ལི་ཧྲུའུ་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་ཧྲུའུ་ཆུས།
ལི་ཧྲུའུ་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་ཅི་ཤིས་གྲོང་ཁྱེར་གྱི་ཁོངས་གཏོགས་ཀྱི་ཁོངས་གཏོགས་ཡིན་པ་དང་། ཅི་ཤིས་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། གྲོང་ཁྱེར་གྱི་ལྟེ་བའི་བར་ཐག་སྤྱི་ལེ37ཡོད་པ། གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་རིམ་པའི་ཆུས་སུ་གཏོགས་པ། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁྲོམ་གཞུང5ཡོད་པ་སྟེ། ཅི་ལི་ཁྲོམ་གཞུང་དང་། མུའུ་ལིང་ཁྲོམ་གཞུང་། ཕིང་ཀང་ཁྲོམ་གཞུང་། ཅན་ཁྲང་ཁྲོམ་གཞུང་། ཧྲི་ལིན་ཁྲོམ་གཞུང་བཅས་ཡིན། སྤྱི་ལོ2010ལོར་སླེབས་སྐབས་ལི་ཧྲུའུ་ཆུས་ཀྱི་མི་འབོར་གྱི་སྤྱིའི་བསྡོམས་འབོར་ཁྲི10ཟིན་པའི་ནང་རྒྱ་རིགས་མི་འབོར་གྱིས94%བཟུང་བ་དང་དེ་བྱིངས་ཁྲའོ་ཞན་དང་། སོག་རིགས། ཧུའེ་རིགས། ཀྲོང་རིགས་སོགས་ཡིན། ལི་ཧྲུའུ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ412ཡོད། སྤྱི་ལོ2010ལོར་སླེབས་སྐབས་ལི་ཧྲུའུ་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3.3ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
梨树区
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧེ་ལུང་ཅང་ཞིང་ཆེན་ཅི་ཞི་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོང་གཞུང5
སྲིད་གཞུང་གནས་ཡུལ།
ཅིའུ་ཏའོ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0467
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེནཅི་ཞི་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ412ཡོད།
མི་གྲངས།
ཁྲི10ཡོད།
གནམ་གྲུ་ཐང་།
ཅི་ཞི་ཞིང་ཁའེ་ཧུའུ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ལི་ཧྲུའུ་གྲོང་རྡལ་གྱི་འབབ་ཚུགས།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)G
སྲིད་འཛིན་ཚབ་གྲངས།
230305
1 ངོ་སྤྲོད།

ལི་ཧྲུའུ་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་ཅི་ཤིས་གྲོང་ཁྱེར་གྱི་ཁོངས་གཏོགས་ཀྱི་ཁོངས་གཏོགས་ཡིན་པ་དང་། ཅི་ཤིས་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། གྲོང་ཁྱེར་གྱི་ལྟེ་བའི་བར་ཐག་སྤྱི་ལེ37ཡོད་པ། གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་རིམ་པའི་ཆུས་སུ་གཏོགས་པ། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁྲོམ་གཞུང5ཡོད་པ་སྟེ། ཅི་ལི་ཁྲོམ་གཞུང་དང་། མུའུ་ལིང་ཁྲོམ་གཞུང་། ཕིང་ཀང་ཁྲོམ་གཞུང་། ཅན་ཁྲང་ཁྲོམ་གཞུང་། ཧྲི་ལིན་ཁྲོམ་གཞུང་བཅས་ཡིན། སྤྱི་ལོ2010ལོར་སླེབས་སྐབས་ལི་ཧྲུའུ་ཆུས་ཀྱི་མི་འབོར་གྱི་སྤྱིའི་བསྡོམས་འབོར་ཁྲི10ཟིན་པའི་ནང་རྒྱ་རིགས་མི་འབོར་གྱིས94%བཟུང་བ་དང་དེ་བྱིངས་ཁྲའོ་ཞན་དང་། སོག་རིགས། ཧུའེ་རིགས། ཀྲོང་རིགས་སོགས་ཡིན། ལི་ཧྲུའུ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ412ཡོད། སྤྱི་ལོ2010ལོར་སླེབས་སྐབས་ལི་ཧྲུའུ་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3.3ཟིན་ཡོད། 

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1992ལོར། ལི་ཧྲུའུ་ཆུས་ནི་ཅི་ཞི་གྲོང་ཁྱེར་མངའ་ཁོངས་ཀྱི་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན། གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་ཆགས་ཡོད་པ་དང་། ཤར་རྒྱུད་ཧེང་ཧྲན་ས་ཁུལ་དང་འབྲེལ་ཡོད་ལ། ཤར་ལྷོ་དང་ལྷོ་ནུབ་མུའུ་ལིང་རྫོང་དང་འབྲེལ་ཡོད། ནུབ་བྱང་མ་ཧྲན་ཆུས་དང་འབྲེལ་བ། བྱང་ཕྱོགས་ཏི་ཏའོ་ཆུསདང་འབྲེལ་ཡོད། ཆུས་སྲིད་གཞུང་གི་བཅའ་སྡོད་བྱ་ཡུལ་དེ་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དང་བར་ཐག་སྤྱི་ལེ31ཡོད། ལི་ཧྲུའུ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ396.3ཟིན་ཡོད། ལི་ཧྲུའུ་ཆུས་སུ་ཁྱོན་ལི་ཤིང་དང་མུའུ་ལིང་། ཕིང་ཀང་། ཅན་ཁྲེང་། ཧྲི་ལིན་བཅས་ཁྲོམ་གཞུང་དོན་གཅོད་ཁང5དང་ལི་ཧྲུའུ་ཡུལ་ཚོ5ཡོད། སྤྱི་ལོ1992ལོའི་ལོ་མཇུག་ཏུ་ལི་ཧྲུའུ་ཆུས་ཀྱི་མི་འབོར་ཁྲི9.9ཡོད་པ་དེའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི8.4ཡོད་པ་དང་། མན་ཇུ་དང་། ཁྲའོ་ཞན། སོག་པོ། ཧུའེ་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་བརྒྱ་ཆའི3ཙམ་ཟིན་ཡོད། ཆུས་སྲིད་གཞུང་ནི་ཅིའུ་ཏའོ་ཁྲོམ་གཞུང་དུ་བཅའ་སྡད་བྱས་ཡོད།      སྤྱི་ལོ2005ལོའི་ཟླ12པའི་ཚེས26ཉིན། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་སྟེ། ཅི་ཞི་གྲོང་ཁྱེར་གྱི་ལི་ཧྲུའུ་ཆུས་ཀྱི་ལི་ཧྲུའུ་ཡུལ་ཚོ་ཕྱིར་འཐེན་བྱས་ཤིང་། དེའི་སྲིད་འཛིན་ས་ཁོངས་ནི་ལི་ཧྲུའུ་ཆུས་ཀྱི་ཐད་གཏོགས་ཁོངས་སུ་གཏོགས་པ་དང་། མ་ཧྲན་ཆུས་སུ་མ་ཧྲན་ཡུལ་ཚོ་མེད་པར་བཟོས་པ་དང་། དེའི་སྲིད་འཛིན་ས་ཁོངས་ནི་མ་ཧྲན་ཆུས་ཀྱི་ཐད་གཏོགས་ཁོངས་སུ་གཏོགས། 

3 སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།

སྤྱི་ལོ2013ལོར་ལི་ཧྲུའུ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང5ཡོད་པ་སྟེ། ཅི་ལི་ཁྲོམ་གཞུང་དང་། མུའུ་ལིང་ཁྲོམ་གཞུང་། ཕིང་ཀང་ཁྲོམ་གཞུང་། ཅན་ཁྲེང་ཁྲོམ་གཞུང་། ཧྲི་ལིན་ཁྲོམ་གཞུང་བཅས་ཡོད། ཆུས་སྲིད་གཞུང་ནི་ཅིའུ་ཏའོ་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད། 

4 གནས་ཡུལ།

ལི་ཧྲུའུ་ཆུས་ནི་ཅི་ཞི་གྲོང་ཁྱེར་ཁུལ་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དང་བར་ཐག་སྤྱི་ལེ43ཡོད། ས་བབ་ཀྱི་མཚོན་རྟགས་ནི་གཞུང་ཐིག་ཤར་མའི 130°23′24″-130°52′24″དང་འཕྲེད་ཐིག་བྱང་མའི 44°57′12″-45°12′30″བར་ཡིན། ལི་ཧྲུའུ་ཆུས་ཀྱི་ལྷོ་ནུབ་དང་མུའུ་ལིང་གྲོང་ཁྱེར་དང་འབྲེལ་ནས་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ37.5ཟིན་པ་དང་། ནུབ་བྱང་དང་མ་ཧྲན་ཆུས་དང་འབྲེལ་ཞིང་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ21ཡོད། བྱང་ཕྱོགས་དང་ཏི་ཏའོ་ཆུས་དང་འབྲེལ་ཞིང་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ2ཡོད། ཤར་རྒྱུད་ཧེང་ཧྲན་ཆུས་དང་འབྲེལ་ཞིང་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ37ཡོད། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ22.5དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ28ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ412ཡོད་པ་དེས་གྲོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི17.74%བཟུང་ཡོད། 

5 མི་གྲངས།

སྤྱི་ལོ2010ལོའི་བར་ལི་ཧྲུའུ་ཆུས་ཀྱི་མི་གྲངས་བསྡོམས་འབོར་ཁྲི10ཟིན་ཡོད། རྒྱ་རིགས་མི་གྲངས་ཀྱིས94%ཟིན་ཡོད་པ་དང་། དེ་བྱིངས་ནི་ཁྲའོ་རིགས། སོག་རིགས། ཧུའེ་རིགས། ཀྲོང་རིགས་བཅས་ཡིན། 

6 དཔལ་འབྱོར།

སྤྱི་ལོ2008ལོར་ལི་ཧྲུའུ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2.61ཟིན་པ་དེ་དུས་མཚུངས་ལས11.2%འཕར་བ་དང་། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་ཁྲི4587.1ལེགས་གྲུབ་བྱུང་ནས27.62%འཕར་བ། སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་སྒོར་ཁྲི1776ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2007ལོ་ལས28.34%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི15100བཏང་བ་དེ་སྤྱི་ལོ2007ལོ་ལས38.8%འཕར་བ། ཚོང་འགུགས་མ་འདྲེན་དམིགས་སར་འབྱོར་བའི་མ་དངུལ་སྒོར་ཁྲི13800ཟིན་པ་དེ་སྤྱི་ལོ2007ལོ་ལས40.8%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར6875ཟིན་པ་དེ་སྤྱི་ལོ2007ལོ་ལས10%འཕར་བ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར4683ཟིན་པ་དེ་སྤྱི་ལོ2007ལོ་ལས8%འཕར་ཡོད།      སྤྱི་ལོ2006ལོ་ནས་སྤྱི་ལོ2010ལོ་བར་ལི་ཧྲུའུ་ཆུས་ཀྱི་ཆུས་ཡོངས་ཀྱི་ཐོན་ལས་ཐེངས་གསུམ་གྱི་བསྡུར་ཚད་དེ་སྤྱི་ལོ2006ལོའི12.7:52.1:35.2ནས་སྤྱི་ལོ2010ལོའི13.2:50.7:36.1བར་ལེགས་སྒྲིག་བྱས་ཡོད། བཟོ་ལས་ཁེ་ལས་དེ་སྤྱི་ལོ2006ལོའི་དུད་ཚང21ནས་སྤྱི་ལོ2010ལོའི་དུད་ཚང42བར་འཕེལ་རྒྱས་ཕྱིན་པ་དེའི་ནང་གཞི་ཁྱོན་ཡན་གྱི་ཁེ་ལས9ཡོད་པ་དང་རྡོ་སོལ་དང་། རྡོ་སྣག རྡོ་སོལ་བསྲེགས་མ། གློག་ཤུགས། ཀུའེ་སྐུད་རྡོ། སྤྲིན་དཀར་ཐལ་བ། མཛུབ་མཐུད་པང་ལེབ། དྭངས་གཙང་ཆུ། བཟའ་བཅའི་ཤ་མོ། སྲན་མའི་བཟོས་རྫས་བཅས་ཀྱི་ཐོན་ལས་སྣ་མང་ཅན་དུ་འཕེལ་རྒྱས་ཕྱིན་ཡོད། 

7 སྤྱི་ཚོགས་ལས་དོན།
7_1 རྨང་གཞིའི་སྒྲིག་བཀོད།

སྤྱི་ལོ2012ལོར་ལི་ཧྲུའུ་ཆུས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི65བཏང་བའི་ལམ་བཞིའི་ཆུ་རགས་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། རྒྱལ་ཁབ་ལྕགས་ལམ་གྱི་ལི་སྡོང་དུམ་བུའི་སྤྱི་ལེ52མཚམས་ཀྱི་མུའུ་ལིང་གཙང་པོའི་ཆུ་འདྲེན་ལས་གྲྭའི་ཆུ་ཡུར་ཐོག་མ་སྒྱུར་བཀོད་བྱས་པ་དང་འགྱིག་རགས་ཉམས་གསོ་བྱས་པ་དང་། སྟོད་རྡོ་ཆུ་རགས་ཨར་འདམ་གྱི་ཆུ་རགས་བཟོས་ནས་འདམ་རྡོའི་ཆུ་ཡུར་དང་ཆུ་ཡུར་བཟོས་པ། སིམ་འགོག་ཆུ་ཡུར་སྨི400ཡི་ཆུ་བེད་སྒྲིག་བཀོད་གསར་སྐྲུན་བྱས་པས་ལི་ཤིང་ཁུལ་དུ་སིམ་འགོག་ཆུ་ཡུར་མེད་པའི་ལོ་རྒྱུས་ཐག་གཅོད་ཐུབ་ཡོད།    

སྤྱི་ལོ2012ལོར་ལི་ཧྲུའུ་ཆུས་ཀྱིས་ཅན་ཁྲེང་གྲོང་ཚོར་སྨི་གྲུ་བཞི་མ2600ཟིན་པའི་སྤྲོ་གསེང་ཐང་ཆེན་བསྐྲུན་པ་དང་འབྲེལ་ལུས་སྦྱོང་ཡོ་བྱད་དང་ལག་རྩེད་སྤོ་ལོའི་སྒྲོམ་སྟེགས་བཅུ་གྲངས་སྒྲིག་སྦྱོར་བྱས་པ་དང་གློག་སྒུལ་གད་སྙིགས་རླངས་འཁོར1ཉོས་པ་དང་། ཧྥུང་ཧྲན་གྲོང་ཚོར་ལམ་སྒྲོན50སྒྲིག་པ། ཧོའུ་ཧྲའེ་གྲོང་ཚོར་སྨི་གྲུ་བཞི་མ2200ཟིན་པའི་སྤྲོ་གསེང་ཐང་ཆེན་བསྐྲུན་ཡོད། གྲོང་ཁྱེར་ཆུ་དོན་ཅུས་ཀྱིས་ཅན་ཁྲེང་གྲོང་ཚོར་ཁྲོན་པ་གཏིང་རིང་ཞིག་བརྐོས་ནས་ཧྲེན་མེཚོགས་པ་དང་མཐུན་སྦྱོར་བྱས་ནས་བཅན་ཁྲེང་གྲོང་ཚོར་སྨི་རྒྱ་དཔངས་གྲུ་བཞི་མ200ཡི་ཆུ་གསོག་རྫིང་བུ་ཞིག་དང་། གློག་འདོན་སྐུད་ལམ་སྨི300 ཆུ་མཁོ་འདོན་གྱི་མདོང་ལམ་གཙོ་བོ་སྨི400ལྷག་ཙམ་བསྐྲུན་རོགས་བྱས་པ་དང་། ཆན་ཅིན་གྲོང་ཚོ་དང་ཧོ་ཁོའུ་གྲོང་ཚོར་ཁྱོན་སྤྱི་ལེ3ཙམ་ཡོད་པའི་ཨར་འདམ་གྲོང་ཚོའི་གཞུང་ལམ་བསྐྲུན་ཡོད། 

7_2 སློབ་གསོ།

ལི་ཧྲུའུ་ཆུས་སུ་སློབ་འབྲིང4དང་སློབ་ཆུང3ཡོད།      སྤྱི་ལོ2012ལོར་ལི་ཧྲུའུ་ཆུས་ཀྱི་འབྲིང་རྒྱུགས་ཀྱི་གཙོ་གནད་མི134ཡོད་པ་དང་མི127ཡོད་པ་དང་། སློབ་འབྲིང་ཉེར་ལྔ་པ་ཡིན་པའི་ལི་ཝན་གྱིས་འབྲིང་རྒྱུགས་དེ་སྐར་མ712.2ཀྱི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཅི་ཤིས་གྲོང་ཁྱེར་གྱི་ཨང་ལྔ་པར་སླེབས་པ་དང་ཐད་གཏོགས་སློབ་གྲྭ་ཕུད་ཆུས་དྲུག་ནང་གི་སྐར་གྲངས་མཐོ་ཤོས་ཡིན། སྤྱི་ལོ2012ལོའི་སློབ་དུས་མཇུག་ཏུ་ཅི་ཤིས་གྲོང་ཁྱེར་གྱི་སློབ་ཆུང35ཡི་སློབ་ཆུང་གསུམ་པ་དང་ལོ་ལྔའི་ནང་ལི་ཧྲུའུ་ཆུས་ཀྱི་སློབ་གྲྭ་གསུམ་པའི་ལོ་རིམ་གསུམ་པའི་ཨང་རིམ་ནི་ཕིང་ཀང་སློབ་གྲྭའི་ཨང་དང་པོ་དང་། མུའུ་ལིང་སློབ་འབྲིང་དང་པོའི་ཨང་གཉིས་པ་དང་ཐའེ་དབྱང་ཧྲེང་གི་ཨང་དྲུག་པ་བཅས་ཡིན་པ་དང་། ལོ་རིམ་ལྔ་པའི་གྲོང་ཁྱེར་ཡོངས་ཀྱི་ཨང་རིམ་ནི་མུའུ་ལིང་སློབ་འབྲིང་དང་པོ་དང་། ཐའེ་དབྱང་ཧྲེང་ཐེངས་དགུ་པ། ཕིང་ཀང་སློབ་གྲྭ་བཅས་ཡིན། གཞན་ཡང་མཐོ་རྒྱུགས་ནང་ལི་ཧྲུའུ་ཆུས་ཀྱིས་སྐྱེལ་བའི་སློབ་མ་སུན་ཡུའེ་དང་། ཁྲེན་པིང་ཆི། ཕུའུ་ཐན་ཐན་བཅས་སྐར་མ640དང་། སྐར་མ633སྐར་མ605བཅས་ཀྱི་ཐོག་ནས་ཕྱི་ཕྱོགས་དཔལ་འབྱོར་སློབ་གླིང་དང་། རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་། ལྷོ་ནུབ་ནོར་དཔལ་སློབ་ཆེན་བཅས་ཀྱིས་སོ་སོར་བསྡུས་ཡོད། 

8 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2008ལོའི་བར་དུ། ལི་ཧྲུའུ་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས3059འཕར་སྣོན་བྱུང་བ་དང་། ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད་ཀྱི4.5%ནང་ཚུན་དུ་ཚོད་འཛིན་བྱས་ཡོད། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་མ་དངུལ་སྒོར་ཁྲི450སྤྲད་པར་སྟབས་བསྟུན་ལས་ཞུགས་མི་སྣ6754ལ་ཕན་པ་ཐོབ་པ། ཟླ་སྒྲིལ་གཏོང་བ་དང་མཉམ་སྡེབ་ཁེ་ལས་ཀྱི་ལས་བཟོའི་འགྱངས་ཆད་སེལ་བའི་གླ་ཕོགས་སྒོར་ཁྲི1630.5སྤྲད་པ། ལས་བྲལ་ལས་ཤོར་མི་སྣ33ལ་འབོར་ཉུང་ཁག་ཐེག་དངུལ་བུན་སྒོར་ཁྲི51.5བཏང་བ། ལས་བྲལ་ལས་བཟོའི་གསོ་སྦྱོང་མ་དངུལ་སྒོར་ཁྲི30བཏང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི727ལ་སྨན་རིན་སྒོར་ཁྲི135རྩིས་ཞུ་བྱས་པ། སྤྱི་ཚོགས་རོགས་སྐྱོབ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་དང་དེ་བཞིན་ཁ་གསབ་སྣ་ཚོགས་སྒོར་ཁྲི2200ལྷག་ཙམ་སྤྲད་པ་དེ་སྤྱི་ལོ2007ལོ་ལས44%འཕར་བ། རོགས་སྐྱོབ་དང་། གེགས་སེལ། རོགས་སྐྱོར་བཅས་ཀྱི་མ་དངུལ་སྒོར་ཁྲི76སྤྲད་པ་དང་། དབང་པོ་སྐྱོན་ཅན་གྱི་སྡོད་ཁང་སྒྱུར་བཀོད་མ་དངུལ་སྒོར་ཁྲི30ཐག་གཅོད་བྱས་པ། མ་དངུལ་སྒོར་ཁྲི30ལྷག་ཙམ་བཏང་ནས་ཟོག་གོང་བརྟན་པོ་ཡོང་བ་བྱས་ཡོད། སློབ་གསོར་མ་དངུལ་སྒོར་ཁྲི260ལྷག་ཙམ་བཏང་ནས་སློབ་གསོ་སློབ་ཁྲིད་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ། གྲོང་གསེབ་ཀྱི་དགུ་སྤེལ་བུ་ལོན་སྒོར་ཁྲི410ལྷག་ཙམ་སེལ་ཡོད། མ་དངུལ་སྒོར་ཁྲི103བཏང་ནས་ཁང་གླ་ཁེ་བའི་སྡོད་ཁང་དུད་ཚང115བསྐྲུན་པ་དང་སྨི་གྲུ་བཞི་མ5000ལྷག་ཙམ་ཟིན་པ་དང་སྡོད་ཁང་འགན་ལེན་ཁྱབ་ཚད་ཀྱི80%ཡན་ཟིན་ཡོད། སྤྱི་ལོ2008ལོར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི5200ལྷག་ཙམ་བཏང་བ་དེ་ལོ་གོང་མ་ལས་སྒོར་ཁྲི2200ལྷག་ཙམ་མང་དུ་ཕྱིན་ནས73.3%འཕར་ཡོད། ཐོན་ཁུངས་འདོན་པ་དང་གྲོན་ཆུང་དང་མ་དངུལ་གྲབས་གསོག་བྱས་ནས་ནོར་སྲིད་གཏོང་སྒོ་སྒོར་ཁྲི410མང་དུ་བཏང་བ་དང་རེས་སྐོར་གཉིས་པའི་ལས་ཁུངས་དང་བྱ་གཞག་ཚན་པའི་ཕོགས་སྣོན་དང་ཁ་གསབ་སྤྲོད་པའི་ལས་དོན་ལེགས་སྒྲུབ་བྱས་ཡོད། སི་ཁྲོན་གེགས་ཁུལ་གྱི་མི་དམངས་ལ་དངུལ་སྒོར་ཁྲི90ལྷག་ཙམ་ཞལ་འདེབས་ཕུལ།

སྤྱི་ལོ2010ལོར་ལི་ཧྲུའུ་ཆུས་ཀྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་མ་དངུལ་སྒོར་ཁྲི140བརྩོན་ལེན་བྱས་པ་དང་། འབོར་ཆུང་དངུལ་བུན་སྒོར་ཁྲི36.8བཏང་བ། ལས་རིགས་ངོ་སྤྲོད་བྱས་པར་གཞིགས་ན། མི4105ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ། མི500 མི3079 མི3031བཅས་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ཀྱི4.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན25230ཡོད་པ་དེ་སྤྱི་ལོ2009ལོ་ལས་མི5545འཕར་ཡོད། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྒོར་ཁྲི1136.9སྤྲད་པ། “ལྔ་བདུན་ལས་ཀ”དང“ཁྱིམ་མིའི་ལས་ཀ”536ལ་རྒན་གསོའི་འགན་བཅོལ་གྱི་གནད་དོན་ཐག་གཅོད་བྱས་པ་དང་། ལི་ཧྲུའུ་ཆུས་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་ཀྱི90%ཡན་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཟླ་རེའི་མི་རེའི་ཆ་སྙོམས་ཁ་གསབ་རོགས་དངུལ་སྒོར50མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ལོའི་མི་རེའི་ཆ་སྙོམས་ཁ་གསབ་རོགས་དངུལ་སྒོར300མཐོ་རུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་གྲོན་དངུལ་དང་དེ་བཞིན་ཁ་གསབ་རོགས་དངུལ་སྣ་ཚོགས་སྒོར་ཁྲི3400ལྷག་ཙམ་སྤྲད་པ། རོགས་སྐྱོབ་དང་གཟིགས་སྐྱོང་སོགས་མ་དངུལ་སྒོར་ཁྲི180ལྷག་ཙམ་སྤྲད་པ། མི་ཁྲི1.5ལ་ཕན་པ་ཐོབ་ཡོད། གྲོང་ཚོ11གི་གནོད་འཚེ་ཕོག་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྲིང་བལ་གྱོན་གོས་དང་ཉལ་ཆས50སྤྲད་པ་དང་། སྐྱོབ་གསོའི་འབྲུ་རིགས་སྤྱི་རྒྱ་ཁྲི1.75དང་སྲན་སྣུམ་སྤྱི་རྒྱ1750སྤྲད་པ། ཟོག་གོང་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི10ལྷག་ཙམ་སྤྲད། དཀའ་ངལ་ཡོད་པའི་ཁྱིམ་ཚང1260ལ་ཁང་གླ་ཁེ་བའི་སྡོད་ཁང་གི་ཁ་གསབ་དངུལ་སྒོར་ཁྲི167.42སྤྲད་པ། གོང་རིམ་ལ་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ནས་ཆུས་རིམ་པའི་ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་སྤྱི་ལོ2010ལོ་ཧྲིལ་པོར་དམངས་འཚོའི་མ་དངུལ་སྒོར་ཁྲི9900ལྷག་ཙམ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་སྤྱད་པ་དེའི་ནང་གླ་ཕོགས་དང་། སྨན་བཅོས་འགན་བཅོལ། སྡོད་ཁང་སྤྱི་གསོག་མ་དངུལ་བཅས་ལ་སྒོར་ཁྲི4861གཏོང་དགོས་ཀྱི་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལི་ཧྲུའུ་ཆུས། མི་གྲངས། དཔལ་འབྱོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-06

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།