མའེ་ཧུ་ཁོའུ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མའེ་ཧུ་ཁོའུ་གྲོང་ཁྱེར།
མའེ་ཧུ་ཁོའུ་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཅི་ལིན་ཞིང་ཆེན་གྱི་དབུས་རྒྱུད་དང་ཤར་རྒྱུད་ལྟེ་བའི་ཁུལ་གྱི་མཚམས་ཚིགས་གྲོང་ཁྱེར་དང་ཤར་ལྷོའི་རྒྱུད་ཀྱི་ས་ཁོངས་ལྟེ་བའི་གྲོང་ཁྱེར་ཞིག་ཡིན། ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཐུང་ཧྭ་གྲོང་ཁྱེར་གྱི་བྱང་རྒྱུད། ཁྲང་པའེ་རི་བོའི་ནུབ་ངོས། ཧུའེ་ཧྥ་ཆུ་བོའི་སྟོད་རྒྱུད་བཅས་སུ་ཆགས་ཡོད་པ་དང་། སུང་ལིའོ་བདེ་ཐང་དང་ཁྲང་པའེ་རི་ཁུལ་གྱི་བར་བརྒལ་ས་ཁུལ་དུ་གནས་ཡོད། ཤར་དུ་དབྱི་ཐུང་ཧུ་ཆུ་བོའི་སྨད་རྒྱུད་ཀྱི་ཞིན་ཧུ་གྲོང་རྡལ་ཧྲོང་ཧྲེང་གྲོང་ཚོ་དང་ཧུའེ་ནན་རྫོང་དང་འབྲེལ་ཡོད་ལ། ལྷོ་དང་ཤར་ལྷོའི་དབྱེ་མཚམས་ལ། ཞིན་ཁའེ་ལིན། ཕན་ཏའོ་ལིན། ཅི་ཀོན་ཅི་ཙི་རི་བོ་དང་ལིའུ་ཧུ་རྫོང་གི་ས་མཚམས་བཅས་ཀྱི་བཅད་ཡོད། ལྷོ་ནུབ་ཀྱི་པེ་དབྱིན་ཧུ་གཙང་པོའི་འགྲམ་ངོགས་དང་། དབྱང་ཧྲུའུ་གཙང་པོའི་སྟོད་རྒྱུད་དང་དེ་བཞིན་ནུབ་རྒྱུད་ཀྱི་ཧྲན་ཧྲན་གྲོང་ཁྱེར་གྱི་ཧྭ་ཧྲུའུ་གྲོང་ཚོ་དང་ལེའོ་ཉིང་ཞིང་ཆེན་ཆིང་ཡོན་རྫོང་གི་འབྲེལ་མཚམས་ཡིན། ནུབ་དང་ནུབ་བྱང་ནི་ཏུང་ཧྥེང་རྫོང་གི་ས་མཚམས་དང་འབྲེལ་ཡོད། བྱང་ཕྱོགས་ནི་བྱང་ཤར་གྱི་ལིའང་ཙི་ཆུ་བོ་དང་ཕེན་ཧྲི་གྲོང་ཁྱེར་གཉིས་དང་ཁྱིམ་མཚེས་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2174.6ཟིན་ཡོད། མའེ་ཧུ་ཁོའུ་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་ཤར་ལྷོའི་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་གནས་དང་བྱང་ཤར་ས་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་གྱི་གྲས་ཤིག་དང་། ཅི་ལིན་ཞིང་ཆེན་ཤར་ལྷོའི་རྒྱུད་ཀྱི་ཚོང་དོན་ཟོག་འགྲེམས་ལྟེ་གནས་གལ་ཆེན་ཞིག་ཡིན་ཞིང་། རྡོ་སོལ་ཐོན་སྐྱེད་གཅིག་སྡུད་ཁུལ་ཞིག་ཀྱང་རེད། མེ་ཧུ་ཁོའུ་ལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར། ཁག་དང་པོའི་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཆེའི་རྫོང་འདུ་འགོད་ཀྱི་ཚོད་ལྟའི་རྫོང་། རྒྱལ་ཡོངས་དུས་བདེ་འཛུགས་སྐྲུན་གྱི་སྔོན་ཐོན་གྲོང་ཁྱེར། རྒྱལ་ཡོངས་ཀྱི“མཛེས་སྡུག་ལྡན་པའི་ཀྲུང་གོའི•གྲོང་རྡལ་ཡག་ཤོས”ཅི་ལིན་ཞིང་ཆེན་གྱི་ཤེས་དཔལ་གྲོང་ཁྱེར། ཅི་ལིན་ཞིང་ཆེན་གྱི་ཐད་སྐྱོང་རྫོང་བཅས་ཚོད་ལྟའི་གྲོང་ཁྱེར་བཅས་ཀྱི་མིང་ཐོབ་ཡོད། སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར354.14ཟིན་པ་དང་། དཔལ་འབྱོར་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་ཆུ་ཚད་སྤྱི་ལོ2013ལོ་དང་། སྤྱི་ལོ2014ལོ། སྤྱི་ལོ2015ལོ། སྤྱི་ལོ2016ལོ་བཅས་ལོ4བསྟུད་མར་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་གྱི་ཨང1པོ་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ལོ2018ལོའི་ཟླ10པར་མེ་ཧུ་ཁའུ་གྲོང་ཁྱེར་དེ“ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང་བརྒྱ”དང་། རྒྱལ་ཡོངས་ཀྱི་མ་འཇོག་གཏིང་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་བརྒྱའི་རྫོང་དང་གྲོང་ཁྱེར་བཅས་སུ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ10བའི་ཚེས8ཉིན་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲོང་ཁྱེར་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲོང་ཁྱེར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་བརྒྱའི་རྫོང་དང་གྲོང་ཁྱེར་བཅས་ལ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ11པར“ཡག་བཞིའི་གྲོང་གསེབ་ལམ”ཞེས་པའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་ཞེས་མིང་བཏགས་ཡོད། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་རྫོང་བརྒྱར་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
梅河口市
མིང་གཞན།
ཧའེ་ལུང་།  མེ་ཧུ།
ཕྱི་ཡིག་གི་མིང་།
Meihekou City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
སྦྲག་སྲིད་ཨང་རྟགས།
135000
ནམ་ཟླ།
བྱང་དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2174.6ཡོད།
མི་གྲངས།
ཁྲི62ཡོད།(2013ལོར།)
རླངས་འཁོར་ཚབ་ཨང་།
吉E
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
220581
ས་ཁོངས་ཁ་པར་ཨང་རྟགས།
0435
མངའ་ཁོངས་ས་ཁུལ།
ཅི་ལིན་ཞིང་ཆེན་གྱི་ཐུང་ཧྭ་གྲོང་ཁྱེར།
ཡུལ་སྐད།
བྱང་ཤར་སྐད།
མེ་འཁོར་འབབ་ཚུགས།
མེ་ཧུ་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ།

མེ་ཧུའི་ས་ཁོངས་ཁྲོད(མན་ཇུའི་སྐད་དུ་མེ་ཧེ་ཆུ་བོར་འབོད)ཏ་ལིའུ་ཧུ་ཆུ་བོ(ཧུའེ་ཧྥ་ཆུ་བོའི་ཆུ་ལག)འི་ཆུ་མདོ་རུ་བཞུར་བས་མིང་དེ་ལྟར་ཐོགས་པ་རེད།

མེ་ཧུ་ཁོའུ་ཡི་ས་ཁོངས་ནི་ལོ་ངོ་བཞི་སྟོང་ལྔ་སྟོང་གི་སྔོན་ནས་མེས་པོ་རྒྱུད་སྤེལ་འཚོ་གནས་བྱས་ཡོད་ལ། མངའ་ཁོངས་སུ་གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་གི་སྡོད་གནས10ལྷག་ཙམ་དང་། རྡོ་སྤྱིལ་གྱི་བང་སོ7  དེ་བཞིན་རྒྱལ་རབས་རིམ་བྱུང་གི་གནའ་ཤུལ40ལྷག་ཙམ་བཅས་སྔ་རྗེས་སུ་རྙེད་ནས་ཤུལ་བཞག་དངོས་པོ་འབོར་ཆེན་འཚོལ་བསྡུ་ཐུབ་ཡོད། ཧྲང་རྒྱལ་རབས་དང་། ཀྲོའུ་ནུབ་མ། ཁྲུན་ཆིའུ་བཅས་ནི་སུའུ་ཀྲེན་པུའུ་རུ་གཏོགས་ཤིང་། ཆིན་ནི་ལིའོ་ཏུང་ཅུན་གྱི་མངའ་ཁོངས་བཅས་ཡིན།

ཧན་ཡོན་ཧྥེང་ཁྲི་ལོ་གཉིས་པའི(སྤྱི་ལོའི་སྔོན་གྱི109ལོར)སྟོན་ཁར། ཧན་ཝུའུ་ཏིས་ཝེ་ཧྲི་ཁྲའོ་ཞན་ཞི་འཇགས་སུ་བཏང་ཞིང་། བྱང་ཤར་དུ་ཀྲིན་ཧྥན་དང་ལིན་ཐུན། ལེ་ལང་། ཞོན་ཧོང་བཅས་ཅུན་བཞི་བཙུགས། དེ་ནས་བཟུང་ཧན་ཤར་མ་དང་། རྒྱལ་ཁབ་གསུམ། ཅིན་རྒྱལ་རབས་ནུབ་མ། མེ་ཧུ་ཁོའུ་བཅས་ཚང་མ་ཞོན་ཡུས་ཅུན་གྱི་ཁོངས་སུ་གཏོགས་པ་རེད།

སྤྱི་ལོར668ལོར་ཀའོ་ཅིའུ་ལི་རྩ་མེད་དུ་སོང་།

ཧྲེང་ལི་ཁྲི་ལོ་དང་པོར(སྤྱི་ལོ698ལོ)པོ་ཧའེ་རྒྱལ་ཁབ་ཀྱི་ཁྲང་ལིན་སྒར་གྱི་མངའ་འོག་ཏུ“ཁྲང་ལིན་ཡིང་ཀྲོའུ་ལམ”མངའ་ཁོངས་སུ་གཏོགས།

སུང་རྒྱལ་རབས་བྱང་མའི་ཀྲེང་ཧུ་ལོ་ལྔ་བ(1115ལོ་)སྟེ་ཅིན་གྱི་སྲིད་ལོ་དང་པོ་ཡིན་ཞིང་། མེ་ཧུ་ཁོའུ་ནི་ཞན་ཕིན་ལམ་ཡའོ་ལིན་སྟེ་དེང་གི་ཁའེ་ཡོན་ཡིན།

སོག་པོའི་ཐེ་ཙུང(ཝོ་ཁོ་ཐའེ)ལོ་ལྔ་བར(སྤྱི་ལོ1233ལོ) མེ་ཧུ་ཁོའུ་ནི་ཞན་ཕིན་ཧྥུ་ནན་གྱི་མངའ་ཁོངས་སུ་གཏོགས།

མིང་རྒྱལ་རབས་ཀྱི་ཝན་ལི་ལོ་སོ་ལྔ་བར། (སྤྱི་ལོ1607ལོར)ནུའར་ཧ་ཁྲི་མེང་ཧུའེ་ཧྥ་པུའུ་དང་། མེ་ཧུ་ཁོའུ་ཡི་ཁོངས་གཏོགས་སུ་ཀྲོའུ་ཡི་ཉུས་ཀྲེན་ནུའར་ཧ་ཁྲི་པུའུ་བཙུགས།

སྤྱི་ལོ1677ལོར་ཆིན་རྒྱལ་རབས་ཀྱི་ཁང་ཞི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1677ལོར) མེ་ཧུ་ཁོའུ་ནི་བཀག་སྡོམ་བྱ་ཡུལ་བྱས།

གོང་མ་ཀོང་ཞུས་ཁྲི་ལོ་བཞི་པར(སྤྱི་ལོ1878ལོར)བཀག་སྡོམ་བྱེད་འགོ་ཚུགས།

ཀོང་ཞུས་ཁྲི་ལོ་ལྔ(1879ལོར་)བར་སྤྱི་ཁྱབ་ཡ་མོན(ཀྲི་སུའོ་ཧའེ་ལུང་གྲོང)བཙུགས་པ་དང་། སྤྱི་གཉེར་བ1བཀོད་སྒྲིག་བྱས་ཤིང་། དེའི་མངའ་འོག་ཏུ་ལས་རོགས་པ2ཡོད།

ཀོང་ཞུས་ཁྲི་ལོ6པའི་ཟླ7པའི་ཚེས4ཉིན(སྤྱི་ལོ1880ལོའི་ཟླ8པའི་ཚེས19ཉིན)ལ་ཧའེ་ལུང་ཧྥུ་མི་དམངས་ཐིན་བཙུགས་ནས་ཧྥེང་ཐེན་ཧྥུ་ཡི་མངའ་འོག་ཏུ་གཏོགས་པ་དང་། ཧྥུ་དམངས་མི་གཅིག་ལ་ཁྲིམས་གཅོད་བྱས། ཡོངས་ཁྱབ་ཁྲིམས་གཅོད་ཡ་མོན་དང་ར་བསྐོར་སྤྱི་ཁྱབ་ཡ་མོན་བཅོས་ཁང་ནི་ཧའེ་ལུང་གྲོང་ཁྱེར(ད་ལྟའི་ཧའེ་ལུང་གྲོང་རྡལ)དུ་ཡོད། མཚོ་ལུང་ཐིང་གི་མངའ་འོག་ཏུ་མཉམ་ལས་ཁང36བཙུགས་པ་དང་དེའི་ཁོངས་སུ་གྲོང་ཚོ120ཡོད།

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཀྲུང་ཧྭ་མིན་གོ་དབུ་བརྙེས་རྗེས་སྔར་བཞིན་གཞུང་སྐྱོང་སྲིད་གཞུང་སྤྱོད་ཀྱི་ཡོད།

མིན་གོའི་སྲིད་ལོ་བཅུ་གཉིས་པར(སྤྱི་ལོ1923ལོར)ཞིང་ཆེན་གྱི་བཀའ་ལྟར་དེ་ཆུས་དང་གྲོང་ཚོའི་ལམ་ལུགས་སུ་བསྒྱུར་ཏེ་ས་ཁོངས་ཡོངས་ཀྱི་གྲོང་ཚོ130དེ་ཆུས8ལ་བགོས།

མིན་གོའི་སྲིད་ལོ་བཅུ་གསུམ་པའི(སྤྱི་ལོ1924ལོ)ཟླ9བའི་ཚེས16ཉིན་རྫོང་ཡོངས་ཀྱི་ཆུས8དེ་ཆུས4ཡི་འགན་ལེན20རུ་བསྒྱུར།

མིན་གོའི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོར)རྫོང་ཡོངས་ཆུས10དང་གྲོང་ཚོ120ལ་ལེགས་སྒྲིག་བྱས་ཡོད། མེ་ཧུ་ཁོའུ་ནི་ཆུས་ལྔ་རུ་བགོས།

མིན་གོའི་སྲིད་ལོ་བཅུ་དགུ་བའི(སྤྱི་ལོ1930ལོར)དབྱར་དུས་སུ་ཆུས་ཀྱི་སྒྲིག་གཞི་མེད་པར་བཟོས་ནས་གྲོང་ཚོ44ལ་བགོས་ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ1949ལོའི་ཟླ8པར་ཧའེ་ལུང་རྫོང་གིས་གྲོང་རྡལ་དང་ཤང་སོ་སོར་དབྱེ་ནས་མེ་ཏོག་ལྡུམ་རའི་ཁུལ་མང་དུ་བཏང་བ་དང་། མེ་ཧུ་ཁོའུ་ཁུལ་དེ་མེ་ཧུ་ཁོའུ་གྲོང་རྡལ་དུ་བསྒྱུར། མའེ་ཧུ་ཁོའུ་གྲོང་རྡལ་དང་ཧྲན་གྲོང་ཁྱེར་དང་གྲོང་རྡལ་ལོགས་སུ་བཙུགས་ནས་ཁྱོན་བསྡོམས་གྲོང་རྡལ2དང་ཆུས10ཡོད།

སྤྱི་ལོ1956ལོའི་ཟླ3པའི་ཚེས19ཉིན། ཁུལ་གྱི་སྒྲིག་གཞི་མེད་པར་བཟོས་ནས་ཡུལ་ཚོ48བསྐྱར་དུ་བཙུགས། རི་གྲོང་དང་། མེ་ཧུ་ཁོའུ། ཧའེ་ལུང་བཅས་གྲོང་རྡལ3ལ་འགྱུར་བ་བཏང་མེད། ཟླ10པར་ཧའེ་ལུང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་བཅོས་སྐྱོང་སུའོ་དེ་ཧའེ་ལུང་གྲོང་རྡལ་ནས་མའེ་ཧུ་ཁོའུ་གྲོང་རྡལ་དུ་སྤོས་པ་རེད།

སྤྱི་ལོ1958ལོའི་ཟླ3པའི་ཟླ་སྟོད་དུ་ཡུལ་ཚོ48དེ་ཡུལ་ཚོ25རུ་ཟླ་སྒྲིལ་བཏང་། རི་གྲོང་དང་། མེ་ཧོ་ཁོའུ། ཧའེ་ལུང་བཅས་གྲོང་རྡལ་གསུམ་ལ་འགྱུར་བ་བཏང་མེད། ཟླ9པར་རྫོང་ཡོངས་ཀྱི་སྲིད་འཛིན་ཁང་གི་སྒྲིག་སྲོལ་གཅིག་གྱུར་ཡོང་བར་བྱས་ནས། མི་དམངས་ཀུང་ཧྲེ11བཙུགས་ནས་ཁོངས་གཏོགས་ལ་དོ་དམ་ཁུལ197ཡོད།

སྤྱི་ལོ1961ལོའི་ཟླ4བར། མི་དམངས་ཀུང་ཧྲེ11དེ་ཀུང་ཧྲེ27དུ་ལེགས་སྒྲིག་བྱས་པ་དང་། དུས་མཚུངས་སུ་དོ་དམ་ཁུལ་རུ་ཆེན་དུ་བསྒྱུར་བ་དང་། ཁོངས་གཏོགས་རུ་ཆེན290དང་། ཐོན་སྐྱེད་རུ་ཁག་ཆུང་བ1509ཡོད། སྤྱི་ལོ1964ལོའི་ཟླ3པར་གྲོང་འདབས་དང་། གྲོང་སྐོར། གྲོང་འདབས་བཅས་ཀྱི་མི་དམངས་ཀུང་ཧྲེ3མེ་ཏོག་ལྡུམ་ར་དང་། གྲོང་ཁྱེར་བཅས་ཀྱི་མི་དམངས་ཀུང་ཧྲེ་ཞེས་པར་བསྒྱུར།

སྤྱི་ལོ1976ལོའི་ཟླ2པར་ཧྲི་བཞི་བརྒྱད་དང་། ཀྲུང་ཧུ། མེ་ཏོག་ལྡུམ་ར་སོགས་མི་འབོར་ཁག་གཅིག་བགོས་ནས་མེ་ཧུ་རྡོ་སོལ་གཏེར་ཁུལ་དུ་ཧུང་མེ་གྲོང་རྡལ་བཙུགས། རྫོང་ཡོངས་ལ་གྲོང་རྡལ4དང་མི་དམངས་ཀུང་ཧྲེ24བཙུགས།

སྤྱི་ལོ1983ལོའི་ཟླ9པར། སྲིད་གཞུང་དང་སྤྱི་ཚོགས་ཟུང་འབྲེལ་གྱི་མི་དམངས་ཀུང་ཧྲེའི་སྒྲིག་སྲོལ་མེད་པར་བཟོས་ཏེ། ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་བཙུགས་པ་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང་བཙུགས།

3 མི་གྲངས་དང་མི་རིགས།

སྤྱི་ལོ2011ལོར་གྲོང་ཁྱེར་ཡོངས་སུ་དུད་ཚང183565ཡོད་པ་དང་།མི་འབོར617262ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར276904ཟིན་ལ། མི་འབོར་བསྡོམས་འབོར་གྱི44.86%ཟིན།  གྲོང་གསེབ་ཀྱི་མི་གྲངས340358ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི55.14%ཟིན། གྲོང་ཁྱེར་ཡོངས་ཀྱི་མི་འབོར་འདུས་ཚད་སྤྱི་ལེ་གྲུ་བཞི་མ་རེར་མི283.93ཡོད། གྲོང་ཁྱེར་ཡོངས་སུ་རྒྱ་རིགས་དང་། མན་ཇུ་རིགས། ཁྲའོ་ཞན་རིགས། ཧུའེ་རིགས། སོག་རིགས། ཞི་པོ་རིགས། ཀྲོང་རིགས། པའེ་རིགས། ཐུང་རིགས། ཐུའུ་རིགས། དབྱིས་རིགས། མིའོ་རིགས། བོད་རིགས། ཨོ་ལུན་ཁྲུན་རིགས། ཏ་ཝོར་རིགས། ཡུ་གུར་རིགས། ཡུ་གུར་རིགས་སོགས་མི་རིགས17ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་གྲངས71057ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི11.513%ཟིན་ཡོད། སྤྱི་ལོ2013ལོར་མའེ་ཧུ་ཁའུ་གྲོང་ཁྱེར་གྱི་སྤྱིའི་མི་འབོར་ཁྲི62དང་། གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི30  མི་འབོར་རང་ཤུགས་སུ་འཕར་ཚད་ཚོད་འཛིན་བྱེད་ཚད2.5%ཟིན་པ་བཅས་ཡིན།

4 དཔལ་འབྱོར།

སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར354.14ཟིན་ནས4.6%འཕར།  ཆ་ཚང་བའི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར34.63ཡིན་པ་དང་། ས་གནས་ནོར་སྲིད་ཀྱི་ཡོང་སྒོ་སྒོར་དུང་ཕྱུར21.05ཡིན། དཔལ་འབྱོར་ཕྱོགས་བསྡུས་འཕེལ་རྒྱས་ཆུ་ཚད་སྤྱི་ལོ2013ལོ་དང་། སྤྱི་ལོ2014ལོ། སྤྱི་ལོ2015ལོ། སྤྱི་ལོ2016ལོ་བཅས་ལོ་བཞི་བསྟུད་མར་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་གྱི་ཨང་དང་པོས་རྒྱུན་འཁྱོངས་བྱས་ཡོད། སྤྱི་ལོ2017ལོར་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་བདེ་བླག་ངང་བཏོད་པའི་རྨང་གཞིའི་ཐོག་བྱང་ཤར་རྫོང་གི་ཨང་དང་པོ་དང་རྒྱལ་ཡོངས་ཀྱི་ཨང22པའི་གྲུབ་འབྲས་ཐོག་ནས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་རེད།

4_1 ཐོན་ལས་དང་པོ།

སྤྱི་ལོ2011ལོར། མེ་ཧུ་ཁོའུ་གྲོང་ཁྱེར་གྱི་ཆུ་ཞིང་སྤྱི་ཆིང་ཁྲི4ཡོད་པ་དང་། ལོ་རེར་ཆུ་འབྲས་སྤྱི་རྒྱ་དུང་ཕྱུར2.5ཐོན་སྐྱེད་བྱེད་པ། ཉ་གསོའི་ཆུ་ངོས་སྤྱི་ཆིང4303ཡོད་པ་བཅས་གཙོ་བོ་ནི་ཉ་དང་། རྩྭ་སོགས་ཐོན་སྐྱེད་བྱེད་ཀྱི་ཡོད།

4_2 ཐོན་ལས་གཉིས་པ།

མཐོ་རིམ་སྦྲག་ལས་ཀྱི་གཙོ་ཁྲིད་ཐོན་ལས་ནི་སྨན་རྫས་དང་། བཟའ་བཅའ་ལས་སྣོན། ཚོང་དོན་ཟོག་འགྲེམས། དེང་རབས་ཞབས་ཞུའི་ལས་རིགས་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞི་ཡོད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2013ལོར་མེ་ཧུ་ཁའུ་གྲོང་ཁྱེར་གྱིས་སྤྱི་ལེ་གྲུ་བཞི་མ21གི་བཟོ་ལས་གྲོང་གསར་གྱི་སྤྱིའི་འཆར་འགོད་དང་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་དང་། སྤྱི་ལེ་གྲུ་བཞི་མ33གྱི་ལྷོ་རིའི་སྣོད་བཅུད་གྲོང་གི་སྤྱིའི་འཆར་འགོད། སྤྱི་ལེ་གྲུ་བཞི་མ28ཀྱི་དེང་རབས་ཟོག་འགྲེམས་གྲུ་ཁའི་དོན་སྤྱི་རང་བཞིན་གྱི་འཆར་འགོད་དང་རྣམ་གྲངས་ཀྱི་གྲོས་འགོའི་ཡི་གེ་བཅས་བཟོས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-03

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།