ལུའུ་ཁྲེང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའུ་ཁྲེང་ཆུས།
ལུའུ་ཁྲེང་ཆུས་ནི་ཝུན་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཡིན་ཞིང་། ཀྲེ་ཅང་ཞིང་ཆེན་ཤར་ལྷོའི་རྒྱུད་དུ་གནས་པ་དང་ཝུན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གནས་ཡུལ་དང་ཝུན་ཀྲོའུ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་སུ་གནས་ཡོད། ཆུས་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ292.72ཡོད་པ་རེད། བཤད་སྲོལ་ལྟར་ན་ཅུན་མཁར་འཛུགས་སྐབས་ཤ་བ་དཀར་པོས་གྲོང་ཁྱེར་སྐོར་ནས་གཟའ་འཁོར་གཅིག་ལ་བསྐོར་བས་མིང་ལ་ལུའུ་ཁྲེང(ཤ་མཁར)ཟེར། སྤྱི་ལོ2018ལོར། རྒྱལ་ཡོངས་ཀྱི་མ་འཇོག་གི་མི་མངོན་པའི་སྟོབས་ཆེའི་ཆུས་བརྒྱ་དང་། ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེའི་ཆུས་བརྒྱ། ལྗང་མདོག་འཕེལ་རྒྱས་སྟོབས་ཆེའི་ཆུས་བརྒྱ་བཅས་སུ་བདམས་མྱོང། སྤྱི་ལོ2019ལོའི་ཟླ10པར། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཆེའི་ཆུས་བརྒྱའི(རྒྱལ་ཡོངས་ཀྱི་སྟོབས་ཆེའི་ཆུས་བརྒྱ)ཨང48པ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱའི་ཨང12པ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཆེའི་ཆུས་བརྒྱ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་དཔེ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེའི་ཆུས་བརྒྱ་བཅས་སུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鹿城区
མིང་གཞན།
白鹿城
ཕྱི་ཡིག་གི་མིང་།
Lucheng District
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ292.72ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས།
མི་འབོར།
ཁྲི124.44(20116ལོའི་རྒྱུན་སྡོད་མི་འབོར)ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0577
རླངས་འཁོར་ཚབ་ཨང་།
浙C
སྦྲག་སྲིད་ཨང་རྟགས།
325000
གནམ་ཐང་།
ཝུན་ཀྲོའུ་ལུང་ཝན་རྒྱལ་སྤྱིའི་གནམ་ཐང་།
ས་ཁམས་གནས་ཡུལ།
ཀྲེ་ཅང་ཞིང་ཆེན་གྱི་ཝུན་ཀྲོའུ་གྲོང་ཁྱེར་དབུས་རྒྱུད།
མེ་འཁོར་ས་ཚིགས།
ཝུན་ཀྲོའུ་མེ་འཁོར་ས་ཚིགས།
མངའ་ཁོངས།
སྲང་ལམ7དང་གྲོང་རྡལ1ཡོད།
སྲིད་འཛིན་ཚབ་ཨང་།
330302
1 ལོ་རྒྱུས་ཀྱི་འཕེལ་རིམ།

གནའ་བོའི་དུས་སུ། ལུའུ་ཁྲེང་ནི་ཡུང་ཅ་རྫོང་གི་ས་ཆའི་ཁོངས་སུ་གཏོགས་པ་དང་། དེ་ནས་ཅིན་རྒྱལ་རབས་ཤར་མའི་ཐའེ་ཉིང་ཁྲི་ལོ་དང་པོ(སྤྱི་ལོ323ལོ)ཏན་ཡུང་ཅ་ཅུན་གྱི་མཁར་བརྩིགས་སྐབས་ཤ་དཀར་གྱིས་མེ་ཏོག་ཕབ་པའི་ལྟས་བཟང་བྱུང་བས་མིང་ཡང་དེ་ལྟར་ཐོགས།  རྒྱལ་རབས་རིམ་བྱུང་གི་ཅུན་དང་། ཀྲོའུ། ཀྲོན་ཆུས། རྫོང་བཅས་ཀྱི་གནས་ཡུལ་ཡིན། བཅིངས་འགྲོལ་བྱས་རྗེས(སྤྱི་ལོ1950ལོའི་ཟླ5པར)ཡུང་ཅ་རྫོང་ཁོངས་ཀྱི་ཡན་ཅང་གཙང་པོའི་ལྷོ་རྒྱུད་དུ་ཝུན་ཀྲོའུ་གྲོང་ཁྱེར་བཙུགས། 

སྤྱི་ལོ1981ལོར་ས་ཁུལ་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་བ་དང་། དེ་སྔའི་གྲོང་ཁུལ་ཆུས་སུ་བསྒྱུར་ཞིང་། མིང་ལ་ཝུན་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁུལ་ཟེར། སྤྱི་ལོ1984ལོར་ལུའུ་ཁྲེང་ཆུས་ཞེས་མིང་བསྒྱུར། 

སྤྱི་ལོ1996ལོར། ལུའུ་ཁྲེང་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ88.3ཟིན་པ་དང་། མི་གྲངས་ཁྲི་47.7ཡོད། ཁོངས་གཏོགས་ཀྱི་སྲང་ལམ16དང་གྲོང་རྡལ1 ཡུལ་ཚོ4སྟེ། ཏ་ནན་སྲང་ལམདང་། ཞའོ་ནན་སྲང་ལམ། ཀོང་ཧྭ་སྲང་ལམ། ཝུའུ་མ་སྲང་ལམ། ཧྲུའེ་ཤིན་སྲང་ལམ། ཏུང་ཧྥུང་སྲང་ལམ། ཧྲི་ཀྲུང་སྲང་ལམ། ཤིས་ཧྲན་སྲང་ལམ། སུང་ཐའེ་སྲང་ལམ། ཧུང་ཏེན་སྲང་ལམ། ལེན་ཁྲེ་སྲང་ལམ། ཧའེ་ཐན་སྲང་ལམ། ཧྲུའོ་མོན་སྲང་ལམ། ཀུའུ་ལོའུ་སྲང་ལམ། ཕུའུ་ཁྲེ་གྲོང་ཁྱེར་སྲང་ལམ། ཧྲང་ཧུའུ་མོན་སྲང་ལམ། ཧྲོང་ཡུས་གྲོང་རྡལ། ཡང་དབྱི་ཡུལ་ཚོ། ནན་ཅའོ་ཡུལ་ཚོ། གྲོང་འདབས་ཡུལ་ཚོ། ལི་མིང་ཡུལ་ཚོ། ཆུས་སྲིད་གཞུང་ནི་ཀུའུ་ལོའུ་སྲང་ལམ་དུ་གནས་ཡོད་དོ།། 

སྤྱི་ལོ1998ལོར། ལུའུ་ཁྲེང་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ104ཡོད། སྤྱིའི་མི་འབོར་ཁྲི50.26ཟིན་ཡོད། དེའི་ཁོངས་སུ་སྲང་ལམ17དང་། གྲོང་རྡལ1 ཡུལ་ཚོ4 ཅང་ཞིན་ཡུས་དོན་གཅོད་ཁང་བཅས་གཏོགས་ཡོད། 

སྤྱི་ལོ2001ལོའི་ཟླ9པའི་ཚེས12ཉིན། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་མཆན་འགོད་བཀའ་ལན་གནང་ནས་ཝུན་ཀྲོའུ་གྲོང་ཁྱེར་ལུའུ་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱས་པ་སྟེ། ཁྲེང་ཅའོ་ཡུལ་ཚོ་དང་ལི་མིང་ཡུལ་ཚོའི་སྒྲིག་གཞི་མེད་པར་བཟོས་པ་དང་། དེ་སྔའི་ཁྲེང་ཅའོ་ཡུལ་ཚོའི་ཤར་ངོས་ཕུད་པའི་སྲིད་འཛིན་ཁུལ་དང་དེ་སྔའི་ལི་མིང་ཡུལ་ཚང་ཚང་མ་ལུའུ་ཁྲེང་ཆུས་སྲིད་གཞུང་གིས་ཐད་ཀར་དོ་དམ་བྱས་པ་རེད། དེ་སྔའི་ཁྲེང་ཅའོ་ཡུལ་ཚོའི་ཏུང་ཡུས་གྲོང་ཚོ་དང་ཞའོ་ནན་སྲང་ལམ་གྱི་ཏུང་ཡུས་གྲོང་མི་ཨུ་ལྷན་དེ་ནན་ཅའོ་ཡུལ་ཚོའི་དོ་དམ་བྱེད་ཁོངས་སུ་དབྱེ། ནན་ཅའོ་ཡུལ་ཚོགི་སྲིད་འཛིན་ས་ཁོངས་ཁག་གཅིག(ནན་ཐང་དང་། ཏེང་ཐ། ལུང་ཧྲེན་བཅས་གྲོང་ཚོ3)ལུའུ་ཁྲེང་ཆུས་སྲིད་གཞུང་གི་ཐད་གཏོགས་ཁོངས་སུ་བསྒྱུར་ཡོད།

སྤྱི་ལོ2002ལོར། ལུའུ་ཁྲེང་ཆུས་ཁོངས་སུ་སྲང་ལམ12དང་། གྲོང་རྡལ4 ཡུལ་ཚོ5 སྡེ་ཁུལ151 སྲིད་འཛིན་གྲོང་ཚོ146བཅས་ཡོད། 

སྤྱི་ལོ2005ལོའི་ལོ་མཇུག་ཏུ། ལུའུ་ཁྲེང་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ294.38ཡོད་པ་དང་། མི་གྲངས་ཁྲི67.33ཡོད། དེའི་ཁོངས་སུ་སྲང་ལམ12དང་། གྲོང་རྡལ4 ཡུལ་ཚོ5ཡོད་པ་སྟེ། ཝུའུ་མ་སྲང་ལམ་དང་། ལེན་ཁྲི་སྲང་ལམ། ཧྲུའེ་ཞིན་སྲང་ལམ། ནན་མོན་སྲང་ལམ། ཅང་པིན་སྲང་ལམ། ཕུའུ་ལྷམ་གྲོང་ཁྱེར་སྲང་ལམ། ཧུང་ཏེན་སྲང་ལམ། ཀོང་ཧྭ་སྲང་ལམ། ནན་ཕུའུ་སྲང་ལམ། ལི་མིང་སྲང་ལམ། ཞིའུ་ཧྲན་སྲང་ལམ། ཧོང་ལུང་སྲང་ལམ། ཧྲོང་ཡུས་གྲོང་རྡལ། ཆི་ཏུའུ་གྲོང་རྡལ། ཐེང་ཆའོ་གྲོང་རྡལ། ལིན་ཅང་གྲོང་རྡལ། དབྱང་དབྱི་ཡུལ་ཚོ། ཧྲོང་ཁྲའོ་ཡུལ་ཚོ། ཧྲང་ཧྲོའུ་ཡུལ་ཚོ། ཆི་ཏེ་ཡུལ་ཚོ་བཅས་སོ།། 

སྤྱི་ལོ2011ལོའི་ཟླ10པའི་ཚེས12ཉིན་ལེགས་སྒྲིག་བྱས་རྗེས་ལུའུ་ཁྲེང་ཆུས་ཁོངས་སུ་ཝུའུ་མ་དང་། སུང་ཐའེ། པིན་ཅང་། ནན་ཧུའེ། ཧྲོང་ཡུས། དབྱང་དབྱི། ཆི་ཏུའུ་སོགས་ཁྲོམ་གཞུང་དོན་གཅོད་ཁྲུའུ7དང་ཐེང་ཆའོ་གྲོང་རྡལ་བཅས་ཡོད། 

2 ས་ཁམས་ཁོར་ཡུག

ལུའུ་ཁྲེང་ཆུས་ནི་ཚ་ཁུལ་ཕལ་བའི་རྒྱ་མཚོའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། ཟླ་དང་པོར་གྲང་ཤོས་ཡིན་པ་དང་། ཆ་སྙོམས་དྲོད་ཚད7.6℃ཡིན། ཟླ་བདུན་པར་ཚ་བ་ཆེ་ཤོས་ཡིན་ཏེ། ཆ་སྙོམས་དྲོད་ཚད27℃ཡིན་པ་དང་། ལོ་ཧྲིལ་པོར་ཆ་སྙོམས་དྲོད་ཚད18℃ཡིན། ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས41.3℃ཡིན་པ། དམའ་ཤོས-4.5℃ཡིན། སད་མེད་དུས་ཀྱི་ཉིན280ཙམ་དང་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1100~2200ཡིན། བརླན་གཤེར་ཆེ་བའི་གནམ་གཤིས་ནི་ལོ་ཏོག་སྐྱེས་པར་ཤིན་ཏུ་འཚམ། 

ལུའུ་ཁྲེང་ཆུས་ནི་ཤར་ལྷོའི་མཚོ་རྒྱུད་དུ་གནས་པ་དང་ས་དབྱིབས་མང་ཆེ་བ་བདེ་ཐང་དང་། རི་ཁུལ། རི་མ་ཐང་། གླིང་ཕྲན་སོགས་ཡིན། རྒྱ་མཚོའི་རླུང་འཚུབ་དང་། དྲག་ཆར། ཐན་པ། དྲོད་ཚད་མཐོ་བ། ཐོག་བརྒྱབ་པ། རི་ཉིལ་བ་སོགས་རང་བྱུང་གནོད་འཚེ་ཡང་ཡང་འབྱུང་བཞིན་ཡོད། 

.png

3 སྲིད་འཛིན་ཁོངས་བགོས། 

སྤྱི་ལོ2011ལོའི་ལོ་མཇུག་བར། ལུའུ་ཁྲེང་ཆུས་ཁོངས་སུ་ཝུའུ་མ་དང་། སུང་ཐའེ། པིན་ཅང་། ནན་ཧུའེ། ཧྲོང་ཡུས། དབྱང་དབྱི། ཆི་ཏུའུ་སོགས་ཁྲོམ་གཞུང་དོན་གཅོད་ཁྲུའུ7དང་ཐེང་ཆའོ་གྲོང་རྡལ་བཅས་ཡོད། 


4 མི་འབོར་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་ཐོག་ལུའུ་ཁྲེང་ཆུས་ཀྱིརྒྱུན་སྡོད་མི་འབོར་ཁྲི129.33ཟིན་པ་དེ་སྤྱི2000ལོའི་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་ཐོག་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་མི་ཁྲི99.10དང་བསྡུར་ན་ལོ་བཅུའི་ནང་མི་ཁྲི30.23འཕར་ནས30.50%འཕར་བ་དང་ལོ་རེའི་ཆ་སྙོམས་འཕར་ཚད་ཀྱིས2.70%ཟིན་ཡོད། དེའི་ནང་ཆུས་ཕྱི་ནས་ཡོང་བའི་མི་འབོར་ཁྲི67.84ཡོད་པ་དེས་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི52.46%བཟུང་ཡོད།

ལུའུ་ཁྲེང་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་ལོ0ནས14བར་གྱི་མི་འབོར་ཁྲི14.12ཟིན་པ་དེས10.92%བཟུང་བ་དང་། ལོ15ནས59བར་གྱི་མི་འབོར་ཁྲི103.42ཟིན་པ་དེས79.97%བཟུང་བ་རེད། ལོ60དང་དེའི་ཡན་གྱི་མི་འབོར་ཁྲི11.78ཟིན་པ་དེས9.11%བཟུང་བའི་ནང་ལོ65དང་དེའི་ཡན་གྱི་མི་འབོར་ཁྲི7.77ཟིན་པ་དེས6.01%བཟུང་ཡོད། སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན་ལོ0ནས14བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས1.79ཆག་པ་དང་། ལོ15ནས59བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས1.18འཕར་བ་རེད། ལོ60དང་དེའི་ཡན་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས0.61འཕར་བ་དང། ལོ65དང་དེའི་ཡན་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས0.10འཕར་བ་བཅས་རེད།

4_2 མི་གྲངས།

སྤྱི་ལོ2013ལོར། ལུའུ་ཁྲེང་ཆུས་ཀྱི་ཐེམ་ཁུངས་གྲངས་ཉུང་མི་རིགས31གི་མི་གྲངས1463ཡོད་པ་དེས་ལུའུ་ཁྲེང་ཆུས་ཀྱི་མི་འབོར་བསྡོམས་འབོར་གྱི0.2%བཟུང་བ་དང་ཕྱི་ནས་ཡོང་བའི་གྲངས་ཉུང་མི་རིགས46གིས་མི་གྲངས་ཁྲི6.5ཟིན་པ་དེས་ཕྱི་ནས་ཡོང་བའི་མི་འབོར་གྱི10%བཟུང་བའི་ནང་མེའོ་རིགས་དང་། ཐུའུ་ཅ་རིགས། ཏུང་རིགས། པུའུ་དབྱི་རིགས་སོགས་ཀྱི་མི་འབོར་གྱིས་གྲངས་ཉུང་མི་རིགས་བསྡོམས་འབོར་གྱི76%ཡན་བཟུང་ཡོད། གཙོ་བོ་ཀུའེ་ཀྲོའུ་དང་། ཧུའུ་ནན། ཀོང་ཤིས། ཧུའུ་པེ། མཚོ་སྔོན། ཉིང་ཞ། ཀན་སུའུ། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ནས་ཡོང་བ་དང་། གྱོན་ཆས་དང་། ཀོ་ལྷམ། མིག་ཤེལ་སོགས་ལས་རིགས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་ལས་རིགས་གཙོ་བོར་གཉེར་གྱིན་ཡོད།

5 ​དཔལ་འབྱོར།

སྤྱི་ལོ2013ལོར་ལུའུ་ཁྲེང་ཆུས་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར717.97ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས4.5%འཕར་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.6འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར1.66ཟིན་ནས2.2%ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར203.51ཟིན་ནས3.5%འཕར་བ་དེའི་ནང་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར154.61ཟིན་ནས0.1%ཆག་པ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར512.8ཟིན་ནས5.0%འཕར་ཡོད། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་བྱས་པ་དེ་ལོ་གོང་མའི0.3:28.6:71.1ནས0.2:28.4:71.4བར་ལེགས་སྒྲིག་བྱས་ཡོད། ཐོན་ལས་གསུམ་པས་ལུའུ་ཁྲེང་ཆུས་ཀྱི་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད་སོ་སོར22.8%དང77.3%ཟིན་པ་དང་། རིམ་བཞིན་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གྲངས1.0དང་བརྒྱ་ཆའི་གྲངས3.5སྐུལ་ཁྲིད་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་རེར་སྒོར98358ཟིན་པ་དེ་ལོ་གོང་མ་ལས3.6%འཕར་བ་དང་ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང(1:6.1932)ལྟར་བརྩིས་ན་མི་རེར་ཨ་སྒོར15882ཡིན་པ་རེད།

སྤྱི་ལོ2013ལོར། ལུའུ་ཁྲེང་ཆུས་སུ་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.53བྱུང་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན1.5%འཕར་བ་དང་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས3.7འཕར་ཡོད། སྤྱི་ལོ2013ལོར་ལུའུ་ཁྲེང་ཆུས་ཀྱི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་མུའུ49818ཟིན་ནས3.7%འཕར་བ་དང་། མུའུ་རེའི་ཐོན་ཚད་སྤྱི་རྒྱ345ཟིན་ནས14.2%ཆག་པ། ཐོན་ཚད་བསྡོམས་འབོར་ཏུན17168.8ཟིན་ནས11.1%ཆག་ཡོད།

སྤྱི་ལོ2013ལོར། ལུའུ་ཁྲེང་ཆུས་སུ་བཅད་གྲངས་ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར263.15བཏང་བ་དེ་ལོ་སྔོན་མ་ལས20.3%འཕར་བ་དང་བསྡོམས་འབོར་དང་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་ལྔ་པ་དང་བརྒྱད་པར་སོ་སོར་སླེབས་ཡོད་པ་རེད། དེའི་ནང་ཚད་བཀག་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར171.21བཏང་བ་དེ་ལོ་སྔོན་མ་ལས28.5%འཕར་བ་དང་། མ་འཇོག་གྲུབ་ཆ་ཅུང་ལེགས་སུ་ཕྱིན་པ་དང། བཟོ་ལས་རང་བཞིན་གྱི་མ་འཇོག་བསྡུར་ཚད་མཐོ་རུ་ཕྱིན་པ། ས་ཁང་བདག་ཁོངས་གསར་སྤེལ་གྱི་མ་འཇོག་བསྡུར་ཚད་ཅུང་ཆག་པ་བཅས་རེད། སྤྱི་ལོ2013ལོར། ལུའུ་ཁྲེང་ཆུས་བཟོ་ལས་རང་བཞིན་གྱི་མ་འཇོག་སྒོར་དུང་ཕྱུར31.66ཟིན་ནས31.8%འཕར་བ་དང་བཟོ་ལས་མ་འཇོག་གིས་མ་འཇོག་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད12.1%ཟིན་ནས་ལོ་སྔོན་མ་ལས་བརྒྱ་ཆའི་གྲངས1.1མཐོ་རུ་ཕྱིན་ཡོད། བཟོ་ལས་ལག་རྩལ་བསྒྱུར་བཀོད་སྒོར་དུང་ཕྱུར26.86ཟིན་པ་དེ་ལོ་སྔོན་མ་ལས25.7%འཕར་བ་དེས་བཟོ་ལས་མ་འཇོག་བསྡོམས་འབོར་གྱི84.8%ཟིན་ཡོད། ཞབས་ཞུའི་ལས་རིགས་ལ་མ་དངུལ་སྒོར་དུང་ཕྱུར226.43བཏང་བ་དེ་ལོ་སྔོན་མ་ལས16.2%འཕར་ནས་མ་འཇོག་ཧྲིལ་པོའི་བསྡུར་ཚད་ཀྱི86%བཟུང་ཡོད། སྤྱི་ལོ2013ལོར་གསར་དུ་ལས་འགོ་བཙུགས་པའི་རྣམ་གྲངས་ཀྱི་ས་ཆ་ཉོ་སྒྲུབ་འགྲོ་གྲོན་གྱི་སྐུལ་ཁྲིད་འོག་ལོ་ཧྲིལ་པོའི་ས་ཁང་བདག་ཁོངས་ཀྱི་མ་འཇོག་འཕེལ་ཕྱོགས་ཡག་པོ་ཐོན་ནས་མ་འཇོག་སྒོར་དུང་ཕྱུར91.94ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས14.7%འཕར་བ་དེས་མ་འཇོག་བསྡོམས་འབོར་གྱི་བསྡུར་ཚད་ཀྱི34.9%བཟུང་བ་དང་བསྡུར་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་གྲངས1.7ཆག་ཡོད་པ་རེད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོར། རྒྱལ་ཡོངས་ཀྱི་མ་འཇོག་གི་མི་མངོན་པའི་སྟོབས་ཆེའི་ཆུས་བརྒྱ་དང་། ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེའི་ཆུས་བརྒྱ། ལྗང་མདོག་འཕེལ་རྒྱས་སྟོབས་ཆེའི་ཆུས་བརྒྱ་བཅས་སུ་བདམས་མྱོང། 

སྤྱི་ལོ2019ལོའི་ཟླ10པར། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཆེའི་ཆུས་བརྒྱའི(རྒྱལ་ཡོངས་ཀྱི་སྟོབས་ཆེའི་ཆུས་བརྒྱ)ཨང48པ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱའི་ཨང12པ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཆེའི་ཆུས་བརྒྱ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་དཔེ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེའི་ཆུས་བརྒྱ་བཅས་སུ་བདམས་པ་རེད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-25

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།