ལུང་ཁོའུ་གྲོང་ཁྱེར།

ལུང་ཁུའུ་ནི་གནའ་དུས་སུ་ཆིན་ཀྲོའུ་དབྱི་ཏི་ཡི་ས་ཆ་ཡིན། ཧྲང་དང་། ཀྲོའུ་ནུབ་མ། ཁྲུན་ཆིའུ་བཅས་ཀྱི་སྐབས་སུ་ལའེ་རྒྱལ་ཁབ་ཀྱི་ས་ཆ་ཡིན། ཀྲན་གོའི་དུས་སུ་ཆི་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན། ཆིན་ཧྲི་ཧོང་ཁྲི་ལོ་ཉེར་དྲུག་པར(སྤྱི་ལོ་སྔོན་གྱི221ལོ)མངའ་ཁོངས་སུ་ཧོང་རྫོང་བཙུགས་ཤིང་ཆི་ཅུན་གྱི་ཁོངས་སུ་གཏོགས་པ། ཕྱིས་སུ་ཅའོ་ཏུང་ཅུན་ལ་གཏོགས། ཧན་ཀའོ་ཙུའུ་ཁྲི་ལོ་བཞི་པར(སྤྱི་ལོ་སྔོན་གྱི203ལོ)ཏུང་ལའེ་ཅུན་དུ་བཙུགས་པ་དང་། ཧོང་རྫོང་གི་ཁོངས་སུ་གཏོགས། ཧན་ཤར་མའི་ཅན་ཝུའུ་ཁྲི་ལོ་དྲུག་ཅུ(སྤྱི་ལོ30ལོ)པར། ཧོང་རྫོང་སྔར་བཞིན་ཏུང་ལའེ་ཅུན་གྱི་ཁོངས་སུ་གཏོགས་ཤིང་། རྒྱལ་ཁབ་གསུམ་གྱི་དུས་སུ་ཝེ་རྒྱལ་རབས་ཀྱི་ཁོངས་སུ་གཏོགས། ཅུན་དང་རྫོང་ལ་འགྱུར་བ་བྱུང་མེད། ཅིན་རྒྱལ་རབས་ནུབ་མའི་དུས་འགོར་ཏུང་ལའེ་ཅུན་ཏུང་ལའེ་རྒྱལ་ཁབ་ཏུ་བསྒྱུར་པ་དང་། ཧོང་རྫོང་ནི་ཏུང་ལའེ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས། ཅིན་རྒྱལ་རབས་ཤར་མའི་རྒྱལ་ཁབ་བཅུ་དྲུག་གི་དུས་སྐབས་སུ། ཧོང་རྫོང་ནི་ཏུང་ལའེ་ཅུན་གྱི་མངའ་འོག་ཏུ་གཏོགས། སུའེ་ཁའེ་ཧོང་ཁྲི་ལོ་གསུམ(སྤྱི་ལོ583ལོ)པར་ཧུང་རྫོང་མུའུ་ཀྲོའུ་ཡི་ཁོངས་སུ་གཏོགས།
ཐང་རྒྱལ་རབས་ཀྱི་དུས་འགོར། ཧོང་རྫོང་ཏུང་ལའེ་ཅུན་གྱི་ཁོངས་སུ་གཏོགས་ཤིང་། རྗེས་སུ་ཏེང་ཀྲོའུ(ཀྲི་སུའོ་མུའུ་ཕིང་ཡིན)ཡི་ཁོངས་གཏོགས་སུ་བསྒྱུར། སུང་དང་། ཅིན། ཡོན། མིན། ཆིང་བཅས་ཀྱི་སྐབས་སུ་ཏང་ཀྲོའུ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་གསུམ་པར(སྤྱི་ལོ1914ལོ)ཧོང་རྫོང་ཅའོ་ཏུང་ཏའོ(ཏའོ་ཀྲི་ཡན་ཐའེ)ཡི་ཁོངས་གཏོགས་ཡིན། མིན་གོ་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1928ལོ)ཏའོ་ཡི་ལམ་ལུགས་མེད་པར་བཟོས་པ་དང་། ཧོང་རྫོང་ཧྲན་ཏུང་གི་ཐད་གཏོགས་ས་ཁུལ་ཡིན། འཇར་འགོག་དམངས་གཙོའི་སྲིད་གཞུང་གི་སྐབས་སུ་ཧོང་རྫོང་ཧྲན་ཏུང་ཞིང་ཆེན་པེ་ཧའེ་ཆུས་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། སྤྱི་ལོ1950ལོའི་ཟླ6པར། ཧོང་རྫོང་ནི་ཧྲན་ཏུང་ཞིང་ཆེན་ལའེ་དབྱང་ཀྲོན་ཧྲུའུ་རུ་གཏོགས། སྤྱི་ལོ1958ལོའི་ཟླ10པར། ལའེ་དབྱང་ཀྲོན་ཧྲུའུ་ཡན་ཐའེ་ཀྲོན་ཧྲུའུ་རུ་བསྒྱུར། ཧོང་རྫོང་དེའི་ཁོངས་སུ་གཏོགས། ལོ་དེའི་ཟླ11པར། ཕེང་ལའེ་རྫོང་དང་། ཧོང་རྫོང་། ཁྲང་ཏའོ་རྫོང་བཅས་ཟླ་སྒྲིལ་བཏང་ཞིང་། ཡན་ཐའེ་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1962ལོའི་ཟླ1པོར། ཧོང་རྫོང་སླར་གསོ་བྱས་ནས་སྔར་བཞིན་ཡན་ཐའེ་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1983ལོའི་ཟླ11པར། ཡན་ཐའེ་གྲོང་ཁྱེར་དུ་གཏོགས། སྤྱི་ལོ1986ལོའི་ཟླ9པའི་ཚེས23ཉིན། ཧོང་རྫོང་མེད་པར་བཟོས་ཏེ་ལུང་ཁོའུ་གྲོང་ཁྱེར(དེ་སྔའི་ཧོང་རྫོང་ལ་ལུང་ཁོའུ་གྲོང་རྡལ་ཡོད་པས་མིང་དེ་ལྟར་ཐོགས)བཙུགས་ཤིང་། ཡན་ཐའེ་གྲོང་ཁྱེར་གྱིས་ཚབ་བྱས་དོ་དམ་བྱས།
ལུང་ཁོའུ་གྲོང་ཁྱེར་ནི་ཧྲན་ཏུང་ཞིང་ཆེན་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་པ་དང་། ཡན་ཐའེ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་བཞིན་ཡོད། ས་ཁམས་གནས་ཡུལ་ནི། ཤར་གྱི་གཞུང་ཐིག120°13′~120°44′དང་། བྱང་གི་འཕྲེད་ཐིག37°27′~37°47′བར་དུ་གནས་ཡོད་ལ། ཧྲན་ཏུང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་ཅའོ་ཏུང་ཕྱེད་གླིང་གི་ནུབ་བྱང་རྒྱུད། པོ་ཧའེ་མཚོ་ཁུག་གི་ལྷོ་ཕྱོགས་སུ་ཆགས་ཡོད། ཤར་ཕྱོགས་སུ་ཕེང་ལའེ་གྲོང་ཁྱེར་གྱི་ཁྱིམ་མཚེས་ཡིན་པ་དང་། ལྷོ་ཕྱོགས་ནི་ཆི་ཞ་གྲོང་ཁྱེར་དང་ཀྲའོ་ཡོན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད་ཅིང་། ནུབ་བྱང་ཕྱོགས་སུ་པོ་ཧའེ་རྒྱ་མཚོའི་མཐའ་མཚམས་སུ་སླེབས་ཡོད། རྒྱ་མཚོས་བར་ཆོད་དེ་ཐེན་ཅིན་དང་ཏ་ལེན་དང་ཁ་སྤྲོད་དུ་གནས་ཡོད། ལུང་ཁོའུ་གྲོང་ཁྱེར་ཤར་ནུབ་ཀྱི་འཕྲེད་ཐག་ཆེ་ཤོས་སྟོང་སྨི46.08དང་ཡིན་ཞིང་། ལྷོ་བྱང་གི་གཞུང་ཐག་ཆེ་ཤོས་སྟོང་སྨི37.43ཡིན་ལ། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ901ཡོད།
ལུང་ཁོའུ་གྲོང་ཁྱེར་ནི་དྲོད་ཁུལ་གྱི་དུས་རླུང་རིགས་ཀྱི་གནམ་གཤིས་ཡིན་པ་དང་། དགུན་དུས་གྲང་ངར་མེད་པ་དང་། དབྱར་དུས་ཚ་གདུག་མེད་ལ། དུས་བཞིའི་དབྱེ་བ་གསལ་པོ་ཡོད་ཅིང་། གནམ་གཤིས་མི་འཚོ་སྡོད་ལ་ཧ་ཅང་འཕྲོད། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད12℃ཡས་མས་ཡིན། དགུན་དུས་ཀྱི་དྲོད་ཚད-10℃ལས་མི་དམའ་བ་དང་། དབྱར་དུས་ཀྱི་དྲོད་ཚད40℃ལས་མི་བརྒལ། ཟླ6པར་གནམ་གཤིས་གཞི་གྲངས་ལས་མངོན་པར་གཞིགས་ན35℃ལས་མཐོ་ཞིང་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི600ཡས་མས་ཡིན་པ་དང་སད་མེད་དུས་ཉིན190ལྷག་ཡིན།
སྤྱི་ལོ2010ལོའི་ལོ་མཇུག་བར་དུ་ལུང་ཁོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་ལམ5དང་གྲོང་རྡལ8ཡོད་པ་སྟེ། ཏུང་ལའེ་ཁྲོམ་ལམ་དང་། ལུང་ཀང་ཁྲོམ་ལམ། ཤིན་ཅ་ཁྲོམ་ལམ། ཞུས་ཕུའུ་ཁྲོམ་ལམ། ཏུང་ཅང་ཁྲོམ་ལམ། ཧོང་ཧྲན་ཀོན་གྲོང་རྡལ། པེ་མ་གྲོང་རྡལ། ལུའུ་ཐོའུ་གྲོང་རྡལ། ཆི་ཅ་གྲོང་རྡལ། ཧྲི་ལེའང་གྲོང་རྡལ། ལན་ཀའོ་གྲོང་རྡལ། ཀྲུའུ་ཡིའུ་ཀོན་གྲོང་རྡལ་བཅས་ཡིན། གྲོང་ཁྱེར་སྲིད་གཞུང་ཞིན་ཅ་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།
གཅིག ལུང་ཁོའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར།
སྤྱི་ལོ2010ལོའི་ལོ་མཇུག་བར་དུ། ལུང་ཁོའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར688255ཡོད་པ་དང་། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་སྤྱི་ལོ2000ལོའི་ཟླ11པའི་ཚེས1ཉིན་གྱི་མི་འབོར671335དང་བསྡུར་ན། ལོ་བཅུའི་ནང་དུ་མི16920ཇེ་མང་དུ་སོང་ཡོད་ལ2.52%འཕར་བ་ཡོད་ཅིང་། ལོ་རེར་ཆ་སྙོམས་ངང0.25%འཕར་ཡོད།
གཉིས། ཁྱིམ་ཚང་གི་མི་འབོར།
ལུང་ཁོའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲོད་དུ་དུད་ཚང241513ཡོད་པ་དང་། ཁྱིམ་ཚང་གི་མི་འབོར638664ཡོད། ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་མི་འབོར2.64ཡིན་ལ་སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་ལྔ་པ་ཡི3.13ལས0.49ཇེ་ཉུང་དུ་ཕྱིན་ཡོད།
གསུམ་པ། ཕོ་མོའི་དབྱེ་བ།
ལུང་ཁོའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པའི་མི་འབོར347992ཡོད་ལ་སྤྱིའི་མི་གྲངས་ཁྲོད50.56%བཟུང་ཡོད་ཅིང་། བུད་མེད་ཀྱི་མི་འབོར340263ཡོད་ལ་སྤྱིའི་མི་འབོར་ཁྲོད49.44%བཟུང་ཡོད། རྒྱུན་སྡོད་མི་འབོར་གྱི་ཕོ་མོའི་བསྡུར་ཚད་དེ་སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི101.10ནས102.27བར་འཕར་ཡོད།
བཞི། མི་འབོར་གྱི་ལོ་ཚད།
ལུང་ཁོའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲོད་ལོ་ན0ནས14བར་གྱི་མི་འབོར78671ཡོད་ལ་དེས་སྤྱིའི་མི་འབོར་ཁྲོད11.43%བཟུང་ཡོད་ཅིང་། ལོ་ན15ནས64བར་གྱི་མི་འབོར539293ཡོད་ལ་དེས་སྤྱའི་མི་འབོར་ཁྲོད78.36%བཟུང་ཡོད་ལ། ལོ་ན65ཡན་གྱི་མི་འབོར70291ཡོད་ལ་དེས་སྤྱིའི་མི་འབོར་ཁྲོད10.21%བཟུང་ཡོད། སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་དང་བསྡུར་ན་ལོ་ན0ནས14བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི6.55མར་འགྲིབ་ཡོད་པ་དང་། ལོ་ན15ནས64བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི4.41འཕར་ཡོད་ལ། ལོ་ན65དང་དེ་ཡན་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི2.14འཕར་ཡོད།
ལྔ། མི་འབོར་གྱི་སློབ་གསོ་མྱང་ཚད།
ལུང་ཁོའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲོད་ཆེད་སྦྱོང་དང་སློབ་ཆེན་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར62264ཡོད་པ་དང་། མཐོ་རིམ་སློབ་འབྲིང(འབྲིང་རིམ་ཆེད་ལས་སློབ་གྲྭ)རིག་གནས་ཆུ་ཚད་ལྡན་པའི་མི་འབོར107790ཡོད་ལ། དམའ་རིམ་སློབ་འབྲིང་གི་ཡོན་ཚད་ཡོད་པའི་མི་གྲངས310906ཡོད་ཅིང་། སློབ་གྲྭ་ཆུང་བའི་རིག་གནས་ཆུ་ཚད་ཡོད་པའི་མི་གྲངས159161ཡོད།(དེའི་ནང་དུ་སློབ་གྲྭ་སྣ་ཚོགས་ཀྱི་སློབ་ཐོན་སློབ་མ་དང་། སློབ་སྡོད་སློབ་མ་བཅས་ཚུད་ཡོད)
སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན། མི་ཁྲི10རེའི་ཁྲོད་ཆེད་ཚན་སློབ་གྲྭ་ཆེན་མོ་དང་དེའི་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི2896ནས9047བར་འཕར་བ་དང་། མཐོ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པ་མི13156ནས15661བར་འཕར་ཞིང་། དམའ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་མི41146ནས45173བར་འཕར་ཡོད། སློབ་ཆུང་གི་རིག་གནས་ཆུ་ཚད་ལྡན་པ་མི31724ནས23125བར་མར་འགྲིབ་ཡོད།
ཡིག་རྨོངས་མི་གྲངས(ལོ15ཡན་གྱི་ཡི་གེ་མི་ཤེས་པའི་མི)16292ཡོད་ལ་སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན་ཡིག་རྨོངས་མི་འབོར15346ཇེ་ཉུང་དུ་སོང་པ་དང་ཡིག་རྨོངས་བ5.75%ནས2.37%བར་འགྲིབ་ནས་བརྒྱ་ཆའི3.38མར་འགྲིབ།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-02-28
གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།