ཕིང་ཏིང་ཧྲན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕིང་ཏིང་ཧྲན་གྲོང་ཁྱེར།
ཕིང་ཏིང་ཧྲན་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ། ཀྲུང་གོའི་ཧྭ་ཀྲུང་ས་ཁུལ་དུ་གནས་ཡོད། ཕིང་ཏིང་རི་བོ་ནི་ཀྲུང་ཡོན་དཔལ་འབྱོར་ཁུལ་གྱི་ནུས་ཁུངས་དང་ལྕི་བའི་བཟོ་ལས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན། ད་ཆ་གྲོང་ཁྱེར2དང་། རྫོང4ཆུས4ཡོད། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ7882དང་། སྤྱི་ལོ2018ལོར་རྒྱུན་སྡོད་མི་འབོར་ཁྲི520.77ཡོད་པ་རེད། ཕིང་ཏིང་ཧྲན་ནི་ཐོན་ཁུངས་ཅན་གྱི་བཟོ་ལས་གྲོང་ཁྱེར་དང་། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར། རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར། ཞིང་ཆེན་ཤེས་དཔལ་གྲོང་ཁྱེར། ཀྲུང་གོའི་ཡིག་གཟུགས་གྲོང་ཁྱེར། ཀྲུང་གོའི་རུའུ་ཡའོ་རྫ་ཆས་སྒྱུ་རྩལ་གྱི་ཕ་ཡུལ། ཀྲུང་གོའི་ཐང་ཅུན་རྟེན་གཞི་བཅས་རེད། ཕིང་ཏིང་ཧྲན་དུ་ཆུ་མཛོད་ཀྱི་རིགས169ཡོད་པ་དང་ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གྲྭ་དེ་གྲོང་ཁྱེར་དེ་ནས་བརྒལ་ཏེ་པའེ་ལིང་ཀྲོའུ་དང་པའེ་ཀུའེ་མཚེའུ་ཡི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་གཉིས་ཡོད། ཡུལ་སྐོར་ཐོན་ཁུངས་རྐྱང་པ4200ལྷག་ཙམ་ཟིན་ནས་ཧོ་ནན་ཞིང་ཆེན་གྱི་ཨང་གཉིས་པར་སླེབས་ཡོད། ཡའོ་ཧྲན་ནས་ཀྲུང་ཡོན་ཏ་ཧྥོ་མཛེས་ལྗོངས་ཁུལ་ནི་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་པ་དང་། མཛེས་ལྗོངས་ཁུལ་དུ་ལེ་དབར་བརྒྱ་ཡོད་པའི་ཆུ་ཚན་ཁུལ་དང་འཛམ་གླིང་ཐོག་གི་ཟངས་ཀྱི་ལྷ་སྐུ་མཐོ་ཤོས་དང་ཀྲུང་ཡོན་སངས་རྒྱས་ཀྱི་རྟེན་དུ་གནས་པ་དང་ཡའོ་ཧྲན་ས་གཤིས་སྤྱི་གླིང་ནི་རྒྱལ་ཁབ་ས་གཤིས་སྤྱི་གླིང་ཡིན་པ་རེད། ཕིང་ཏིང་རི་བོའི་རྟེན་རྫས་བཤམས་མཛོད་ཁང་དང་། ཨེར་ལང་ཧྲན། ཏེང་ཐའེ་སྒྲོམ། ཧྭ་མེ་ཀུའུ། སན་སུའུ་ཡོན། ཡའོ་ཧྲན་རི་བོའི་གྲོག་རོང་དུ་འཕྱོ་བ། ཤང་ཧྲན་དགོན་པ་སོགས་ནི་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་པ་རེད། སྤྱི་ལོ2017ལོའི་ཟླ10པར་ཕིང་ཏིང་ཧྲན་གྲོང་ཁྱེར་ཁག་དང་པོའི་རྒྱལ་ཁབ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་དུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平顶山
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་དབུས་དང་ཧོ་ནན་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར2དང་། རྫོང4ཆུས4ཡོད།
སྲིད་གཞུང་གི་ས་གནས།
ཕིན་ཏིན་ཧྲན་གྲོང་ཁྱེར་གྲོང་ཁུལ་གསར་བའི་ཞང་ཡོན་ལམ་དང་ཧེ་རིན་ལམ་གྱི་སྣོལ་ཁའི་ཤར་ངོས་སུ་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0375
སྦྲག་སྲིད་ཨང་རྟགས།
467000
ས་གནས།
ཀྲུང་གོའི་དབུས་རྒྱུད་དང་ཧོ་ནན་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ7882ཡོད།
མི་གྲངས།
མི་ཁྲི520.77ཡོད།(2018ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས (豫)D
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410400
མི་རེའི་ཆ་སྙོམས་ཀྱིGDP
སྒོར་ཁྲི4.1ཡོད།(2018ལོར)
GDP
སྒོར་དུང་ཕྱུར2135.23ཡོད།(2018ལོར)
དཀར་ཆག
1   ​ལོ་རྒྱུས་ཀྱི་འཕེལ་རིམ།     
2   སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     
3   ས་ཁམས་ཁོར་ཡུག     
3.1 གནས་སའི་ཡུལ་ཁོངས།     
3.2 ནམ་ཟླ།     
3.3 ཆུ་དཔྱད།     
4   རང་བྱུང་ཐོན་ཁུངས།     
4.1 ཆུའི་ཐོན་ཁུངས།     
4.2 གཏེར་རྫས་ཀྱི་ཐོན་ཁུངས།    
4.3 སྲོག་ཆགས་ཀྱི་ཐོན་ཁུངས།     
5   མི་འབོར།     
6   དཔལ་འབྱོར།  
6.1 ཐོན་ལས་དང་པོ།     
6.2 ཐོན་ལས་གཉིས་པ།     
6.3 ཐོན་ལས་གསུམ་པ།     
7   སྤྱི་ཚོགས་ལས་དོན།     
7.1 ཚན་རིག་ལག་རྩལ།     
7.2 སློབ་གསོའི་བྱ་གཞག     
7.3 རིག་གནས་ལས་དོན།     
7.4 སྨན་བཅོས་འཕྲོད་བསྟེན།     
7.5 ལུས་རྩལ་བྱ་གཞག    
7.6 སྤྱི་ཚོགས་འགན་སྲུང་།     
8   འགྲིམ་འགྲུལ་སྐྱེལ་འདྲེན།        
8.1 གཞུང་ལམ།     
8.2 ལྕགས་ལམ།     
1 ​ལོ་རྒྱུས་ཀྱི་འཕེལ་རིམ།     

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཕིང་ཏིང་ཧྲན་ས་ཁུལ་ནི་ལུའོ་དབྱང་ཀྲོན་ཆུས་དང་ཞུས་ཁྲང་ཀྲོན་ཆུས་སུ་གཏོགས།     

སྤྱི་ལོ1953ལོར་ཕིང་ཏིང་རི་བོའི་རྡོ་སོལ་གཏེར་ཁུལ་རྩད་ཞིབ་གསར་སྤེལ་བྱེད་འགོ་ཚུགས།     

སྤྱི་ལོ1954ལོར་ཕིང་ཏིང་རི་བོའི་རྡོ་སོལ་གཏེར་ཁ་གྲ་སྒྲིག་ཁྲུའུ་བཙུགས།     

སྤྱི་ལོ1956ལོའི་ཟླ1པོར་ཀྲུང་གུང་ཕིང་ཏིང་ཧྲན་གཏེར་ཁུལ་ཨུ་ཡོན་ལྷན་ཁང་བཙུགས། ལོ་དེའི་ཟླ3པར། ཞུས་ཁྲང་ཀྲོན་ཡོན་ཀུང་ཧྲུའུ་ཕིང་ཏིང་ཧྲན་དོན་གཅོད་ཁང་བཙུགས།     

སྤྱི་ལོ1957ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་ཕིང་ཏིང་ཧྲན་གྲོང་ཁྱེར་བཙུགས་ཏེ་ཞིང་ཆེན་གྱི་མངའ་འོག་ཏུ་བཅུག    

སྤྱི་ལོ1960ལོར་པའོ་ཧྥེང་རྫོང་མེད་པར་བཟོས་ནས་དེ་སྔའི་རྫོང་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས་དེ་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་བཅུག་པ་དང་། དེའི་ཕྱི་ལོར་སླར་ཡང་པའོ་ཧྥུང་རྫོང་གི་ལམ་ལུགས་སླར་གསོ་བྱས་ཤིང་། སྔར་བཞིན་ཞུས་ཁྲང་ཀྲོན་ཧྲུའུ་ཡི་འགོ་ཁྲིད་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1969ལོར་ཞིན་ཧྭ་ཁུལ་དང་ཝེ་ཏུང་ཁུལ་བཙུགས།     

སྤྱི་ལོ1971ལོར་ནུབ་ཁུལ་བཙུགས།     

སྤྱི་ལོ1981ལོའི་ཟླ11པར་ཕིན་ཏིན་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཙུགས་པ་དང་། དུས་མཚུངས་སུ་གྲོང་ཁྱེར་གསར་བརྗེ་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས།     

སྤྱི་ལོ1983ལོའི་ཟླ9པར། ཞུས་ཁྲང་ས་ཁུལ་གྱི་ལུའུ་ཧྲན་དང་པའོ་ཧྥེང་། ཡེ་རྫོང་བཅས་རྫོང་གསུམ་ཕིན་ཏིན་ཧྲན་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག    

སྤྱི་ལོ1990ལོའི་ཟླ9པར། ཞབས་བྲོའི་ངར་ལྕགས་ཁུལ་མེད་པར་བཟོས་ཏེ། ཞབས་བྲོའི་ངར་ལྕགས་གྲོང་ཁྱེར་བཙུགས།     

སྤྱི་ལོ1994ལོའི་ཟླ8པའི་ཚེས10ཉིན་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ཉེ་འཁོར་དུ་ཀྲན་ཧོ་ཆུས་ཞེས་མིང་བསྒྱུར།     

སྤྱི་ལོ1997ལོའི་ཟླ12པའི་ཚེས18ཉིན་ཕིང་ཏིང་ཧྲན་གྲོང་ཁྱེར་ཧྲི་ལུང་ཆུས་བཙུགས།     

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

གྲོང་ཁྱེར་དེ་ཡོངས་སུ་ཁྱོན་ཤང34དང་། གྲོང་རྡལ38ཁྲོམ་གཞུང53(དེའི་ནང་པའོ་ཧྥུང་རྫོང་གི་ལྕགས་ལམ་དོན་གཅོད་ཁང1ཚུད་ཡོད། ) དེའི་ནང་ཞིན་ཧྭ་ཁུལ་གྱི་གྲོང་རྡལ1དང་ཁྲོམ་གཞུང9ཡོད་པ་དང་། ཝེ་ཏུང་ཁུལ་གྱི་ཁྲོམ་གཞུང12 ཀྲེན་ཧོ་ཆུས་ཀྱི་ཤང1དང་ཁྲོམ་གཞུང9 རྡོ་ལུང་ཁུལ་གྱི་ཁྲོམ་གཞུང4། གྲོང་ཁུལ་གསར་པའི་གྲོང་རྡལ1དང་ཁྲོམ་གཞུང3ཡོད། མཐོ་གསར་ལག་རྩལ་ཁུལ་གྱི་གྲོང་རྡལ1དང་ཁྲོམ་གཞུང1  པའོ་ཧྥུང་རྫོང་གི་ཤང(གྲོང་རྡལ)12དང་ལྕགས་ལམ་དོན་གཅོད་ཁང1 ཡེ་རྫོང་གི་ཤང(གྲོང་རྡལ)15དང་ཁྲོམ་གཞུང3 ལུའུ་ཧྲན་རྫོང་གི་ཤང(གྲོང་རྡལ)20དང་ཁྲོམ་གཞུང4 རྫོང་གི་ཤང(གྲོང་རྡལ)13དང་ཁྲོམ་གཞུང2 ཝུའུ་ཀང་གྲོང་ཁྱེར་གྱི་ཤང(གྲོང་རྡལ)8དང་ཁྲོམ་གཞུང5བཅས་ཡོད། 

3 ས་ཁམས་ཁོར་ཡུག     
3_1 གནས་སའི་ཡུལ་ཁོངས།     

ཕིང་ཏིང་ཧྲན་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་གྱི་དབུས་ལྷོའི་མཚམས་སུ་ཆགས་ཡོད་པ་དང་། འཕྲེད་ཐིག་བྱང་མའི33º08′—34º20′དང་། གཞུང་ཐིག་ཤར་མའི112º14′—113º45′བར་ཡིན། མངའ་ཁོངས་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ150དང་། ལྷོ་བྱང་གི་ཞེང་ཚད་སྤྱི་ལེ140དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ7882ཟིན་ཡོད།     

3_2 ནམ་ཟླ།     

ཕིང་ཏིང་ཧྲན་གྲོང་ཁྱེར་ནི་དྲོ་འཇམ་ས་རྒྱུད་དང་ཚ་ཁུལ་བྱང་མའི་གནམ་གཤིས་སྣོལ་འདྲེས་ཀྱི་མཐའ་ཁུལ་དུ་གནས་ཡོད་པས། བར་བརྒལ་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ལྡན་ལ། དགུན་གྲང་བ་དང་དབྱར་དྲོ་བ། ལོ་རེའི་དྲོད་ཁྱད་ཆེ་བ། ཆར་ཆུ་འབབ་ཚད་ཆུང་བ། དུས་བཞིར་གསལ་བ་བཅས་ཡིན། ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི612ནས་ཧོ་སྨི1287བར་ཡིན་པ་དང་། བྱང་ནས་ཤར་ལྷོའི་ཕྱོགས་སུ་རིམ་བཞིན་འཕར་ཡོད།

3_3 ཆུ་དཔྱད།     

ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་ཆུ་བོ་མང་པོ་ཡོད་ཅིང་། ཚང་མ་ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་བྱེ་ཆུའི་ཁོངས་སུ་གཏོགས། ཆུའི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་ཤིང་། གཙོ་བོ་ཆར་ཆུས་གསབ་སྤྲོད་བྱེད་པས་དུས་དང་བར་སྟོང་གི་ཁྱབ་ཚུལ་ཧ་ཅང་སྙོམས་པོ་མེད། གྲོང་ཁྱེར་དེ་ཡོངས་སུ་ལོ་མང་རིང་ས་ངོས་ཀྱི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར15.66ཟིན་པ་དང་། ས་འོག་གི་ཆུའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར7.85ཟིན་པ། ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར18.34ཟིན་པ་བཅས་རེད། ཆུ་མཛོད་ཁག170ཡོད་པ་དང་ལོ་རེར་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར30ཟིན་ཡོད།    

4 རང་བྱུང་ཐོན་ཁུངས།     
4_1 ཆུའི་ཐོན་ཁུངས།     

ཕིང་ཏིང་ཧྲན་གྲོང་ཁྱེར་ནི་ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་སྟོད་རྒྱུད་དུ་གནས་པ་དང་། དེ་ནི་ཧོ་ཧོ་གཙང་པོ་དང་ཧུང་རུའུ་གཙང་པོའི་ཆུ་རྒྱུད་གཉིས་སུ་དབྱེ་ཡོད། བྱང་ནས་ལྷོ་ཕྱོགས་སུ་བཞུར་བ་ནི་གྲོང་ཁྱེར་དེའི་ཆུ་རྒྱུན་གཙོ་བོ་ནི་ཆུ་བོ་པེ་རུའུ་ཧོ་ཆུ་བོ་དང་། ཧྲ་ཧོ་ཆུ་བོ། ཆི་ཧོ་ཆུ་བོ། ཀན་ཧོ་ཆུ་བོ་བཅས་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་ལོ་མང་རིང་ས་ངོས་ཀྱི་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་འབོར་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར15.6567དང་། ས་འོག་ཆུའི་ཐོན་ཁུངས་ཀྱི་འབོར་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར7.9557ས་ངོས་ཀྱི་ས་འོག་ཆུ་བསྐྱར་རྩིས་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར4.9107བཅས་ཟིན་ནས་ལོ་ཧྲིལ་པོར་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར18.3368ཟིན་ཡོད་པ་རེད།      

4_2 གཏེར་རྫས་ཀྱི་ཐོན་ཁུངས།    

ཕིང་ཏིང་ཧྲན་གྲོང་ཁྱེར་གྱིས་གསོག་ཚད་གཏེར་རིགས22ཞིབ་བཤེར་བྱས་ཡོད། དེའི་ནང་རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར31.59ཟིན་ཡོད། བྲག་ཚྭ་གསོག་ཚད་ཏུན་དུང་ཕྱུར20.9ཟིན་པ་དང་རྒྱང་རིང་ཐོན་ཁུངས་གསོག་ཚད་ཏུན་དུང་ཕྱུར2300ཟིན་པ། ལྕགས་གཏེར་གསོག་ཚད་ཏུན་དུང་ཕྱུར7.3ཟིན་པ། ཧ་ཡང་གཏེར་ཁ་རྩད་ཆོད་པའི་གསོག་ཚད་ཏུན་ཁྲི2974ཟིན་པ་དང་། རྒྱང་རིང་གི་གསོག་ཚད་ཏུན་དུང་ཕྱུར3.29ཟིན་པ། ཅུ་གང་གསོག་ཚད་ཏུན་དུང་ཕྱུར3.2ཟིན་པ། ལིན་གཏེར་ཏུན་དུང་ཕྱུར1 ཨར་འདམ་རྡོ་ཐལ་གྱི་བྲག་རྡོ་ཏུན་དུང་ཕྱུར15ཡིན་ལ། བཞུ་རྫས་རྡོ་ཐལ་ཏུན་ཁྲི7712ཡོད་པ་དེས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་གནས་བབ་གལ་ཆེན་བཟུང་ཡོད།    

4_3 སྲོག་ཆགས་ཀྱི་ཐོན་ཁུངས།     

ཕིང་ཏིང་ཧྲན་ས་ཁུལ་དུ་སྐམ་སའི་རི་སྐྱེས་སྒལ་ཚིགས་སྲོག་ཆགས་ཀྱི་རིགས239ཡོད་པའི་ནང་འདབ་ཆགས་རིགས186དང་། གཅན་གཟན་རིགས20སྐམ་ཆུ་གཉིས་འཚོའི་རིགས10གོག་བགྲོད་རིགས23བཅས་ཡོད། ལྗོངས་ནང་ཁུལ་གྱི་འཚོ་བའི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་པ་དང་ལྟོ་ཟན་ཕུན་སུམ་ཚོགས་པོ་ཡོད་པས་བྱ་རིགས་ལ་འཚོ་གནས་ཀྱི་ཁོར་ཡུག་བཟང་པོ་དང་ལྟོ་ཆས་ཀྱི་ཡོང་ཁུངས་འདང་ངེས་ཤིག་མཁོ་འདོན་བྱས་ཡོད།

5 མི་འབོར།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར་ཁྲི440.23ཟིན་པ་དང་རྒྱུན་སྡོད་མི་འབོར་ཁྲི405.37ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད54.04%ཟིན་ཡོད་པ་རེད། ཕིང་ཏིང་ཧྲན་གྲོང་ཁྱེར་ནི་གྲངས་ཉུང་མི་རིགས་ཁ་ཐོར་དང་འདྲེས་སྡོད་བྱེད་པའི་ས་ཁུལ་ཡིན་པ་དང་། གྲོང་ཁྱེར་ཡོངས་སུ་གྲངས་ཉུང་མི་རིགས48ཡོད་པའི་ནང་ཧུའེ་རིགས་མི་གྲངས་མང་བ་དང་། དེ་ནས་མན་ཇུ་རིགས་དང་སོག་རིགས་ཡིན་པ། དེ་མིན་གྲངས་ཉུང་མི་རིགས45ཡོད་པ་རེད།      

6 དཔལ་འབྱོར།  

སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1581.60ལེགས་གྲུབ་བྱུང་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.7%འཕར་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར136.32ཟིན་ནས4.4%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར802.69ཟིན་ནས7.6%འཕར་བའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར721.39ཟིན་ནས7.5%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར642.59ཟིན་ནས8.6%འཕར་ཡོད། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར39043.56ཟིན་པ་དེ་དུས་མཚུངས་ལས7.4%འཕར་ཡོད། སྤྱི་དབང་མིན་པའི་དཔལ་འབྱོར་གྱི་འཕར་ཐང་གིསGDPཡི་བསྡུར་ཚད53.2%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.3ཆག་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གྲུབ་ཆ་ནི་ལོ་གོང་མའི9.7:50.6:39.7འགྱུར་ལྡོག་ནི8.6:50.8:40.6ཡིན། ཐོན་ལས་དང་པོའི་བསྡུར་ཚད་བརྒྱ་ཆའི་གྲངས1.1ཆག་པ་དང་། ཐོན་ལས་གཉིས་པའི་བསྡུར་ཚད་བརྒྱ་ཆའི་གྲངས0.2འཕར་བ། ཐོན་ལས་གསུམ་པའི་བསྡུར་ཚད་བརྒྱ་ཆའི་གྲངས0.9འཕར་བ་བཅས་རེད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་དུས་མཚུངས་ལས0.8%འཕར་བ་དང་ཚོང་ཟོག་སིལ་ཚོང་རིན་གོང་གི་སྤྱིའི་ཆུ་ཚད1.1%འཕར་ཡོད། རིགས་ཆེན་པོ་བརྒྱད་ཀྱི་ཚོང་ཟོག་འཛད་སྤྱོད་རིན་གོང་སྟོན་གྲངས་བྲེ7.1ཆག་པ་དེའི་ནང་བཟའ་བཅའ་ཐ་མག་དང་ཨ་རག་རིགས1.9%ཆག་པ་དང་། གྱོན་ཆས་རིགས1.1%འཕར་བ། སྡོད་གནས་རིགས2.5%འཕར་བ། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས1.5%འཕར་བ། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས0.5%འཕར་བ། སློབ་གསོ་རིག་གནས་དང་རོལ་རྩེད་རིགས1.4%འཕར་བ། སྨན་བཅོས་འཕྲོད་སྦྱོར་རིགས5.5%འཕར་བ། མཁོ་ཆས་གཞན་དག་དང་ཞབས་ཞུ་གཞན་དག2.7%འཕར་བ་བཅས་རེད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི7.37གསར་དུ་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་ཁྲི2.39བསྐྱར་དུ་ལས་ཞུགས་ཐུབ་པའི་ནང་ལས་ཞུགས་དཀའ་བའི་མི་ཁྲི0.66ལས་ཞུགས་ཐུབ་པ། གྲོང་ཁྱེར་ཡོངས་སུ་གྲོང་གསེབ་ཀྱི་ངལ་ནུས་མི་ཁྲི3.21གསར་དུ་གཞན་སྒྱུར་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.69%ཟིན་ཡོད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག(ཞིང་དུད་ཚུད་མེད། གཤམ་དུ་གཅིག་མཚུངས་ཡིན)སྒོར་དུང་ཕྱུར1570.9ལེགས་གྲུབ་བྱུང་ནས11.9%འཕར་ཡོད། ཐོན་ལས་གསུམ་ལ་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར189.5བཏང་ནས16.7%འཕར་བ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར629.4བཏང་ནས1.7%ཆག་ཡོད། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར752.0བཏང་ནས25.2%འཕར་ཡོད། དེའི་ནང་ས་ཁང་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར211.1བཏང་བ་དང་། ཆུ་བེད་དང་། ཁོར་ཡུགསྤྱི་པའི་སྒྲིག་བཀོད་དོ་དམ་ལས་རིགས་བཅས་ལ་མ་དངུལ་སྒོར་དུང་ཕྱུར204.2བཏང་བ། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་སྲིད་ལས་རིགས་བཅས་ལ་མ་དངུལ་སྒོར་དུང་ཕྱུར83.2བཏང་ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་ལས་གཅིག་སྡུད་ཁུལ9ཡིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར607.0བཏང་བ་དེ་དུས་མཚུངས་ལས7.8%འཕར་ཡོད།

6_1 ཐོན་ལས་དང་པོ།     

སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱིས་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར254.2ཟིན་པ་དེ་ལོ་གོང་མ་ལས4.5%འཕར་ཡོད། དེའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར128.6དང་། ནགས་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར8.6འབྲོག་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར99.8ཉ་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར6.5ཞིང་ནགས་འབྲོག་ཉ་གསུམ་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར10.7བཅས་ཟིན་ནས་ལོ་གོང་མ་ལས4.2%དང་། 3.2% 5.0% 1.7% 8.4%བཅས་སོ་སོར་འཕར་ཡོད་པ་རེད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི160.3ཟིན་ནས0.3%འཕར་བའི་ནང་དབྱར་འབྲུ་ཏུན་ཁྲི89.8དང་སྟོན་འབྲུ་ཏུན་ཁྲི70.4ཟིན་ཡོད། དཔལ་འབྱོར་སྐྱེ་དངོས་ནང་སྲིང་བལ་ཐོན་ཚད་བསྡོམས་འབོར་ཏུན1272ཟིན་ནས8.6%འཕར་བ་དང་། སྣུམ་རྒྱུ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི12.0ཟིན་ནས11.6%འཕར་བ། སྔོ་ཚལ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི206.2ཟིན་ནས3.0%འཕར་བ། རྡོ་ཐའི་ཐོན་ཚད་ཏུན་ཁྲི2.5ཟིན་ནས13.1%ཆག་ཡོད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི29.1ཟིན་པ་དེ་ལོ་གོང་མ་ལས2.4%འཕར་བའི་ནང་ཕག་ཤའི་ཐོན་ཚད་ཏུན་ཁྲི20.6ཟིན་ནས3.6%འཕར་བ་དང་། བྱ་སྒོང་ཐོན་ཚད་ཏུན་ཁྲི9.7ཟིན་ནས1.6%འཕར་བ། འོ་མའི་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི16.7ཟིན་ནས0.6%ཆག་ཡོད། ཕག་ཁྲི179.2ཟིན་ནས1.7%ཆག་པ། ར་ལུག་ཁྲི88.5ཡོད་པ་དེ1.4%འཕར་ཡོད། ལོ་མཇུག་ཏུ་ནོར་གྱི་ལག་ཡོད་མགོ་གྲངས་ཁྲི20.6ཡོད་པ་དེ2.3%ཆག་ཡོད། ཆུའི་ཐོན་རྫས་ཐོན་ཚད་ཏུན་ཁྲི4.6ཟིན་པ་དེ་སྔ་ལོ་དང་མཉམ་པ་རེད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་མིས་བཟོས་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང11916ཟིན་པའི་ནང་དཔལ་འབྱོར་ནགས་ཚལ་སྤྱི་ཆིང2981ཡོད་པ་དང་སྡོང་རྐང་ཁྲི618བཙུགས་ཡོད། སྡོང་ཕྲུག་གསོ་སྐྱོང་ལས་བྱའི་རྒྱ་ཁྱོན་སྤྱི་ཆིང2667ཟིན་ཡོད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་དུ་རྨོ་ཞིང་ཆུ་འདྲེན་རྒྱ་ཁྱོན་སྤྱི་ཆིང་སྟོང4.31མང་དུ་ཕྱིན་པ་དང་། ཆུ་གྲོན་ཆུང་གིས་ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང་སྟོང3.84མང་དུ་ཕྱིན་པ། འཕྲུལ་གློག་ཁྲོན་འདྲུ་ལས་གྲྭ་སྨི་རྒྱ་དཔངས་གྲུ་བཞི་ཁྲི27890ཟིན་པ། ས་ཆུ་ཤོར་བ་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིང་སྟོང6.0མང་དུ་ཕྱིན་ཡོད། ལོ་མཇུག་ཏུ་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི234.9ཟིན་པ་དེ་ལོ་གོང་མ་ལས3.9%འཕར་བ། ཞིང་སྤྱོད་འདྲུད་འཐེན་འཁོར་ལོ་ཁྲི8.7ཟིན་པ། ལོ་ཧྲིལ་པོར་གྲོང་གསེབ་ཏུ་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་ཁྲི95325ཟིན་ནས3.4%འཕར་བ་དང་། རྫས་ལུད་སྤྱོད་ཚད་ཏུན་ཁྲི27.9ཟིན་ནས2.5%ཆག་ཡོད།      

6_2 ཐོན་ལས་གཉིས་པ།     

སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2634.6ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས8.3%འཕར་བ་དང་། བཟོ་ལས་ཀྱི་གནས་ཐང་འཕར་ཚད་སྔ་ལོ་ལས་བརྒྱ་ཆའི8.1འཕར་ཡོད། དབང་བའི་ལམ་ལུགས་ཀྱི་རིགས་དབྱེ་ནས་བལྟས་ན། གཞུང་དབང་དང་གཞུང་དབང་མ་རྐང་ཚོད་འཛིན་བཟོ་ལས་ཁེ་ལས་ཀྱི་གནས་ཐང་འཕར་ཚད་སྒོར་དུང་ཕྱུར234.6ཟིན་ནས10.6%འཕར་བ་དང་། ཐུན་མོང་བཟོ་ལས་ཁེ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར2.3ཟིན་ནས17.3%ཆག་ཡོད། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ལ་དབྱེ་ནས་བལྟས་ན། ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར115.5ཟིན་ནས8.4%འཕར་བ་དང་། ལྕི་བའི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར495.6ཟིན་ནས8.1%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ལས་རིགས་ཆེ་གྲས39ཡི་ཁྲོད་ལེགས་སྐྱེས་འབུལ་མཁན་གྱི་ལས་རིགས་ནི་ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར24.5ཟིན་ནས22.1%འཕར་བ་དང་། ལྕགས་རིགས་བཟོས་རྫས་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར24.8ཟིན་ནས38.6%འཕར་བ། གློག་ཤུགས་འཕྲུལ་ཆས་དང་ཡོ་བྱད་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར42.7ཟིན་ནས6.1%ཆག་པ། རྫས་འགྱུར་རྒྱུ་ཆ་དང་རྫས་འགྱུར་གྲུབ་རྫས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར26.3ལེགས་གྲུབ་བྱུང་བ་དེ21.1%འཕར་ཡོད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.4ལེགས་གྲུབ་བྱུང་བ་དེ2.2%འཕར་ནས་གཞི་ཁྱོན་ཐོག་གི་བཟོ་ལས་ཀྱི་རིན་ཐང་འཕར་མ་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས5.9ཡིས་དམའ་བ་ཡོད་པ་རེད། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར2326.5ཟིན་པ་དེ་ལོ་གོང་མ་ལས16.4%འཕར་བ་དང་། ཐོན་འཚོང་བྱེད་ཚད97.4%ཟིན་ནས་ལོ་གོང་མའི་དུས་མཚུངས་དང་མཉམ་པ་དང་། ཁེ་སྤོགས་སྒོར་དུང་ཕྱུར124.5བྱུང་ནས12.7%ཆག་པ། གྱོང་གུན་ཕོག་པའི་ཁེ་ལས63ཡོད་པ་དེ་ལོ་གོང་མ་ལས22.2%ཆག་པ། གྱོང་གུན་ཕོག་པའི་ཁེ་ལས་ལ་གྱོང་གུན་སྒོར་དུང་ཕྱུར15.2ཕོག་པ་དེ་ལོ་གོང་མ་ལས34.5%འཕར་བ། གྱོང་གུན་གྱི་ནི8.7%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས2.5ཆག་པ། ཐོན་སྐྱེད་ཐོན་རྫས་ཀྱི་མཛོད་ཉར་སྒོར་དུང་ཕྱུར83.2ཟིན་ནས་སྔ་ལོ་ལས6.1%འཕར་ཡོད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར81.6ཟིན་པ་དེ་ལོ་གོང་མ་ལས20.3%འཕར་ཡོད། འོས་ཐོབ་ཡན་གྱི་རང་ཚུགས་ཞིབ་རྩིས་ཨར་སྐྲུན་ཁེ་ལས་ཀྱི་ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི910.5ཟིན་པ་དེ་ལོ་གོང་མ་ལས7.0%འཕར་བ། ཨར་ལས་གྲུབ་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི372.4ཟིན་པ་དེ་དུས་མཚུངས་ལས18.4%འཕར་ཡོད།      

6_3 ཐོན་ལས་གསུམ་པ།     

སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་དུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར714.6ཟིན་པ་དེ་ལོ་གོང་མ་ལས11.9%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་དབྱེ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར624.5ཟིན་པ་དེ་ལོ་གོང་མ་ལས11.7%འཕར་བ་དང་། གྲོང་གསེབ་ཏུ་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར90.1ཟིན་པ་དེ་ལོ་གོང་མ་ལས13.3%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། སྡེབ་ཚོང་སིལ་ཚོང་ལས་རིགས་སུ་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར586.0ཟིན་པ་དེ་ལོ་གོང་མ་ལས11.8%འཕར་བ་དང་། ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར128.6ཟིན་པ་དེ་ལོ་གོང་མ་ལས12.3%འཕར་ཡོད། ལོ་ཧྲིལ་པོར་སྡེབ་ཚོང་སིལ་ཚོང་ལས་རིགས་དང་ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར179.9ཟིན་ནས6.2%འཕར་ཡོད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱིས་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི362326ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས19.5%འཕར་བའི་ནང་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་ཁྲི308375ཟིན་ནས22.4%འཕར་བ་དང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི53951ཟིན་ནས5.4%འཕར་ཡོད། དོན་དངོས་ཐོག་ཐད་ཀར་ཕྱི་དངུལ་ཨ་སྒོར་ཁྲི32191བེད་སྤྱོད་བྱས་པ་དེ་ལོ་གོང་མ་ལས1%འཕར་ཡོད། དོན་དངོས་ཐོག་ཞིང་ཆེན་ཕྱིའི་མ་དངུལ་སྒོར་དུང་ཕྱུར475.9དོན་འཁྱོལ་ཐུབ་པ་དེ་ལོ་གོང་མ་ལས7.6%འཕར་ཡོད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི4234.6ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས13.5%འཕར་བ་དང་། རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་བ་མི་ཐེངས29876ཟིན་པ་དེ་ལོ་གོང་མ་ལས3%འཕར་ཡོད། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར218.6ཟིན་པ་དེ་ལོ་གོང་མ་ལས15.6%འཕར་བ། ཡུལ་སྐོར་ཡོང་འབབ་ཨ་སྒོར་ཁྲི899ཟིན་པ་དེ་ལོ་གོང་མ་ལས4.2%འཕར་ཡོད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱིས་ཡིག་ཟམ་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར58.9ཟིན་པ་དེ་ལོ་གོང་མ་ལས84.1%འཕར་ཡོད། གཏན་འཇགས་ཁ་པར་དང་སྒུལ་བདེའི་ཁ་པར་སྤྱོད་མཁན་ཁྲི442.77ཟིན་ནས10.5%འཕར་བ་དང་། རྩིས་འཁོར་དྲ་སྦྲེལ་སྤྱོད་མཁན་དུད་ཚང་ཁྲི51.24ཟིན་ནས3.3%འཕར་ཡོད།     སྤྱི་ལོ2017ལོའི་ལོ་མཇུག་བར་ཕིང་ཏིང་ཧྲན་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར2216.1ཟིན་པ་དེ་དུས་མཚུངས་ལས11.5%འཕར་བའི་ནང་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་1384.4ཟིན་པ་དེ་དུས་མཚུངས་ལས12.4%འཕར་ཡོད། ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར1519.8ཟིན་པ་དེ་དུས་མཚུངས་ལས7.4%འཕར་བའི་ནང་དུད་ཚང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར369.2ཟིན་ནས11.2%འཕར་བ་དང་། དངུལ་རྩ་མིན་པའི་ཁེ་ལས་དང་དེ་བཞིན་ལས་ཁུངས་དང་ཚོགས་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར1357.3ཟིན་ནས8.0%འཕར་ཡོད།

7 སྤྱི་ཚོགས་ལས་དོན།     
7_1 ཚན་རིག་ལག་རྩལ།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཕིང་ཏིང་ཧྲན་གྲོང་ཁྱེར་དུ་རིགས་ཁག་གི་ཆེད་ལས་ལག་རྩལ་པ་ཁྲི17.2ཡོད་པ་རེད། ཆེད་ཁེ་ཁག3350རེ་ཞུ་བྱས་ཡོད། གྲོང་ཁྱེར་རིམ་པ་ཡན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ57ཐོབ་པ་དེའི་ནང་གྲོང་ཁྱེར་རིམ་པའི་རྣམ་གྲངས43དང་ཞིང་ཆེན་རིམ་པའི་རྣམ་གྲངས14ཡོད་པ་རེད།

7_2 སློབ་གསོའི་བྱ་གཞག     

སྤྱི་ལོ2017ལོའི་ལོ་མཇུག་བར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ2198དང་། དགེ་རྒན་དང་ལས་བཟོ་བ་ཁྲི6.3སློབ་གྲྭར་ཡོད་པའི་སློབ་མ་ཁྲི95.4བཅས་ཡོད་པ་དང་། འབྲིང་རིམ་ཆེད་ལས་སློབ་གྲྭ11དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི2.3ཡོད། སློབ་འབྲིང་དཀྱུས་མ189ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི24.1ཡོད། སློབ་ཆུང་གི་སློབ་ལོ་ལོན་པའི་མི་འབོར་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་རིམ་འཕར་ཚད97.0%དང99.4%ཟིན་ཡོད།

7_3 རིག་གནས་ལས་དོན།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཕིང་ཏིང་ཧྲན་གྲོང་ཁྱེར་དུ་རིགས་ཁག་གི་རིག་རྩལ་ཚོགས་པ7དང་། མང་ཚོགས་སྒྱུ་རྩལ་ཁང་(རིག་གནས་ཁང)12སྤྱི་པའི་དཔེ་མཛོད་ཁང9བཅས་ཡོད་པ་དེར་ཁྱོན་དེབ་ཁྲི179.4ཟིན་ཡོད་པ་རེད། 《ཕིང་ཏིང་རི་བོའི་ཉིན་རེའི་ཚགས་པར་》གྱིས་ལོ་ཧྲིལ་པོར་འགྲེམས་སྤེལ་བྱེད་ཚད་ཁྲི1680ཟིན་པ་དང་། 《ཕིང་ཏིང་རི་བོའི་དགོང་དྲོའི་ཚགས་པར་》འགྲེམས་སྤེལ་བྱེད་ཚད་ཁྲི1460ཟིན་ཡོད། རླུང་འཕྲིན་ལས་ཁུངས6ཡོད་པ་དང་། རླབས་འབྲིང་རླུང་འཕྲིན་འཕེན་གཏོང་བྱེད་ས1བརྙན་འཕྲིན་ལས་ཁུངས6སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི30.6བཅས་ཡོད་པ་རེད། གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་ཕྱོགས་བསྡུས་ཡིག་ཚགས་ཁང10ཡོད་པ་དང་། ཉར་ཚགས་ཡིག་ཚགས་དཔྱད་ཡིག་བམ་པོ་ཁྲི77.17ཡོད་པ། འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཚགས་གྲངས་འཛིན་ཅན་གྱི་བཤར་འབེབས་ཁྲི7.29ཡོད་པ་བཅས་རེད།

7_4 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཕིང་ཏིང་ཧྲན་གྲོང་ཁྱེར་དུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི973དང་འཕྲོད་བསྟེན་ལག་རྩལ་མི་སྣ29469ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ(ལས་རོགས་ཚུད་པ)11029དང་། ནད་གཡོག12096ཐོ་འགོད་བྱས་པ། གྲོང་ཚོའི་འཕྲོད་བསྟེན་ཁང2911བཅས་ཡོད་པ་རེད།      

7_5 ལུས་རྩལ་བྱ་གཞག    

སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ལུས་རྩལ་པར་ཞིང་ཆེན་རིམ་པ་ཡན་གྱི་ལུས་རྩལ་འགྲན་བསྡུར་ནང་བྱ་དགའ208ཐོབ་ཡོད། དེའི་ནང་གསེར་གྱི་རྟགས་མ60དང་། དངུལ་གྱི་རྟགས་མ67ཟངས་ཀྱི་རྟགས་མ81བཅས་ཡོད།      

7_6 སྤྱི་ཚོགས་འགན་སྲུང་།     

སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི46.38དང་། མི་ཁྲི196.22མི་ཁྲི410.09མི་ཁྲི42.75མི་ཁྲི35.64མི་ཁྲི39.18བཅས་ཡོད་པ་རེད།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་སྤྱི་ཚོགས་ཕན་བདེའི་གསོ་ཉར་ཚན་པ38དང་ཉལ་ཁྲི4236ཡོད་པ་དང་གསོ་ཉར་མི་གྲངས2491ཡོད་པ་རེད། ལོ་ཧྲིལ་པོར་རྒྱལ་ཁབ་ཀྱིས་གཟིགས་སྐྱོང་བྱ་ཡུལ་སྣ་ཚོགས་ཀྱི་མི་གྲངས26144ལ་གཟིགས་སྐྱོང་དང་ཁ་གསབ་བྱས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས་ཁྲི3.4ལོངས་སྤྱོད་བྱས་པ་དང་། འགན་སྲུང་བསྡོམས་འབོར་སྒོར་ཁྲི13006.7ཡོད་པ། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས་ཁྲི7.49ཟིན་པ། འགན་སྲུང་བསྡོམས་འབོར་སྒོར་ཁྲི17113.9ཟིན་པ། འགན་ལེན་ལྔའི་བསྙེན་བཀུར་མི་གྲངས་ཁྲི1.87ཟིན་ཡོད། དམག་ཞབས་ཐིམ་པའི་དམག་མི་དམག་ཞབས་ཐིམ་པའི་ལས་བྱེད་པ565བཀོད་སྒྲིག་བྱས་པ་དང་རང་བརྟེན་ལས་ཞུགས་མི་གྲངས1580ཟིན་ཡོད་པ་རེད།      

8 འགྲིམ་འགྲུལ་སྐྱེལ་འདྲེན།        

ཕིང་ཏིང་རི་བོ་དེ་ཅིང་ཀོང་དང་ཅའོ་ཀྲི་ལྕགས་ལམ་གྱི་མ་ལམ་ཆེན་པོ་གཉིས་ཀྱི་དབར་གནས་པ་དང་ཤིན་ཀྲེང་རྒྱལ་སྤྱིའི་གནམ་ཐང་དང་བར་ཐག་སྤྱི་ལེ100ཡོད། ལན་ནན། ཉིང་ལོ། གཉིས་ཀོང་། ཀྲེང་ཡའོ། ཅའོ་ཐུང་བཅས་མྱུར་བགྲོད་གཞུང་ལམ་5བརྒྱུད་དེ་བརྒལ་མྱོང་། འཛུགས་སྐྲུན་བྱེད་བཞིན་པའི་ཀྲེང་དབན་མྱུར་བགྲོད་ལྕགས་ལམ་གྲོང་ཁྱེར་དེར་གྲོས་འཆམ་བྱུང་བ་དང་འབྲེལ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ་དང་རྫོང་དུ་ས་ཚིགས4བཙུགས་པ།     སྤྱི་ལོ2017ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་གྱིས་གཞུང་ལམ་གྱི་དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་དུང་ཕྱུར221.82ཟིན་པ་དེ་ལོ་གོང་མ་ལས11.1%འཕར་བ་དང་གཞུང་ལམ་གྱི་འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་དུང་ཕྱུར33.37ཟིན་ནས་ལོ་གོང་མ་ལས2.6%ཆག་ཡོད།      

8_1 གཞུང་ལམ།     

ཞུས་ཕིང་ནན་དང་། ལུའོ་ཕིང་ལོ། ཀྲེང་ཡའོ། ཐའེ་ཨའོ་སོགས་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་ཀྲུང་གོའི་མྱུར་བགྲོད་གཞུང་ལམ་དྲ་བ་དང་འབྲེལ་ཡོད།     ཞུས་ཕིང་ནན་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་གཙོ་གནད་གཞུང་ལམ་གྱི་ཉི་འོད་ནན་དབྱང་གྲོང་ཁྱེར་བར་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ163(དེའི་ནང་ཕིང་ཏིང་རི་བོའི་དུམ་བུའི་རིང་ཚད་ལ་སྤྱི་ལེ52ཡོད། ) རྣམ་གྲངས་དེ་སྤྱི་ལོ2004ལོའི་ཟླ11པར་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།     བདེ་ཐང་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་ནན་ཅིང་ནས་ལུའོ་དབྱང་བར་གྱི་གཞུང་ལམ་ཨ་མའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཧོ་ནན་ཞིང་ཆེན་གྱི་མ་ལམ་དྲ་བའི་འཆར་འགོད་ཀྱི“གཞུང་ལྔ་དང་། འཕྲེད་བཞི། བགྲོད་ལམ་བཞི”ཁྲོད་ཀྱི་འཕྲེད་གཅིག་ཀྱང་ཡིན། སྤྱི་ལོ2006ལོའི་ཟླ5པའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་ཡོད།     ལུའོ་ཕིང་མྱུར་བགྲོད་གཞུང་ལམ(ཕིང་ཏིང་རི་བོའི་དུམ་བུ)ཡིན་པ་དང་ཕིང་ལིང་མྱུར་བགྲོད་གཞུང་ལམ་ལམ་ཐིག་གཅིག་ཡིན་པ་ཚང་མ་ཉིང་ལུའོ་མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་གལ་ཆེན་ཡིན་པ་རེད། ལམ་ཐིག་ཧྲིལ་པོར་སྤྱི་ལེ75.4ཡོད་པའི་ནང་ཕིང་ཏིང་རི་བོའི་དུམ་བུའི་རིང་ཚད་སྤྱི་ལེ20.8ཟིན་པ་དང་སྤྱི་ལོ2005ལོའི་ཟླ12པར་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།     ཀྲེང་ཡའོ་མྱུར་བགྲོད་གཞུང་ལམ་ནི་ཧོ་ནན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་གྱི“686”འཆར་འགོད་དྲ་བའི་ནང་གི་འབྲེལ་མཐུད་ལམ་ཐིག་གལ་ཆེན་ཞིག་ཡིན་པ་དང་ལམ་ཐིག་ཧྲིལ་པོར་སྤྱི་ལེ183ཡོད་པ་དང་ཀྲེང་ཀྲོའུ་དང་། ཞུས་ཁྲང་། ཕིང་ཏིང་ཧྲན་བཅས་གྲོང་ཁྱེར་གསུམ་གྱི་རྫོང(གྲོང་ཁྱེར་དང་ཆུས)དགུ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར88བཏང་ཡོད་པ་རེད། དེའི་ནང་ཕིང་ཏིང་རི་བོའི་ལམ་དུམ་གྱི་སྤྱིའི་རིང་ཚད་སྤྱི་ལེ101ཟིན་པ་དེར་མ་དངུལ་སྒོར་དུང་ཕྱུར48བཏང་ཡོད། ཀྲེན་ཧྲེ་མྱུར་བགྲོད་གཞུང་ལམ་དེ་ཧོ་ནན་ཀྲུང་ཡོན་མྱུར་བགྲོད་གཞུང་ལམ་མ་རྐང་ཚད་ཡོད་ཀུང་སིས་ཆ་ཚང་མ་འཇོག་བྱས་ནས་བསྐྲུན་པ་དང་སྤྱི་ལོ2007ལོའི་ཟླ12པར་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།     ཐའེ་ཨོ་མྱུར་བགྲོད་གཞུང་ལམ་སྟེ། ལུའོ་དབྱང་ནས་ནན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་ནས་ཡན་ཧྲུའེ་ལིང་བར་གྱི་ལམ་དུམ་བུར་རྒྱུ་ཆ་བསྐུར་ནས་སྤྱི་ལོ2008ལོའི་ཟླ11པར་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།     ཡེ་ཤོ(རྫོང)ཞབས་བྲོ(ངར་ལྕགས)མྱུར་བགྲོད་གཞུང་ལམ་ནི་ཧོ་ནན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་དྲ་བའི་སྤྱིའི་འཆར་འགོད་ཁྲོད་ཅའོ་ཅའོ(ཙོ)མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ལམ་ཐིག་བྱང་དུ་ཕིང་ཏིང་ཧྲན་གྲོང་ཁྱེར་ཡེ་རྫོང་ནས་འགོ་བཙུགས་ཏེ་ཉིང་ལུའོ་མྱུར་བགྲོད་གཞུང་ལམ་དང་སྦྲེལ་ནས་ལྷོ་ངོས་ཡེ་རྫོང་དང་ཝུའུ་ཀང་གྲོང་ཁྱེར་བརྒྱུད་དེ་ཕིང་ཏིང་ཧྲན་གྲོང་ཁྱེར་དང་མཱ་ཏེན་གྲོང་ཁྱེར་གྱི་འབྲེལ་མཚམས་སུ་གནས་པ་རེད། སྤྱི་ལོ2010ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།     

8_2 ལྕགས་ལམ།     

ཕིང་ཏིང་ཧྲན་དེ་ཅིང་ཀོང་དང་ཅའོ་ཀྲི་ལྕགས་ལམ་གྱི་མ་ལམ་ཆེན་པོ་གཉིས་ཀྱི་དབར་གནས་པ་དང་ས་ཁོངས་ནང་གི་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ400ཡོད།   


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས་ལས་དོན། ལྕགས་ལམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-25

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།