ཐའེ་ཅང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐའེ་ཅང་ཆུས།
ཐའེ་ཅང་ཆུས(གནའ་བོའི་ཧྥུའུ་ཀྲོའུ་སྲིད་གཞུང་གི་ཧྥུའུ་ཀྲོའུ་རྫོང་དང་ཧོའུ་ཀོན་རྫོང་ལ་གཏོགས)ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
台江区
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ18
ཕྱི་ཡིག་གི་མིང་།
Taijiang District
མི་གྲངས།
ཁྲི45(སྤྱི་ལོ2012ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
སྐད།
མེང་ཏུང་སྐད་ཧྥུའུ་ཀྲོའུ་ཡུལ་སྐད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མངའ་ཁོངས།
སྲང་ལམ10ཡོད།
ཡུལ་ལྗོངས་གྲགས་ཅན།
མེང་ཅང་སྤྱི་གླིང་སོགས།
ས་ཁོངས་ཁ་པར་ཨང་རྟགས།
0591
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
350103
རླངས་འཁོར་ཚབ་ཨང་།
闽A
1 ​ངོ་སྤྲོད།

ཐའེ་ཅང་ཆུས(གནའ་བོའི་ཧྥུའུ་ཀྲོའུ་སྲིད་གཞུང་གི་ཧྥུའུ་ཀྲོའུ་རྫོང་དང་ཧོའུ་ཀོན་རྫོང་ལ་གཏོགས)ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཡིན་པ་དང་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་དབུས་སུ་གནས་ཤིང་། མིང་ཅང་གཙང་པོའི་སྨད་རྒྱུད་ཀྱི་བྱང་ངོགས་སུ་ཆགས་ཡོད། ས་ཁམས་ལྟེ་གནས་ཀྱི་གནས་ཚད་ནི་བྱང་གི་འཕྲེད་ཐིག26℃05ཡིན། ཤར་གྱི་གཞུང་ཐིག119.18ཡིན། ཤར་གྱི་མཚམས་སུ་ཀོང་མེང་གྲུ་ཁ་དང་། ཅིན་ཨན་གཙང་པོ། ཅིན་ཨན་ཆུས་བཅས་དང་། ནུབ་ཏུ་རྨིན་ཅང་གཙང་པོ་དང་ཚང་ཧྲན་ཆུས་ས་མཚམས་དང་། བྱང་དུ་ཆུང་ཏུང་ཧོ་ཆུ་བོ་དང་། ཏོའུ་ཁྲི་ལམ། ཧྲང་ཕུའུ་ལྕགས་ལམ་དང་ཀུའུ་ལོའུ་ཆུས་ས་མཚམས་བཅས་ཕྱེས་ཡོད། ཆུས་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ18ཡོད་པ་དང་། ཆུ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1.91ཡོད། མཚོ་འགྲམ་གྱི་རིང་ཚད་ལ་སྨི7800ལྷག་ཡོད། དབུས་རྒྱུད་རི་མ་ཐང་གི་རྒྱ་ཁྱོན་ཅུང་མཐོ་བ་དང་། ཕྱོགས་བཞི་དམའ་ས་ཡིན་ལ། ལྷག་པར་དུ་བྱེ་འདམ་གྱིས་གྲུབ་པའི་སྐམ་སའི་ལྷོ་རྒྱུད་དང་། ཤར་ལྷོའི་རྒྱུད། ལྷོ་ནུབ་རྒྱུད། ནུབ་རྒྱུད་བདེ་ཐང་བཅས་ཀྱི་ས་བབ་དེ་བས་དམའ་བ་རེད། ཁོངས་གཏོགས་ཀྱི་སྲང་ལམ10དང་སྡེ་ཁུལ52ཡོད། ཐེམ་ཐོའི་མི་འབོར་ཁྲི33དང་། རྒྱུན་སྡོད་མི་འབོར་ཁྲི45  ཉིན་རེའི་འགྲོ་འོང་མི་འབོར་ཁྲི25   མི་འབོར་རང་ཤུགས་སུ་འཕར་ཚད2.06‰བཅས་ཟིན་ཡོད།

2 འཕེལ་རིམ།

ཐའེ་ཅང་ཆུས་ཀྱི་གདོད་མའི་མིང་ལ་ནན་ཐའེ་ཟེར། སྤྱི་ལོ་སྔོན་གྱི202ལོར་རྨིན་ཡུའེ་ཝང་ཝུའུ་ཀྲུའུ་མཚོ་ཐོག་ནས་སྐམ་སར་ཐོན་ཏེ་ཏ་མེའོ་རི་བོར་མཆོད་སྟེགས་བཞེངས་སྐབས། “ལྷོ་ཕྱོགས་རྒྱ་ཕིབས་སྙེག་ནས་བལྟས་པ་ན།། ལྷ་སྲས་ཤིག་ནི་གཙང་བོའི་འགྲམ་ལ་བཞུད།།”ཅེས་པའི་ཐའེ་ཅང་དང་ནན་ཐའེ་ལ་བརྟེན་ནས་མིང་དེ་ལྟར་ཐོགས། ཐའེ་ཅང་ས་ཁུལ་དུ་སྔར་ནས་ཚོང་པའི་སྤྲིན་ཚོགས་འཁྲིགས་ཤིང་། ཚོང་ལས་ཀྱི“གསེར་ས”དང“ནོར་གཞོང”ཞེས་པའི་མཚན་སྙན་གླིང་ལ་གྲགས་ཡོད། ཐང་སུང་སྐབས་སུ་འཕེལ་རྒྱས་བྱུང་ནས་མི་སེར་རྒྱལ་ཁབ་ཀྱི་ཐོག་མའི་བར་དུ་དར་བའི་རྩེ་མོར་སོན་ལ། ཕ་ཡུལ་གཅིག་པའི་ཚོགས་པའི“འདུ་ཁང”དང་དེ་བཞིན་ལས་རིགས་ཀྱི“ཚོང་རོགས་པ”30ལྷག་ཙམ་གྲུབ་ཡོད། སྤྱི་ལོ1945ལོར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ34བ)ཐའེ་ཅང་ས་ཁུལ་དུ་ཐའེ་ཅང་ཆུས་ཀུང་སུའོ་དང་ཞའོ་ཆའོ་ཆུས་ཀུང་སུའོ་བཙུགས་ཤིང་ཧྥུའུ་ཀྲོའུ་གྲོང་ཁྱེར་ལ་གཏོགས་པར་བྱས།

སྤྱི་ལོ1946ལོའི་ཟླ1པོར་ཧྥུའུ་ཀྲོའུ་གྲོང་ཁྱེར་འཛུགས་སྐབས་ཐའེ་ཅང་ཆུས་བཙུགས་ནས་ཞའོ་ཆའོ་ཆུས་དང་གྲོང་ཁྱེར་ཐད་སྐྱོང་ཆུས་ལ་ཟླ་སྒྲིལ་བཏང་། སྤྱི་ལོ1949ལོའི་ཟླ8པའི་ཚེས17ཉིན་བཅིངས་འགྲོལ་བཏང་རྗེས་སྔར་བཞིན་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲས་སུ་ཡོད། སྤྱི་ལོ1956ལོའི་ཟླ5བར། ཞའོ་ཆའོ་ཆུས་མེད་པར་བཟོས་ནས་ཐའེ་ཅང་ཆུས་ལ་ཟླ་སྒྲིལ་བཏང་། སྤྱི་ལོ1968ལོའི་ཟླ9བར་ཐའེ་ཅང་ཆུས་ཞེས་པའི་མིང་དེ་ཁྲེ་ཝུའེ་ཆུས་ལ་བསྒྱུར། སྤྱི་ལོ1978ལོའི་ཟླ4པར། ཁྲི་ཝེ་ཆུས་ཞེས་པའི་མིང་དེ་སླར་ཡང་ཐའེ་ཅང་ཆུས་ལ་བསྒྱུར།

སྤྱི་ལོ1955ལོའི་ཟླ11པར་ཚང་ཞ་དང་། ཀྲུང་ཕིང་། ཧོའུ་ཀྲོའུ། དབྱིན་ཀྲོའུ། ཤིན་ཀང་བཅས་སྲང་ལམ་དོན་གཅོད་ཁང5བཙུགས། སྤྱི་ལོ1956ལོའི་ཟླ5བར། ཞའོ་ཆའོ་ཆུས་མེད་པར་བཟོས་ནས་ཐའེ་ཅང་ཆུས་སུ་ཟླ་སྒྲིལ་བཏང་ཞིང་། ཁོངས་གཏོགས་ཀྱི་ཁྲ་ཐིང་དང་། དབྱང་ཀྲུང་། ཧྲོང་ཧང་། དབྱི་ཀྲོའུ། པང་ཀྲོའུ་བཅས་སྲང་ལམ་དོན་གཅོད་ཁང5ཐའེ་ཅང་ཆུས་ཀྱི་མངའ་འོག་ཏུ་བཞག སྤྱི་ལོ1957ལོའི་ཟླ10བར་ཀྲུང་ཕིང་སྲང་ལམ་དོན་གཅོད་ཁྲུའུ་མེད་པ་བཟོས་ནས་ཚང་ཞ་སྲང་ལམ་དོན་གཅོད་ཁྲུའུ་རུ་བསྐྱོད། སྤྱི་ལོ1970ལོའི་ཟླ2པར། ཀུའུ་ཧྲན་མཉམ་ལས་ཁང་ཁྲི་ཝེ་མཉམ་ལས་ཁང་གི་ཁོངས་སུ་བསྡུས་ནས་ཁྲི་ཝེ་ཆུས་ལ་བགོས། སྤྱི་ལོ1973ལོའི་ཟླ11པར་ཁྲི་ཝེ་མཉམ་ལས་ཁང་དེ་དམར་སྲུང་མཉམ་ལས་ཁང་དང་ཏུང་ཧྥིན་མཉམ་ལས་ཁང་དུ་དབྱེ་ཡོད། སྤྱི་ལོ1975ལོའི་ཟླ3པར་ཏུང་ཧྥིན་མཉམ་ལས་ཁང་མེད་པར་བཟོས་ནས་ཀུའུ་ཧྲན་མཉམ་ལས་ཁང་དང་ཀུའུ་ལིན་མཉམ་ལས་ཁང་བཙུགས། ཟླ5བར། ཀུའུ་ཧྲན་དང་ཀུའུ་ལིན་མཉམ་ལས་ཁང་གཉིས་གྲོང་ཁྱེར་ཉེ་འདབས་སུ་བགོས། ཟླ7པར་ཁྲི་ཝེ་མཉམ་ལས་ཁང་སྔོ་ཚལ་ཆུས་ལ་བགོས། སྤྱི་ལོ1986ལོར་ཧྲང་ཧའེ་གྲོང་གསར་སྲང་ལམ་དོན་གཅོད་ཁང་འཕར་འཛུགས་བྱས།

སྤྱི་ལོ1995ལོའི་ཟླ10ཚེས27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི(རྒྱལ་ཡིག[1995]ཡིག་ཨང102པ)མཆན་བཀོད་བཀའ་ལན་གནང་ནས་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱ་རྒྱུའི་མོས་མཐུན་གནང་།

སྤྱི་ལོ1996ལོའི་ཟླ1པོར། ཧྥུའུ་ཀྲོའུ་གྲོང་ཁྱེར་ཆུས་སྲིད་འཛིན་ཆུས་དབྱེ་འབྱེད་ལེགས་སྒྲིག་བྱས་རྗེས། ཐའེ་ཅང་ཆུས་དེ་ཀུའུ་ལོའུ་ཆུས་ནས་ལུང་ཐིང་དང་། ཀྲོང་ཡོན་སྡོད་དམངས་ཨུ་ལྷན2སུ་བགོས།

སྤྱི་ལོ1997ལོར་ཧྲང་ཧའེ་གྲོང་གསར་སྲང་ལམ་དོན་གཅོད་ཁྲུའུ་དེ་ཧྲང་ཧའེ་སྲང་ལམ་དོན་གཅོད་ཁྲུའུ་ཞེས་སུ་བསྒྱུར།

སྤྱི་ལོ2000ལོར་ཐའེ་ཅང་ཆུས་ཀྱི་མངའ་ཁོངས་སུ་སྲང་ལམ12ཡོད་པ་སྟེ། ཁྲ་ཐིང་སྲང་ལམ་དང་། དབྱང་ཀྲུང་སྲང་ལམ་། ཚང་ཞ་སྲང་ལམ་། ཧྲོང་ཧང་སྲང་ལམ་། པང་ཀྲོའུ་སྲང་ལམ་། དབྱི་ཀྲོའུ་སྲང་ལམ་། ཧྲང་ཧའེ་སྲང་ལམ་། དབྱིན་ཀྲོའུ་སྲང་ལམ་། ཤིན་ཀང་སྲང་ལམ་། ཧོའུ་ཀྲོའུ་སྲང་ལམ་། ཝུའུ་ཧྥུང་སྲང་ལམ་། ཉིང་ཧྭ་སྲང་ལམ་བཅས་སོ།།

སྤྱི་ལོ2001ལོར་ཐའེ་ཅང་ཆུས་ཀྱི་ཁོངས་སུ་དབྱང་ཀྲུང་དང་། ཧྲང་ཧའེ། ཁྲ་ཐིང་། ཤིན་ཀང་། ཉིང་ཧྭ། དབྱི་ཀྲོའུ། པང་ཀྲོའུ། ཧྲོང་ཧང་། ཚང་ཞ། ཧོའུ་ཀྲོའུ། དབྱིན་ཀྲོའུ། ཧྲེ་ཧྥུང་བཅས་སྲང་ལམ་དོན་གཅོད་ཁྲུའུ12ཡོད་ལ།  སྡོད་དམངས་ཨུ་ལྷན90དང་སྡེ་དམངས་ཨུ་ལྷན8ཡོད་ཅིང་།  རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ18.02དང་མི་འབོར་ཁྲི29.7ཙམ་ཡོད།

སྤྱི་ལོ2004ལོའི་ཟླ4བར་ཧྲོང་ཧང་སྲང་ལམ་ཧོའུ་ཀྲོའུ་སྲང་ལམ་ལ་སྒྲིལ་ཞིང་སྤང་ཀྲོའུ་སྲང་ལམ་དེ་ཚང་ཞ་སྲང་ལམ་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ2005ལོའི་ལོ་མཇུག་ཏུ་ཐའེ་ཅང་ཆུས་ཁོངས་སུ་ཨའོ་ཧྥུང་དང་། དབྱིན་ཀྲོའུ། ཤིན་ཀང་། ཁྲ་ཐིང་། ཡང་ཀྲུང་། ཧོའུ་ཀྲོའུ། ཚང་ཞ། དབྱི་ཀྲོའུ། ཧྲང་ཧའེ། ཉིང་ཧྭ་བཅས་སྲང་ལམ10ཡོད་པ་དང་གཞིས་ཁུལ་སྡོད་དམངས་ཨུ་ལྷན90ཡོད།   རྒྱུན་སྡོད་གྲོང་མི་ཁྱིམ་ཚང115289དང་མི་གྲངས318895ཡོད་ཅིང་།  མི་འབོར་འདུས་ཚད་སྤྱི་ལེ་གྲུ་བཞི་མ་རེར་མི17716.39ཡིན།

3 སྲིད་འཛིན་ཁུལ་གྱི་དབྱེ་མཚམས།

ཐའེ་ཅང་ཆུས་ཀྱི་མངའ་ཞབས་སུ་སྲང་ལམ10དང་གཞིས་ཁུལ52ཡོད།

4 མི་གྲངས།
5 གྲངས་འབོར།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ21ལོར(སྤྱི་ལོ1932ལོར)ཐའེ་ཅང་ཆུས་ལ་ཁྱོན་བསྡོམས་མི་གྲངས་156571ཡོད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ26པ(སྤྱི་ལོ1937ལོ)ཟླ7པར་འཇར་འགོག་དམག་འཁྲུག་ལངས་ནས་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ34བ(སྤྱི་ལོ1945ལོ)ཟླ9བར་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ། ཐའེ་ཅང་ཆུས་ཀྱི་མི་གྲངས་བསྡོམས་འབོར100531ཟིན་པ་དེ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ21པ(སྤྱི1932ལོ)ལས་མི་གྲངས56040ཉུང་དུ་ཕྱིན་ནས35.79%མར་ཆག་ཡོད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ38པ(སྤྱི་ལོ1949ལོ)ཟླ་དང་པོར་མི་གྲངས་བསྡོམས་འབོར155572ཟིན་ཅིང་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ34བ(སྤྱི་ལོ1945ལོ)ལས་མི་གྲངས55041ལ་འཕགས་ཏེ35.34%ལ་འཕར་བ་དང་། བསྡོམས་འབོར་དེ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ21པའི(སྤྱི་ལོ1932ལོ)སྐབས་ཀྱི་གྲངས་ཀ་ལ་སླེབས་ཡོད། 

སྤྱི་ལོ1950ལོ་ནས་སྤྱི་ལོ1953ལོའི་བར་རྒྱལ་དམངས་དཔལ་འབྱོར་སླར་གསོ་བྱེད་པའི་སྐབས་སུ། ཐའེ་ཅང་ཆུས་ཀྱི་སྤྱིའི་མི་གྲངས147234~150786བར་ཅུང་བརྟན་འཇགས་ཀྱི་རྣམ་པར་གནས་ཡོད།

སྤྱི་ལོ1955ལོ་ནས་སྤྱི་ལོ1960ལོའི་བར་ཆུས་ཡོངས་ཀྱི་མི་གྲངས་བསྡོམས་འབོར་སྤྱི་ལོ1955ལོའི168964ནས་སྤྱི་ལོ1960ལོའི222712བར་ཇེ་མང་དུ་སོང་བ་དང་། ཁྱོན་བསྡོམས་མི53748ཇེ་མང་དུ་སོང་ཞིང31.81%ལ་འཕར་ཡོད། 

སྤྱི་ལོ1964ལོར་ཆུས་ཡོངས་སུ་སྤྱིའི་མི་འབོར231240ཟིན་པ་དེ་སྤྱི་ལོ1961ལོའི་སྤྱིའི་མི་འབོར་222638ལས8602ཇེ་མང་དུ་སོང་ནས3.86%ལ་འཕར་ཡོད།      སྤྱི་ལོ1970ལོ་ནས་སྤྱི་ལོ1974ལོའི་བར་ཀུའུ་ཧྲན་དང་ཏུང་ཧྥིན་ཞིང་ལས་མཉམ་ལས་ཁང་སོགས་ཞིང་ལས་ས་ཁུལ་དུ་མི་གྲངས269542ནས282998ལ་སླེབས།

སྤྱི་ལོ1975ལོར་ཀུའུ་ཧྲན་དང་ཏུང་ཧྥེང་། ཁྲི་ཝེ་ཞིང་ལས་མཉམ་ལས་ཁང་བཅས་ཀྱི་མི་གྲངས་བསྡོམས་འབོར222470མར་ཆག་པ་དེ་སྤྱི་ལོ1974ལོའི་མི་གྲངས་ཀྱི་བསྡོམས་འབོར་ལས60528ཉུང་དུ་ཕྱིན་ནས21.39%མར་ཆག      སྤྱི་ལོ1990ལོའི་བར་ཆུས་ཡོངས་ཀྱི་སྤྱིའི་མི་འབོར274978ཟིན་པ་དེ་སྤྱི་ལོ1978ལོའི་སྤྱིའི་མི་འབོར233601ལས41377མང་དུ་སོང་ནས17.71%ལ་འཕར་ཡོད།      སྤྱི་ལོ1990ལོར་ཆུས་ཡོངས་ཀྱི་སྤྱིའི་མི་འབོར་དེ་སྤྱི་ལོ1950ལོའི་མི་གྲངས150664ལས་མི124314མང་དུ་སོང་ནས82.51%ལ་འཕར་བ་དང་ལོར་ཆ་སྙོམས་མི3108རེ་འཕར་ཡོད། 

5_1 མི་རིགས།

ཐའེ་ཅང་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་མི་རིགས27འདུས་པ་དེ་སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་བའི་མི་རིགས་དང་གཅིག་མཚུངས་སུ་གྱུར། རྒྱ་རིགས་མི་འབོར445758ཡོད་པ་དེས་སྤྱིའི་མི་འབོར་གྱི99.75%ཟིན་ལ། གྲངས་ཉུང་མི་རིགས་ཀྱི་མི་འབོར་1133ཡོད་པ་དེས0.25%བཟུང་ཡོད། སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན། རྒྱ་རིགས་མི་འབོར21.45%ལ་འཕར་བ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར17.84%མར་ཆག་ཡོད། རྒྱ་རིགས་མི་འབོར་གྱིས་མི་འབོར་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གཞི་གྲངས0.12ལ་བུད་ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་མི་འབོར་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གཞི་གྲངས0.12མར་ཆག་ཡོད། མི་གྲངས་བརྒྱ་ལས་བརྒལ་བའི་གྲངས་ཉུང་མི་རིགས3ཡོད་དེ།  ཧྲེ་རིགས417དང་ཧུའེ་རིགས238   མན་ཇུ་རིགས119བཅས་སོ།། 

6 དཔལ་འབྱོར།

སྤྱི་ལོ2011ལོའི་བར་ཐོན་ལས་ཐེངས་གསུམ་གྱི་བསྡུར་ཚད་ནི་ཐོན་ལས་གཉིས་པས22.25%དང་ཐོན་ལས་གསུམ་པས77.75%ཟིན་ཡོད། ཆུས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་གོང་སྒོར་དུང་ཕྱུར247.88བུད་པ་དང13.1%ལ་འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར256.47ལ་བུད་པ་དེ་སྔོན་མ་ལས22.3%ལ་འཕར་བ། ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར727.11ལ་བུད་པ་དེ25.02%ལ་འཕར་བ། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར134.55ལ་བུད་པ་དེ་སྔོན་མའི་དུས་མཚུངས་ལས15.5%ལ་འཕར།  དེའི་ནང་གོང་གསལ་བཟོ་ལས་སྤྱིའི་ཐོན་རྫས་ཀྱི་རིན་གོང་སྒོར་དུང་ཕྱུར127.94ལ་བུད་པ་དེ་ལོ་གོང་མའི་དུས་མཚུངས་ལས15.8%ལ་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར236.93བཏང་བ་དེ7.1%ལ་འཕར། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར21.48ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས15.6%ལ་འཕར་བའི་ནང་ས་གནས་རིམ་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར12.89ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས20.9%ལ་འཕར་བ་རེད། གན་རྒྱའི་དངུལ་ཨ་སྒོར་དུང་ཕྱུར2.3ཟིན་པ་དེ་དུས་མཚུངས་ལས8.15%ལ་འཕར་ཞིང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་གྲངས(མ་དངུལ་ཞིབ་བཤེར་བྱེད་གྲངས)ཨ་སྒོར་དུང་ཕྱུར1.19ཟིན་པ་དེ་ལོ་གོང་མའི་དུས་མཉམ་ལས6.69%ལ་འཕར་བ་དང་། ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར12.21ཟིན་པ་དེ65.17%ལ་འཕར། ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར2.5ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས15.32%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྒོས་བཀོལ་ཆོག་པའི་ཡོང་འབབ་ལོ་རེར་སྒོར24121ཟིན་པ་དེ14.1%ལ་འཕར་བ་བཅས་སོ།།

7 ཐོན་ཁུངས།

རྩི་ཤིང་གི་ཐོན་ཁུངས།

ཐའེ་ཅང་ཆུས་སུ་ཀོའུ་རོང་སྡོང་བོ152ཡོད་པ་དང་། དེའི་ནང་ཞེང་ཐད་སྨི1ཡན་གྱི་སྡོང་རྐང70ཡོད། ཆེས་ཆེ་བའི་ཀུའུ་རོང་ནི་ལྕགས་ལེབ་ཨང་རྟགས་དང་པོའི་འགྲམ་དུ་ཡོད་པ་དང་། སྡོང་བོའི་མཐའ་འཁོར་ལ་སྨི4ཡོད། པང་པན་གྲོང་ཚོར་ད་དུང་ཀྲུའུ་ཀུའུ་རུང4ཡོད། ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་གནའ་བོའི་འཁྲི་ཤིང་ཞིག་ཐའེ་ཅང་ཆུས་བརྒྱད་གཅིག་བདུན་དབུས་ལམ་གྱི་དབྱང་ཀྲུང་མངགས་གཏོང་ཁང་ནང་ཡོད་ལ།  མཐོ་ཚད་སྨི10ལྷག་ཙམ་ཡིན་པ་དང་། ཁ་དབྲག2ཡོད་པ། ཞེང་ཐད་སོ་སོར་སྨི0.5དང0.3ཡོད་པ། མགོ་ལ་སྨི་གྲུ་གཞི་མ30ལྷག་ཙམ་ཡོད་པ་བཅས་རེད། ཧྥུའུ་ཀྲོའུ་ཐའེ་ཅང་ཆུས་གློག་འདོན་བཟོ་གྲྭ་ཁུལ་གྱི་ཀྲོའུ་ཀྲང་ཧྲུའུ6དང་ཀུའུ་རོང་ཧྲུའུ10ཕན་བསྣོལ་མར་སྐྱེས་ནས་ཀྲང་རུང་ནགས་ཚལ་ཆགས་པ་དང་། ཞེང་ཐད་སྨི0.8ཡན་ཟིན་ཡོད། ཐའེ་ཅང་ཆུས་ཁོངས་ཀྱི་ཁྲུང་དབྱང་ཤིང་རྐང4ཡོད་པ་དེའི་ནང་ནས་སྡོང་རྐང་ཆེ་ཤོས་ནི་ཧྥུའུ་ཀྲོའུ་སློབ་འབྲིང34ཡི་སློབ་གྲྭའི་ནང་ཡོད་པ་དང་། སྡོང་བོའི་མཐའ་འཁོར་ནི་སྨི4.4དང་། མཐོ་ཚད་སྨི10  ཡལ་འདབས་རྣམ་པར་རྒྱས་པ། སྡོང་བོའི་ལོ་ཚད་ལོ200ཡན་ཟིན་པ་བཅས་རེད།

ཆུའི་ཐོན་ཁུངས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ38པར(སྤྱི་ལོ1949ལོ)བསྡོམས་རྩིས་ལྟར་ན།   ཐའེ་ཅང་དང་ཞའོ་ཆའོ་ཆུས་གཉིས་ཅུང་ཆེ་བའི་ཁྲོན་པ5ཡོད་ལ།  སྒོ་རའི་ཁྲོན་པ617ཡོད(ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི11%བཟུང་ཡོད)

ཧྥུའུ་ཀྲོའུ་ཡི་ཆུའི་བཟོ་གྲྭ་དང་པོ་སྟེ——ནུབ་ཁུལ་གྱི་ཆུའི་བཟོ་གྲྭ་དེ་ནི་སྤྱི་ལོ1956ལོར་བསྐྲུན་ཅིང་ཟླ7པའི་ཚེས1ཉིན་ཚོད་ལྟ་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-06

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།