དཔེ5དང་ཤི་བའི་ནད་དཔེ1)བཅས་རེད།

2 རིམས་ནད་བྱུང་ཚུལ་ཐག་གཅོད།
2_1 ནད་གདོད་བཤེར་འཇལ།

སྤྱི་ལོ2019ལོའི་ཟླ12པའི་ཚེས31ཉིན་གྱི་སྔ་དྲོ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པའི་ཚོགས་ཆུང་ཝུའུ་ཧན་དུ་འབྱོར་ནས་འབྲེལ་ཡོད་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་སྤེལ་བ་རེད། བརྟག་དཔྱད་ལས་ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་དེའི་གློ་ཚད་ཀྱི་ནད་དཔེ་མང་ཆེ་བ་ནི་ཧྭ་ནན་མཚོ་ཟས་ཚོང་རའི་གཉེར་སྐྱོང་དུད་ཚང་ཞིག་ཡིན་ཟེར།

སྤྱི་ལོ2020ལོའི་ཟླ1པོའི་ཚེས1ཉིན། གཅིག་ནི་ཧྭ་ནན་མཚོ་ཟས་སྡེབ་ཚོང་ཁྲོམ་རར་ཚོང་མཚམས་འཇོག་པའི་བྱེད་ཐབས་སྤྱད་པ་དང་། གཉིས་ནི་ཝུའུ་ཧན་གྲོང་ཁྱེར་གྱི་སྤྱི་བའི་འདུ་གནས་དང་ལྷག་པར་དུ་ཞིང་ལས་ཉོ་ཚོང་ཁྲོམ་རས་ནད་འགོག་མཛུབ་ཁྲིད་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད། གསུམ་ནི་ནད་འགོག་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ་སྤྱི་དམངས་ཀྱི་རང་སྲུང་འདུ་ཤེས་གཏིང་ཇེ་ཟབ་ཏུ་གཏོང་བ། བཞི་ནི་རྒྱལ་ཁབ་དང་ཞིང་ཆེན་ལ་གཞོགས་འདེགས་བྱས་ཏེ་ནད་གདོད་རིག་པའི་ཞིབ་འཇུག་བྱེད་དགོས། ལྔ་ནི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ཏེ་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ལ་རིམས་ནད་ཀྱི་ཆ་འཕྲིན་བརྡ་ཁྱབ་གཏོང་དགོས།

སྤྱི་ལོ2020ལོའི་ཟླ1པོའི་ཚེས5ཉིན་གྱི་དགོང་མོ་ཝུའུ་ཧན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ནད་ཡམས་རིག་པའི་བརྟག་དཔྱད་ལས་མངོན་པར་གཞིགས་ན། ནད་པ་ཁག་གཅིག་ནི་ཝུའུ་ཧན་གྲོང་ཁྱེར་ཧྭ་ནན་མཚོ་ཟས་སྡེབ་འཚོང་ཁྲོམ་རའི་གཉེར་སྐྱོང་དུད་ཚང་ཡིན་པ་དང་། ཐོག་མའི་བརྟག་དཔྱད་ལས་མངོན་པར་གཞིགས་ན། མི་ཕན་ཚན་བར་བརྒྱུད་མཁན་གྱི་དཔང་རྟགས་གསལ་པོ་མེད་པ་དང་སྨན་དོན་མི་སྣར་འགོས་མེད་པ་རེད། ཆམ་རིམས་དང་བྱའི་ཆམ་རིམས། རྨེན་བུའི་ནད་དུག་འགོས་གཤིས་ཀྱི་ས་སི་གློ་ཚད་དང་དབུས་ཤར་གྱི་དབུགས་ལམ་རྟགས་འདུསMERSསོགས་དབུགས་ལམ་གྱི་ནད་རྐྱེན་སེལ་ཡོད། ནད་གཞིའི་གསལ་འབྱེད་དང་ནད་རྒྱུ་ཁུངས་འདེད་ཀྱི་བྱ་བ་ད་དུང་མུ་མཐུད་དུ་སྤེལ་བཞིན་ཡོད། སྤྱི་ལོ2020ལོའི་ཟླ1པོའི་ཚེས7ཉིན་གྱི་ཆུ་ཚོད21གི་སྟེང་ཚོད་ལྟ་ཁང་གིས་ནད་གདོད་ཉིང་སྐྱུར་བཤེར་འཇལ་བྱས་ནས་ནད་དུག་དེའི་རྒྱུད་རྒྱུ་གྲུབ་ཆའི་རིམ་སྟར་ཐོབ། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་བྱ་ཐབས་བརྒྱུད་ཏོག་དབྱིབས་ནད་དུག་གསར་པ་གདགས་གཤིས་ཀྱི་འབྲས་བུ་གསར་པ15ཞིབ་བཤེར་ཐུབ། གདགས་གཤིས་ནད་པའི་མ་དཔེ་གཅིག་ལས་ནད་དུག་དེ་ལོགས་སུ་དབྱེ་ནས་ཐོན་པ་དང་། གློག་ཤེལ་འོག་ཏོག་དབྱིབས་ནད་དུག་གི་དཔེ་མཚོན་ཞིག་མངོན་ཡོད། ཆེད་མཁས་པའི་ཚོགས་ཆུང་གིས་ད་ཐེངས་ཀྱི་རྒྱུ་རྐྱེན་གསལ་པོ་མེད་པའི་ནད་དུག་རང་བཞིན་གྱི་གློ་ཚད་ཀྱི་ནད་སློང་དུག་གཞི་ནི་ཏོག་དབྱིབས་ནད་དུག་གསར་བར་ངོས་བཟུང་ནས་གཏན་འཁེལ་བྱས།

སྤྱི་ལོ2020ལོའི་ཟླ1པོའི་ཚེས10ཉིན་གྱི་ཆུ་ཚོད24ཡི་སྟེང་ནད་གཞིའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་ཡོད། རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཆེད་མཁས་པའི་ཚོགས་ཆུང་གིས་སྨན་ཁང་དུ་ལྟ་ཞིབ་དང་སྨན་བཅོས་བྱས་པའི་ནད་པའི་ནད་ཐོག་སྨན་བཅོས་ཀྱི་མངོན་ཚུལ་དང་། རིམས་ནད་རིག་པའི་ལོ་རྒྱུས། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་མཇུག་འབྲས་སོགས་ལ་ཕྱོགས་བསྡུས་དཔྱད་གཅོད་བྱས་པ་དང་། ཏོག་དབྱིབས་ནད་དུག་གསར་པ་འགོས་ཡོད་པའི་ནད་དཔེ41ཐོག་མར་བརྟག་དཔྱད་བྱས་པའི་ནང་སྨན་ཁང་ནས་བུད་པའི་ནད་དཔེ2དང་། ནད་གཞི་ལྕི་མོའི་ནད་དཔེ7ཤི་བའི་ནད་དཔེ1བཅས་ཡོད་པ་དང་ནད་པ་གཞན་དག་གི་ནད་གཞི་རྒྱུན་ལྡན་ཡིན་པ་རེད། འབྲེལ་ཐུག་དམ་ཟབ་ཡོད་མཁན་རྩེད་འདེད་བྱེད་པ739ཡོད་པ་དང་། དེའི་ནང་སྨན་དོན་མི་སྣ419ཡོད། ཚང་མ་གསོ་རིག་གི་ལྟ་ཞིབ་དང་ལེན་བྱས་ནས་འབྲེལ་ཡོད་ཀྱི་ནད་དཔེ་མཐོང་མེད།      སྤྱི་ལོ2020ལོའི་ཟླ2པའི་ཚེས12ཉིན་ཀྲུང་གོ་ཚན་རིག་ཁང་ཞིས་ཧྲོང་པན་ན་ཚ་ཁུལ་སྐྱེ་དངོས་གླིང་གིས་ཧྭ་ནན་ཞིང་ལས་སློབ་ཆེན་དང་པེ་ཅིང་ཀླད་ཚན་ལྟེ་གནས་ཀྱི་ཚན་ཞིབ་མི་སྣ་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཁག་ཏུ་GISAIDEpiFluTMཡི་གྲངས་གཞིའི་མཛོད་ནང་གླིང་ཆེན་བཞིའི་རྒྱལ་ཁབ12ཀྱི་ཏོག་དབྱིབས་ནད་དུག་གི་མ་དཔེ་གསར་པ93ཁྱབ་པའི་གཞི་རྒྱུའི་ཚོགས་པའི་གྲངས་གཞི་བསྡུ་ལེན་བྱས་པ་དང་། རྒྱུད་རྒྱུ་ཚོགས་ཆུང་གི་གྲངས་གཞིར་དབྱེ་ཞིབ་བྱས་པ་བརྒྱུད་འགོ་ཁུངས་ཁུངས་འདེད་དང་ཁྱབ་འགྱེད་ཀྱི་ཐབས་ལམ་སྤྱད་ཡོད་པ་རེད། ཞིབ་འཇུག་བྱས་འབྲས་ལས་ཤེས་རྟོགས་བྱུང་བར། ཏོག་གསར་གློ་ཚད་ནི་ཝུའུ་ཧན་ཧྭ་ནན་མཚོ་ཟས་ཁྲོམ་ར་ནས་ཐོན་པའི་ངེས་པ་མེད་པར་བཤད།

3 WHOདོ་ཁུར།
3_1 PHEICགྲུབ་མེད། 

སྤྱི་ལོ2020ལོའི་ཟླ1པོའི་ཚེས23ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་དེ་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན(PHEIC)ཆགས་མེད་པ་ཁྱབ་བསྒྲགས་བྱས་པ་རེད།

3_2 PHEICགྲུབ་པ།

སྤྱི་ལོ2020ལོའི་ཟླ1པོའི་ཚེས30ཉིན་གྱི་དགོང་མོ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱིས་ཏོག་དབྱིབས་ནད་དུག་གསར་བ་དེ་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན(PHEIC) དུ་བརྩི་རྒྱུར་ཁྱབ་བསྒྲགས་བྱས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏེ་སའེ་ཡིས་གཙོ་བོ་ཀྲུང་གོའི་ནད་པ་མང་དུ་ཕྱིན་པ་དང་རྒྱལ་ཁབ་མང་པོར་རིམས་ནད་ཐོན་པའི་དོན་དངོས་གཉིས་ལ་གཞིགས་ནས་ཏོག་དབྱིབས་ནད་དུག་གསར་བ་དེ་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་གི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་དུ་བརྩི་རྒྱུའི་ཁྱབ་བསྒྲགས་བྱས།

3_3 ཝུའུ་ཧན་ལ་རྟོག་ཞིབ་བྱས་པ།

སྤྱི་ལོ2020ལོའི་ཟླ2པའི་ཚེས22ནས23ཉིན་བར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ—འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མཉམ་འབྲེལ་ཆེད་མཁས་པའི་རྟོག་ཞིབ་ཚོགས་ཆུང་ཧུའུ་པེ་ཞིང་ཆེན་གྱིས་ཡུལ་དངོས་ནས་བརྟག་ཞིབ་བྱས་པ་རེད། རྟོག་ཞིབ་ཚོགས་ཆུང་གིས་ཐུང་ཅི་སྨན་ཁང་དང་ཝུའུ་ཧན་ལུས་རྩལ་ལྟེ་གནས་ཀྱི་སྒྲོམ་ཚང་སྨན་ཁང་དུ་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ནད་ཡམས་ཚོད་འཛིན་ལྟེ་གནས་སུ་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་སྲོག་སྐྱོབ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་མ་ཟད། ཞིང་ཆེན་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་དང་ཆེད་མཁས་པར་བསམ་བློ་བརྗེ་རེས་ཀྱང་བྱས།

4 རིམས་ནད་སྔོན་འགོག་དང་ཚོད་འཛིན།
4_1 གཞུང་ཕྱོགས་ཀྱི་ལས་ཀ
4_1_1 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་སྒྲིག་འཛུགས་ཀྱི་ཚོགས་འདུ།

སྤྱི་ལོ2020ལོའི་ཟླ1པོའི་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་སྒྲིག་འཛུགས་ཀྱིས་ཚོགས་འདུ་འཚོགས་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཏོག་གསར་གློ་ཚད་ནད་པར་ཐག་གཅོད་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ས་གནས་ཀྱིས་རིམས་ནད་ལ་ཐག་གཅོད་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་པ་རེད། ཧུའུ་པེ་ཞིང་ཆེན་སོགས་འབྲེལ་ཡོད་ས་གནས་ཀྱིས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་མཐའ་གཅིག་ཏུ་ཡག་པོ་བསྒྲུབ་དགོས་པའི་བླངས་བྱ་བཏོན།

4_1_2 མཐོ་རིམ་ཆེད་མཁས་པས་གསར་འགོད་པའི་དྲི་བར་ལན་བཏབ་པ།

སྤྱི་ལོ2020ལོའི་ཟླ1པོའི་ཚེས20ཉིན“ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད”ཀྱི་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་གནས་ཚུལ་ལ་དམིགས་ནས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་ཆེད་མཁས་པའི་ཚོགས་ཆུང་གི་ཙུའུ་ཀྲང་ཀྲུང་ནན་ཧྲན་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་ཆེད་མཁས་པའི་ཚོགས་ཆུང་གི་ཁོངས་མི་ཀའོ་ཧྥུའུ་དང་། ལི་ལན་ཅོན། ཡོན་གོ་ཡུང་། ཙེང་ཀོང་སོགས་ཀྱིས་སྤྱི་དམངས་ཀྱིས་དོ་ཁུར་བྱེད་བཞིན་པའི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བཏབ།

4_1_3 ཆེད་མཁས་པའི་ཚོགས་ཆུང་ཝུའུ་ཧན་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་པར་བསྐྱོད་པ།

སྤྱི་ལོ2020ལོའི་ཟླ1པོའི་ཚེས20ནས21ཉིན་བར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཆེད་མཁས་པ་ཚོགས་ཆུང་ཝུའུ་ཧན་གྲོང་ཁྱེར་དུ་ཡུལ་དངོས་རྟོག་ཞིབ་བྱེད་པར་བཏང་། ཝུའུ་ཧན་དུ་བསྡད་པའི་དུས་སྐབས་སུ་ཆེད་མཁས་པ་ཚོགས་ཆུང་གིས་ཝུའུ་ཧན་ཐན་ཧོ་གནམ་ཐང་དང་འགག་སྒོའི་རྒྱལ་མཚམས་ནས་ཐོན་པའི་ལུས་དྲོད་ཞིབ་དཔྱད་ཚད་ལེན་ལས་དོན་ལ་རྟོག་ཞིབ་བྱས་པ་དང་ཝུའུ་ཧན་སློབ་ཆེན་ཀྲུང་ནན་སྨན་ཁང་དུ་བསྐྱོད་དེ་ཚ་རྒྱས་སྒོ་བསྟེན་སྨན་བཅོས་དང་། ཚགས་བཤེར། ཟུར་འཇོག་བསྡུ་ལེན་བཅོས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་རྒྱུས་ལོན་བྱས་པ་མ་ཟད། ཧུའུ་པེ་ཞིང་ཆེན་ནད་ཡམས་ཚོད་འཛིན་ལྟེ་གནས་ཚོད་ལྟ་ཁང་དུ་ལྟ་སྐོར་ཡང་བྱས་པ་རེད། ཕྱོགས་གཉིས་པོས་ནད་དུག་གི་འགོ་ནད་རང་བཞིན་དང་། ནད་གཞི་ཚབས་ཆེན་གྱི་ནད་དཔེ། འགོས་ཁུངས་སོགས་ཀྱི་གནད་དོན་ཐད་ལྷག་བསམ་ཟོལ་མེད་ངང་བསམ་བློ་སྤེལ་རེས་བྱས་ཏེ་རིམས་ནད་མཆེད་པའི་ཐབས་ལམ་བརྒྱུད་མི་དང་དེ་བཞིན་སྨན་དོན་མི་སྣར་འགོས་པ་གཏན་འཁེལ་བྱས་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཆ་འཕྲིན་རང་འགུལ་ངང་བརྡ་ཁྱབ་བཏང་བ་དང་། ནད་དུག་གི་གཞི་རྒྱུའི་རིམ་སྟར་མཉམ་སྤྱོད་བྱས། དེ་བཞིན་སྔོན་འགོག་ཚོད་འཛིན་དང་ནད་བརྟག་སྨན་བཅོས་སོགས་ལག་རྩལ་ཇུས་གཞི་དང་། ནད་བརྟག་ཚོད་རྫས་དང་འདྲེན་རྫས་སོགས་སྔར་བས་ལོངས་སུ་སྤྱོད་འདོད་ཡོད་པར་བསྔགས་བརྗོད་བྱས་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་ལག་རྩལ་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

4_1_4 གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་བྱས་པ།

སྤྱི་ལོ2020ལོའི་ཟླ1པོའི་ཚེས22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཆེད་མཁས་པས་ཞིབ་འཇུག་བརྡར་གཅོད་བྱས་པར་གཞིགས་ན། ནད་དཔེ་གཙོ་བོ་ཝུའུ་ཧན་དང་འབྲེལ་བ་ཡོད་པ་དང་། མི་ཕན་ཚུན་བར་དང་། ཁྱབ་ཁོངས་ངེས་ཅན་གྱི་སྡེ་ཁུལ་དུ་ཁྱབ་ཡོད་པ་བཅས་རེད། ཏོག་དབྱིབས་ནད་དུག་གསར་པའི་འགོ་ཁུངས་ད་དུང་རྙེད་མེད་པ་དང་། རིམས་ནད་ཁྱབ་ལམ་ད་དུང་རྙེད་མེད་པས། ནད་དུག་ལ་གཞན་འགྱུར་འབྱུང་སྲིད་པ་དང་། རིམས་ནད་སྔར་ལས་མཆེད་པའི་ཉེན་ཁ་ཆེ།

4_1_5 རིམས་ནད་སྔོན་འགོག་བྱ་བར་བཀོད་སྒྲིག་བྱས་པ།

སྤྱི་ལོ2020ལོའི་ཟླ1པོའི་ཚེས23ཉིན་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའུ་ཡིས་ཚེས22ཉིན་ཚོགས་འདུ་འཚོགས་ནས་གཙོ་གཉེར་སྡེ་ཚན་གྱིས་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་། རིམས་ནད་ལྟ་ཞིབ་ཚད་ལེན་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ནུས་ལྡན་བྱས་ཏེ་ཏོག་གསར་གློ་ཚད་མཆེད་ཚུལ་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཐེངས་འདིའི་གྲོས་ཚོགས་ཐོག་རིམ་པ་ཁག་གི་ནགས་ལས་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་ལ་བླང་བྱ་གསུམ་བཏོན།

གཅིག་ནི་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལས་དོན་ནན་ཏན་སྒོས་བསྒྲུབས་ཏེ། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་ཐད་གཏོང་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་རི་སྐྱེས་སྲོག་ཆགས་ཀྱི་རྒྱུན་ལྡན་མིན་པར་ཤི་བ། རིམས་ནད་ཐོན་ཚུལ་ལ་དོ་ཁུར་ནན་མོ་བྱེད། དུས་ཐོག་ཏུ་སྙན་ཞུ་སྤེལ་བ་བཅས་བྱེད་དགོས།

གཉིས་ནི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་ཚན་ཞིབ་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས།

གསུམ་ནས་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཁྲིམས་འཛིན་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་ནས་སྐྱེ་དངོས་བདེ་འཇགས་དང་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱེད་དགོས།

4_1_6 གཞུང་དོན་ཐིང་གིས་སྤྱི་ཚོགས་ཡོངས་ལ་བསམ་འཆར་བསྡུ་རུབ་བྱས་པ།

སྤྱི་ལོ2020ལོའི་ཟླ1པོའི་ཚེས24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཚེས24ཉིན་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“དྲ་སྦྲེལ+ལྟ་བཤེར”གྱི་སྟེགས་བུ་ནས་སྤྱི་ཚོགས་ཐོག་འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པ་དང་། སྔོན་འགོག་ཚོད་འཛིན་བྱེད་ཤུགས་མི་འདང་བ། ཁག་འགན་ནན་མོ་འཁུར་མེད་པ་སོགས་ཀྱི་གནད་དོན་གྱི་ཁུངས་སྣེ་བསྡུ་རུབ་བྱས་པ་དང་དེ་བཞིན་སྔོན་འགོག་ཚོད་འཛིན་ལས་དོན་ཇེ་ལེགས་སུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་དགོས་པའི་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།

མིག་སྔར་ཝུའུ་ཧན་གྲོང་ཁྱེར་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་གསར་པ་བཙུགས།

4_1_7 ཏང་ཀྲུང་དབྱང་གིས་རིམས་ནད་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ།

སྤྱི་ལོ2020ལོའི་ཟླ1པོའི་ཚེས25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྙན་ཞུ་ཆེད་མངགས་ཉན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལྷག་པར་དུ་ནད་པའི་སྨན་བཅོས་ལས་དོན་ལ་སླར་ཡང་ཞིབ་འཇུག་དང་། བཀོད་སྒྲིག སྐུལ་སློང་བཅས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གིས་རིམས་ནད་ལ་འགན་འཁུར་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། ཏང་ཀྲུང་དབྱང་གིས་ཧུའུ་པེ་སོགས་རིམས་ནད་ཚབས་ཆེན་ས་ཁུལ་དུ་མཛུབ་ཁྲིད་ཚོགས་ཆུང་བཏང་ནས་འབྲེལ་ཡོད་ས་གནས་ཀྱིས་ཕྱོགས་ཡོངས་ནས་སྔོན་འགོག་ཚོད་འཛིན་གྱི་འཐབས་དང་པོར་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

4_1_8 ཕྱི་དངུལ་སྲིད་ཇུས་ཀྱི་གེགས་མེད་རྒྱུ་ལམ་གསར་འཛུགས།

སྤྱི་ལོ2020ལོའི་ཟླ1པོའི་ཚེས28ཉིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་ཡག་པོ་བྱེད་པ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་ཕྱི་དངུལ་སྲིད་ཇུས་ཀྱི་གེགས་མེད་རྒྱུ་ལམ་གསར་འཛུགས་བྱས། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས《ཕྱི་དངུལ་སྲིད་ཇུས་ཀྱི་གེགས་མེད་རྒྱུ་ལམ་བཙུགས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་རྒྱབ་བསྐྱོར་བྱེད་པའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད།

4_1_9 “ཞིང་ཆེན་གཅིག་གིས་གྲོང་ཁྱེར་གཅིག་ལ་འགན་ལེན་བྱེད་པའི” རྣམ་པས་ཧུའུ་པེ་ལ་རོགས་སྐྱོར་བྱས།

སྤྱི་ལོ2020ལོའི་ཟླ2པའི་ཚེས7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། བསྡུ་བཅོས་བྱེད་ཚད་མང་དུ་གཏོང་བ། འགོས་ཚད་དམའ་རུ་གཏོང་བ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་སྲིད་དོ་དམ་ཅུས་ཀྱི་ལྟ་ཞིབ་མི་སྣ་ཀུའོ་ཡན་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཞིང་ཆེན16གིས་ཞིང་ཆེན་གཅིག་གིས་གྲོང་ཁྱེར་གཅིག་ལ་འགན་ལེན་བྱེད་པའི་རྣམ་པའི་ཐོག་ནས་ཧུའུ་པེའི་གྲོང་ཁྱེར་ཁག་ལ་སྨན་བཅོས་སྟོབས་ཤུགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན་པར་བཤད།

4_1_10 འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སྔོན་སྐྱོད་ཚོགས་ཆུང་པེ་ཅིན་དུ་འབྱོར་བ།

སྤྱི་ལོ2020ལོའི་ཟླ2པའི་ཚེས10ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སྔོན་སྐྱོད་ཚོགས་ཆུང་པེ་ཅིན་དུ་འབྱོར་ནས་ཀྲུང་གོ་ཕྱོགས་དང་རྟོག་ཞིབ་ཚོགས་ཆུང་གི་ཞིབ་ཕྲའི་བཀོད་སྒྲིག་ཐད་གྲོས་བསྡུར་བྱས།

5 སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་དོན་ཐིང་གིས་ས་གནས་ཁག་ལ་བརྡ་ཐོ་བཏང་བ་དང་འབྲེལ《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར)》དང《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཇུས་གཞི》《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་དཔེ་ལྟ་ཞིབ་ཚད་ལེན་ཇུས་གཞི》སོགས་ཏོག་དབྱིབས་ནད་དུག་གི་ནད་བརྟག་སྨན་བཅོས་དང་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་གསར་པ་མང་པོ་བཀྲམ་ནས་ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱས།

6 སྔོན་འགོག་ཚོད་འཛིན་དཔུང་ཁག

སྤྱི་ལོ2020ལོའི་ཟླ1པོའི་ཚེས25ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ནད་གཞི་ལྕི་མོ་ཕོག་པའི་ནད་པར་གསོ་རིག་ཆེད་མཁས་པ་མངགས་ནས་ནད་ཐོག་སྨན་བཅོས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་ཁྱོན་མི1230ཡོད་པའི་སྨན་བཅོས་སྲོག་སྐྱོབ་རུ་ཁག6བཙུགས་ནས་ཝུའུ་ཧན་དུ་རོགས་སྐྱོར་བྱས་པ་དང་དུས་མཚུངས་སུ་རུ་ཁག6བསྡུས་ནས་དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་ནས་བསྡད་ཡོད། ཧྲང་ཧའེ་དང་། ཀོང་ཏུང་། དམག་དཔུང་བཅས་ཀྱི་སྨན་བཅོས་རུ་ཁག3ཡིས་སྨན་དོན་མི་སྣའི་ཝུའུ་ཧན་དུ་ལས་དོན་སྤེལ་འགོ་ཚུགས་པ་རེད།

སྤྱི་ལོ2020ལོའི་ཟླ1པོའི་ཚེས26ཉིན་ཅིན་ཨུད་ཁོངས་གཏོགས་ཨུ་ཡོན་ལྷན་ཁང་གིས་དོ་དམ་སྨན་ཁང6གིས་བཙུགས་པའི་མི121གིས་ཧོའོ་པའེ་རིམས་ནད་འགོག་བཅོས་སྨན་བཅོས་རུ་ཁག་དང་ཀྲུང་ནན་སློབ་ཆེན་ཤང་ཡ་སྨན་ཁང་གི་ནད་སྐྱོང་ཆེད་མཁས་པའི་ཚོགས་ཆུང་ལྔ་བཙུགས།

7 དངོས་རྫས་བཀོད་སྒྲིག

སྤྱི་ལོ2020ལོའི་ཟླ1པོའི་ཚེས25ཉིན་བཟོ་ལས་ཆ་འཕྲིན་པུའུ་ཡིས་ཀྲུང་དབྱང་གི་གསོ་རིག་དང་སྨན་རྫས་གྲབས་གསོག་བྱས་པ་བརྒྱུད་ཝུའུ་ཧན་དུ་འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག་སྣ་ཚོགས་འཕྲལ་མར་བཀོད་སྒྲིག་བྱས་པ་རེད། ཀྲུང་དབྱང་གི་གསོ་རིག་གྲབས་གསོག་ནང་འགོག་སྲུང་གྱོན་ཆས་ཁྱོན་ཁྲི1.4དང་སྨན་སྤྱོད་ལག་ཤུབས་ཆ་ཁྲི11བཏང་། མཐུན་སྦྱོར་དང་ཛ་དྲག་ངང་ཉོ་སྒྲུབ་བྱས་པ་བརྒྱུད་ཝུའུ་ཧན་དུ་ཁ་བཏུམ་དངོས་ཟོག་སྣ་ཚོགས་ཁྲི300དང་། འགོག་སྲུང་ཞབས་ཞུའི་དངོས་ཟོག་ཁྲི10དང་མིག་སྲུང་ཤེལ2180བཅས་དོན་འཁྱོལ་བྱས་པ་རེད། སྤྱི་ལོ2020ལོའི་ཟླ2པའི་ཚེས3ཉིན་རིམ་ཁག་ནོར་སྲིད་ཀྱིས་རིམ་རྩིས་ལྟར་ན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར470སྤྲད།

8 སྨན་རྫས་ཞིབ་འཇུག

སྤྱི་ལོ2020ལོའི་ཟླ1པོའི་ཚེས26ཉིན་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་དུག་སུའུ་ཡིས་ཏོག་དབྱིབས་ནད་དུག་གསར་བའི་རིམས་འགོག་སྨན་ཁབ་གསར་པ་ཞིབ་འཇུག་གསར་སྤེལ་བྱེད་འགོ་ཚུགས་ནས་ནད་དུག་ལོགས་སུ་དགར་ཐུབ་པ་བྱུང་བ་དང་། ནད་དུག་གི་འབྱུང་གནས་འདེམས་བཞིན་པའི་པའི་སྒང་ཡིན། གཞན་ཡང་ཀྲུང་གོའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྨན་སྣ་འདེམས་བཞིན་ཡོད།

9 རྒྱལ་ནང་གི་སྔོན་འགོག་ཚོད་འཛིན།
9_1  ཧུའུ་པེ་ཞིང་ཆེན། 

སྤྱི་ལོ2020ལོའི་ཟླ1པོའི་ཚེས21ཉིན་ཝུའུ་ཧན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་ཡམས་ཁྱབ་ལམ་བཀག་འགོག་མཐའ་གཅིག་ཏུ་བྱ་ཆེད། ཝུའུ་ཧན་གྲོང་ཁྱེར་གྱིས་ཝུའུ་ཧན་ནས་འགྲོ་འོང་བྱེད་མཁན་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཝུའུ་ཧན་གྲོང་ཁྱེར་ཡུལ་སྐོར་ཚོགས་པས་ཚོགས་པ་སྒྲིག་འཛུགས་མ་བྱས་པར་ཕྱིར་བསྐྱོད་པ་དང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཝུའུ་ཧན་ནས་འགྲོ་འོང་བྱེད་མཁན་སྒེར་གྱི་རླངས་འཁོར་གྱི་རྗེས་གྲབས་སྒམ་དུ་ཁྱིམ་བྱ་གསོན་པོ་དང་རི་སྐྱེས་སྲོག་ཆགས་སོགས་འཁྱེར་ཡོད་མེད་ཞིབ་བཤེར་བྱས་པ་རེད། 

སྤྱི་ལོ2020ལོའི་ཟླ1པོའི་ཚེས22ཉིན་གྱི་ཆུ་ཚོད2དང་སྐར་མ40སྟེང《ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་བརྡ་ཁྱབ》ཁྱབ་བསྒྲགས་བྱས་ཤིང་། བརྡ་ཁྱབ་ནང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཏོག་དབྱིབས་ནད་དུག་གསར་པ་འགོས་པར་སྔོན་འགོག་ནུས་ལྡན་བྱས་ནས་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ནས་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གློ་བུར་དུ་ཐོན་པའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གྱི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་རྒྱུ་གཏན་འབེབས་བྱས་པ་རེད། 

སྤྱི་ལོ2020ལོའི་ཟླ1པོའི་ཚེས23ཉིན་གྱི་ཐོ་རེངས་སུ་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་སྤྱི་བསྒྲགས་སྤེལ་ནས་སྤྱི་ལོ2020ལོའི་ཟླ1པོའི་ཚེས23ཉིན་གྱི་ཆུ་ཚོད10པ་ནས་བཟུང་ཝུའུ་ཧན་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་། ས་འོག་ལྕགས་ལམ། གྲུ་གཟིངས། ཐག་རིང་འགྲུལ་སྐྱེལ་བཅས་གནས་སྐབས་ལས་གཉེར་བྱེད་མཚམས་བཞག་པ་དང་། དམིགས་བསལ་གྱི་རྒྱུ་རྐྱེན་མེད་ཚེ་གྲོང་མི་ཝུའུ་ཧན་ནས་ཁ་འབྲལ་མི་རུང་བ་དང་གནམ་ཐང་དང་མེ་འཁོར་བབས་ཚུགས་ཀྱི་ཧན་ནས་ཁ་བྲལ་སའི་བགྲོད་ལམ་གནས་སྐབས་སྒོ་རྒྱག་དགོས་ཀྱི་ཡོད། སླར་གསོ་བྱེད་པའི་དུས་ཚོད་ཟུར་དུ་བརྡ་གཏོང་རྒྱུ་ཡིན་ཞེས་བསྒྲགས།

སྤྱི་ོ2020ལོའི་ཟླ1པོའི་ཚེས25ཉིན་ཝུའུ་ཧན་འགག་སྒོ་ལས་ཁུངས་ཀྱིས《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཐད་སྤྱོད་པའི་ཝུའུ་ཧན་འགག་སྒོ་ལས་ཁུངས་ཀྱི་ནང་འདྲེན་ཞལ་འདེབས་དངོས་ཟོག་འགག་སྒྲོལ་འགྲོ་ལུགས་གཉེར་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་དེའི་ནང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཞལ་འདེབས་དངོས་ཟོག་གསར་པ་མགྱོགས་མྱུར་ངང་འགག་སྒོ་ལས་སྒྲོལ་ཐུབ་པའི་འགན་ལེན་བྱ་ཆེད། ཛ་དྲག་གནས་ཚུལ་འགག་སྒོས་སྔོན་ལ་ཐོ་འགོད་བྱས་ནས་གཏོང་ཆོག་པ་དང་དེ་རྗེས་གཏན་འབེབས་ལྟར་འབྲེལ་ཡོད་འགྲོ་ལུགས་གསབ་སྒྲུབ་བྱེད་དགོས་ཞེས་འཁོད་ཡོད།

སྤྱི་ལོ2020ལོའི་ཟླ1པོའི་ཚེས28ཉིན་ཝུའུ་ཧན་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་ཁག(འབྲིང་རིམ་ལས་རིགས་སློབ་གྲྭ་ཚུད་པ)གིས་དྲ་ཐོག་སློབ་ཚན་སློབ་ཁྲིད་བྱ་རྒྱུ་ཡིན་པ་རེད། ཟླ2པའི་ཚེས10ཉིན་ནི་སྤྱི་ལོ2020ལོའི་དཔྱིད་དུས་ཝུའུ་ཧན་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་སློབ་འགོ་ཚུགས་པའི་དུས་ཚོད་ཡིན་མོད། འོན་ཀྱང་ཉེ་དུས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་པའི་རྐྱེན་གྱིས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སློབ་གསོ་པུའུ་དང་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་དགོངས་དོན་གཞིར་བཟུང་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ལ་ཡར་ཞུ་ཞུས་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི(སྤྱི་ཚོགས་གསོ་སྦྱོང་སྒྲིག་གཞི་ཚུད་པ)དཔྱིད་དུས་སློབ་འགོ་ཚུགས་པའི་དུས་ཚོད་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། སློབ་མའི་སྦྱོང་ཚན་ལ་འགོར་འགྱངས་མི་ཡོང་བའི་ཆེད་དུ། གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སྤྱི་ལོ2020ལོའི་ཟླ2པའི་ཚེས10ཉིན་ནས་བཟུང་ལྗོངས་སློབ་གསོ་ཅུས་ཁག་གིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང(འབྲིང་རིམ་ལས་རིགས་སློབ་གྲྭ)སྒྲིག་འཛུགས་བྱས་ཏེ་སློབ་ཁྲིད་འཆར་གཞི་གཞིར་བཟུང་ནས་དྲ་ཐོག་སློབ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཝུའུ་ཧན་སློབ་གསོ་ཆ་འཕྲིན་ཅན་གྱི་སྟེགས་བུ་དང་སློབ་གསོ་ཚན་རིག་ཁང་གིས་ཞིབ་ཕྲའི་ཇུས་གཞི་བཟོ་བཞིན་ཡོད། 

9_2 ཀོང་ཏུང་ཞིང་ཆེན།

སྤྱི་ལོ2020ལོའི་ཟླ1པོའི་ཚེས21ཉིན་གྱི་ཆུ་ཚོད17ནས་བཟུང་ཀོང་ཀྲོའུ་ཡི་རླངས་འཁོར་བབས་ཚུགས་ཆེ་གྲས་ཁག་གིས་འགྲུལ་པའི་ལུས་དྲོད་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། སྤྱི་ལོ2020ལོའི་ཟླ1པོའི་ཚེས22ཉིན་ནས་བཟུང་ཀོང་ཀྲོའུ་ས་འོག་ལྕགས་ལམ་གྱིས་འགྲུལ་པའི་ལུས་དྲོད་འཇལ་བ། ཀོང་ཀྲོའུ་ལྕགས་ལམ་ཚོགས་པས་འགྲུལ་སྐྱེལ་ས་ཚིགས་གཙོ་བོར་དམར་ཕྱིའི་འོད་ཀྱི་རིག་ནུས་ལུས་དྲོད་ཞིབ་དཔྱད་ཚད་ལེན་མ་ལག་དང་ལག་ཏུ་དྲོད་ཚད་དཔྱད་ཆས་སྒྲིག་སྦྱོར་བྱས་ནས་འགྲུལ་པའི་ལུས་དྲོད་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། སྤྱི་ལོ2020ལོའི་ཟླ1པོའི་ཚེས26ཉིན་ཀོང་ཏུང་ཞིང་ཆེན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། མི་མང་འདུ་འཛོམས་བྱ་ཡུལ་དུ་ཁ་ཐུམ་རྒྱག་པའི་ཚོད་འཛིན་བྱ་ཐབས་ལག་བསྟར་བྱས་ནས་འབྲེལ་ཡོད་ཁྲིམས་སྲོལ་ལས་འགལ་ཏེ་བདེ་འཇགས་དོ་དམ་ལས་འགལ་བའི་བྱེད་སྤྱོད་ཐོན་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན་ཞེས་བསྒྲགས།

9_3  པེ་ཅིན་གྲོང་ཁྱེར།

སྤྱི་ལོ2020ལོའི་ཟླ1པོའི་ཚེས23ཉིན་པེ་ཅིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། ཚེས23ཉིན་ནས་བཟུང་པེ་ཅིན་གྲོང་ཁྱེར་གྱིས་ཚོགས་མཆོད་ཚུད་པའི་བྱེད་སྒོ་ཆེ་གྲས་མེད་པར་བཟོས་པ་རེད། སྤྱི་ལོ2020ལོའི་ཟླ1པོའི་ཚེས26ཉིན་རྒྱལ་སའི་གནམ་ཐང་གི་ཞིང་ཆེན་དབར་གྱི་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་བརྒྱད་དང་ཏ་ཤིན་གནམ་ཐང་གི་ཞིང་ཆེན་དབར་གྱི་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་བཞི་གནས་སྐབས་ལས་གཉེར་བྱེད་མཚམས་བཞག་པ་རེད། ཚེས27ཉིན་རྒྱལ་མཚམས་སྒྲོལ་བའི་ཚོགས་པ་ཚུད་པའི་ཚོགས་པ་ཡོངས་ཀྱི་ཡུལ་སྐོར་ལས་སྒོ་ལས་མཚམས་བཞག་པ་རེད།

9_4 རྒྱལ་ཁབ་སྦྲག་སྲིད་ཅུའུ།

སྤྱི་ལོ2020ལོའི་ཟླ1པོའི་ཚེས21ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་བདེ་འཇགས་དང་འཕྲལ་སྡོམ་ལས་དོན་མཐུན་སྦྱོར་ཚོགས་འདུ་འཚོགས་ནས་ཝུའུ་ཧན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས་པ་རེད། གཅིག་ནིIIརིམ་པའི་འཕྲལ་སྡོམ་དང་ལེན་བྱེད་དགོས། གཉིས་ནི་སྦྲག་སྐྱེལ་ཟོག་འགྲེམས་ཞབས་ཞུ་བར་མཚམས་ཆད་མེད་རུང་། གསུམ་ནི་ལས་ཞུགས་མི་སྣའི་བདེ་ཐང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ཡིག་སྐྱེལ་བ་དང་མྱུར་སྐྱེལ་བའི་བདེ་ཐང་དང་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས་པ་བཅས་རེད། བཞི་ནི་ལས་རེས་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཚན་པ་ཁག་གིས་ཁོངས་གཏོགས་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཆ་འཕྲིན་གོང་ཞུ་ལ་ཤུགས་སྣོན་རྒྱག་དགོས་པ། ལྔ་ནི་དྲིལ་བསྒྲགས་དང་རྩ་འཛུགས་ཀྱི་དོ་དམ་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། སྔོན་འགོག་ཚོད་འཛིན་ལས་དོན་དེ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་ལས། རྩྭ་རྩི་ཤིང་ཐམས་ཅད་དགྲ་རུ་བརྩི་མི་རུང་ལ། གནས་བབས་ལ་བསྟུན་ནས་དུས་ཐོག་ཏུ་དབྱེ་ཞིབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་དགོས།

9_5 ཁྲུང་ཆིང་གྲོང་ཁྱེར།

སྤྱི་ལོ2020ལོའི་ཟླ2པའི་ཚེས1ཉིན་ཁྲུང་ཆིང་གིས་ཟླ2པའི་ཚེས3ཉིན་ནས་བཟུང་གྲོང་ཁུལ་གཙོ་བོའི་གཞུང་ལམ་ལ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་ཏེ། ཁྲུང་ཆིང་གྲོང་ཁུལ་གཙོ་བོའི་གཞུང་ལམ་ལ་ཆུ་ཚོད24རིང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས(གནས་སྐབས་ཨང་རྟགས་ཚུད་པ)ཆ་ཡ་བཀར་ནས(ཨང་རྟགས་མཇུག་གྲངས་ནི་དབྱིན་ཡིག་གི་གསལ་བྱེད་ཀྱི་ཨང་རྟགས་ཆེས་མཐའ་མའི་ཨ་རབ་ཀྱི་ཨང་ཀི་ཚད་གཞིར་འཛིན་རྒྱུ) ཤར་གཏོང་བྱེད་རྒྱུ་དུ་བཅུག

9_6 ནང་སོག

སྤྱི་ལོ2020ལོའི་ཟླ2པའི་ཚེས19ཉིན་གྱི་ཆུ་ཚོད8པ་ནས་ཚེས20ཉིན་གྱི་ཆུ་ཚོད8པ་བར་ནང་སོག་རང་སྐྱོང་ལྗོངས་ཀྱི་སྙན་ཞུའི་ནང་ཏོ་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་གྱི་ནད་རྟགས་གསར་པ་ཐོན་མེད་པ་དང་། ནད་གཞི་དང་འདྲ་བའི་ནད་རྟགས་གསར་པ་ཐོན་མེད་པ། སྨན་ཁང་ནས་བུད་པའི་ནད་དཔེ2མང་དུ་ཕྱིན་པ། ནད་གཞི་ལྕི་མོའི་ནད་དཔེ2ནད་དཔེ་སྤྱིར་བཏང་བར་གྱུར།

9_7 འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག 

སྤྱི་ལོ2020ལོའི་ཟླ1པོའི་ཚེས23ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས།  སྤྱི་ལོ2020ལོའི་ཟླ1པོའི་ཚེས24ཉིན་གྱི་ཆུ་ཚོད0པ་ནས་བཟུང་དེ་སྔོན་མེ་འཁོར་སྤ་སེ་དང་། འགྲུལ་སྐྱེལ་རླངས་འཁོར་གྱི་སྤ་སེ། གྲུ་གཟིངས་ཀྱི་སྤ་སེ། གནམ་གྲུའི་སྤ་སེ་བཅས་ཉོས་ཟིན་པའི་འགྲུལ་པ་རྣམས་ཀྱིས་རང་མོས་ངང་འགྲོ་སྐྱོད་འགྱུར་ལྡོག་གཏོང་བར་སྤ་སེ་ཕྱིར་སློག་བྱེད་དགོས་རིགས་ཀྱིས་སྤ་སེ་ཕྱིར་སློག་གི་འགྲོ་ལུགས་འགྲིམ་དངུལ་མི་བསྡུ། སྤྱི་ལོ2020ལོའི་ཟླ1པོའི་ཚེས25ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུས་རིམས་ནད་འགོག་བཅོས་ཀྱི་འཕྲལ་སྡོམ་དངོས་ཟོག་དང་དེ་བཞིན་སྨན་པ་དང་ནད་པ་སོགས་མི་སྣས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཞིང་ཆེན་བརྒལ་ནས་མྱུར་བགྲོད་གཞུང་ལམ་དུ་སྐྱོད་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་འབྲེལ་སྔོན་ལ་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་པ་རེད། 

10 ཕྱི་རྒྱལ་གྱི་སྔོན་འགོག་ཚོད་འཛིན།
10_1 འཛམ་གླིང་འཕྲོད་བསྟེན་རྩ་འཛུགས།

སྤྱི་ལོ2020ལོའི་ཟླ1པོའི་ཚེས21ཉིན་གྱི་ཐོ་རེངས་སུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས22ཉིན་རི་ནེ་ཝའི་སྤྱི་ཁྱབ་པུའུ་རུ་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ནས་མིག་སྔའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དེ་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་དུ་གྲུབ་མིན་དཔྱད་དཔོག་བྱས་པ་རེད། 

10_2 ཨ་རི། 

སྤྱི་ལོ2020ལོའི་ཟླ1པོའི་ཚེས17ཉིན་ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནསCDCཀྱིས་ཚེས17ཉིན་ནས་བཟུང་ཨ་རིའི་གནམ་ཐང3སྟེ། ཅིའུ་ཅིན་ཧྲན་རྒྱལ་སྤྱིའི་གནམ་ཐངSFOདང་། ཉིའུ་ཡོད་ཁེན་ཉི་ཏི་རྒྱལ་སྤྱིའི་གནམ་ཐངJFK་ལུའོ་ཧྲན་ཅི་རྒྱལ་སྤྱིའི་གནམ་ཐངLAXབཅས་ཀྲུང་གོའི་ཝུའུ་ཧན་ནས་ཐད་ཀར་འཕུར་བའམ་ཡང་ན་གནམ་གྲུ་བརྗེ་ནས་ཨ་རིར་སྐྱོད་མཁན་གྱི་འགྲུལ་པར་ས་ཁོངས་ནང་འཛུལ་བའི་སྤྱི་བའི་འཕྲོད་བསྟེན་ཞིབ་བཤེར་བྱས་ནས་འགྲུལ་པར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཡོད་མེད་ཀྱི་འབྲེལ་ཡོད་ནད་རྟགས་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཟླ1པོའི་ཚེས21ཉིན་གྱི་ཕྱི་དྲོར། ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་འགྲུལ་པར“དོགས་ཟོན་ལ་ཤུགས་སྣོན་རྒྱག་རྒྱུ”གྲོས་འགོ་བཏོན་པ་མ་ཟད། ད་དུང“ཐ་ཚིག་རིམ་པ2བར་མཐོ་རུ་བཏང་བ་རེད། སྤྱི་ལོ2020ལོའི་ཟླ1པོའི་ཚེས31ཉིན་གྱི་ཕྱི་དྲོར། ཨ་རིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱིས་ཨ་རི་རྒྱལ་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་གྱི་ཛ་དྲག་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་པ་རེད། 

11 རྩིས་ཞུ་སྲིད་ཇུས།
11_1 དམིགས་བསལ་གྱི་རྩིས་ཞུ་བྱེད་པའི་སྲིད་ཇུས། 

2020ལོའི་ཟླ1པོའི་ཚེས21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་ཀྱི་རིམས་ནད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་གསར་པ་སྐྱོབ་བཅོས་འགན་ལེན་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་དང་། ཧུའུ་པེ་སོགས་ས་གནས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱི་མཛུབ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱིས“འགན་ལེན་གཉིས་ལ་གཞིགས་ནས་སྐྱོབ་བཅོས་འགན་ལེན་ཡག་པོ་བྱས་ཏེ་ནད་པར་འགྲོ་གྲོན་གྱི་གནད་དོན་དབང་གིས་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་མི་ཐུབ་པའི་འགན་ལེན་བྱེད་པ་དང་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་འགན་བཅོལ་བསྡོམས་འབོར་གྱི་སྔོན་རྩིས་དོ་དམ་གཏན་འབེབས་ལ་གཞིགས་ནས་སྐྱོབ་བཅོས་བྱ་རྒྱུར་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ད་ཐེངས་རིམས་ནད་ཀྱི་ཁྱད་ཆོས་ལ་དམིགས་ནས་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཏོག་གསར་གློ་ཚད་གཏན་འཁེལ་བྱས་ཟིན་པའི་ནད་པར་དམིགས་བསལ་གྱི་འགྲོ་སོང་རྩིས་ཞུ་སྲིད་ཇུས་སྤྱོད་རྒྱུར་གཏན་འཁེལ་བྱས།

གཅིག་ནི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྨན་བཅོས་ཇུས་གཞིའི》ནང་ཁྱབ་པའི་སྨན་རྫས་དང་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཚང་མ་གནས་སྐབས་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག

གཉིས་ནི་ནད་པའི་འགྲོ་གྲོན་དུས་ཐོག་ཏུ་སྤྲོད་རྒྱུ་འགན་ལེན་བྱེད་པ་དང་ལྷག་པར་དུ་སྨན་བཅོས་རོགས་སྐྱོབ་མ་དངུལ་གྱི་མཐའ་སྐྱོང་འགན་ལེན་གྱི་ནུས་པ་འདོན་སྤེལ་བྱས་ནས་ནད་པའི་སྨན་པ་བསྟེན་པའི་སེམས་ཁྲལ་མེད་པ་བཟོ་དགོས། ཡུལ་གཞན་དུ་སྨན་བཅོས་བྱས་པའི་ནད་པར་སྔོན་ལ་སྨན་བཅོས་བྱས་རྗེས་སྨན་རིན་རྩིས་ཞུ་བྱས་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་སྐྱོད་པའི་སྨན་རིན་གྱི་བསྡུར་ཚད་ཉུང་དུ་གཏོང་བའི་གཏན་འབེབས་ལག་བསྟར་མི་བྱེད་པར་ནད་པ་འགྲོ་སྐྱོད་བྱས་པ་ལས་བྱུང་བའི་འགོས་པའི་ཉེན་ཁ་ཆུང་དུ་གཏོང་རྒྱུ་ཡིན། གསུམ་ནི་གཅིག་བསྡུས་བསྡུ་བཅོས་བྱས་པའི་སྨན་ཁང་ལ་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་མ་དངུལ་སྔོན་སྤྲོད་བྱས་པའི་སྨན་ཁང་གི་གནོན་ཤུགས་ཆུང་དུ་གཏོང་རྒྱུ་དང་། ནད་པའི་སྨན་བཅོས་འགྲོ་གྲོན་དེ་སྨན་ཁང་གི་བསྡོམས་འབོར་གྱི་སྔོན་རྩིས་ཚོད་འཛིན་དམིགས་ཚད་ནང་འཇུག་རྒྱུ་མིན་པ་བཅས་རེད། 

11_2 གཏོང་སྤྲོད་སྲིད་ཇུས་ཀྱི་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས། 

སྤྱི་ལོ2020ལོའི་ཟླ1པོའི་ཚེས22ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ནོར་སྲིད་པུའུ་དང་སྨན་བཅོས་འགན་བཅོལ་ཅུས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། ས་གནས་ཁག་གི་སྨན་བཅོས་འགན་བཅོལ་དང་དེ་བཞིན་ནོར་སྲིད་སྡེ་ཚན་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་པའི་ནད་པ་སྨན་བཅོས་བྱ་རྒྱུར་ཤུགས་རྐྱེན་མི་ཕོག་པའི་འགན་ལེན་བྱེད་དགོས་པ་དང་། སྨན་ཁང་གི་གཏོང་སྤྲོད་སྲིད་ཇུས་ཀྱིས་རྐྱེན་པས་སྐྱོབ་བཅོས་ལ་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།      བརྡ་ཐོ་གཞིར་བཟུང་། ནད་པར་བྱུང་བའི་སྨན་བཅོས་འགྲོ་གྲོན་ཐད་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་སོགས་གཏན་འབེབས་གཞིར་བཟུང་གཏོང་སྤྲོད་བྱས་རྗེས་མི་སྒེར་གྱིས་སྤྲད་པའི་ཆ་ཤས་ནོར་སྲིད་ཀྱིས་ཁ་གསབ་བྱ་རྒྱུ་ཡིན་པ་རེད།      དེའི་ནང་གི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ནད་པར་སྔོན་ལ་སྐྱོབ་བཅོས་བྱས་རྗེས་ཐོ་འགོད་བྱེད་དགོས་པ་དང་། རྩིས་སྤྲོད་བྱེད་སྐབས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་སྐྱོད་པའི་བསྡུར་ཚད་ཇེ་ཉུང་གཏོང་བའི་གཏན་འབེབས་ལག་བསྟར་མི་བྱེད་པ་དང་། ནད་པས་སྤྱོད་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་བརྟག་སྨན་བཅོས་ཇུས་གཞི་དང་མཐུན་པའི་སྨན་རྫས་དང་སྨན་བཅོས་ཞབས་ཞུའི་རྣམ་གྲངས་གནས་སྐབས་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ཆོག      ནད་པ་བསྡུ་བཅོས་ཅུང་མང་བའི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་འགན་བཅོལ་གྱི་མ་དངུལ་ཁག་གཅིག་སྔོན་ལ་སྤྲོད་པ་དང་། འབྲེལ་ཡོད་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་འགན་བཅོལ་བསྡོམས་འབོར་གྱི་སྔོན་རྩིས་དམིགས་ཚད་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་མཁན་གྱི་སྨན་བཅོས་འགྲོ་གྲོན་ལོགས་སུ་སྔོན་རྩིས་བྱེད་པ་བཅས་རེད། གཞན་ཡང་བརྡ་ཐོའི་ནང་ས་གནས་ཁག་གིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་ཡོང་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་དབྱེ་ཞིབ་ལས་དོན་ཡག་པོ་བསྒྲུབས་ནས་ལས་དོན་ཁྲོད་གནད་དོན་དང་གནས་ཚུལ་གལ་ཆེན་འཕྲད་སྐབས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དང་ནོར་སྲིད་པུའུ་ལ་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

12 འགོ་ཁྲིད་པའི་མཛུབ་སྟོན།
12_1 ཀྲུའུ་ཞིའི་མཛུབ་སྟོན།

རིམས་ནད་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཉེ་ཆར་ཧུའུ་པེ་ཝུའུ་ཧན་གྲོང་ཁྱེར་སོགས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་གཅིག་རྗེས་གཉིས་མཐུད་ངང་ཐོན་པར་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། མིག་སྔར་དཔྱིད་གསར་དུས་ཆེན་གྱི་སྐབས་འདིར། མི་འབོར་ཁྱབ་རྒྱ་ཆེ་བའི་ངང་འགྲོ་སྐྱོད་བྱེད་བཞིན་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། རིམ་པ་སོ་སོའི་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་ཇུས་གཞི་ཞིབ་ཚགས་བཟོ་བ་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་པ། བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ནད་པར་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱས་ཏེ་ནད་དུག་འགོས་པ་དང་མཆེད་པའི་རྒྱུ་རྐྱེན་གང་མགྱོགས་རྩད་གཅོད་བྱས་ཏེ་ནད་དཔེ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་ཐག་གཅོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་དགོས། རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་དྲིལ་བསྒྲགས་དང་གསལ་འགྲེལ་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་བརྟན་ལྷིང་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་རོལ་ཐུབ་པར་འགན་ལེན་བྱེད་དགོས། 

12_2 ཙུང་ལིའི་བཀའ་མཆན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ཞིང་། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཁག་གིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་ཚད་མཐོའི་འགན་འཁུར་བའི་རྨང་གཞི་ཐོག་ནས་ཐག་གཅོད་བྱེད་པའི་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ། སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་སྙན་ཞུ། སྔ་ཙམ་ནས་ལོགས་བཀར་འཇོག་པ། སྔ་ཙམ་ནས་སྨན་བཅོས། གཅིག་སྡུད་སྐྱོབ་བཅོས་བཅས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་དགོས། ནད་དུག་གི་འབྱུང་རྩ་དང་། འགོས་ནད། ཁྱབ་སྤེལ་སོགས་ཀྱི་རྒྱུ་རྐྱེན་མགྱོགས་མྱུར་ངང་རྩད་གཅོད་བྱས་ཏེ་རིམས་ནད་དང་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཆ་འཕྲིན་དུས་ཐོག་ཏུ་དོན་དངོས་དང་མཐུན་པའི་ངང་ཁྱབ་བསྒྲགས་བྱས་ཏེ་རིམས་ནད་སྔོན་འགོག་གི་ཤེས་བྱ་ཚན་རིག་དང་མཐུན་པའི་སྒོ་ནས་དྲིལ་བསྒྲགས་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། འབྲེལ་ཡོད་རྒྱལ་ཁབ། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་དང་མཐུན་སྦྱོར་ཡག་པོ་བྱས་ཏེ། མཉམ་ལས་དམ་ཟབ་བྱས་ནས། རིམས་ནད་གང་སར་མཆེད་པར་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས།

13 ཁྲིམས་འགལ་ཐེར་འདོན།

སྤྱི་ལོ2020ལོའི་ཟླ2པའི་ཚེས6ཉིན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཡིག་ཆ་བཀྲམ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་དགོས། རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་ཁྲིམས་དང་མི་མཐུན་པར་ཉོ་ཚོང་དང་། ཁ་ཐུམ་སོགས་འགོག་སྲུང་སྤྱོད་ཆས་རྫུན་མ་བཟོ་བ་དང་རྫུན་མ་འཚོང་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པ་སྟེ། ཆད་པ་ལྕི་ཙམ་དང་ཅུང་མང་ཙམ་གཅོད་པའི་རིགས་སམ་ཡང་ན་ཅུང་མཐོ་བའི་ཆད་གཅོད་ཚད་གཞི་སྤྱད་དེ་ཆད་པ་གཅོད་རྒྱུ་དང་། དེའི་ནང་དངུལ་ཆད་ཀྱི་གྲངས་འབོར་དེ་ཚད་གཞི་དམའ་ཤོས་ནས་མཐོ་ཤོས་བར་གྱི་ཚད་གཞི་མཐོ་ཤོས་བར་གྱི30%ཡིན་དགོས། ཉེས་གསོག་གི་དོགས་ཡོད་རིགས་ངེས་པར་དུ་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་འདེད་པ་དང་། མི་ཞིག་གིས་ཟོག་གོང་ཧམ་སྤར་དང་། རྫུན་བཟོ་རྫུན་ཚོང་ལ་འཕྲད་ཚེ་ཞུ་གཏུག་ཐེར་འདོན་བྱས་ཆོག སྤྱི་ལོ2020ལོའི་ཟླ2པའི་ཚེས9ཉིན་རྒྱལ་ཡོངས་ཀྱི12315ཞུ་གཏུག་ཐེར་འདོན་སྟེགས་བུ་ཡི་མ་ལག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་ཞུ་གཏུག་ཐེར་འདོན་བྱས་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྔོན་འགོག ནད་དུག གློ་ཚད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-27

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།