ཙུའོ་ཡུན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཙུའོ་ཡུན་རྫོང་།
ཙུའོ་ཡུན་རྫོང་ནི་ཧྲན་ཞི་ཞིང་ཆེན་ཏ་ཐུང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་སའེ་པེ་མཐོ་སྒང་དུ་གནས། ཤར་ངོས་ཏ་ཐུང་དང་ནུབ་ངོས་ཡིའུ་ཡུས། ལྷོ་ངོས་ཧྲུའོ་ཀྲོའུ། བྱང་ངོས་ཐའོ་ཧུའུ་གྲོང་ཁྱེར་བཅས་ལ་འབྲེལ་ཞིང་། བྱང་གི་འཕྲེད་ཐིག39°44′—40°15དང་ཤར་ཕྱོགས་ཀྱི་གཞུང་ཐིག112°34′—112°59བར་དུ་གནས། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1314ཟིན། ཙུའོ་ཡུན་རྫོང་གི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ལོ་ངོ་ཁྲི་བཅུ་ལྷག་ཙམ་གྱི་གོང་དུ་མིའི་རིགས་འདི་གར་འཚོ་བ་སྐྱེལ་གྱིན་ཡོད། ཀྲན་གོའི་དུས་སུ་ཀྲའོ་རྒྱལ་ཁབ་ཀྱི་ཝུའུ་ཀྲོའུ་ཡི་ཁོངས་སུ་གཏོགས་པ་དང་ཧན་རྒྱལ་རབས་སྐབས་སུ་ཧེང་ཀྲོའུ་རུ་བསྒྱུར། ཡོན་རྒྱལ་རབས་སྐབས་སུ་ཏ་ཐུང་ཁོངས་སུ་གཏོགས། མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་བཞི་པར(སྤྱི་ལོ1371ལོར)ཏ་ཐུང་ཏུའུ་ཝེ་བཙུགས་ཤིང་། ལོ་བཞི་འགོར་རྗེས་སླར་ཡང་ཧྲན་ཞིའི་ཞིང་ཏུའུ་སི་ཞེས་པར་བསྒྱུར་ཅིང་། དེའི་མངའ་ཁོངས་སུ་ཚུད་པའི་ཝེ་སུའོ26ཡོད་ཅིང་ཤར་ནུབ་རྨ་ཆུ་དང་ཡན་ཧྲན་རི་བོ་བརྒལ་བའི་དབུས་སུ་ཆགས་ཡོད། ཆིང་རྒྱལ་རབས་ཀྱི་གཡུང་ཀྲེང་ཁྲི་ལོ་གསུམ་པར(སྤྱི་ལོ1725ལོར)རྫོང་བཙུགས། སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་ཁོངས་གཏོགས་སུ་གྲོང་རྡལ3དང་ཡུལ་ཚོ6ཡོད་ཅིང་། རྒྱུན་སྡོད་མི་འབོར་ཁྲི16.2801ཟིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར53.0293ཟིན་པའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.6078དང་ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.9836ཟིན། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.4379དང་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར32654ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
左云县
གནས་ཡུལ།
ཧྲན་ཞི་ཞིང་ཆེན་གྱི་ནུབ་བྱང་རྒྱུད།
སྲིད་འཛིན་ས་ཁོངས་ཀྱི་རིསག་དབྱེ།
རྫོང་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1314ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧྲན་ཞི་ཏ་ཐུང་།
མི་གྲངས།
ཁྲི16.2801ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0352
ནམ་ཟླ།
དྲོད་ཁུལ་ཐན་སྐམ་དང་སྐམ་སའི་རང་བཞིན་གྱི་ནམ་ཟླ།
སྲིད་འཛིན་ཚབ་ཨང་།
140226
སྦྲག་སྲིད་ཨང་རྟགས།
037100
རླངས་འཁོར་ཚང་ཨང་།
ཅིནB (晋B )
དཀར་ཆག
1   ​ལོ་རྒྱུས་ཀྱི་འཕེལ་རིམ།    
2   སྲིད་འཛིན་ས་ཁོངས།      
2.1 དབྱེ་མཚམས་འཕེལ་རིམ།         
2.2 ཞིབ་ཕྲའི་དབྱེ་ཚུལ།  
3   ས་ཁམས་ཁོར་ཡུག  
3.1 གནས་ཡུལ།    
3.2 ས་དབྱིབས།    
3.3 ནམ་ཟླའི་ཁྱད་ཆོས།     
3.4 ཆུ་དཔྱད། 
4   རང་བྱུང་ཐོན་ཁུངས།          
4.1 ས་ཞིང་ཐོན་ཁུངས།     
4.2 རྩི་ཤིང་ཐོན་ཁུངས།        
4.3 སྲོག་ཆགས་ཐོན་ཁུངས།      
5   མི་གྲངས།   
6   དཔལ་འབྱོར།      
6.1 ཐོན་ལས་དང་པོ།   
6.2 ཐོན་ལས་གཉིས་པ།   
6.3 ཐོན་ལས་གསུམ་པ།   
7   འགྲིམ་འགྲུལ་སྐྱེལ་འདྲེན། 
8   སྤྱི་ཚོགས་ལས་རིགས།           
8.1  སློབ་གསོའི་བྱ་གཞག     
8.2 རིག་གནས་ལས་དོན།     
8.3 འཕྲོད་བསྟེན་ལས་རིགས།         
8.4 ངལ་རྩོལ་ལས་རིགས།          
8.5 སྤྱི་ཚོགས་འགན་སྲུང་།     
8.6 སྤྱི་ཚོགས་ཕན་བདེ།    
9   ལོ་རྒྱུས་རིག་གནས། 
10   མི་སྣ་གྲགས་ཅན།     
11   གཟི་བརྗིད་མཚན་སྙན།   
1 ​ལོ་རྒྱུས་ཀྱི་འཕེལ་རིམ།    

ཙུའོ་ཡུན་རྫོང་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རྒྱལ་ནང་གི་ལོ་རྒྱུས་རིག་པའི་ཆེད་མཁས་པའི་བརྟག་དཔྱད་བྱས་པར་གཞིགས་ན། ལོ་ཁྲི10ཡི་གོང་མིའི་རིགས་སྐྱེ་འཕེལ་བྱུང་ཡོད་པ་ཤེས།      

ཧྲང་ཀྲོའུ་དུས་སྐབས་སུ་ཅི་ཀྲོའུ་བྱང་རྒྱུད་དུ་གཏོགས།      

ཁྲུན་ཆིའུ་དུས་སྐབས་སུ་པེ་ཏི་འབྲོག་ས་ཡིན་ཞིང་མིང་ལ་པེ་དབྱང་ཟེར། ཀྲན་གོའི་དུས་སུ་ཀྲའོ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་ཤིང་ཝུའུ་ཀྲོའུ་སའེ་བཙུགས།      

ཆིན་རྒྱལ་རབས་སྐབས་སུ་ཡན་མོན་ཅུན་དུ་གཏོགས། ཧན་རྒྱལ་རབས་ཀྱི་སྐབས་སུ་རྫོང་བཙུགས་ནས་ཝུའུ་ཀྲོའུ་རྫོང་དུ་བསྒྱུར།      

ཝེ་བྱང་མའི་དུས་སུ་ཧོང་ཀྲོའུ(དེང་གི་ཏ་ཐུང)རུ་གཏོགས་ཤིང་། དེ་ནི་རྒྱལ་ས་ཕིང་ཁྲེང་གི་མངའ་ཁོངས་ཡིན། ཀྲོའུ་རྒྱལ་རབས་བྱང་མའི་དུས་སུ་པེ་ཧྲུའོ་ཀྲོའུ་ཡི་ཁོངས་སུ་གཏོགས།           

ཐང་རྒྱལ་རབས་ཀྱི་ཀྲེན་ཀོན་ཁྲི་ལོ་བཅུ་བཞི་པར(སྤྱི་ལོ640ལོར)ཀུའུ་ཡུན་ནེ་རྫོང་དུ་ཏིང་ཞང་རྫོང་བཙུགས་ཤིང་ཅན་ཡུན་ཀྲོའུ་ཡིས་བསྐྱངས། 

རྒྱལ་རབས་ལྔའི་དུས་སྐབས་སུ་ཐང་རྒྱལ་རབས་ཕྱི་མ་ལ་གཏོགས། 

ཡོན་རྒྱལ་རབས་ཀྱི་སྐབས་སུ་ཀྲུང་ཧྲུའུ་ཞིང་ཆེན་གྱི་ཧོ་ཏུང་ཧྲན་ཞི་ལམ་གྱི་ཏ་ཐུང་ལུའུ་དུ་གཏོགས།      

མིང་རྒྱལ་རབས་ཀྱི་ཡུང་ལེ་ཁྲི་ལོ་དང་པོ(སྤྱི་ལོ1403ལོ)ཏ་ཐུང་ཙའོ་ཝེ་སུ་བཞག           

ཀྲུང་ཧྭ་མིན་གོའི་སྲིད་ལོ་བཅུ་དྲུག་པ(སྤྱི་ལོ1927ལོར)མེད་པར་གྱུར་རྗེས་ཧྲན་ཞི་ཞིང་ཆེན་གྱི་ཐད་གཏོགས་སུ་གྱུར།      

འཇའ་འགོག་དམག་འཁྲུག་གི་སྐབས་སུ་སྔ་རྗེས་སུ་ཏ་ཧོའེ་དང་ཡས་མས་ལིའང་། ཏ་ཧྥེང་ལིའང་བཅས་མཉམ་འབྲེལ་གྱིས་འཇའ་འགོག་རྫོང་སྲིད་གཞུང་དང་ལི་ཅིན་སུའེ་མཐའ་ཁུལ་གྱི་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་བཅུ་གཅིག་པ་བཅས་བཙུགས།     

ཀྲུང་ཧྭ་མིན་གོའི་སྲིད་ལོ་ཉེར་དགུ་པ(སྤྱི་ལོ1940ལོར)རྫོང་དང་མཉམ་འབྲེལ་གྱིས་ཕྱིར་འཐེན་བྱས་ཏེ་ཙུའོ་ཡུན་རྫོང་གི་འཛུགས་སྐྲུན་བསྐྱར་གསོ་བྱས་ཤིང་། ཧྲན་ཞིའི་ནུབ་རྒྱུད་ས་ཁུལ་གྱི་ཀྲོན་ཧྲུའུ་བཅུ་གཅིག་པའི་ཁོངས་སུ་གཏོགས་པར་བྱས།

ཀྲུང་ཧྭ་མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པ་སྤྱི་ལོ1945ལོའི་ཟླ9པར་ཙུའོ་ཡུན་རྫོང་བཅིངས་འགྲོལ་བཏང་ཞིང་ཅིན་སུའེ་ཀྲོན་ཡོན་ཀུང་ཧྲུའུ་ལྔ་པའི་ཁོངས་སུ་གཏོགས།           

སྤྱི་ལོ1952ལོའི་ཟླ11པར་ཁྲ་ཧར་ཞིང་ཆེན་མེད་པར་བཟོས་པ་དང་ཧྲན་ཞི་ཞིང་ཆེན་གྱི་ཡན་པེ་ཆུས་སུ་གཏོགས།      

སྤྱི་ལོ1993ལོར་ཡན་པེ་ས་ཁུལ་དང་ཏ་ཐུང་གྲོང་ཁྱེར་གཉིས་ཟླ་སྒྲིལ་བཏང་ཞིང་ཙུའོ་ཡུན་རྫོང་ནི་ཏ་ཐུང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།      

2 སྲིད་འཛིན་ས་ཁོངས།      
2_1 དབྱེ་མཚམས་འཕེལ་རིམ།         

སྤྱི་ལོ2001ལོར་ཡུལ་ཚོ་དང་གྲོང་རྡལ9དང་སྲིད་འཛིན་གྲོང་ཚོ233ཡོད་ཅིང་། དེའི་ནང་དུ་ཝེ་ལུའུ་ཡུལ་ཚོའི་སྲིད་འཛིན་ས་ཁོངས་དེ་ཀོན་ཅ་པའོ་ཡུལ་ཚོ་དང་ཁྲེན་ཅ་ཐའོ་ཡུལ་ཚོ། ཧན་དབྱི་ཐ་ཡུལ་ཚོ་ཟླ་སྒྲིལ་བཏང་ཞིང་། དབྱང་ཆན་པའོ་ཡུལ་ཚོའི་སྲིད་འཛིན་ས་ཁོངས་དེ་ཀྲང་ཅ་ཡུལ་ཚོ་དང་སོན་ཙི་ཧོ་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་།

2_2 ཞིབ་ཕྲའི་དབྱེ་ཚུལ།  

སྤྱི་ལོ2018ལོ་བར་ཙུའོ་ཡུན་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ3དང་ཡུལ་ཚོ6ཡོད། ཙའོ་ཡུན་རྫོང་མི་དམངས་སྲིད་གཞུང་ཡུན་ཞིན་གྲོང་རྡལ་ནུབ་ཀྱི་སྲང་ལམ་ཨང119པ་རུ་གནས།   

དབྱེ་ཚུལ་བསྡོམས་རྩིས་ཀྱི་ཚབ་ཨང་། མིང་།
 14026100000   ཡུན་ཞན་གྲོང་རྡལ།
140226101000  ཆའེ་ཨར་ཧྲན་གྲོང་རྡལ།

140226102000

ཏེན་ཝན་གྲོང་རྡལ།

140226200000

ཀོན་ཅ་པའོ་ཡུལ་ཚོ།

14022620100

  ཀྲང་ཅ་ཁྲང་ཡུལ་ཚོ།  

140226205000

 སན་ཐུན་ཡུལ་ཚོ། 
14026206000     མ་ཏའོ་ཐོའུ་ཡུལ་ཚོ། 
 14026207000   ཞའོ་ཅིན་ཀྲོང་ཡུལ་ཚོ། 
    14026209000  ཧྲུའེ་ཡའོ་ཡུལ་ཚོ།
3 ས་ཁམས་ཁོར་ཡུག  
3_1 གནས་ཡུལ།    

ཙུའོ་ཡུན་རྫོང་ནི་ཧྲན་ཞི་ཞིང་ཆེན་ཏ་ཐུང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་སའེ་པེ་མཐོ་སྒང་དུ་གནས། ཤར་ངོས་ཏ་ཐུང་དང་ནུབ་ངོས་ཡིའུ་ཡུས། ལྷོ་ངོས་ཧྲུའོ་ཀྲོའུ། བྱང་ངོས་ཐའོ་ཧུའུ་གྲོང་ཁྱེར་བཅས་ལ་འབྲེལ་ཞིང་། བྱང་གི་འཕྲེད་ཐིག39°44—40°15དང་ཤར་ཕྱོགས་ཀྱི་གཞུང་ཐིག112°34—112°59བར་དུ་གནས། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1314ཟིན། ཙུའོ་ཡུན་རྫོང་ནས་ཤར་ཕྱོགས་ཏ་ཐུང་གྲོང་ཁུལ་བར་སྟོང་སྨི54ཡོད་པ་དང་ལྷོ་ཕྱོགས་སུ་ཡོད་པའི་ཞིང་ཆེན་གྱི་ལྟེ་གནས་ནས་ཐའེ་ཡོན་གྲོང་ཁྱེར་བར་སྟོང་སྨི323 ཤར་ངོས་ནས་རྒྱལ་ས་པེ་ཅིན་དང་བར་ཐག་སྟོང་སྨི435 ནུབ་བྱང་ནས་ནང་སོག་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་གྲོང་ཁྱེར་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དང་བར་ཐག་སྟོང་སྨི173བཅས་ཡོད།         

3_2 ས་དབྱིབས།    

ཙུའོ་ཡུན་རྫོང་གི་ས་ཁོངས་ནང་ས་བབ་མཐོ་ལ་འབར་འབུར་མང་ཞིང་དང་ས་བབ་མཐོ་ཚད་སྨི1020ནས2013.4བར་ཡིན། དེ་ནི་ཧྲན་ཞི་ཞིང་ཆེན་གྱི་ཆ་སྙོམས་ས་བབ་ཅུང་མཐོ་བའི་ས་ཁུལ་གྱི་གྲས་ཤིག་དང་། ནུབ་བྱང་རྒྱུད་ཀྱི་རི་བོ་མཐོ་ཤོས་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2013.4ཟིན། དམའ་ཤོས་ལ་སྨི1020ཡོད་ཅིང་དེ་ནི་ཧྲི་ལི་ཆུ་བོའི་འབབ་རྒྱུད་ཙུའོ་ཡུན་རྫོང་དང་ཏ་ཐུང་གྲོང་ཁྱེར་གྱི་ལྷོ་ཁུལ་གྱི་འབྲེལ་མཚམས་སུ་གནས། མངའ་ཁོངས་ཡོངས་སུ་རི་མང་ཞིང་དབུས་རྒྱུད་རི་མ་ཐང་ཡིན། ས་བབ་ཅུང་རྙོག་འཛིང་ཆེ་ཞིང་བདེ་ཐང་དང་རི་མ་ཐང་ཉུང་། ཆུ་ཀླུང་གི་ས་རིམ་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ314.1ཡོད་པ་དེས་སྤྱིའི་རྒྱ་ཁྱོན་གྱི23.9%ཟིན་པ་དང་། རི་ཁུལ་དང་རི་མ་ཐང་གི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1000.1ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི76.1%བཟུང་ཡོད། ས་གཤིས་གྲུབ་ཚུལ་དང་དུས་ཡུན་རིང་པོའི་ཕྱི་ཤུགས་ཀྱི་ནུས་པའི་རྐྱེན་གྱིས་ནུབ་བྱང་དང་ཤར་ལྷོ་མཐོ་ཞིང་བར་དང་ལྷོ་ནུབ་ཀྱི་ས་བབ་དམའ་བའི་ཁྱད་ཆོས་ཡོད།   

3_3 ནམ་ཟླའི་ཁྱད་ཆོས།     

ཙུའོ་ཡུན་རྫོང་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞིར་གསལ་ཞིང་དཔྱིད་ཀར་ཐན་པ་ཆེ་ཞིང་རླུང་བུ་མང་། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་མང་། སྟོན་དུས་བརླན་གཤེར་ཆེ་ལ་ཚ་བ་ཆེ་བ། དགུན་དུས་གྲང་ངར་ཆེ་ལ་ཁ་བ་ཉུང་། ལོ་ལྟར་གནམ་གཤིས་ཀྱི་ཟིན་ཐོ་བཀོད་པ་ལྟར་ན། ལོ་རེའི་ཆ་སྙོམས་དྲོད་ཚད6.1℃ཡིན་པ་དང་དྲོད་ཚད་ཧ་ཅང་དམའ་བ29.5℃དང་དྲོད་ཚད་ཧ་ཅང་མཐོ་བ34.5℃ཡིན། ཉིན་རེའི་བརྗེ་སྤྲོད་ཧེ་བག13.0℃ཡིན། རྫོང་ཡོངས་ཀྱི་ལོ་རེའི་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི399དང་འོད་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2763.8ཟིན་པ་དང་། ལོ་ཧྲིལ་པོར་ཉི་མའི་འགྱེད་འཕྲོའི་བསྡོམས་འབོར་ལི་སྨི1424དང་ས་ཆའི་དྲོད་ཚད་ཏུའུ2395.9ཟིན་ཡོད། སད་མེད་དུས་ནི་ཉིན125དང་དར་ཆགས་པའི་དུས་ཡུན་ནི་སྤྱིར་བཏང་དུ་ཟླ11པའི་ཟླ་སྟོད་ནས་ཕྱི་ལོའི་ཟླ4པའི་ཟླ་སྟོད་བར་ཡིན་ལ། ཉིན130ནས145ཡས་མས་ཡིན། 

3_4 ཆུ་དཔྱད། 

ཙུའོ་ཡུན་རྫོང་གི་ཆུ་བོ་ནི་རྨ་ཆུ་དང་ཧའེ་ཧོ་ཆུ་བོའི་ཆུ་རྒྱུན་ཆེན་པོ་གཉིས་ལ་གཏོགས་པ་དང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་སོ་སོར་སྟོང་སྨི་གྲུ་བཞི་མ78དང་སྟོང་སྨི་གྲུ་བཞི་མ1236ཡོད། ཆུ་བོ་གཙོ་བོར་ལེ་དབར་བཅུ་དང་ཡོན་ཙི་གཙང་པོ། ཚང་ཐོའུ་གཙང་པོ། ཏ་ཡུས་གཙང་པོ། ཧྲན་ཅིང་གཙང་པོ་སོགས་ཁག་དྲུག་ཡོད། ཧྲི་ལི་ཧོ་ནི་ཙའོ་ཡུན་རྫོང་གི་ཆུ་བོ་གཙོ་བོ་ཞིག་ཡིན་ཞིང་། 《ཆུ་གཞུང་གི་འགྲེལ་པ》ཞེས་པར་ཝུའུ་ཀྲོའུ་ཁྲོན་ཧྲུའེ་དང《ཧྲན་ཞིའི་ལོ་རྒྱུས་ཆེ་མོ》ཞེས་པར་ཞའོ་ཧྭ་ཆུ་བོ་ཟེར་ཞིང་། རྫོང་ཁོངས་སུ་ཤར་ནུབ་འཕྲེད་དུ་བཅད་དེ་ཡུལ་ཚོ་དང་གྲོང་རྡལ6ལ་བཞུར། མངའ་ཁོངས་ཀྱི་སྤྱིའི་རིང་ཚད་སྟོང་སྨི46དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ931ཡོད།       

4 རང་བྱུང་ཐོན་ཁུངས།          

ཙུའོ་ཡུན་རྫོང་གི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི4800ཟིན་པའི་ནང་ས་འོག་ཆུའི་ཐོན་ཁུངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི3991ཟིན་པ་དང་སྔོག་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི2000ཟིན། བེད་སྤྱོད་ཐུབ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི3266ཟིན། མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ225ལས་ཟིན་མེད་པ་དེས་རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་གྱི་བཅུ་ཆ་གཅིག་བཟུང་ཡོད།     

4_1 ས་ཞིང་ཐོན་ཁུངས།     

ཙུའོ་ཡུན་རྫོང་གི་ས་ཞིང་རྒྱ་ཁྱོན་བསྡོམས་འབོར་མུའུ་ཁྲི196.1912ཟིན་པ་དང་མི་རེར་ཆ་སྙོམས་མུའུ13.16ཟིན་པའི་ནང་ཞིང་ལས་མི་འབོར་མི་རེའི་ཆ་སྙོམས་རྨོ་ཞིང་མུའུ4.96ཟིན་ཡོད། རྒྱལ་ཡོངས་དང་ཞིང་ཆེན། ཏ་ཐུང་གྲོང་ཁྱེར་བཅས་ཀྱི་མི་རེའི་ཆ་སྙོམས་ཆུ་ཚད་ལས་མཐོ།      

4_2 རྩི་ཤིང་ཐོན་ཁུངས།        

ཤིང་རིགས་རྩི་ཤིང་ལ་སོན་རྗེན་རྩི་ཤིང་དང་ཕོ་ཁེབས་རྩི་ཤིང་གཉིས་ཡོད་པ་དང་། སུང་དང་ཤུག་པ། ཧྭ་བ། ཡུས་ཡུས། དབྱང་། ལིའུ་སོགས་རིགས10དང་ཤིང་རིགས28ཡོད། ཚེར་སྡོང་དང་འཚེམ་དྲུབ། ཧོང་ཚི། ཧུའུ་ཀྲེན་ཙི། ཧྲན་ཁམ་བུ། སྐྱུ་རུ་སོགས་སྡོང་ཐུང36ཡོད། རི་སྐྱེས་རྩི་ཤིང་ནི་སྐམ་སྐྱེས་རྩྭ་རིགས་རྩི་ཤིང་གཙོ་བོ་ཡིན་ལ་གྲོ་རིགས་དང་ཕོ་ཁེབས། འབུ་ཕྲའི་རིགས་སོགས་རྩི་ཤིང་གི་གྲུབ་ཆ་མང་པོ་ལས་གྲུབ་པ་ཡིན། རང་བྱུང་རི་སྐྱེས་རྩྭ་རིགས64གཏན་འཁེལ་བྱས་ཤིང་། རིགས་300ལྷག་ཡོད། དེའི་ནང་ལྕུམ་རྩྭ་དང་ཝང་པུག སྨན་རྫས། སྲད་དཀར། སྤྱང་དུག རླུང་འགོག དབྱི་མུ། ཁྲེ་ཆན་ཙི། ཏང་ཤིན། མེ་ཏོག ཚུ་གུ། ལུག་མིག་མེ་ཏོག ཁུར་མོང་། རྒོད། རྒུ་མོང་། ཚུ་གུ། སྲུ་གུ། སྲོ་མོ་དཀར་པོ། ཚེ་གཤའ། ཆིན་ལྕེ་སོགས་སྨན་སྤྱོད་རིན་ཐང40ལྷག་ཙམ་ཡོད། ལྕུམ་རྩྭ། སྤྱང་དུག་སོགས་རྩི་ཤིང་གི་སྐྱེ་འཚར་ཁྱབ་རྒྱ་ཆེ་ལ་གྲངས་འབོར་མང་།      

4_3 སྲོག་ཆགས་ཐོན་ཁུངས།      

ཙུའོ་ཡུན་རྫོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ཉ་དང་འབུ་སྲིན་བཅས་རིགས7ཡོད་པ་དང་། དེ་ལས་སྣ་ཁ150ལྷག་ཙམ་དང་དེའི་ནང་འབུ་སྲིན་རིགས་མང་ཤོས་ཡིན། ཙུའོ་ཡུན་རྫོང་དུ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། རྩད་ཆོད་པའི་གཏེར་ཁའི་ཐོན་ཁུངས་ནང་རྡོ་སོལ་དང་ས་མྱག  ཀའོ་ལིང་ས། རྡོ་ཐལ་བྲག་རྡོ། འཕྱོ་རྡོ། ཞོན་ཝུའུ་བྲག་རྡོ། ཡུན་མུའུ་སོགས་ཡོད་པ་དང་ལྷག་པར་དུ་རྡོ་སོལ་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཡིན། རྫོང་ཡོངས་སུ་རྡོ་སོལ་འདུས་ཚད་སྟོང་སྨི་གྲུ་བཞི་མ754ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི58.3%བཟུང་། རྡོ་སོལ་ཐོན་ཁུངས་གསོག་ཚད་ཏུན་དུང་ཕྱུར181ཟིན་པ་བཅས་ནི་རྒྱལ་ཡོངས་ཀྱི་སྤུས་ལེགས་སྒུལ་ཤུགས་རྡོ་སོལ་རྟེན་གཞི་རྫོང་ཞིག་ཡིན་པ་དང་ས་ཁོངས་སུ་རྡོ་སོལ་གཏེར་ཁ་ཁྱོན31ཡོད།      

5 མི་གྲངས།   

སྤྱི་ལོ2018ལོའི་ལོ་མཇུག་བར་ཙུའོ་ཡུན་རྫོང་གི་མི་འབོར་བསྡོམས་འབོར་ཁྲི13.8772ཟིན་པ་དེ་ལོ་སྔོན་མ་ལས0.84%མར་ཆག་ཡོད། དེའི་ནང་བུད་མེད་མི་འབོར68494ཡོད་པ་དེས་སྤྱིའི་མི་འབོར་གྱི་བསྡུར་ཚད་ཀྱི49.3%དང་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར40838ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་གྲངས་ཀྱི29.4%བཟུང་། གྲོང་གསེབ་ཀྱི་མི་འབོར97934ཡོད་པ་དེས་རྫོང་ཡོངས་ཀྱི་མི་འབོར་བསྡུར་ཚད་ཀྱི70.6%བཟུང་། རྫོང་ཡོངས་ཀྱི་མི་འབོར1%ལ་དཔེ་འཐེན་བརྟག་དཔྱད་བྱས་པ་ལས་མངོན་པར། རྫོང་ཡོངས་ཀྱི་མི་འབོར་སྐྱེ་ཚད8.92‰དང་ཤི་ཚད4.50 མི་འབོར་རང་ཤུགས་སུ་འཕར་ཚད4.426% རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད49.91%ཟིན་པ་དང་དཔེ་འདེམས་ཚོད་རྩིས་རྒྱུན་སྡོད་མི་འབོར་ཁྲི16.2801ཟིན།      

6 དཔལ་འབྱོར།      

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར53.0293ཟིན་པ་དེ་ལོ་སྔོན་མ་ལས11.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར2.6078ཟིན་ནས7.7%ཆག་པ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད4.9%བཟུང་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར22.9836ཟིན་ནས14.1%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད43.4%བཟུང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར27.4379ཟིན་ནས11.7%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད51.7%ཟིན་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར32654ཟིན།      

གཏན་འཇགས་རྒྱུ་ནོར་མ་དངུལ། 

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད16.04%འཕར།

ནོར་ཁྲལ།      

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་སྤྱིར་བཏང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10.0995ཟིན་ནས55.6%འཕར། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར6.5929ཟིན་ནས36.7%འཕར་ཡོད། དེའི་ནང་གནས་ཐང་འཕར་ཁྲལ་དང་ཁེ་ལས་ཀྱི་ཐོབ་ཁྲལ། མི་སྒེར་གྱི་ཐོབ་ཁྲལ། ཐོན་ཁུངས་ཀྱི་དཔྱ་ཁྲལ། གྲོང་ཁྱེར་འཛུགས་སྐྲུན་གྱི་དཔྱ་ཁྲལ་བཅས་ཁྲལ་འབབ་ཁྱོན་བསྡོམས་སྒོར་དུང་ཕྱུར5.0063ལེགས་གྲུབ་བྱུང་ཡོད། སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར19.6434ཡིན་པས45.3%འཕར་ཡོད། དེའི་ནང་ཞིང་ནགས་ཆུ་གསུམ་གྱི་གཏོང་སྒོ་སྒོར་དུང་ཕྱུར2.161ཟིན། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར2.0008དང་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཏོང་སྒོ་སྒོར་ཁྲི8930ཟིན། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར2.296བཅས་ཟིན་ཡོད།      

མི་དམངས་ཀྱི་འཚོ་བ།    

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར27542ཟིན་ནས6.6%འཕར་བ་དང་། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12425ཟིན་ནས8.9%འཕར་ཡོད། ལོ་ཧྲིལ་པོར་ལས་གཉེར་མི་སྣའི་ཆ་སྙོམས་གླ་ཕོགས་སྒོར57898ཟིན།      

6_1 ཐོན་ལས་དང་པོ།   

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5.2893ཟིན་ནས8.9%ཆག་ཡོད། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.6947ཟིན་ནས7.68%མར་ཆག་ཡོད། དེའི་ནང་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི9163.8ཟིན་ནས2.02%ཆག་པ་དང་། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི2306.8ཟིན་ནས11.28%འཕར། འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.4608ཟིན་ནས16.12%ཆག་པ་དང་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི869ཟིན་ནས7.28%འཕར། 

འདེབས་འཛུགས་ལས་རིགས།    

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་ཞིང་ལས་སྐྱེ་དངོས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང27973.8ཟིན་པ་དེ་ལོ་སྔོན་མ་ལས་སྤྱི་ཆིང1723.2འཕར། དེའི་ནང་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང21542.1ཟིན་ནས་སྤྱི་ཆིང844མང་དུ་ཕྱིན་པ་དང་། སྣུམ་རྒྱུ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང4166.9ཟིན་ནས་སྤྱི་ཆིང317.6མང་དུ་ཕྱིན་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་ཏུན32809.9ཟིན་ནས6.5%འཕར། སྣུམ་རྒྱུ་ཐོན་ཚད་ཏུན3790.9ཟིན་ནས18.9%འཕར།      

ནགས་ལས།    

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང1017ཟིན་པ་དང་སྡོང་རྐང་ཁྲི65བཙུགས་ཤིང་སྨྱུག་གསོ་སྤྱི་ཆིང500བཅས་ཟིན།

ཕྱུགས་ལས།     

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་ཕག་དང་ནོར་ལུག་གི་ཤའི་ཐོན་ཚད་བསྡོམས་འབོར་ཏུན7295ཟིན་ནས27.8%ཆག་ཡོད། དེའི་ནང་ཕག་ཤའི་ཐོན་ཚད་ཏུན1902ཟིན་ནས17.8%ཆག་པ་དང་། ཚགས་ཤ་ཐོན་ཚད་ཏུན830ཟིན་ནས5%ཆག ལུག་ཤའི་ཐོན་ཚད་ཏུན4563ཟིན་ནས34%ཆག་ཡོད། ལོ་མཇུག་ཏུ་ཕག་པ17565ཡོད་པ་དང་ལུག114593ཡོད་པ་དང་མགོ་གྲངས256678ཡོད། འོ་མའི་ཐོན་ཚད་ཏུན3985ཟིན་ནས་བརྒྱ་ཆ12འཕར་ཡོད། བྱ་རིགས་ཀྱི་སྒོ་ང་ཐོན་ཚད་ཏུན1107ཟིན་ནས5.2%ཆག     

ཐོན་སྐྱེད་ཆ་རྐྱེན།      

སྤྱི་ལོ2018ལོའི་ལོ་མཇུག་བར་ཙུའོ་ཡུན་རྫོང་གི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི7.8ཟིན་ནས2.6%འཕར་བ་དང་རྫས་ལུད་ཏུན6245.84བེད་སྤྱོད་བྱས། འགྱིག་ཤོག་ཏུན77.27ཟིན།      

6_2 ཐོན་ལས་གཉིས་པ།   

བཟོ་ལས།

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས18ཡོད་པ་དང་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར13.9662ཟིན་ནས20.9%འཕར་ཡོད། རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རྡོ་སོལ་གཏེར་ཁུངས་ཀྱི་མ་བཅོས་རྡོ་སོལ་ཏུན་ཁྲི1044.6ཐོན་སྐྱེད་བྱས་པ་དེ28.87%འཕར། གཞི་ཁྱོན་ལྡན་པའི་ཁེ་ལས་ཀྱི་གློག་འདོན་ཚད་སྟོང་ཝ་ཁྲི76260ཟིན་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར41.4038བྱུང་ནས18.76%འཕར་ཡོད། དེའི་ནང་རྡོ་སོལ་བཟོ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར34.9361ཟིན་ནས27.6%འཕར། གློག་ཤུགས་བཟོ་ལས་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར6.1806ཟིན་ནས11.8%ཆག་ཡོད། ལོ་ཧྲིལ་པོར་ཚད་ལོན་ཡན་གྱི་བཟོ་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར8.3651བྱུང་ཞིང་བརྒྱ་ཆ82.75འཕར། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར8.3651ཟིན་ནས82.8%འཕར།      

བཟོ་སྐྲུན་ལས་རིགས།     

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.8182ཟིན་ནས4.4%འཕར།      

6_3 ཐོན་ལས་གསུམ་པ།   

རྒྱལ་ནང་དཔལ་འབྱོར།     

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར26.7088ཟིན་ནས9.0%འཕར་ཡོད། གཉེར་སྐྱོང་བྱ་ཡུལ་གྱི་བསྡོམས་རྩིས་ལ་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར15.8377ཟིན་ནས8.4%འཕར་བ་དང་། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར10.8711ཟིན་ནས9.9%འཕར་ཡོད། འཛད་སྤྱོད་རྣམ་པའི་བསྡོམས་རྩིས་ལྟར་ན། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར1.3460ཟིན་ནས24.6%འཕར་བ་དང་ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར25.3628ཟིན་ནས8.3%འཕར།      

ས་ཁང་བདག་ཁོངས་ཐོན་ལས།      

སྤྱི་ལོ2017ལོར་ཙུའོ་ཡུན་རྫོང་གི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར2.2952བཏང་ན་གསར་དུ་ལས་འགོ་བཙུགས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ20153ཟིན།      

སྦྲག་ཏར་འཕྲིན་གཏོང་།     

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་སྦྲག་ཏར་ལས་སྒོའི་ཡོང་འབབ་སྒོར་ཁྲི6225.3ཟིན་ནས་8.4%ཆག་ཡོད། དེའི་ནང་སྦྲག་སྲིད་ལས་སྒོའི་ཡོང་འབབ་སྒོར་ཁྲི623.31ཟིན་ནས8.8%ཆག་པ་དང་། འཕྲིན་གཏོང་ལས་སྒོའི་ཡོང་འབབ་སྒོར་ཁྲི5602ཟིན་ནས8%ཆག ལོ་མཇུག་ཏུ་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང4696དང་སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང113357ཡོད་པ་རེད། རྫོང་དེ་ཡོངས་ཀྱི་དྲ་ཆེན་སྤྱོད་མཁན24480ཟིན། 

འགན་བཅོལ་ལས་རིགས།    

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་འགན་བཅོལ་ཀུང་སི13བར་འཕེལ་རྒྱས་ཕྱིན་ནས་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར1.0519ཟིན་པ་དང་ལོ་ཧྲིལ་པོར་སྐྱིན་ཚབ་སྒོར་ཁྲི2086སྤྲད།  

7 འགྲིམ་འགྲུལ་སྐྱེལ་འདྲེན། 

མྱུར་བགྲོད་ལམ་ཚད་སྟོང་སྨི32.64ཡོད་ཅིང་ཀོན་ཅ་པའོ་དང་ཙུའོ་ཡུན་མྱུར་བགྲོད་ཕྱིར་གཏོང་གཉིས་གཙོ་བོ་ཡིན་ཞིང་། རྒྱལ་ལམ109ཤར་ནུབ་རྫོང་ཁོངས་བརྒྱུདS210ཞིང་ཆེན་ལམ་དེ་ཙུའོ་ཡུན་རྫོང་གི་ལྷོ་བྱང་དུ་ཁྱབ་ནས་འཕྲེད་གཞུང་བསྣོལ་བའི་གཞུང་ལམ་འགྲིམ་འགྲུལ་ཞིག་ཆགས་ཡོད། གསར་དུ་བསྐྲུན་པའི་ཤིན་ཁྲེན་ལམ་ཐིག་ནི་བྱང་རྒྱུད་ཀྱི་ཡུལ་སྐོར་འགྲིམ་འགྲུལ་གྱི་ཆེད་སྤྱོད་ལམ་ཐིག་དང་རྫོང་ཁོངས་བྱང་རྒྱུད་དུ་ཁྱབ། 

སྐྱེལ་འདྲེན།    

སྤྱི་ལོ2018ལོའི་ལོ་མཇུག་བར་ཙུའོ་ཡུན་རྫོང་དུ་རིམ་པ་གཉིས་པའི་རླངས་འཁོར་འབབ་ཚིགས1དང་། རིམ་པ་བཞི་པའི་ཡུལ་ཚོ་དང་གྲོང་རྡལ་འགྲུལ་སྐྱེལ་ས་ཚིགས4 འགྲུལ་སྐྱེལ་ཁེ་ལས4བཅས་ཡོད་པ་རེད། ཁྱོན་ཞིང་ཆེན་དབར་གྱི་ལམ་ཐིག11དང་རླངས་འཁོར11ཡོད། གྲོང་ཁྱེར་དབར་གྱི་ལམ་ཐིག6དང་རླངས་འཁོར9 རྫོང་རིམ་པའི་ལམ་ཐིག7དང་རླངས་འཁོར30 ཁྱོན་ལམ་ཐིག24རླངས་འཁོར50 སྡོད་གྲངས1555བཅས་ཡོད། གྲོང་ཚོ་ཚང་མར་ལམ་ཐིག11དང་རླངས་འཁོར23སྡོད་གྲངས432བཅས་ཡོད་པ་རེད། རླངས་འཁོར་ཤར་གཏོང་ཐུབ་པའི་སྲིད་འཛིན་གྲོང་ཚོ216ཟིན་པ་དང་ལོ་ཧྲིལ་པོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི72ཟིན་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱི་ལེ་ཁྲི4176ཟིན། རྫོང་ཡོངས་ཀྱི་ཟོག་འདྲེན་ཁེ་ལས་ཆེ་གྲས1 ཐོ་འགོད་བྱས་པའི་ཟོག་འདྲེན་རླངས་འཁོར2511དང་འཐེན་འདྲེན་རླངས་འཁོར1050བཅས་ཡོད་པ་དང་། ཟོག་འདྲེན་བྱེད་ཚད་ཏུན་ཁྲི228དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་ཏུན་ཁྲི43320ཟིན།

8 སྤྱི་ཚོགས་ལས་རིགས།           
8_1  སློབ་གསོའི་བྱ་གཞག     

སྤྱི་ལོ2018ལོའི་ལོ་མཇུག་བར་ཙུའོ་ཡུན་རྫོང་གི་སློབ་གྲྭ་འབྲིང་ཆུང24དང་ཆེད་བསྐོས་དགེ་རྒན1317ཡོད་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ10797ཡོད་པའི་ནང་སློབ་ཆུང་སློབ་མ5744དང་། དམའ་རིམ་སློབ་འབྲིང་གི་སློབ་མ2477མཐོ་རིམ་སློབ་འབྲིང་སློབ་མ2576བཅས་ཡོད། བུ་བཅོལ་ཁང(ཞོར་གཏོགས་བུ་བཅོལ་ཁང་ཚུད་མེད)6ཡོད་པ་དང་བུ་བཅོལ་ཁང་དུ་བྱིས་པ2786ཡོད་པ།      

8_2 རིག་གནས་ལས་དོན།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཙུའོ་ཡུན་རྫོང་དུ་རིག་གནས་ཁང1དང་ཕྱོགས་བསྡུས་སྤྱི་པའི་ལུས་རྩལ་ཐང1 སྤྱི་པའི་དཔེ་མཛོད་ཁང1དང་དེ་རུ་དེབ་ཁྲི་13.99 གྲོང་གསེབ་ཀྱི་དཔེ་གཟིགས་ཁང228བཅས་ཡོད། རྫོང་ཡོངས་སུ་ཚགས་པར་ཁང1དང་པར་སྐྲུན་ཚགས་པར33ཡོད། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར17.157ཟིན་པ་དེ་ལོ་སྔོན་མ་ལས29%འཕར། སྣེ་ལེན་ཞུ་མཁན་མི་ཐེངས་ཁྲི215ཟིན་པ་དེ་ལོ་སྔོན་མ་ལས38.8%འཕར། 

8_3 འཕྲོད་བསྟེན་ལས་རིགས།         

སྤྱི་ལོ2018ལོའི་ལོ་མཇུག་བར་ཙུའོ་ཡུན་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི(སྨན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཚུད་པ)247དང་ཉལ་ཁྲི521ཡོད། མ་བུ་བདེ་སྲུང་སྨན་ཁང1 རྫོང་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞིར་འཕྲོད་བསྟེན་ལག་རྩལ་མི་སྣ341ཡོད། 

8_4 ངལ་རྩོལ་ལས་རིགས།          

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་མི1147གསར་དུ་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆ3ཟིན། ལས་གཏོད་ཀྱིས་མི380ལས་ཞུགས་ལ་སྐུལ་ཁྲིད་བྱས་ཤིང་། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི180ལས་ཞུགས་བྱས། ལས་ཤོར་མི་སྣ1050ལས་ཞུགས་བསྐྱར་མ་བྱས་ཤིང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི2044ལ་སྒྱུར་བཅོས་བྱས།

8_5 སྤྱི་ཚོགས་འགན་སྲུང་།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཙུའོ་ཡུན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེ་ལས་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི10808ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན63500ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན17854ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན97663དང་ལས་ཤོར་འགན་བཅོལ་ནང་ཞུགས་མཁན8695ཟིན། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི20893དང་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི12008ཟིན།   

8_6 སྤྱི་ཚོགས་ཕན་བདེ།    

སྤྱི་ལོ2018ལོར་ཙུའོ་ཡུན་རྫོང་དུ་ཁྱོན་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང462དང་མི825ཡོད་པ་དང་རིམ་རྩིས་བྱས་ན་མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར་ཁྲི536.9སྤྲད་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང6151དང་མི11570ཡོད་པ་དང་རིམ་རྩིས་བྱས་ན་མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར་ཁྲི1505སྤྲད་ཡོད། ལོ་ཧྲིལ་པོར་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ680ལ་བསྙེན་བཀུར་མ་དངུལ་སྒོར་ཁྲི347.8སྤྲད་པ་དང་ནད་གཡོག་ཁ་གསབ་དངུལ་སྒོར་ཁྲི22སྤྲད། དྭ་ཕྲུག58ལ་བསྙེན་བཀུར་དངུལ་སྒོར་ཁྲི54.3སྤྲད། 

9 ལོ་རྒྱུས་རིག་གནས། 

ཙུའོ་ཡུན་རྫོང་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རྒྱལ་ནང་གི་ལོ་རྒྱུས་རིག་པའི་བརྟག་དཔྱད་བྱས་པར་གཞིགས་ན། ལོ་ཁྲི10ཡི་གོང་མིའི་རིགས་སྐྱེ་འཕེལ་བྱུང་ཡོད་པ་ཤེས། ལོ་རྒྱུས་ཐོག་སྔ་ཕྱི་བར་གསུམ་དུ་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་ཏུ་གནས་པ་དང་མཐའ་མཚམས་དང་། པའོ། ཏུན། ཀྲའེ་སོགས་མཐའ་བསྐོར་རིག་གནས་གནའ་ཤུལ་གང་སར་ཁྱབ་ནས་ལོ་རྒྱུས་དམག་དོན་རིག་གནས་དང་། ཚོང་དོན་འཁོར་རྒྱུག་རིག་གནས། མི་རིགས་མཉམ་འདྲེས་རིག་གནས། མཐའ་མཚམས་ཀྱི་ཡུལ་སྲོལ་གོམས་གཤིས་རིག་གནས་བཅས་ཀྱི་མངོན་གསལ་དོད་པའི་ས་ཁོངས་ཤིག་ཡིན། སྤྱི་ལོ2009ལོར་ཙུའོ་ཡུན་རྫོང་ཧྲན་ཞི་ཞིང་ཆེན་གྱི་རིམ་པ་གཉིས་པའི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་དང་ལོ་རྒྱུས་རིག་གནས་སྲང་ལམ་དུ་བདམས།

10 མི་སྣ་གྲགས་ཅན།     

ཧྥན་ཅིན་ནི་ཁྲེན་ཧྭ་ཁྲི་ལོ་བཅུ་བདུན་པ་སྤྱི་ལོ1481ལོའི་ཟླ9པའི་ཚེས11ཉིན། ཧྥན་ཅིན་གྱིས་བཀའ་ལྟར་པེ་ཅིན་གྱི་ཧྲི་ཤོག་ལ་ལོག་སྟེ་ཀྲུང་ཅུན་སྲིད་གཞུང་གི་དོ་དམ་བྱེད་པའི་འགན་ཁུར་ཞིང་། ཅིན་གྱི་མཛད་རྗེས་ལ་གཞིགས་ནས་མིང་རྒྱལ་རབས་ཀྱི་གོང་མ་རྒྱལ་རབས་གསུམ་གྱི་དཔོན་གནས་འཛིན་མཁན་ཐུང་ཅིན་གྱི་རྗེས་བསྙེགས་ཏེ་ཙའོ་ཡུན་རྫོང་མཁར་གྱི་ནུབ་བྱང་དུ་སྤྱི་ལེ8ཡོད་པའི་མཚམས་སུ་ཧྥན་ཅ་མེས་པོའི་དུར་ས་ཡོད། 

ལི་ཅིན་ནི་མིང་རྒྱལ་རབས་ཀྱི་ཙུའོ་ཝེ་པ་ཡིན་པ་དང་། ཅ་ཅིན་གྱི་ལོ་འགོར་ཏ་ཐུང་ཙུའོ་ཝེ་ཀྲུང་གི་དམག་དཔོན་ཆེན་པོ་བྱས་ཏེ་ཏ་ཐུང་སྤྱི་ཁྱབ་དམག་གི་འགན་བཞེས།      

ལིའུ་ལིའང་ཙུའོ་ནི་མིན་ཙུའོ་ཝེ་ནས་ཡིན་ཞིང་ཆིན་ཧྲུན་ཀྲིར་ལོ་བཅོ་བརྒྱད་པ(སྤྱི་ལོ1661ལོར)ཅང་ནན་ཅང་ཁོངས་ཀྱི་ཨན་ཐི་ཏུའུ་དང་སྤྱི་ཁྱབ་དཔོན་པོ། སྲིད་འཚོལ་ཐད་གཏོགས་ཐི་ཏུའུ་བཅས་ཀྱི་འགན་བཞེས།    

11 གཟི་བརྗིད་མཚན་སྙན།   

རྒྱལ་ཡོངས་ཀྱི་ནགས་བཟོ་སྔོ་འགྱུར་གྱི་སྔོན་ཐོན་སྡེ་ཚན།      

རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་སྔོན་ཐོན་རྫོང་།      

རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་སྔོན་ཐོན་རྫོང་།      

རྒྱལ་ཡོངས་ལུས་རྩལ་སྔོན་ཐོན་རྫོང་།      

རྒྱལ་ཡོངས་མང་ཚོགས་ལུས་རྩལ་སྔོན་ཐོན་སྡེ་ཚན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-25

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།