ཧྲུའོ་ཀྲོའུ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲུའོ་ཀྲོའུ་གྲོང་ཁྱེར།
ཧྲུའོ་ཀྲོའུ་ནི་ཀྲུང་གོའི་ཧྲན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་ཤིང་སང་ཀན་གཙང་པོའི་སྟོད་རྒྱུད་ནུབ་བྱང་ནང་སོག་རང་སྐྱོང་ལྗོངས་དང་ཐག་ཉེ་ཞིང་ལྷོ་མཚམས་སུ་ཡན་མོན་ཀོན་འགག་སྒོ་དང་འབྲེལ། ས་དབྱིབས་ཀྱི་སྤྱི་ཁོག་སྤྱིའི་ཆ་ནས་བྱང་དང་ནུབ། ལྷོ་བཅས་ཕྱོགས་གསུམ་རི་བོས་བསྐོར་བ་དང་། དཀྱིལ་ནི་སང་ཆན་གཙང་པོའི་ཁོངས་ཀྱི་བདེ་ཐང་ལ་འབྲེལ་ནས་བལྟོས་བཅས་ཀྱིས་ཅུང་དམའ། ནམ་ཟླ་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དེའི་ཁོངས་སུ་ཆུས་གཉིས་དང་གྲོང་ཁྱེར་གཅིག་དང་རྫོང་གསུམ(ཧྲུའུ་ལུའུ་ཆུས་དང་ཕིང་ལུའུ་ཆུས། ཧོའེ་རེན་གྲོང་ཁྱེར། ཧྲན་དབྱིན་རྫོང་། ཡིང་རྫོང་། ཡིའུ་ཡུས་རྫོང་བཅས་ཚུད)ཡོད་པ་དང་ཁྱོན་ཡུལ་ཚོ་དང་གྲོང་རྡལ73(གཞུང་དོན་ཁང་ཚུད་པ)དང་སྲིད་འཛིན་གྲོང་ཚོ1591ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.06དང་སྤྱི་ལོ2017ལོའི་རྒྱུན་སྡོད་མི་འབོར་ཁྲི177.6ཟིན། ཧྲུའོ་ཀྲོའུ་གྲོང་ཁྱེར་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1000ཡོད་པ་དང་དུས་བཞི་གསལ་པའི་དབང་གིས་རྒྱལ་ཡོངས་ཀྱི་ཚ་གཡོལ་གནས་མཆོག་དང་ཅིང་ཅིན་ས་ཁུལ་གྱི་ཚ་གཡོལ་སྤྲོ་གསེང་བྱེད་སའི“མེ་ཏོག་ལྡུམ་ར”སོགས་ཡོད། གྲོང་ཁྱེར་ཡོངས་སུ་གཞི་ཁྱོན་སྣ་ཚོགས་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ཁུལ80ཡོད་པའི་ནངA4རིམ་པའི་མཛེས་ལྗོངས་ཁུལ4དང་། རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ཁུལ1 རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ6 ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ19 གྲོང་ཁྱེར་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ42བཅས་ཡོད་པ་དང་། ལོ་རྒྱུས་ཐོག་སྔ་རྗེས་སུ་ཧན་རྒྱལ་རབས་ནུབ་མའི་བུད་མེད་སྙན་ངག་པ་གྲགས་ཅན་པན་ཡོན་དང་རྒྱལ་ཁབ་གསུམ་གྱི་དམག་དཔོན་གྲགས་ཅན་ཀྲང་ལིའོ་དང་། ཐང་རྒྱལ་རབས་ཀྱི་ཁའེ་གོ་ཡོན་ཞུན་ཝེ་ཁྲི་ཀུང་། མིང་རྒྱལ་རབས་ཀྱི་བློན་ཆེན་ཝང་ཅ་ཕིན་སོགས་ཕུལ་བྱུང་མི་སྣ་ཁག་ཅིག་བྱུང་མྱོང་། སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར980.2ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར56.2ཟིན་ནས2.7%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི5.7%བཟུང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར400.6ཟིན་ནས6.3%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི40.9%བཟུང། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར523.5ཟིན་ནས8.9%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི53.4%བཟུང་། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར55316ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朔州
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི1.07ཡོད།
དབྱིན་ཡིག་གི་མིང་།
Shuozhou
མི་གྲངས།
ཁྲི177.6ཡོད།
མིང་གཞན།
ཧྲའོ་དང་མཱ་དབྱི།
ཡུལ་སྐད།
ཅིན་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་གྲོང་ཁྱེར།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧྭ་བྱང་། ཧྲན་ཞི་ཞིང་ཆེན།
མེ་འཁོར་ས་ཚིགས།
ཧྲུའོ་ཀྲོའུ་འབབ་ཚིགས།
ཐད་གཏོགས་ཁུལ།
ཆུས2 རྫོང3 གྲོང་ཁྱེར1
རླངས་འཁོར་ཚབ་ཨང་།
ཅིནF(晋F)
ས་ཁོངས་ཁ་པར་ཨང་རྟགས།
0349
ཐོན་སྐྱེད་བསྡོམས་འབོར།
སྒོར་དུང་ཕྱུར980.2ཡིན།
སྦྲག་སྲིད་ཨང་རྟགས།
036000
སྲིད་འཛིན་ཚབ་ཨང་།
140600
མི་རེའི་ཆ་སྙོམས་ཐོན་སྐྱེད་བསྡོམས་འབོར།
སྒོར55316ཡིན།
གནས་ཡུལ།
ཧྲན་ཞི་ཞིང་ཆེན་གྱི་བྱང་རྒྱུད།
དཀར་ཆག
1   ལོ་རྒྱུས་ཀྱི་འཕེལ་རིམ།
2   སྲིད་འཛིན་ས་ཁོངས།    
3   ས་ཁམས་ཁོར་ཡུག      
3.1 གནས་ཡུལ། 
3.2 ས་དབྱིབས། 
3.3 ནམ་ཟླ།    
4   ཆུ་དཔྱད།      
5   རང་བྱུང་ཐོན་ཁུངས།     
5.1 ཆུའི་ཐོན་ཁུངས།    
5.2 གཏེར་རྫས་ཐོན་ཁུངས།    
5.3 རྩི་ཤིང་ཐོན་ཁུངས། 
5.4 སྲོག་ཆགས་ཐོན་ཁུངས།      
6   མི་གྲངས།     
7   དཔལ་འབྱོར།  
7.1 ཐོན་ལས་དང་པོ།      
7.2 ཐོན་ལས་གཉིས་པ།    
7.3 ཐོན་ལས་གསུམ་པ།     
8   སྤྱི་ཚོགས་ལས་རིགས།     
8.1 ཚན་རིག་ལག་རྩལ།    
8.2 སློབ་གསོའི་བྱ་གཞག      
8.3 རིག་གནས་ལས་རིགས།    
8.4 སྨན་བཅོས་འཕྲོད་བསྟེན།     
8.5 ལུས་རྩལ་བྱ་གཞག      
8.6 སྤྱི་ཚོགས་འགན་སྲུང་།    
9   འགྲིམ་འགྲུལ་སྐྱེལ་འདྲེན།
9.1 གཞུང་ལམ།    
9.2 ལྕགས་ལམ།     
9.3 མཁའ་སྐྱོད།    
10   ཡུལ་ལྗོངས་གྲགས་ཅན།
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཧྲུའོ་ཀྲོའུ་གྲོང་ཁྱེར་ཀྲི་ཡུས་དང་པེན་ཡའོ། ཨོ་མའོ་ཁོའུ་ཀུའུ་གནའ་ཤུལ་བཅས་ཀྱི་ཐོག་ནས་རྡོ་ཆས་རྙིང་མའི་དུས་མཇུག་ཏུ་མིའི་རིགས་འཚོ་གནས་ཐུབ་པ་ར་སྤྲོད་བྱུང་ཡོད།      

ཁྲུན་ཆིའུ་ཡི་སྔོན་ལ་གྲངས་ཉུང་མི་རིགས་པེ་ཏི་ཡི་སྡོད་གནས་ཡིན།      

ཀྲན་གོའི་དུས་སུ་ཀྲའོ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ལོག      

ཆིན་རྒྱལ་རབབས་སྐབས་སུ་ཡན་མོན་ཅུན་བཙུགས།     

ཧན་ནུབ་མའི་དུས་སྐབས་སུ་མ་དབྱི་རྫོང་དང་ཀྲུང་ལིན་རྫོང་། ཝང་ཐའོ། (དེང་གི་ཧྲན་དབྱིན་རྫོང) ལའེ་རྫོང(ཧྲུའུ་ཁྲེང་ཆུས་ཀྱི་ལྷོ་ནུབ) ལོའུ་ཝུའུ(དེང་གི་ཧྲུའོ་ཁྲེང་ཆུས་ཀྱི་ལྷོ་ནུབ) ཧྲན་ཝུའུ(དེང་གི་ཡིའུ་ཡུས་རྫོང)བཅས་སྔར་བཞིན་ཡན་མོན་ཅུན་གྱི་མངའ་འོག་ཏུ་ཚུད།      

ཧན་ཤར་མའི་དུས་སྐབས་སུ་ཡན་མོན་ཅུན་གྱིས་ཡིན་ཀོན་རྫོང་དུ་བཅསོ་སྐྱོང་བྱས། ཧན་རྒྱལ་རབས་ཤར་མའི་དུས་མཇུག་ཏུ་ཟིང་ཆ་ཆེན་པོ་ལངས་ནས་མི་དམངས་བྲོས་བྱོལ་དུ་སོང་། རྫོང་མང་ཆེ་བ་ཕྱིར་འཐེན་བྱས།      

ཅིན་ནུབ་མའི་དུས་སྐབས་སུ་ཡུས་ལིན(ད་ལྟའི་ཡན་མོན་ཀོན)གྱི་བྱང་ཕྱོགས་ཀྱི་རྫོང་སོ་སོའི་མི་དམངས་རྣམས་ལིན་ནན་དུ་ཕྱིར་འཐེན་བྱས།

ཆི་བྱང་མའི་ཐེན་པའོ་ཁྲི་ལོ་བརྒྱད་པ(སྤྱི་ལོ557ལོར)མ་དབྱི་རྫོང་དེ་ཀྲའོ་ཡོན་རྫོང་དུ་བསྒྱུར་ནས་ཧྲུའོ་ཀྲོའུ་བཅོས་སྐྱོང་བྱས།   

ཐང་རྒྱལ་རབས་སྐབས་ཀྱི་ཝུའུ་ཏི་ཁྲི་ལོ་བཞི་བ་སྤྱི་ལོ621ལོར་མ་དབྱི་ཞེས་པ་ཧྲུའོ་ཀྲོའུ་རུ་བསྒྱུར། ཐང་ཐེན་པའོ་ཁྲི་ལོ་དང་པོ་སྤྱི་ལོ742ལོར་ཧྲུའོ་ཀྲོའུ་མ་དབྱི་ཅུན་དུ་བསྒྱུར།

རྒྱལ་རབས་ལྔའི་སྐབས་སུ་ཐང་མིང་ཙུང་གི་འཁྲུངས་ཡུལ་ཅིན་ཁྲེང་དུ་དབྱིན་ཀྲོའུ་བཙུགས་པ་དང་། ཡང་ཧྲོ་ཀྲོའུ་ནས་ཧོན་ཀྲོའུ(དེང་གི་ཧྲོ་ཁྲེང་ཆུས་ཞི་ཡིང་གྲོང་ཁྱེར)རུ་བགོས། ཅིན་རྒྱལ་རབས་ཕྱི་མའི་ཐེན་ཧྥུ་ཁྲི་ལོ་དང་པོར་ཧྲུའོ་ཀྲོའུ་དང་ཧོན་ཀྲོའུ། ཡིང་ཀྲོའུ་བཅས་བཅད་ནས་ཆི་ཏན་ལ་སྤྲད།

ལིའོ་རྒྱལ་རབས་ཀྱི་དུས་སུ་ཧྲུའོ་ཀྲོའུ་ནི་ཧྲུན་དབྱི་ཡི་ཅེ་ཏུའུ་ཡིན་ཞིང་ཞི་ཅིན་ཏའོ་ཡི་ཁོངས་སུ་གཏོགས།       

སྤྱི་ལོ1725ལོར་ཧྲུའུ་ཕིང་ཧྥུ་བཙུགས་ནས་ཡིའུ་ཡུས་རྫོང་དང་ཙུའོ་ཡུན་རྫོང་། ཕིང་ལུའུ་རྫོང་། ཉིང་ཡོན་ཐིང་། ཧྲུའོ་ཀྲོའུ་དང་མཱ་དབྱི་རྫོང་བཅས་བྱུང་།

ཀྲུང་ཧྭ་མིན་གོའི་སྲིད་ལོ་དང་པོ་སྤྱི་ལོ1912ལོའི་ཟླ5པར་རྫོང་དུ་བསྒྱུར་ནས་ཡན་མོན་ཏའོ་དང་། དེའི་རྗེས་སུ་ཡན་མོན་ཏའོ་ནས་ཕྱིར་འཐེན་བྱས་ཏེ་ཀྲི་ལི་ཧྲན་ཞི་ཞིང་ཆེན་དུ་བསྒྱུར། འཇའ་འགོག་དམག་འཁྲུག་གི་སྐབས་སུ་ཐུང་ཕུའུ་ལྕགས་ལམ་ས་མཚམས་བྱས་ཏེ་ལམ་གྱི་ནུབ་ངོས་ཧྲན་ཞི་དང་སུའེ་ཡོན། ལམ་གྱི་ཤར་ངོས་ཧྲན་ཞི་དང་ཁྲ་ཧར། ཧོ་པེ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་ལ་དབང་བ་རེད།      

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་སྔོན་ལ་ཁྲ་ཧར་ཞིང་ཆེན་དུ་གཏོགས།      

སྤྱི་ལོ1952ལོར་ཧྲན་ཞི་ཞིང་ཆེན་དུ་བགོས་ཤིང་ཡན་པེ་ཆུས་སུ་གཏོགས།      

སྤྱི་ལོ1958ལོར་ཧྲན་ཞིའི་བྱང་རྒྱུད་ཆུས་སུ་བསྒྱུར།      

སྤྱི་ལོ1961ལོར་སླར་ཡང་ཡན་པེ་ཆུས་སུ་ལོག      

སྤྱི་ལོ1989ལོའི་ཟླ1པོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་སྔའི་ཡན་པེ་ཆུས་ནས་ཧྲུའོ་རྫོང་དང་ཕིང་ལུའུ་རྫོང་། ཧྲན་དབྱིན་རྫོང་བཅས་ལོགས་སུ་ཕྱེ་ནས་ཧྲུའོ་ཀྲོའུ་གྲོང་ཁྱེར་བཙུགས།      

སྤྱི་ལོ1993ལོའི་ཟླ7པར་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་ཏེ་ཡང་དབྱིན་རྫོང་དང་། ཡིའུ་ཡུས་རྫོང་། ཧོའེ་རེན་རྫོང་བཅས་སུ་བགོས།      

སྤྱི་ལོ2018ལོའི་ཟླ7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲན་ཞི་ཞིང་ཆེན་ཧྲུའོ་ཀྲོའུ་གྲོང་ཁྱེར་ཧོའེ་རེན་རྫོང་མེད་པ་བཟོ་རྒྱུར་ཆོག་མཆན་སྤྲད་ནས་རྫོང་རིམ་པའི་ཧོའེ་རེན་གྲོང་ཁྱེར་ཧུའེ་ར5བཙུགས།      

2 སྲིད་འཛིན་ས་ཁོངས།    

སྤྱི་ལོ2018ལོའི་ཟླ7པ་བར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་ཧྲུའོ་ཁྲེང་ཆུས་དང་ཕིང་ལུའུ་ཆུས། ཧོའེ་རེན་གྲོང་ཁྱེར། ཧྲན་དབྱིན་རྫོང་། ཡིང་རྫོང་། ཡིའུ་ཡུས་རྫོང་བཅས་ཡོད་པ་དང་ཁྱོན་ཡུལ་ཚོ་དང་གྲོང་རྡལ(ཁྲོམ་གཞུང་ཚུད་པ)73དང་སྲིད་འཛིན་གྲོང་ཚོ1688ཡོད། ཧྲུའོ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དེ་གཞུང་ལ་ནུབ་མའི་ཨང1རུ་གནས་ཡོད།

3 ས་ཁམས་ཁོར་ཡུག      
3_1 གནས་ཡུལ། 

ཧྲུའོ་ཀྲོའུ་གྲོང་ཁྱེར་ནི་ཧྲན་ཞི་ཞིང་ཆེན་གྱི་བྱང་ཕྱོགས་སུ་ཆགས་ཤིང་ཤར་ཕྱོགས་ཀྱི་གཞུང་ཐིག111°52—113°35དང་བྱང་ཕྱོགས་ཀྱི་འཕྲེད་ཐིག39°06—40°22བར་དུ་གནས། ཏ་ཐུང་གཞོང་སའི་ལྷོ་ནུབ་སྣེ་དང་ལྷོ་ཕྱོགས་སུ་ཞིན་ཀྲོའུ། བྱང་ཕྱོགས་སུ་ཏ་ཐུང་། ནུབ་བྱང་ནང་སོག་བཅས་དང་འབྲེལ་ནས་ཡོད། ཤར་ནུབ་ཞེང་ཚད་སྟོང་སྨི145དང་ལྷོ་བྱང་གི་རིང་ཚད་སྟོང་སྨི133ཡོད། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ1.07ཙམ་ཡིན།    

3_2 ས་དབྱིབས། 

ས་ངོས་ཆགས་ཚུལ་སྤྱིའི་ཆ་ནས་བྱང་དང་ནུབ་ལྷོ་བཅས་ཕྱོགས་གསུམ་རི་བོས་བསྐོར་ཡོད་པ་དང་། རི་བོ་ཅུང་མཐོ་ཞིང་དཀྱིལ་དུ་སང་ཆན་ཆུ་བོའི་ཁོངས་ཀྱི་བདེ་ཐང་ལ་ཐུག བལྟོས་བཅས་ཀྱིས་ཅུང་དམའ་ཞིང་ས་དབྱིབས་ནི“V”དབྱིབས་ལྟར་གྲུབ་ཡོད། གྲོང་ཁྱེར་ཡོངས་ཀྱི་ས་དབྱིབས་དེ་རི་ཁུལ་དང་རི་མ་ཐང་བཅས་གསུམ་དུ་དབྱེ་ཡོད། རི་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ2816ཡོད་པ་དེས་སྤྱིའི་རྒྱ་ཁྱོན་གྱི26.5%ཟིན་ཡོད། རི་མ་ཐང་གི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ3648ཡོད་པ་དེས་སྤྱིའི་རྒྱ་ཁྱོན་གྱི34.3%བཟུང་། བདེ་ཐང་གི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ4163ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི39.2%ཟིན་ཡོད། ས་བབ་ཆགས་ཚུལ་ཧྲུའོ་ཀྲོའུ་ནི་ས་སེར་མཐོ་སྒང་དུ་གནས་ཤིང་ནུབ་བྱང་ནི་ཧུང་ཐའོ་རི་རྒྱུད་ཡོད་ཅིང་། རི་བོ་གཙོ་བོ་ཏ་པེ་རི་བོའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1947ཡོད། ལྷོ་ནུབ་ནི་ཀོན་ཡན་རི་བོའི་རི་རྒྱུད་ཡིན་པ་དང་མཚོ་ངོས་ལས་མཐོ་ཚད་སྨི2147ཡིན། ཤར་ལྷོ་ནི་ཧེང་ཧྲན་རི་རྒྱུད་ཡིན་ཞིང་བྱང་ཤར་གྱི་ལྷོ་ནུབ་ཕྱོགས་སུ་རས་བཀྲམ་ལྟར་གནས། རི་བོ་གཙོ་བོའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2426ཡོད། ཧྲུའོ་ཀྲོའུ་གཞོང་ས་ནི་ཏ་ཐུང་གཞོང་ས་ཡིན་པ་དང་། དེ་ནི་བྱང་ཤར་གཅིག་དང་ལྷོ་ནུབ་གཅིག་གི་ཕྱོགས་སུ་ཕྱོགས་པའི་ནར་རིང་དབྱིབས་ཀྱི་ཕྱེད་བཀག་སྡོམ་གཞོང་ས་ཡིན་པ་དང་། ས་དབྱིབས་ཅུང་ཁོད་སྙོམས་པ་དང་། སང་ཆན་ལུང་གཞུང་གི་ས་ངོས་ཀྱི་གཟར་ཚད1/800~1/1000དང་སང་ཆན་ཆུ་རོང་གི་ཕྱོགས་སུ་ཐད་དཔྱང་དུ་གནས་ཡོད།གཞོང་སའི་ཞེང་ཚད་ཆེ་ཤོས་ལ་སྟོང་སྨི48.5དང་གཤོང་སའི་མཐོ་ཚད་ལ་སྤྱིར་བཏང་སྨི1000ཡན་ཡོད། དམའ་ཤོས་སང་ཀན་གཙང་པོའི་ས་མཚམས(ཧོའེ་རེན་ཅི་ཅ་ཀྲོང་རྒྱུད)གྱི་མཐོ་ཚད་ལ་སྨི970ཡོད། རི་ཁུལ་དང་གཤོང་སའི་བལྟོས་བཅས་ཀྱི་མཐོ་ཚད་ལ་སྨི1000ཙམ་དང་། མངའ་ཁོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1600ཡན་གྱི་རི་རྩེ140ལྷག་ཙམ་ཡོད་།      

3_3 ནམ་ཟླ།    

ཧྲུའོ་ཀྲོའུ་གྲོང་ཁྱེར་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་རིགས་ཡིན་པ་དང་། ཧྲན་ཞིའི་ནམ་ཟླའི་ཁུལ་གྱི་ཇུས་གཞི་ལྟར་ན། ཅིན་པེ་དྲོད་ཁུལ་གྱི་གྲང་ངར་ཆེ་ལ་ཐན་པ་ཕྱེད་ཙམ་གྱི་ནམ་ཟླའི་ཁུལ་དུ་གཏོགས་ཤིང་ཁྱད་ཆོས་གཙོ་བོ་ནི་དུས་བཞིའི་དབྱེ་བ་གསལ་ཞིང་། དཔྱིད་དུས་གངས་ཆར་ཉུང་བ་དང་བྱེ་རླུང་ཆེ་བ། ཐན་པ་ཆེ་བ་སོགས་ཀྱི་གནམ་གཤིས་རྟག་ཏུ་ཐོན་གྱིན་ཡོད། དབྱར་དུས་ཆར་པ་འབབ་ཚད་མང་ཞིང་ཆར་པ་ཆེན་པོ་དང་དྲག་ཆར། སེར་བ་སོགས་ཡོད། སྟོན་དུས་ཆར་ཆུ་ཉུང་ཞིང་ནངས་དགོང་བསིལ་བ་དང་ཉིན་གུང་ཚ་བ་ཆེ། དགུན་དུས་རླུང་མང་ལ་ཁ་བ་ཉུང་གནམ་གཤིས་འཁྱགས། ཧྲུའོ་ཀྲོའོ་མངའ་ཁོངས་ཀྱི་དྲོད་ཚད་ཁྱབ་སྟངས་ཀྱི་ཆོས་ཉིད་ནི་ཤར་ལྷོ་ནས་ནུབ་བྱང་ཕྱོགས་སུ་ཇེ་ཉུང་དུ་འགྲོ། ལོ་རེའི་ཆ་སྙོམས་དྲོད་ཚད་ནི་སྤྱིར་བཏང་དུ3.6℃~7.3℃ཡས་མས་དང་ཟླ་དང་པོར་གྲང་ཤོས་ཡིན་པ་དང་ཆ་སྙོམས་དྲོད་ཚད་ཏུའུ14.9~-9.4℃ཡིན། ལོ་ཧྲིལ་པོར་ཉི་འོད་ཕོག་ཡུན་ནི་ཆུ་ཚོད2600ནས3100བར་དང་། ལོ་རེའི་ཉི་འོད་ཕོག་ཚད་ནི63%~65%ཡིན།      

4 ཆུ་དཔྱད།      

ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་ཆུ་བོ་ནི་མཚོ་ཆུ་འབབ་རྒྱུད་དང་རྨ་ཆུའི་འབབ་རྒྱུད་དུ་གཏོགས་ཤིང་། རི་བོ་དང་ཧོང་ཐུའུ་ཕོ་རི་བོ་བཅས་ས་མཚམས་བྱས་ཏེ་ནུབ་ཕྱོགས་ནི་རྨ་ཆུའི་འབབ་རྒྱུད་དང་། ཤར་ངོས་ནི་ཧའེ་ཧོ་ཆུ་བོའི་འབབ་རྒྱུད། རྨ་ཆུའི་ཆུ་རྒྱུད་མངའ་ཁོངས་ཀྱི་བྱང་རྒྱུད་དང་ནུབ་བྱང་རྒྱུད་ཀྱི་ས་ཁུལ་དུ་ཁྱབ་ཡོད། གཙོ་བོ་ཚང་ཐོའུ་གཙང་པོ་དང་དེའི་ཡན་ལག་ཆུ་བོ་དང་ཐང་ཞི་ཆུ་བོ། ཧུང་ཧོ་ཆུ་བོ། ཀན་ཧོ་ཆུ་བོ། ཡན་ཀོན་ཆུ་བོ་སོགས་ཆུ་བོ6ཡོད། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2953ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་གྱི27.7%བཟུང་། ཧའེ་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་ཡུང་ཏིང་གཙང་པོའི་ཆུ་རྒྱུད་ནི་གྲོང་ཁྱེར་ཡོངས་ཀྱི་ཆུ་རྒྱུད་གཙོ་བོ་ཡིན་ཞིང་། ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་བདེ་ཐང་ས་ཁུལ་དུ་ཁྱབ་ཡོད་པ་དང་། གཙོ་བོ་ནི་སང་ཆན་གཙང་པོ་དང་དེའི་ཡན་ལག་ཆུ་བོ་དང་ཆི་ལི་གཙང་པོ། ཞེ་མ་ཀོན་གཙང་པོ། ཡོན་ཙི་གཙང་པོ། ཧོང་ཧྲུའེ་གཙང་པོ། མུའུ་ཀྭ་གཙང་པོ། ཧན་ཧོ་གཙང་པོ། ཁོའུ་ཆོན་ཧོ། ཏ་ཡུས་ཆུ་བོ། ཞའོ་ཡུས་ཆུ་བོ་སོགས་ཆུ་བོ20ཡོད་པ་དང་། འབབ་རྒྱུད་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ7690ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་གྱི72.3%བཟུང་ཡོད།      

5 རང་བྱུང་ཐོན་ཁུངས།     
5_1 ཆུའི་ཐོན་ཁུངས།    

ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་ལོ་མང་པོའི་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར7.9ཟིན་ཡོད། དེའི་ནང་ཆུ་བོ་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར4.68དང་ས་འོག་གི་ཆུའི་ཐོན་ཁུངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར7.03 ཆུ་ཀླུང་གི་བཞུར་ཚད་དང་ས་འོག་ཆུའི་ཐོན་ཁུངས་བསྐྱར་རྩིས་བརྒྱབ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར3.82དང་། གྲོང་ཁྱེར་ཡོངས་ཀྱི་ལོ་མང་པོའི་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར8.74ཟིན་ཡོད། ཆུ་སྙོམས་ལོ(P=50%)དུས་སུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར8.64དང་ཐན་པ་འབྲིང་བའི་ལོ(P=75%)དུས་སུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར8 དམིགས་བསལ་གྱི་ཐན་སྐྱོན་ལོ(P=95%)དུས་སུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར7.12བཅས་ཡིན། གྲོང་ཁྱེར་ཡོངས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་གྱིས་ཞིང་ཆེན་ཡོངས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར138.1ཟིན་ཡོད། སྤྱི་ལོ1993ལོར་མི་འབོར་ཁྲི126.04ལྟར་བརྩིས་ན། མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་ཚད་སྨི་རྒྱ་དཔངས་གྲུ་བཞི་མ627ཟིན་པ་དེ་རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི་མ2600ཡི24.1%ལས་ཟིན་མེད་མོད། འོན་ཀྱང་ཞིང་ཆེན་ཡོངས་ཀྱི་སྨི་རྒྱ་དཔངས་གྲུ་བཞི་མ490ཡི་ཆ་སྙོམས་ཆུ་ཚད་ལས་ཅུང་མཐོ། གྲོང་ཁྱེར་ཡོངས་ཀྱི་གཙང་པོ་དང་ཁྲོན་གྱི་བཞུར་ཚད་ཀྱི་ཆུ་ཚད་ལ་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཆུ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ370ཟིན་པ་དེ་ཞིང་ཆེན་ཡོངས་ཀྱི་མི་རེའི་ཆ་སྙོམས་ཆུ་ཚད་ལས་དམའ། གྲོང་ཁྱེར་ཡོངས་ཀྱི་མུའུ་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་བཟུང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ127ལས་ཟིན་གྱིན་མེད་པ་དེ་ཞིང་ཆེན་ཡོངས་ཀྱི་མུའུ་རེའི་ཆ་སྙོམས་བཟུང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ240ལས་ད་དུང་སྨི་རྒྱ་དཔངས་གྲུ་བཞི་མ113ཉུང་དུ་ཕྱིན་ཡོད། མི་རེའི་ཆ་སྙོམས་བཟུང་ཚད་ཅུང་མཐོ་བ་ནི་ཕིང་ལུའུ་ཆུས་དང་ཡིའུ་ཡུས་རྫོང་ཡིན་པ་དང་ཆུའི་ཐོན་ཁུངས་བསྡོམས་འབོར་ནི་གྲོང་ཁྱེར་ཡོངས་ཀྱི36.7%ཡིན་མོད། འོན་ཀྱང་སྤྱོད་ཚད་དམའ། མུའུ་རེའི་ཆ་སྙོམས་བཟུང་ཚད་ཅུང་མཐོ་བ་ནི་ཧྲན་དབྱིན་དང་དབྱིང་རྫོང་ཡིན་ཞིང་། ཧོའེ་རེན་གྱི་མི་རེའི་ཆ་སྙོམས་དང་མུའུ་རེའི་ཆ་སྙོམས་དམའ་ཤོས་ཡིན་པ་དང་ཆུའི་ཐོན་ཁུངས་ཧ་ཅང་དཀོན།      

5_2 གཏེར་རྫས་ཐོན་ཁུངས།    

ཧྲུའོ་ཀྲོའུ་ཡི་མངའ་ཁོངས་སུ་རྩད་ཆོད་པའི་གཏེར་རྫས་རིགས35ཡོད་པ་དང་གཙོ་བོ་རྡོ་སོལ་དང་རྡོ་ཐལ་བྲག་རྡོ། ཧ་ཡང་གཏེར་ཁ། མེ་བཟོད་ས་རྡོ། ཐེ་ཞི་ས་རྡོ། ཡུན་མོ། རྡོ་སྣག་སོགས་ཡོད། རིགས་ཁག་གི་གཏེར་ཁའི་ཐོན་ཁུངས་ཀྱི་མི་མངོན་པའི་རིན་ཐང་སྒོར་དུང་ཕྱུར25870ཟིན་པ་དེས་ཧྲན་ཞི་ཞིང་ཆེན་གྱི17%བཟུང་ནས་ཧྲན་ཞི་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར494.1ཟིན་ནས་ཞིང་ཆེན་ཡོངས་ཀྱི་གསོག་ཚད་ཀྱི1/6ཟིན། གཙོ་བོར་ཕིན་ཧྲའོ་གཏེར་ཁུལ་དང་ཧྲོ་ནན་གཏེར་ཁུལ། ཧྲན་དབྱིན་གཏེར་ཁུལ། ཧོའེ་རེན་གཏེར་ཁུལ། ཡིའུ་ཡུས་གཏེར་ཁུལ་བཅས་སུ་ཁྱབ་ཡོད་པ་དང་། རྡོ་སོལ་འདུས་པའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1644.95ཡོད། ཧྲན་ཞི་ཞིང་ཆེན་དུ་ཁྱོན་རྡོ་སོལ་ཐོན་ཁུལ4ཡོད་པ་དེའི་ནང་གཉིས་ནི་ཧྲུའོ་ཀྲོའུ་ཡི་མངའ་ཁོངས་སུ་ཡོད། རྡོ་ཐལ་བྲག་རྡོའི་མངའ་ཁོངས་སུ་ཐོན་རྒྱ་ཆེ་ཙམ་ཡོད་པ་དང་རྫོང་དང་ཆུས་དྲུག་ཚང་མར་ཁྱབ་ཡོད་པ་མ་ཟད། རིམ་པ་བརྟན་པོ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་གསོག་ཚད་ཏུན་དུང་ཕྱུར800ཙམ་ཟིན་གྱིན་ཡོད། དེའི་ནང་ཧུང་ཐའོ་ཧྲན་གཏེར་ཁུལ་གྱི་སྤྱི་འབོར་ཏུན་དུང་ཕྱུར500ཟིན་པ་དང་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ64ཟིན་ཡོད། མེ་ཐུབ་ས་མྱགས་ནི་ཧྲུའོ་ཀྲོའུ་གི་ལེགས་ཆ་ལྡན་པའི་ཐོན་ཁུངས་ཡིན་ཞིང་། གཏེར་རྡོ་རིགས་ཆ་ཚང་ཞིང་ཧ་ཡང་མཐོ་བའི་ས་མྱགས་དང་། མྱགས་ས་མཁྲེགས་པོ། ཕྱེད་མཉེན་པའི་ས་མྱགས་སོགས་རིགས4ཡོད། དེའི་ནང་དུ་ཧ་ཡང་མཐོ་བའི་ས་མྱགས་སྤུས་ལེགས་ཚད་མང་། གྲོང་ཁྱེར་ཡོངས་སུ་བསགས་འབོར་རེའུ་མིག་ནང་ཀྲི་ཡུས་གཏེར་ཁུལ་དང་། ཀྲི་པའོ་ཧྲན་ངར་ལྕགས་མཉེན་པའི་ས་མྱགས་གཏེར་ཁུལ། ཧའོ་ཅ་ཀོའུ་གཏེར་ཁུལ། ཆན་ཅིན་གཏེར་ཁུལ་བཅས་ཡོད། སྤྱིའི་གསོག་ཚད་ཏུན་ཁྲི4628.3ཟིན་ནས་ཞིང་ཆེན་ཡོངས་ཀྱི་གསོག་ཚད་ཀྱི8.61%བཟུང་། བཟོ་ལས་གསོག་ཚད་ཏུན་ཁྲི1137.6ཟིན་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་སྤྱིའི་གསོག་ཚད་ཀྱི9.89%ཟིན་ཡོད། ཧ་ཡང་གཏེར་ཁ་ནི་ཧྲུའོ་ཀྲོའུ་གི་གཏེར་རྫས་གལ་ཆེན་ཞིག་ཡིན། ཧྲུའོ་ཁྲེང་ཆུས་ཧའོ་ཅ་ཀོའུ་དང་ཧྥན་ཝང་དགོན། པའོ་ཆོན་གྲོང་། ཧོའེ་རེན་ལུའུ་ཙི་ཁོའུ་དང་ལུའུ་ཙི་གྲོང་ཚོ། ཝུའུ་ཅ་ཡའོ་རྒྱུད་བཅས་ནི་གྲོང་ཁྱེར་ཡོངས་ཀྱི་ཧ་ཡང་ས་གཏེར་ཐོན་ཡུལ་གཙོ་བོ་ཡིན་ཞིང་། དེའི་ནང་ཧའོ་ཅ་ཀོའུ་གཏེར་ཁུལ་གྱི་གསོག་ཚད་ཏུན་ཁྲི458.6དང་ལུའུ་ཙེ་ཀོའུ་གཏེར་ཁུལ་གྱི་གསོག་ཚད་ཏུན་ཁྲི588.6ཟིན།      

5_3 རྩི་ཤིང་ཐོན་ཁུངས། 

ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་ས་བོན་རྩི་ཤིང་ལ་ཁྱོན་སྣ་ཁ96དང་རིགས900ཡོད། དེའི་ནང་འདེབས་གསོ་ལོ་ཏོག་གི་སྣ་ཁ་བསྡོམས131ཡོད་པ་དང་རི་སྐྱེས་རྩི་ཤིང་གི་སྤྱོད་སྒོ་ལྟར་དབྱེ་ན་སྨན་སྤྱོད་རྩི་ཤིང་རིགས107དང་སིང་ཕྱེ་དང་མངར་ཆའི་རིགས་ཀྱི་རྩི་ཤིང་རིགས18 སྣུམ་རྒྱུའི་རྩི་ཤིང་རིགས17 ཚི་སྣའི་རིགས་ཀྱི་རྩི་ཤིང་རིགས22 ཁེར་ཉིན་རྩི་ཤིང་རིགས8 དྲི་ཞིམ་རིགས་ཀྱི་རྩི་ཤིང་རིགས7 ཤིང་རིགས23བཅས་ཡོད། གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རྩི་ཤིང་རིགས9ཡོད། དེའི་ནང་གི་རིམ་པ་གཉིས་པའི་སྲུང་སྐྱོང་རྩི་ཤིང་རིགས1དང་རིམ་པ་གསུམ་པའི་སྲུང་སྐྱོང་རྩི་ཤིང་རིགས8ཡོད་པ་སྟེ། དེ་དག་ནི་ཚི་ཝུའུ་ཅ་དང་། ཧོང་ཡིང་། ཧོང་ཡན། སྲན་ཆེན། ཧོང་པའེ། ཀྲང་ཙི་སུང་། ཧུའུ་དབྱང་། རྒྱ་སེའི་མེ་ཏོག་བཅས་ཡིན། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རྩི་ཤིང་ཁྲོད་རིགས་བཞི་ནི་རི་སྐྱེས་དང་རིགས་ལྔ་ནི་འདེབས་གསོ་ཡིན།      

5_4 སྲོག་ཆགས་ཐོན་ཁུངས།      

ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་སྲོག་ཆགས་ནང་དུ་སྒོ་ཕྱུགས་དང་ཁྱིམ་བྱ18ཡོད། རི་སྐྱེས་སྲོག་ཆགས་ལ་རི་དྭགས་རིགས19དང་། འདབ་ཆགས་རིགས62 འབུ་སྲིན་རིགས225བཅས་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྤྱོད་སྒོ་ལྟར་དབྱེ་ན། ཤ་ལ་སྤྱོད་པའི་སྲོག་ཆགས་རིགས40དང་ཀོ་སྒྲོ་ལ་སྤྱོད་པའི་སྲོག་ཆགས་རིགས32 སྨན་ལ་སྤྱོད་པའི་སྲོག་ཆགས་རིགས50ལྷག་ཙམ་དང་། བྱི་བ་དང་འབུ་ཟན་སྲོག་ཆགས་རིགས30ལྷག། སྲོག་ཆགས་རིགས14བཅས་ཡོད། གྲོང་ཁྱེར་ཡོངས་ཀྱི་རྩ་ཆེའི་སྲུང་སྐྱོང་སྲོག་ཆགས་གྲས་སུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་དང་། རི་དྭགས་རིགས་ལ་གཟིག་དང་འདབ་ཆགས་རིགས་ལ་ངང་པ་དང་བྱ་གླག་སོགས་ཡོད། རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་སྲུང་སྐྱོབ་སྲོག་ཆགས་ཆོགས་ཕལ་ཆེར་རིགས50ལྷག་ཡོད། 

6 མི་གྲངས།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི177.6ཟིན་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི་ཁྲི0.79འཕར་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་གསར་སྐྱེས་མི་འབོར་ཁྲི1.73དང་མི་འབོར་སྐྱེ་ཚད9.75%ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི0.94དང་ཚེ་ལས་འདས་ཚད5.3‰ཟིན་ཞིང་རང་བྱུང་གི་འཕར་ཚད4.45+3ཡིན།      

7 དཔལ་འབྱོར།  

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར980.2ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས7.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར56.2ཟིན་ནས2.7%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི5.7%བཟུང་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར400.6ཟིན་ནས6.3%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི40.9%བཟུང། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར523.5ཟིན་ནས8.9%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད53.4%བཟུང་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར55316ཟིན་པ་དེ་སྤྱི་ལོ2017ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར8193རེད། 

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར73.22ཟིན་ནས49.06%འཕར། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར56.06ཟིན་ནས48.42%འཕར་བ་དེའི་ནང་གནས་ཐང་འཕར་ཁྲལ་དང་། ལས་གཉེར་དཔྱ་ཁྲལ། ཁེ་ལས་ཀྱི་འབབ་ཁྲལ། སྒེར་འབབ་དཔྱ་ཁྲལ། ཐོན་ཁུངས་དཔྱ་ཁྲལ། གྲོང་ཁྱེར་འཛུགས་སྐྲུན་དཔྱ་ཁྲལ་བཅས་ཁྱོན་ཁྲལ་འབབ་སྒོར་དུང་ཕྱུར47.63ཟིན་ནས55.08%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར141.72ཡིན་པས11.01%འཕར་ཡོད། དེའི་ནང་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སྡོད་ཁང་འགན་ལེན། སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན། ནུས་རྒྱུ་དང་ཁོར་ཡུག་སྲུང་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལས་དོན་སོགས་དམངས་འཚོའི་གཏོང་སྒོ་རིགས13གྱི་གཏོང་སྒོ་སྒོར་དུང་ཕྱུར112.18ཡིན་པས11.98%འཕར་ཡོད།      

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་ལོ་སྔོན་མ་ལས1.1%འཕར་བའི་ནང་བཟའ་བཅའི་རིན་གོང0.2%ཆག་ཡོད། ཚོང་ཟོག་སིལ་འཚོང་རིན་གོང་བརྒྱ་ཆ1.6འཕར། བཟོ་ལས་ཐོན་སྐྱེད་བྱེད་མཁན་བཟོ་གྲྭ་ནས་ཐོན་པའི་རིན་གོང15%འཕར་བ་དང་དེའི་ནང་ཐོན་སྐྱེད་རྒྱུ་ཆའི་རིན་གོང16.3%འཕར་བ་དང་འཚོ་བའི་རྒྱུ་ཆས་ཀྱི་རིན་གོང0.5%དང་བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་རིན་གོང་བརྒྱ་ཆ4འཕར་ཡོད།      

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར214.2བཏང་ནས3.1%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་ཁྲོད་ལག་རྩལ་མཐོ་བའི་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར8.7བཏང་ནས41.2%ཆག རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར260.6བཏང་ནས55.9%ཆག རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཐད་མ་དངུལ་སྒོར་དུང་ཕྱུར71.9བཏང་ནས12.8%ཆག དམངས་ཁྲོད་ནས་མ་དངུལ་སྒོར་དུང་ཕྱུར140.4བཏང་ནས18%འཕར་ཞིང་ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར24.7བཏང་ནས9.4%ཆག་པ་དང་ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར97.3བཏང་ནས0.5%ཆག ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར92.2བཏང་ནས11.5%འཕར་ཡོད།      

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21581ཟིན་ནས7.3%འཕར་ཡོད། རྒྱུན་སྡོད་ས་ཆ་ལྟར་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར30989ཟིན་ནས6.9%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར13172ཟིན་ནས8.3%འཕར། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12305ཟིན་ནས7.2%འཕར་བ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར7759ཟིན་ནས0.8%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱིས་བརྟག་དཔྱད་བྱས་པའི་དུད་ཚང་བསྡོམས་འབོར་གྱི20%བཟུང་བའི་ཡོང་འབབ་དམའ་བའི་ཁྱིམ་ཚང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12137ཟིན་ནས8.6%འཕར། གྲོང་གསེབ་ཀྱིས་མི་འབོར་གྱི20%བཟུང་བའི་ཡོང་འབབ་དམའ་བའི་ཡོང་འབབ་སྒོར4412ཟིན་ནས15.98%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས(གྲོང་མིའི་ཁྱིམ་ཚང་གི་ཟས་རིགས་འཛད་སྤྱོད་འགྲོ་སོང་གིས་ཁྱིམ་ཚང་གི་འཛད་སྤྱོད་འགྲོ་སོང་ཁྲོད་ཟིན་པའི་བསྡུར་ཚད)25.5%དང་། གྲོང་གསེབ་སྡོད་དམངས་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས31.4%ཡིན།      

7_1 ཐོན་ལས་དང་པོ།      

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་ཞིང་ལས་སྐྱེ་དངོས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་སྟོང333.9ཟིན་པ་དེ་ལོ་སྔོན་མ་ལས་སྤྱི་ཆིང་སྟོང5.9འཕར་ཡོད། དེའི་ནང་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་སྟོང268.8ཟིན་ནས་སྤྱི་ཆིང་སྟོང3.6འཕར། སྔོ་ཚལ་དང་དེ་བཞིན་བཟའ་བྱའི་ཤ་མོ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་སྟོང13.4ཟིན་ནས་སྤྱི་ཆིང་སྟོང0.9ཉུང་དུ་ཕྱིན། སྣུམ་རྒྱུ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་སྟོང30.1ཟིན་ནས་སྤྱི་ཆིང་སྟོང3.7འཕར། འབྲུ་རིགས་འདེབས་པའི་རྒྱ་ཁྱོན་ནང་མ་རྨོས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་སྟོང157.8ཟིན་ནས་སྤྱི་ཆིང་སྟོང3.5འཕར།   

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི131.3ཟིན་ནས་ཏུན་ཁྲི4.3ནས3.4%འཕར་ཡོད། དེའི་ནང་དབྱར་འབྲུ་ཏུན་ཁྲི1.2ཟིན་ནས་ཐོན་ཚད28.2%ཆག་པ་དང་། སྟོན་འབྲུ་ཏུན་ཁྲི130.1ཟིན་ནས3.8%འཕར། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་ཤ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི9.4ཟིན་ནས3.7%འཕར་ཡོད། དེའི་ནང་ཕག་ཤའི་ཐོན་ཚད་ཏུན་ཁྲི3.05ཟིན་ནས19.6%འཕར། ལུག་ཤའི་ཐོན་ཚད་ཏུན་ཁྲི5.2ཟིན་ནས4.9%མར་ཆག་ཡོད། འོ་མའི་ཐོན་ཚད་ཏུན་ཁྲི45.27ཟིན་ནས8.7%མར་ཆག བྱ་སྒོང་ཐོན་ཚད་ཏུན་ཁྲི3.06ཟིན་ནས19.1%འཕར་ཡོད། ལོ་ཧྲིལ་པོར་ཕག་པ་གྲངས་ཁྲི30.75དང་ལག་ཡོད་གྲངས་ཁྲི23.62ཡོད་པ་དང་བ་གླང་བཤས་གཏོང་ཚད་གྲངས་ཁྲི5.48ཟིན་པ་དང་ལག་ཡོད་གྲངས་ཁྲི16.6ཟིན། ལུག་ཁྲི298.08བཤས་གཏོང་བྱས་པ་དང་བཤས་གཏོང་ཚད་ཁྲི165.45ཟིན་ཡོད།      

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི125.22ཟིན་པ་དེ་ལོ་སྔོན་མའི་ལོ་མཇུག་དང་བསྡུར་ན13.2%མར་ཆག་ཡོད་པ་རེད། འཕྲུལ་ཆས་ཀྱི་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི28.12དང་འཕྲུལ་ཆས་ཀྱིས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི23.87དང་འཕྲུལ་ཆས་ཀྱི་ཐོན་འབབ་རྒྱ་ཁྱོན་སྤྱི་ཆིང་ཁྲི16.70ཟིན་པ་དེ་ལོ་སྔོན་མ་ལས1.6%དང1.8%10.3%བཅས་སོ་སོར་ཆག་ཡོད།      

7_2 ཐོན་ལས་གཉིས་པ།    

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང6.3%འཕར་བའི་ནང་རྡོ་སོལ་ལས་རིགས5.2%འཕར་བ་དང་རྡོ་སོལ་མིན་པའི་ལས་རིགས8.6%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས10.3%འཕར་བ་དེས་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་བསྡུར་ཚད1.5%ཟིན་ཡོད།     

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར908.5བྱུང་བ་དེ་ལོ་སྔོན་མ་ལས28.1%འཕར་ཡོད། དེའི་ནང་རྡོ་སོལ་ལས་རིགས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར674.8ཟིན་ནས37.0%འཕར། གློག་ཤུགས་དང་ཚ་ནུས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ལ་སྒོར་དུང་ཕྱུར98.7བྱུང་ནས11.0%འཕར་ཡོད།      

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར175.9ཟིན་པ་དེ་ལོ་སྔོན་མ་ལས57.3%འཕར་བ་དང་ཁེ་སྤོགས་སྒོར་དུང་ཕྱུར87.0བྱུང་བ་དེ་ལོ་སྔོན་མ་ལས85.1%འཕར། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར28.7ཟིན་པ་དེ6.1%འཕར། འོས་ཐོབ་ཡན་གྱི་ཨར་སྐྲུན་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར59.8ཟིན་ནས7.1%འཕར་བ་དང་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར68.9ཟིན་ནས4.4%འཕར། ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི120.7ཟིན་ནས11.6%འཕར་བ་དང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མཁྲི32.9ཟིན་ནས36.9%ཆག་ཡོད། འོས་ཐོབ་ཡན་གྱི་ཨར་སྐྲུན་ཁེ་ལས་ཁྱོན136ཡོད་པའི་ནང་རིམ་པ་དང་པོའི་ཁེ་ལས6ཡོད།      

7_3 ཐོན་ལས་གསུམ་པ།     

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་ཐེངས་གཅིག་ནུས་རྒྱུ་ཐོན་སྐྱེད་ཀྱི་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར1.08(མ་བཅོས་རྡོ་སོལ་གྱི་གོང་ཚད་ཕབ་གྲངས0.7143)ཟིན་ནས0.92%མར་ཆག་པ་དང་། ནུས་ཁུངས་ཐོན་སྐྱེད་ཐེངས་གཉིས་པ་ཚད་ལྡན་རྡོ་སོལ་ལ་ཕབ་ན་ཏུན་དུང་ཕྱུར0.9ཡིན་ཞིང་བརྒྱ་ཆའི8.43འཕར་སྣོན་བྱུང་། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་གློག་སྤྱོད་བསྡོམས་འབོར་སྒོར་དུང་ཕྱུར102.97ཟིན་ཡོད། དེའི་ནང་ཐོན་ལས་དང་པོའི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར2.03ཟིན་པ་དེས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད1.97%བཟུང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར83.19ཟིན་པ་དེས80.79%བཟུང་བའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར82.55ཟིན། ཐོན་ལས་གསུམ་པས་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར8.77ཟིན་པ་དེས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད8.51%བཟུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་སྟོང་ཝ་དུང་ཕྱུར4.53ཡིན་པ་དེས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི4.4%བཟུང་ཡོད། 

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར311.7ཟིན་ནས7.1%འཕར་ཡོད། གཉེར་སྐྱོང་བྱ་ཡུལ་གྱི་བསྡོམས་རྩིས་ལ་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར222.1ཟིན་ནས3.0%འཕར་བ་དང་། གྲོང་གསེབ་ཀྱི་འཛད་སྤྱོད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར89.6ཟིན་ནས7.1%འཕར། འཛད་སྤྱོད་རྣམ་པའི་བསྡོམས་རྩིས་ལ་གཞིགས་ན། ཚོང་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར272.5ཟིན་ནས7.1%འཕར་བ་དང་། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར39.2ཟིན་ནས7.2%འཕར། སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར21.5བཏང་ནས23.3%ཆག་ཡོད། དེའི་ནང་སྡོད་ཁང་ལ་མ་དངུལ་སྒོར་དུང་ཕྱུར15.8བཏང་ནས22.9%ཆག་པ་དང་། ཚོང་ལས་ལས་གཉེར་སྡོད་ཁང་ལ་མ་དངུལ་སྒོར་དུང་ཕྱུར3.9བཏང་ནས23.4%ཆག་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་འགག་སྒོའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་ཁྲི53704ཟིན་ནས1.8%འཕར། དེའི་ནང་ནང་འདྲེན་བྱེད་ཚད་སྒོར་ཁྲི26677ཟིན་ནས5.1%ཆག་པ་དང་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི27027ཟིན་ནས9.8%འཕར་ཡོད།      

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱིས་སྦྲག་ཏར་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར11.40ལེགས་སྒྲུབ་བྱས་པ་དེ་ལོ་སྔོན་མ་ལས1.3%ཆག་ཡོད་ཅིང་། དེའི་ནང་སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར1.2ཟིན་ནས0.5%འཕར། གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར10.2ཟིན་ནས་ལོ་གོང་མ་ལས1.5%ཆག་ཡོད། ལོ་མཇུག་ཏུ་སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི189.5ཟིན་པ་དེ་ལོ་སྔོན་མ་ལས་དུད་ཚང་ཁྲི13.4མང་དུ་ཕྱིན་ཡོད། དེའི་ནང4Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི74.9(སྦྲེལ་མཐུད་གྲངས་གཞི་ཚུད་མེད་པ)ཡོད། གྲོང་ཁྱེར་ཡོངས་ཀྱི་གཤོང་ཆེའི་དུད་ཚང་ཁྲི30.3ཟིན་པ་དེ་ལོ་སྔོན་མ་ལས་དུད་ཚང་ཁྲི5.2འཕར་ཡོད།      

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི2213.99ལ་སྣེ་ལེན་ཞུས་ནས28.9%འཕར་ཡོད། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར203.79ཟིན་ནས་26.92%དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར203.9ཟིན་ནས26.9%འཕར་ཡོད། ཕྱི་རྒྱལ་དུ་ཡུལ་སྐོར་སྣེ་ལེན་བྱེད་མཁན་མི་ཐེངས6706ཟིན་པ་དེ་ལོ་སྔོན་མ་ལས4.7%དང་ཕྱི་རྒྱལ་དུ་ཡུལ་སྐོར་བྱས་ནས་ཕྱི་དངུལ་ཨ་སྒོར་ཁྲི228.82ཐོབ་པ་དེ་ལོ་སྔོན་མ་ལས4.5%འཕར་ཡོད།      

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྲུའོ་ཀྲོའུ་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་ཁག་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར1381.1ཟིན་པ་དེ་ལོ་སྔོན་མ་ལས་སྒོར་དུང་ཕྱུར85.2འཕར་ནས6.6%འཕར་ཡོད། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར623.8ཟིན་པ་དེ་ལོ་སྔོན་མ་ལས་སྒོར་དུང་ཕྱུར46.4མང་དུ་སོང་ནས8%འཕར། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་དངུལ་རྩའི་མཉམ་ལས་སྒྲིག་གཞི(གྲོང་གསེབ་ཀྱི་ཡིད་རྟོན་ཁང་དང་། གྲོང་གསེབ་ཀྱི་མཉམ་ལས་དངུལ་ཁང་། གྲོང་གསེབ་ཀྱི་ཚོང་ལས་དངུལ་ཁང་བཅས)མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར342.2ཟིན་པ་དེ་ལོ་སྔོན་མ་ལས་སྒོར་དུང་ཕྱུར30.2འཕར་ནས9.68%འཕར། མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར236.1ཟིན་པ་དེ་ལོ་སྔོན་མ་ལས་སྒོར་དུང་ཕྱུར25.8འཕར་ནས12.3%འཕར་ཡོད།      

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་གྲོན་དངུལ་འགན་ལེན་ཡོང་འབབ་སྒོར་དུང་ཕྱུར23.6ཟིན་པ་དེ་ལོ་སྔོན་མ་ལས27.6%འཕར་ཡོད། དེའི་ནང་ཚེ་སྲོག་འགན་བཅོལ་ལས་སྒོའི་འགན་བཅོལ་གྱི་ཡོང་འབབ་སྒོར་དུང་ཕྱུར14.9ཟིན་ནས32.4%དང་བདེ་ཐང་འགན་བཅོལ་ལས་སྒོའི་འགན་བཅོལ་གྱི་ཡོང་འབབ་སྒོར་དུང་ཕྱུར1.28ཟིན་ནས54.3%བཅས་འཕར་ཡོད། བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་འགན་བཅོལ་གྱི་ཡོང་འབབ་སྒོར་དུང་ཕྱུར0.29ཟིན་ནས45.7%འཕར། རྒྱུ་ནོར་འགན་བཅོལ་ལས་སྒོའི་འགན་བཅོལ་ཡོང་འབབ་སྒོར་དུང་ཕྱུར8.7ཟིན་ནས་18.4%འཕར་ཡོད། ལོ་ཧྲིལ་པོར་འགན་བཅོལ་ལས་རིགས་ཀྱི་སྐྱིན་ཚབ་འཇལ་དངུལ་དང་གཏོང་སྤྲོད་གཏོང་སྒོ་སྒོར་དུང་ཕྱུར8.33ཟིན་ནས2.5%འཕར། དེའི་ནང་ཚེ་སྲོག་འགན་བཅོལ་གྱི་ལས་སྒོར་སྒོར་དུང་ཕྱུར4.31བཏང་བ་དེ2.8%ཆག་པ་དང་། རྒྱུ་ནོར་འགན་བཅོལ་ལས་སྒོའི་གུན་གསབ་དངུལ་སྒོར་དུང་ཕྱུར4.02ཟིན་ནས10%འཕར་ཡོད།     

8 སྤྱི་ཚོགས་ལས་རིགས།     
8_1 ཚན་རིག་ལག་རྩལ།    

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱིས་ཁེ་བེད་བདག་ཐོབ་རེ་ཞུ་ཁག401བདག་སྤྲོད་བྱས་པ་དེ་ལོ་སྔོན་མ་ལས27.7%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་ལག་རྩལ་ཚོང་རར་ཁྱོན་ལག་རྩལ་གན་རྒྱ7བཞག་པ་དང་ཚོང་འགྲིག་པའི་དངུལ་གྲངས་སྒོར་ཁྲི16590ཟིན། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་སུ་ཞིང་ཆེན་རིམ་པ་ཡན་གྱི་ཚན་རྩལ་གྲུབ་འབྲས3ཐོབ། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ལ་གནམ་གཤིས་བརྟག་དཔྱད་ཁང6དང་གྲོང་ཁྱེར་ཡོངས་ཀྱི་གནམ་གཤིས་མ་ལག་གིས་མིའི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་གཏོང་བའི་ལས་སྒོ་སྤེལ་བའི་ཚན་པ7ཡོད་། གྲོང་ཁྱེར་ཡོངས་ལ་འཁོར་སྐར་བསྡུ་ལེན་ས་ཚིགས1 ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་ཆེད་ལས་ཀྱི་ཕྱོགས་བསྡུས་ས་ཡོམ་ཁང་དང་ས་ཚིགས2ཡོད་པ་དང་། ལོ་ཧྲིལ་པོར་ས་ཡོམ་ཆུང་གྲས་ཀྱི་བྱེད་སྒོ་ཐེངས8སྤེལ་ཞིང་ས་ཡོམ་རིམ་པ་ཆེ་ཤོས2.6ཡིན། 

8_2 སློབ་གསོའི་བྱ་གཞག      

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭས་ཁྱོན་སློབ་མ་ཁྲི0.78བསྡུས་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི2.19ཟིན་པ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ་ཁྲི1.6བསྡུས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི4.87ཟིན། དམའ་རིམ་སློབ་འབྲིང་དུ་སློབ་མ་ཁྲི2.58བསྡུས་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི7.47ཟིན་ཡོད། 

8_3 རིག་གནས་ལས་རིགས།    

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྲུའོ་ཀྲོའུ་གྲོང་ཁྱེར་དུ་གཞུང་ཁོངས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ8དང་རིག་གནས་ཁང7ཡོད། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས4དང་བརྙན་འཕྲིན་ལས་ཁུངས3  སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་ཁྱིམ་དུད་ཁྲི16.97ཟིན་ཡོད། རླུང་འཕྲིན་གྱི་མི་འབོར་ཁྱབ་ཚད100%དང་བརྙན་འཕྲིན་མི་འབོར་ཁྱབ་ཚད100%ཟིན་ཡོད། གྲོང་ཁྱེར་ཡོངས་སུ་སྤྱི་པའི་དཔེ་མཛོད་ཁང7དང་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི64.5ཡོད།      

8_4 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྲུའོ་ཀྲོའུ་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི(གྲོང་གསེབ་ཀྱི་སྨན་བཅོས་ཁང་ཚུད་པ)2148ཡོད་པའི་ནང་མ་བུ་བདེ་སྲུང་ཁང7ཡོད། གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་སྒྲིག་གཞིར་ཉལ་ཁྲི8003དང་འཕྲོད་བསྟེན་ལག་རྩལ་མི་སྣ10383ཡོད།      

8_5 ལུས་རྩལ་བྱ་གཞག      

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྲུའོ་ཀྲོའུ་གྲོང་ཁྱེར་ལ་མང་ཚོགས་ཀྱི་ལུས་སྦྱོང་ཟུར་ཁྲིད་ལྟེ་གནས་དང་ས་ཚིགས615 ལུས་རྩལ་མཛུབ་ཁྲིད་པ3320བཅས་ཡོད་པ་དང་ལོ་ཧྲིལ་པོར་ལུས་རྩལ་འགྲན་བསྡུར་བྱེད་སྒོ་ཐེངས81སྤེལ། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་སུ་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་སྒོར་ཁྲི11532བཙོངས།      

8_6 སྤྱི་ཚོགས་འགན་སྲུང་།    

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྲུའོ་ཀྲོའུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི27.5ཟིན་པ་དེ་ལོ་སྔོན་མ་ལས་མི་ཁྲི0.6འཕར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་ཁྲི90.1ཟིན་པ་དང་མི་ཁྲི0.2མང་དུ་ཕྱིན། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་ཁྲི18.3ཡོད་པ་དང་མི་གྲངས་ལོ་སྔོན་མ་དང་སྤྱིར་ན་མཚུངས། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི18.9ཟིན་པ་དེ་ལོ་སྔོན་མ་ལས་མི་ཁྲི0.2མང་དུ་ཕྱིན། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་ཁྲི18.1ཡོད་པ་དང་མི་གྲངས་ལོ་སྔོན་མ་དང་གཅིག་མཚུངས་ཡིན། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་གྲངས་ཁྲི136.4ཟིན་པ་དེ་ལོ་སྔོན་མ་ལས་མི་ཁྲི0.3འཕར་ཡོད།      

སྤྱི་ལོ2017ལོར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་པའི་གྲོང་མི་ཁྲི4.4ཡོད་པ་དེ་ལོ་སྔོན་མ་ལས་མི་ཁྲི0.3ཉུང་དུ་ཕྱིན། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་དུང་ཕྱུར1.9སྤྲད། མ་དངུལ་སྤྲད་པ་དེ་ལོ་སྔོན་མ་ལས་སྒོར་དུང་ཕྱུར0.1འཕར་བ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་པའི་གྲོང་མི་ཁྲི8.2ཡོད་པ་དེ་ལོ་སྔོན་མ་ལས་མི་ཁྲི0.4མང་དུ་ཕྱིན། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་དུང་ཕྱུར2.4སྤྲད། གཏོང་སྤྲོད་མ་དངུལ་ལོ་གོང་མ་ལས་སྒོར་དུང་ཕྱུར0.3མང་དུ་ཕྱིན།      

9 འགྲིམ་འགྲུལ་སྐྱེལ་འདྲེན།
9_1 གཞུང་ལམ།    

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྟོང་སྨི10210.9ཟིན་ཡོད། དེའི་ནང་མྱུར་བགྲོད་གཞུང་ལམ་སྟོང་སྨི388.7དང་། གཞུང་ལམ་དཀྱུས་མ་སྤྱི་ལེ812.8 གྲོང་གསེབ་ཀྱི་གཞུང་ལམ་སྟོང་སྨི9009.4བཅས་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་དམངས་སྤྱོད་རླངས་འཁོར་ཁྲི20.1(འཁོར་གསུམ་རླངས་འཁོར་དང་མྱུར་ཚད་དམའ་བའི་ཟོག་འདྲེན་རླངས་འཁོར་ཚུད་པ)ཡོད་པ་དེ་ལོ་སྔོན་མའི་ལོ་མཇུག་ལས8.9%འཕར་བའི་ནང་རླངས་འཁོར་ཁྲི16.6ཡོད་པ་དེ14.1%འཕར།

9_2 ལྕགས་ལམ།     

བྱང་ཐུང་ཕུའུ་ལྕགས་ལམ་གློག་ཤུགས་ཅན་གྱི་ལྕགས་ལམ་ཉིས་གཤིབ་མ་དང་། ཏ་ཡུན་གཞུང་ལམ་གྱི་རིམ་པ་གཉིས་པའི་གཞུང་ལམ། ཧྲེན་ཧྲུའུ་ལྕགས་ལམ། ཧྲའོ་ཧོང་ལྕགས་ལམ། ཕིང་དབན་གཞུང་ལམ། ཧྲུའོ་ཝེ་གཞུང་ལམ། ཏ་ཡུན་མྱུར་བགྲོད་གཞུང་ལམ་བཅས་བརྒྱུད་ཤར་ནུབ་འཕྲེད་དུ་བཅད་པ་དང་ཧྲུའོ་ཀྲོའུ་སྒྲོལ་བའི་རུང་ཝུའུ་མྱུར་བགྲོད་གཞུང་ལམ་བཅས་འཛུགས་སྐྲུན་བྱས་ཡོད། ལྕགས་ལམ་གྱི་ཆེད་སྤྱོད་ལམ་བུ་དང་གཞུང་ལམ་གྱི་མ་ལམ་འཕྲེད་གཞུང་དུ་བསྣོལ་ཡོད།      

9_3 མཁའ་སྐྱོད།    

དེ་སྔའི་ཕིང་ཧྲོ་ཨན་ཐའེ་པའོ་གནམ་ཐང་ཡོད་ལ་སྤྱི་ལོ2004ལོའི་ལོ་མཇུག་ཏུ་འཕུར་མཚམས་བཞག

10 ཡུལ་ལྗོངས་གྲགས་ཅན།
ཁྲུང་ཧྥུའུ་དགོན། ཡིང་ཞན་མུའུ་ཐ། མ་དབྱི་ཧན་བང་སོའི་ཚོགས། ཧྲ་ཧྭོ་ཁོའུ། སྔོན་གཤེགས་དཔའ་བོའི་དྲན་གསོ་གླིང་། 
 ཀྲི་ཡུས་རྡོ་ཆས་རྙིང་མའི་རྗེས་ཤུལ། ཀོང་ཝུའུ་གནའ་གྲོང་། ཧྲིན་ཐོའུ་ཧེ། ཧྲུའོ་ཀྲོའུ་མཁར་རྙིང་


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-25

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།