ལོན་ཁྲོན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལོན་ཁྲོན་རྫོང་།
ལོན་ཁྲོན་ནི་ངག་རྒྱུན་ལྟར་ན་གནའ་སྔ་མོའི་དུས་སུ་གནས་འདི་རུ་བྱེའུ་འདུས་ཚོགས་བྱེད་ས་ཡིན་པས་མིང་དེ་ལྟར་ཐོགས་པ་ཡིན་ཟེར། དེ་ནི་ཧོ་ནན་ཞིང་ཆེན་གྱི་ནུབ་རྒྱུད་དུ་ཆགས་ཡོད་པ་དང་། ཤར་ངོས་སུ་སུང་རྫོང་དང་འབྲེལ་ཞིང་། ནུབ་ཕྱོགས་སུ་ལུའུ་ཧྲིའི་ས་མཚམས། ལྷོ་ཕྱོགས་སུ་ཞི་ཞ། བྱང་ཕྱོགས་སུ་ལུའོ་ཉིང་མོ་ཅན་སོགས་དང་འབྲེལ་ཡོད། “ལུའོ་དབྱང་རྒྱབ་ཀྱི་མེ་ཏོག་ལྡུམ་ར”དང“ལུའོ་དབྱང་ལྷོ་སྒོ་ཆེན་མོ”ཞེས་པའི་མཚན་སྙན་ཡོད། ལོན་ཁྲོན་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2477ཡོད་པ་དང་། ད་ཆ་གྲོང་རྡལ12དང་ཤང2དོ་དམ་ཨུ་ལྷན(ཁྲུང་ཏུའུ་ལུང་ཤུར་དོ་དམ་ཨུ་ལྷན)1དང་སྲིད་འཛིན་གྲོང་ཚོ(གྲོང་ལྷན)213ལ་ཁྱོན་མི་འབོར་ཁྲི35ཡོད་པའི་ནང་ཞིང་ལས་མི་འབོར་ཁྲི29.9ཡོད་པ་རེད། སྤྱི་ལོ2016ལོར་རྫོང་གྲོང་བསྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ15.78ཡོད། ལོན་ཁྲོན་རྫོང་ལ་རྒྱལ་ཁབ་འཕྲོད་བསྟེན་རྫོང་གྲོང་དང་། ཀྲུང་གོའི་ཡུལ་སྐོར་སྟོབས་ལྡན་རྫོང་། རྒྱལ་ཁབ་སྣོད་བཅུད་རྫོང་། རྒྱལ་ཁབ་སྐྱེད་ཚལ་རྫོང་། རྒྱལ་ཡོངས་ཀྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྫོང་། རྒྱལ་ཡོངས་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲོང་གསེབ་གསར་པའི་ཕུལ་བྱུང་རྫོང་བཅུ། རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་རྫོང་། རྒྱལ་ཡོངས་ཀྱི་དུས་བདེའི་འཛུགས་སྐྲུན་སྔོན་ཐོན་རྫོང་། རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩའི་དོ་སྙོམས་རྫོང་། འཛམ་གླིང་གི་གྲོང་གསེབ་ཆེན་པོ་བཅུའི་སྤྲོ་གསེང་གནས་མཆོག་བཅས་སྔ་རྗེས་སུ་ཐོབ་ཡོད། སྤྱི་ལོ2018ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་མཁར་ལ་བདམས་པ་རེད། སྤྱི་ལོ2018ལོའི་ཟླ12པའི་ཚེས12ཉིན“དྭངས་ཤིང་གཙང་བའི་རི་ཆུ་ནགས་གསུམ་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་ཁག་གཉིས་པའི་མིང་བཏགས་ཡོད། སྤྱི་ལོ2019ལོའི་ཟླ5པའི་ཚེས9ཉིན། ཞིང་ཆེན་རིམ་པའི་ཆེད་དོན་དཔྱད་དཔོག་དང་ཞིབ་བཤེར་བྱས་པ་བརྒྱུད་དབུལ་ཞྭ་ཕུད་པའི་ཚད་གཞིར་སླེབས་པ་དང་། དབུལ་ཕོངས་རྫོང་གི་རིམ་སྟར་ནས་དངོས་སུ་དབུལ་ཐར་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
栾川县
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་དབུས་ལྷོ།
མངའ་ཁོངས།
ཐན་ཐོའུ་གྲོང་རྡལ། ཁྲེང་ཀོན་གྲོང་རྡལ་སོགས་ཤང་གྲོང14ཡོད།
སྲིད་གཞུང་གི་ས་གནས།
ལོན་ཁྲོན་རྫོང་ཞིན་ཧྭ་ཤར་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0379
སྦྲག་སྲིད་ཨང་རྟགས།
471500
ས་གནས།
ཧོ་ནན་གྱི་ནུབ་རྒྱུད་དང་ལུའོ་དབྱང་གི་ལྷོ་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2477ཡོད།
མི་གྲངས།
ཁྲི35ཡོད།
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས (豫)C
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410324
1 ​ལོ་རྒྱུས་ཀྱི་འཕེལ་རིམ།   

སྤྱི་ལོ1947ལོར་ལོན་ཁྲོན་བཅིངས་འགྲོལ་བཏང་ནས་རྫོང་བསྐྱར་དུ་བཙུགས།       

སྤྱི་ལོ1986ལོའི་ཟླ་4པར་ལུའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།     

སྤྱི་ལོ2005ལོར་ལོན་ཁྲོན་རྫོང་གི་ཤང་གྲོང་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་པ་སྟེ། ཏ་ཆིང་ཀོའུ་ཤང་མེད་པ་བཟོས་པ་དང་། དེའི་སྲིད་འཛིན་ས་ཁོངས་དགོན་ཙི་ཤང་གི་དོ་དམ་བྱེད་ཁོངས་སུ་བཅུག་པ་རེད།

སྤྱི་ལོ2009ལོའི་ཟླ1པོར། ཧྲི་མའོ་ཕྱིར་འཐེན་བྱས་ཏེ་ཤང་དུ་ཧྲི་མའོ་གྲོང་རྡལ་བཙུགས།    

སྤྱི་ལོ2012ལོའི་ཟླ3པར་པེ་ཐུའུ་ཤང་ཤང་གྲོང་རྡལ་དུ་བསྒྱུར་བ།     

སྤྱི་ལོ2013ལོའི་ཟླ་དང་པོར་བསྐྱར་བརྒལ་ལུང་ཤུར་དོ་དམ་ཨུ་ལྷན་བཙུགས།     

2 ས་ཁམས་ཁོར་ཡུག     
2_1 གནས་སའི་ཡུལ་ཁོངས།     

ལོན་ཁྲོན་གྱི་ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག111°11′~112°01′བར་དང་། བྱང་གི་འཕྲེད་ཐིག33°39′~34°11′བར་དུ་གནས་ཡོད། ཤར་ནི་སུང་རྫོང་དང་འབྲེལ་ཡོད་ལ། ནུབ་ནི་ལུའུ་ཧྲིའི་ས་མཚམས། ལྷོ་ནི་ནན་དབྱང་གྲོང་ཁྱེར་གྱི་ཞི་ཞ་དང་འབྲེལ་ཞིང་། བྱང་ནི་ལུའོ་ཉིང་མོ་ཅན་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ2177ཟིན་པ་དང་། ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ78.4   ལྷོ་བྱང་གི་ཞེང་ཚད་སྤྱི་ལེ57.2ཟིན་ཡོད།

2_2 ས་དབྱིབས།     

ས་བབས་ནི་ལྷོ་ནུབ་མཐོ་ཞིང་བྱང་ཤར་དམའ་བ་དང་། ས་དབྱིབས་ནི་རི་བ་མཐོ་པོ་དང་། རི་བོ་དམའ་བ། གྲོག་རོང་བཅས་རིགས་གསུམ་ཆགས་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་སྟོང་ཡན་ཟིན་པའི་དབུས་རྒྱུད་རི་ཁུལ་གྱི་རྒྱ་ཁྱོན་གྱིས་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི49.4%བཟུང་བ་དང་། སྟོང་སྨི་མན་གྱི་རི་ཁུལ་དམའ་བའི་རྒྱ་ཁྱོན་དང་ལུང་ཤུར་གྱི་རྒྱ་ཁྱོན་གྱིས་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི50.6%བཟུང་ཡོད། ས་བབ་མཐོ་ཤོས་ནི་ལུང་ཡུས་དབན་གྱི་བྱ་ཟུར་རྩེ་མོ་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི212.5ཟིན་པ་དང་། གནས་དམའ་ཤོས་ཐན་ཐོའུ་གྲོང་རྡལ་ཐང་དབྱིང་གྲོང་ཚོའི་དབྱི་ཧོ་གཙང་པོའི་མཚམས་ཀྱི་ས་བབ་མཐོ་ཚད་སྨི450ཟིན་པ་དང་བལྟོས་བཅས་ཀྱི་མཐོ་ཚད་ཧེ་བག་སྨི1762.5ཡོད་པ་རེད། རྫོང་གྲོང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི750ཟིན་ཞིང་། དེ་ནི་ཞིང་ཆེན་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་གྲོང་རེད།     

2_3 ནམ་ཟླ།     

ལོན་ཁྲོན་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད12.4℃ཡིན་ལ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཆུ་ཚོད2103ཡིན། སད་མེད་དུས་ཉིན198ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི872.6ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1386.6ཟིན་པ་དང་། ཆེས་ཉུང་ནའང་ཧའོ་སྨི403.3ཟིན་ཡོད། རྫོང་ཁོངས་ཀྱི་གནམ་གཤིས་ཁྱད་པར་ཡོད་པའི་རྐྱེན་གྱིས་ནམ་ཟླའི་རྒྱུད་ཆུང་བ་གསུམ་གྲུབ་པ་རེད། གཅིག་ནི་བྱང་ཤར་རྒྱུད་ཀྱི་དྲོད་ཁུལ་ཡིན་པ་དེའི་ནང་རྫིང་བུ་སོགས་ཚུད་ཡོད་པ་དང་། ས་བབ་མཐོ་ཚད་སྨི460ཡས་མས་ཟིན་པ། ལོ་རེར་ཆ་སྙོམས་དྲོད་ཚད13.7℃དང་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་737.9ཟིན་པ། ཉི་འོད་ཕོག་ཚད་ཆུ་ཚོད2292ཟིན་པ་དང་སད་མེད་དུས་ཡུན་ཉིན210ཡས་མས་ཡིན་པ་བཅས་རེད།     

3 རང་བྱུང་ཐོན་ཁུངས།     
3_1 གཏེར་རྫས་ཐོན་ཁུངས།     

ལོན་ཁྲོན་རྫོང་ནི་ཧོ་ནན་ནུབ་རྒྱུད་ཀྱི་ལྕགས་རིགས་མང་བའི་གཏེར་གྲུབ་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་པ་དང་ལྗོངས་ནང་ཁུལ་གྱི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་རང་རྒྱལ་གྱི་ལྕགས་རིགས་མང་བའི་གཏེར་འདུས་ཁུལ་ཞིག་ཡིན་ལ་རྒྱལ་ཡོངས་ཀྱི་ལྕགས་རིགས་མང་བའི་གཏེར་གྲུབ་ཁུལ་གལ་ཆེན16གི་ལྟེ་བའི་ས་ཁོངས་ཤིག་ཀྱང་ཡིན་པས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད། ས་ཁོངས་སུ་ལྕགས་རིགས་གཏེར་ཁ་དང་། ལྕགས་རིགས་མིན་པའི་གཏེར་རྫས། ནུས་ཁུངས་གཏེར་རྫས། ཆུ་རླངས་གཏེར་ཁ་བཅས་རིགས་ཆེན་པོ་བཞི་ཁྱབ་ཡོད་པ་དང་། ཁྱོན་རིགས་50ལྷག་ཙམ་ཡོད་པ་དང་། རྩད་ཆོད་ཐུབ་པའི་གཏེར་རྫས་རིགས19ཡོད་པ། གཏེར་ཁ་རིགས་ཁག251ཡོད་པ་བཅས་ཀྱི་ནང་གཏེར་ཁ་ཆེ་གྲས7དང་། གཏེར་ཁ་ཆེ་འབྲིང་ཁག13གཏེར་ཁ་ཆེ་འབྲིང་ཁག35གཏེར་ཁ་ཐོན་ཡུལ་ཆུང་གྲས35བཅས་ཡོད་པ་དང་། ལེགས་ཆའི་ཐོན་ཁུངས་དེ་ཁྲོབ་དང་། ཝུ་བ། ཞ་ཉེ། ཏི་ཚ། གསེར། དངུལ། ལྕགས། སྲིན་ཁྱེར་རྡོ་སོགས་སུ་ཕྱོགས་བསྡུས་བྱས་ཆོག དེའི་ནང་ཐེ་ལྕགས་རིགས་གསོག་ཚད་ཏུན་ཁྲི206ཡོད་པ་དང་། ཨེ་ཤེ་ཡའི་ཨང་དང་པོར་སླེབས་ཤིང་། འཛམ་གླིང་གི་ཨང་གསུམ་པ་དང་། སྤྱི་ལོ2006ལོའི་ཟླ3པར་ཀྲུང་ཧྭ་གཏེར་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཀྲུང་གོའི་ཕུའུ་ཏུའུ་གྲོང་ཁྱེར”གྱི་མཚན་སྙན་སྤྲད་པ་རེད།     

3_2 ནགས་ཚལ་ཐོན་ཁུངས།    

ལོན་ཁྲོན་གྱི་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། རྫོང་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་ལ་མུའུ་ཁྲི319དང་། ནགས་ས་མུའུ་ཁྲི297 ནགས་ཚལ་ཁྱབ་ཚད82.4%ཟིན་ནས་ཧོ་ནན་ཞིང་ཆེན་གྱི་ཨང་དང་པོ་ཡིན་པས“ཀྲུང་ཡོན་གློ་བ”ཞེས་འབོད་ཀྱིན་ཡོད།     

ཆུ་ནུས་ཐོན་ཁུངས།     ལོན་ཁྲོན་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རྫོང་ཡོངས་ཀྱི་ཁོངས་སུ་ཆུ་བོ་དབྱི་ཧོ་དང་། ཆུ་བོ་ཆུང་ཆུང་། ཆུ་བོ་གསལ་པོ་བཅས་ཆུ་བོ་ཆེན་པོ་བཞི་ཡོད་པ་དེ་དག་རྨ་ཆུ་དང་འབྲི་ཆུའི་ཆུ་རྒྱུད་དུ་གཏོགས་ཡོད། ཆུ་ལག་ཆེ་ཆུང604དང་། ཆུ་དྲའི་སྟུག་ཚད་སྤྱི་ལེ0.59ཡིན། ས་ངོས་ཀྱི་ཆུའི་ལོ་རེའི་ཆ་སྙོམས་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར6.8ཟིན་པ་དང་། ཆུ་ནུས་གསོག་ཚད་ཆན་ཝ་ཁྲི11.78ཟིན་པ། གསར་སྤེལ་ཐུབ་ཚད་ཆན་ཝ་ཁྲི8.5ཟིན་པ་བཅས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཆུ་གློག་ཆུང་གྲས་གློག་ཤུགས་ཅན་འཛུགས་སྐྲུན་ཚོད་ལྟའི་རྫོང་ཞིག་རེད།     

4 མི་འབོར།    

སྤྱི་ལོ2016ལོའི་མི་འབོར་དཔེ་འདེམས་བརྟག་དཔྱད་བྱས་འབྲས་ལས་མངོན་པར། ལོན་ཁྲོན་དུ་རྒྱུན་སྡོད་མི་འབོར་ཁྲི35.15ཡོད།

5 འགྲིམ་འགྲུལ་སྐྱེལ་འདྲེན།     

ལུའོ་ཏན་མྱུར་བགྲོད་གཞུང་ལམ།     ཞིང་ཆེན་རིམ་པའི་གཞུང་ལམ322   ཞིང་ཆེན་རིམ་པའི་གཞུང་ལམ328  ཞིང་ཆེན་རིམ་པའི་གཞུང་ལམ244     ཞིང་ཆེན་རིམ་པའི་གཞུང་ལམ521     རྒྱལ་ལམ311    ཡའོ་ལོན་ཞི་མྱུར་བགྲོད་གཞུང་ལམ།     ལུའུ་ཏན་མྱུར་བགྲོད་གཞུང་ལམ(ལུའུ་ཧྲི-ལོན་ཁྲོན། འཆར་འགོད་འཛུགས་སྐྲུན་ཁྲོད། )     མྱུར་བགྲོད་གཞུང་ལམ།     སྤྱི་ལོ2016ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་གཞུང་ལམ་རིང་ཚད་ལ་སྤྱི་ལེ1933.8ཟིན་པའི་ནང་རྫོང་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ1དང་སྤྱི་ལེ28  གཞུང་ལམ5དང་སྤྱི་ལེ255.8གྲོང་གསེབ་ཀྱི་གཞུང་ལམ2དང་སྤྱི་ལེ1650བཅས་ཡོད་པ་རེད།   

6  དཔལ་འབྱོར་འཕེལ་རྒྱས།     

སྤྱི་ལོ2016ལོར་རྫོང་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར164.4ཟིན་པ་དེ་དུས་མཚུངས་ལས8.6%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར38.7ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས9.6%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར248བཏང་བ་དེ་དུས་མཚུངས་ལས16.9%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར65.2ཟིན་ནས12.6%འཕར་བ། ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར18.1ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས7.6%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26832ཟིན་པ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9800ཟིན་པ་དེ་དུས་མཚུངས་ལས7.4%དང7.8%འཕར་ཡོད།     

6_1 བཟོ་ལས་དཔལ་འབྱོར།    

སྤྱི་ལོ2016ལོར་རྫོང་ཡོངས་སུ་བཟོ་ལས་ཁེ་ལས279ཡོད་པའི་ནང་གཞི་ཁྱོན་ཡན་གྱི་ཁེ་ལས58དང་གཞི་ཁྱོན་མན་གྱི་ཁེ་ལས221ཡོད་པ་རེད། རྫོང་ཡོངས་ཀྱི་ཝུ་དང་། ཞ་ཉེ་ཏི་ཚ། ལྕགས་དང་གསེར་བཅས་ཀྱི་ཕྱོགས་བསྡུས་གཏེར་འདོན་ནུས་པ་ཉིན་རེར་ཏུན170784དང་། ཉིན་རེར་ཏུན2030དང་། ཉིན་རེར་ཏུན38700ཉིན་རེར་ཏུན2200བཅས་ཟིན་པ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཏེར་རྡོ་སྤུས་ལེགས་དང་། ཝུ་གཏེར་རྡོ་སྤུས་ལེགས། གསེར་གཏེར་རྡོ་སྤུས་ལེགས་བཅས་ཀྱི་ལོའི་ཐོན་ཚད་ཏུན63621དང་། ཏུན20215སྟོང་ཁེ1272བཅས་སོ་སོར་ཟིན་པ་དང་། རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར38.7ཟིན་པ་དེ་དུས་མཚུངས་ལས9.6%འཕར་ཡོད། (ཚད་གཞིའི་ཐོག་ཁེ་ལས་ཀྱིས་ལྕགས་ཀྱི་ཐོན་ཚད་ཏུན27172བསྣན་ཆོག)      

6_2 ཁྱད་ལྡན་ཞིང་ལས།     

སྤྱི་ལོ2016ལོར་ལོན་ཁྲོན་རྫོང་གི་འབྲུ་རིགས་ཐོན་ཚད་བརྟན་པོའི་ངང་འཕར་ནས་སྡོང་ཕྲུག་དང་མེ་ཏོག་གསོ་སྤེལ་དང་། ཀྲུང་ལུགས་སྨན་རྫས། རི་མཐོའི་སྔོ་ཚལ། དཔལ་འབྱོར་ནགས་ཚལ། ཆུ་གྲང་ཉ་མོ། ནགས་འོག་གསོ་སྤེལ་སོགས་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་རྟེན་གཞིའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཅུན་ཧྲན་གྱིས་སྨན་བཟོ་བ་དང་། རི་ཟབ་སྐྱེ་དངོས་ཚན་རྩལ། ཨའོ་ཏ་ཐེ། ཨ་མྲའི་རྒྱལ་བོའི་ཚུའུ་ལས། ཆིང་ཁྲེང་ཧྲན་སོགས་སྣེ་འདྲེན་ཁེ་ལས་ཁག་གཅིག་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་རྫོང་ཡོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་སྣ་ཁ108ཟིན་པ་དང་། གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང47དང783ཟིན་པ། ཁྱིམ་ཚང་ཞིང་ར16ཡོད་པ། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པའི་འབབ་འཕར་གྱི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་ཡོད།      

7 སྤྱི་ཚོགས་ལས་དོན།     
7_1 སློབ་གསོའི་བྱ་གཞག      

སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་ད་ཆ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ113ཡོད་པའི་ནང་དམའ་རིམ་སློབ་འབྲིང་དཀྱུས་མ16དང་། སློབ་ཆུང་དཀྱུས་མ37(གཞན་ཡང་སློབ་ཁྲིད་ས་ཚིགས82ཡོད་པ)དམིགས་བསལ་སློབ་གསོའི་སློབ་གྲྭ1མཐོ་རིམ་སློབ་འབྲིང་དཀྱུས་མ3  ལོན་ཁྲོན་མཐོ་གཅིག་ནི་ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང1 འབྲིང་རིམ་ལས་རིགས་སློབ་གྲྭ1(དགེ་རྒན་ཟབ་སྦྱོང་སློབ་གྲྭ་ཚུད་པ)བཅས་ཡིན་པ་དང་། རྒྱལ་ཁབ་རིམ་པའི་གཙོ་གནད་ལས་རིགས་སློབ་གྲྭ41ཚོད་ལྟའི་བུ་བཅོལ་ཁང་དང་པོ་དང་། ཚོད་ལྟའི་བུ་བཅོལ་ཁང་གཉིས་པ། དབྱི་ཧོ་བུ་བཅོལ་ཁང་བཅས་ནི་ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་བུ་བཅོལ་ཁང་ཡིན་ལ། ཤང་གྲོང་དར་མའི་སློབ་གསོའི་སློབ་གྲྭ14བཅས་རེད། 

7_2 འཕྲོད་བསྟེན།      

སྤྱི་ལོ2016ལོའི་ལོ་མཇུག་བར་རྫོང་ཡོངས་སུ་སྨན་བཅོས་སྒྲིག་གཞི240ཡོད་པའི་ནང་རིམ་པ་གཅིག་ཡན་དང23ཡོད་པ་དང་ཁྱོན་ཉལ་ཁྲི1805ཡོད་པ་རེད། མ་དངུལ་སྒོར་དུང་ཕྱུར2.6བཏང་ནས་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ68000ཟིན་པ་དང་། སྒྲིག་བཀོད་རྩེ་གྲ་ཡིན་པའི་རྫོང་མི་དམངས་སྨན་ཁང་བསྐྲུན་པ། རྫོང་ཀྲུང་ལུགས་སྨན་ཁང་དང་རྫོང་མ་བུ་འཕྲོད་སྦྱོར་སྨན་ཁང་སྔ་རྗེས་སུ་གནས་སྤོ་བྱས་པ་རེད། ཤང་གྲོང་འཕྲོད་བསྟེན་ཁང14ལ་ཕྱོགས་ཡོངས་ནས་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་། ཚད་ལྡན་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁྱབ་པ། རྫོང་ཡོངས་ཀྱི་སྨན་བཅོས་འཕྲོད་སྦྱོར་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།     

7_3 རིག་གནས་ལས་དོན།     

ཚད་ལྡན་ཅན་གྱི་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས14དང་། ཚད་གཞི་ཅན་གྱི་གྲོང་གསེབ་རིག་གནས་བྱེད་སྒོའི་ལྟེ་གནས202ཞིང་དུད་དཔེ་དེབ་ཁང213རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཀྱི་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས209བཅས་བསྐྲུན་ནས་གཞི་རྩའི་ཆ་ནས་རླུང་འཕྲིན་དང་བརྙན་འཕྲིན་གྲོང་ཚོ་ཚང་མར་ཁྱབ་པ་བྱས་ནས“གྲོང་ཚོ་རེར་ལོ་གཅིག་ལ་ཟློས་གར་ཐེངས་གསུམ”དང“གྲོང་ཚོ་རེར་ཟླ་རེར་གློག་བརྙན་ཐེངས་རེ”སོགས་ཀྱི་རིག་གནས་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས“ཁང་གཉིས་དང་ས་ཚིགས་གཅིག”གི་རིན་མེད་སྒོ་དབྱེའི(དཔེ་མཛོད་ཁང་དང་། རིག་གནས་ཁང་། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས)འཕྲིན་གཏོང་དང་། གློག་ཤུགས། རླུང་འཕྲིན་བརྙན་འཕྲིན་སོགས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

7_4 སྤྱི་ཚོགས་འགན་སྲུང་།     

ལོ་ལྔའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི4.76འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆའི4ནང་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་འགན་ལེན་ལྔའི་བསྙེན་བཀུར་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར་དུང་ཕྱུར1.03སྤྲད་པ། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང14885ལེགས་གྲུབ་བྱུང་བ་དང་འགན་ལེན་རང་བཞིན་གྱི་སྡོད་ཁང670བསྐྲུན་ཡོད། དབུལ་སྐྱོར་གནས་སྤོས་དུད་ཚང6867དང་མི་ཁྲི2.8ལྷག་ཙམ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-25

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།