ཡུས་ཡའོ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུས་ཡའོ་གྲོང་ཁྱེར།
ཡུས་ཡའོ་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་པ་དང་ཉིང་པོ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཅིང་། ཀྲུང་གོའི་ཀྲེ་ཅང་ཞིང་ཆེན་ཉིང་ཧྲའོ་བདེ་ཐང་དུ་གནས་ཡོད། དེ་ནི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྷོ་ངོས་སུ་ཆགས་ཡོད་པ་དང་། ཤར་ངོས་ཉིང་པོ་གྲོང་ཁྱེར་གྱི་ཅང་པེ་ཆུས་དང་ཧའེ་ཧྲུའུ་ཆུས་དང་ཐག་ཉེ་པོ་ཡོད་ཅིང་། ལྷོ་ངོས་ཀྱི་སྔས་མགོ་སི་མིང་ཧྲན་རི་བོ་དང་། ཧྥེང་ཧྭ་དང་སུའེ་ཀྲོའུ་དང་ས་མཚམས་འབྲེལ་ཡོད། ནུབ་ཕྱོགས་སུ་ཧྲའོ་ཞིན་གྲོང་ཁྱེར་གྱི་ཧྲང་ཡུས་ཆུས། བྱང་ངོས་ནས་ཚི་ཞི་གྲོང་ཁྱེར་ཧྲང་ཡུས་ཆུས་དང་འབྲེལ་ཞིང་། ནུབ་བྱང་ནས་ཆན་ཐང་ཅང་གཙང་པོ་དང་ཧང་ཀྲོའུ་མཚོ་ཁུག་གི་ལྟེ་བའི་ཐིག་དང་ཧའེ་ཡན་རྫོང་གི་འབྲེལ་མཚམས་བཅས་སུ་སྦྲེལ་ཡོད་དོ།། ཡུས་ཡའོ་གནའ་བོའི་དུས་ནས་མི་མཛངས་ཤིང་ཡུལ་མཆོག་ཏུ་གྱུར་བ་ཡིན་ཏེ། ཡའོ་ཅང་གྲུབ་མཐའི་འབྱུང་གནས་ཡིན་ལ། ཡུས་ཧྲི་ནན་དང་ཝང་ཧྲོའུ་རེན། ཧོང་ཙུང་ཞི། ཅང་མེང་ལིན། ཡུས་ཆིའུ་ཡུས། ཧྲེན་ཅུན་ཧྲན་སོགས་ཀྱི་ཕ་ཡུལ་ཡང་ཡིན། ཡུས་ཡའོ་རིག་གནས་ནི་ཝུའུ་ཡུའེ་རིག་གནས་ཀྱི་ཁོངས་སུ་གཏོགས་པ་དང་། ཁོས་ཚོས་ ཝུའུ་སྐད་སྤྱོད་ཀྱི་ཡོད། ཡུས་ཡའོ་ཧོ་མུའུ་ཏུའུ་གནའ་ཤུལ་ནི་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
余姚市
མིང་གཞན།
姚城、姚江
ཕྱི་ཡིག་གི་མིང་།
Yuyao City
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1501ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མི་འབོར།
ཁྲི104.6(2016ལོའི་རྒྱུན་སྡོད་མི་འབོར)
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
མེ་འཁོར་ས་ཚིགས།
ཡུས་ཡའོ་མེ་འཁོར་ས་ཚིགས། ཡུས་ཡའོ་བྱང་ཚིགས།
མངའ་ཁོངས།
སྲང་ལམ6དང་གྲོང་རྡལ14ཡུལ་ཚོ1བཅས་ཡོད།
རླངས་འཁོར་ཚབ་ཨང་།
浙B
ས་ཁོངས་ཁ་པར་ཨང་རྟགས།
0574
གནམ་ཐང་།
ཉིང་པོ་ལི་ཧྲི་རྒྱལ་སྤྱིའི་གནམ་ཐང་།
སྦྲག་སྲིད་ཨང་རྟགས།
315400
ས་ཁམས་གནས་ཡུལ།
ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་གྱི་བྱང་རྒྱུད།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ5པའི་ཚེས23ཉིན། ཡུས་ཡའོ་བཅིངས་འགྲོལ་བཏང་བ་དང་། སྤྱི་ལོ1949ལོའི་རྗེས་སུ། ས་ཁོངས་ལ་འགྱུར་ལྡོག་ཐེངས་མང་བྱུང་བ་དང་། འགྱུར་ལྡོག་ཆེས་ཆེ་ཤོས་ནི་སྤྱི་ལོ1954ལོར་ཏ་ཀུའུ་ཐང་གི་བྱང་རྒྱུད་སྲིང་བལ་ཐོན་ཁུལ་དེ་ཚི་ཞི་རྫོང་དང་། ཚི་ཞི་རྫོང་གི་ནུབ་རྒྱུད་ཀྱི་འབྲུ་ཁུལ་དང་རི་ཁུལ་བཅས་ཡུས་ཡའོ་རྫོང་གི་ཁོངས་སུ་བགོས།

སྤྱི་ལོ1985ལོའི་ཟླ7པའི་ཚེས26ཉིན་རྫོང་གྲོང་ཁྱེར་དུ་བསྒྱུར་བ་དང་། ཆུས9དང་། གྲོང་རྡལ8 ཡུལ་ཚོ63བཅས་བཙུགས་ཡོད།

སྤྱིལོ2006ལོའི་ཟླ1པོའི་ཚེས1ཉིན། དེ་སྔའི་བྱང་ཤར་སྲང་ལམ་ལ་ཧྥེང་ཧྲན་སྲང་ལམ་ཞེས་མིང་བསྒྱུར་བ་དང་། ནུབ་བྱང་སྲང་ལམ་ལ་དབྱང་མིང་སྲང་ལམ་ཞེས་མིང་བསྒྱུར། ཤར་ལྷོའི་སྲང་ལམ་ལ་ལི་ཀྲོའུ་སྲང་ལམ་ཞེས་མིང་བསྒྱུར། ལྷོ་ནུབ་སྲང་ལམ་ལ་ལན་ཅང་སྲང་ལམ་ཞེས་མིང་བསྒྱུར།

སྤྱི་ལོ2012ལོར། ཁོངས་གཏོགས་སུ་དབྱང་མིང་དང་། ཧྥེང་ཧྲན། ལི་ཀྲོའུ། ལན་ཅང་། ཏི་ཐང་། ལང་ཞ་བཅས་སྲང་ལམ6དང་། ཧོང་ཅ་པུའུ་དང་། ལིན་ཧྲན། སི་མོན། ཚའོ་ཨོ་ཆུང་བ། མོ་ཧྲན། མཱ་ཐིང་། སུའོ་ཐིན། སན་ཆི་ཧྲི། ཧོ་མུའུ་ཏུའུ། ལུའུ་པུའུ། ཏ་ཡིང་། ལིའང་ལན། ཏ་ལན། སི་མིང་ཧྲན་བཅས་གྲོང་རྡལ14དང་ལུའུ་ཐིང་ཡུལ་ཚོ་བཅས་ཡོད་པ་དང་ཉིང་པོ་གྲོང་ཁྱེར་གྱི་ཚབ་བྱས་ནས་དོ་དམ་བྱེད་ཀྱི་ཡོད།

2 སྲིད་འཛིན་ཁོངས་བགོས།

ཡུས་ཡའོ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་སྲང་ལམ6དང་གྲོང་རྡལ14། ཡུལ་ཚོ1བཅས་ཡོད་དེ།

ཧྥུང་ཧྲན་སྲང་ལམ་དང་། དབྱང་མིང་སྲང་ལམ་། ལི་ཀྲོའུ་སྲང་ལམ་། ལན་ཅང་སྲང་ལམ་། ལང་ཞ་སྲང་ལམ་། ཏི་ཐང་སྲང་ལམ། ལིན་ཧྲན་གྲོང་རྡལ། སི་མོན་གྲོང་རྡལ། མ་ཆི་གྲོང་རྡལ། ཁྲུའུ་ཧྲན་གྲོང་རྡལ། ཀའོ་ཐིང་གྲོང་རྡལ། ལིའང་ནུང་གྲོང་རྡལ། ལུའུ་ཕེ་གྲོང་རྡལ། ཏ་དབྱིན་གྲོང་རྡལ། ཧོ་མུའུ་ཏུའུ་གྲོང་རྡལ། སི་མིང་ཧྲན་གྲོང་རྡལ། ཚའོ་ཨོ་གྲོང་རྡལ། ཧོང་ཅ་པུའུ་གྲོང་རྡལ། སན་ཆི་གྲོང་རྡལ། ལུའུ་ཐིང་ཡུལ་ཚོ་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 ས་ཁམས་གནས་ཡུལ།

ཡུས་ཡའོ་གྲོང་ཁྱེར་ནི་ཀྲུང་གོའི་ཀྲེ་ཅང་ཞིང་ཆེན་ཉིང་ཧྲའོ་བདེ་ཐང་དུ་གནས་པ་དང་། ཤར་གྱི་གཞུང་ཐིག་ཏུའུ120ནས121བར་དང་། བྱང་གི་འཕྲེད་ཐིག་ཏུའུ29ནས30བར་ཡོད་ཅིང་། ལྟེ་བའི་ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི 121°09′དང་བྱང་གི་འཕྲེད་ཐིག 30°30′བར་དུ་ཡོད། དེ་ནི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྷོ་ངོས་སུ་ཆགས་ཡོད་པ་དང་། ཤར་ངོས་ཉིང་པོ་གྲོང་ཁྱེར་གྱི་ཅང་པེ་ཆུས་དང་། དབྱིན་ཀྲོའུ་ཆུས་དང་འབྲེལ་ཞིང་། ལྷོ་ངོས་ཀྱི་སི་མིང་ཧྲན་དང་འབྲེལ་ནས་ཧྥེང་ཧྭ་དང་སུའེ་ཀྲོའུ་ལ་སྦྲེལ་ཡོད། ནུབ་ངོས་སུ་ཧྲའོ་ཞིན་གྲོང་ཁྱེར་གྱི་ཧྲང་ཡུས་ཆུས་དང་། བྱང་ངོས་ཀྱི་ཚི་ཞི་གྲོང་ཁྱེར། ནུབ་བྱང་ནས་ཆན་ཐང་ཅང་དང་ཧང་ཀྲོའུ་མཚོ་ཁུག་གི་དཀྱིལ་ཐིག་དང་ཧའེ་ཡན་རྫོང་གི་འབྲེལ་མཚམས་བཅས་ཡིན།

3_2 ས་དབྱིབས་རྣམ་པ།

ཡུས་ཡའོ་ནི་ཀྲེ་ཅང་ཤར་རྒྱུད་གཤོང་སའི་རི་ཁུལ་དང་ཀྲེ་ཅང་བྱང་རྒྱུད་ཀྱི་བདེ་ཐང་སྣོལ་མའི་ས་ཁུལ་ཡིན་པ་དང་། ས་བབ་ལྷོ་ཕྱོགས་མཐོ་ཞིང་བྱང་ཕྱོགས་དམའ་བ་དང་དཀྱིལ་དུ་ཅུང་རྡིབ་ཡོད། ལྷོ་རྒྱུད་ནི་སི་མིང་རི་ཁུལ་ཡིན་པ་དང་། རི་ཀླུང་འབར་འབུར་མང་ཞིང་ཆེ་ཆུང་མི་འདྲ་བའི་གཤོང་ས་དང་ལུང་གཞུང་གང་སར་ཁྱབ་པ་དང་། རི་རྩེ་མཐོ་ཤོས་ལུའུ་ཧྲན་ཤང་ཆིང་ཧུའུ་ཝན་སྒང་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི979ཡོད། དབུས་ཁུལ་གྱི་ཡའོ་ཅང་བདེ་ཐང་དང་། རི་བོ་གཞུ་དབྱིབས་ཅན་གྱི་དེའུ་འབུར་ཡོད་པས་ངོགས་གཉིས་སུ་མཛེས་རྒྱན་སྤྲས་པ་དང་། བྱང་ཕྱོགས་ནི་མཚོ་འགྲམ་གྱི་བདེ་ཐང་ཡིན། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1501ཟིན་པའི་ནང་རི་ཁུལ་དང་རི་མ་ཐང་གི་སྤྱི་ལེ་གྲུ་བཞི་མ805.09ཟིན་པ་དེས52.73%བཟུང་བ་དང་། བདེ་ཐང་གིས་སྤྱི་ལེ་གྲུ་བཞི་མ432.51ཟིན་ཅིང28.33%བཟུང་ཡོད། ཆུ་ཁོངས་ལ་སྤྱི་ལེ་གྲུ་བཞི་མ289.26ཟིན་པ་དེས18.94%བཟུང་ཡོད། ཡུས་ཡའོ་ལ་རྨོ་ཞིང་མུའུ་ཁྲི64.35དང་། ལྡུམ་ར་མུའུ་ཁྲི9.84 ནགས་ས་མུའུ་ཁྲི72.15བཅས་ཡོད། ཆུ་བོ་གཙོ་བོ་ཡའོ་ཅང་ནི་མངའ་ཁོངས་ནང་གི་སི་མིང་རི་བོའི་ཤ་ཅ་ལིན་ནས་བྱུང་བ་དང་། ནུབ་ནས་ཤར་གྱི་དབུས་རྒྱུད་བརྒྱུད་དེ་ཉིང་པོ་གྲོང་ཁྱེར་གྱི་ཡུང་ཅང་གཙང་པོར་བཞུར་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ109ཡོད་པ་དང་། མངའ་ཁོངས་ནང་གི་རྒྱུག་ཚད་སྤྱི་ལེ54དང་། ཆུ་ལག30ལྷག་ཙམ་ཡོད་པ་དང་ད་དུང་མཚེའུའི་ཆུ་ཁུངས་འཛོམས་པོ་ཡིན།

3_3 གནམ་གཤིས་ཁྱད་ཆོས།

ཡུའུ་ཡའོ་ནི་ཚ་ཁུལ་བྱང་མའི་དུས་རླུང་གི་གནམ་གཤིས་སུ་གནས་ཡོད། ཉི་འོད་རབ་ཏུ་རྒྱས་པ་དང་། ཆར་ཆུ་འབེལ་བ། དྲོ་ཞིང་བརླན་བཤེར་ཆེ་བ། དུས་བཞིར་གསལ་བ་བཅས་ཡིན། དེའི་དུས་བཞིའི་ཁྱད་ཆོས་ནི། དཔྱིད་ཀར། དྲོད་ཚད་ཇེ་མཐོར་འགྲོ་བ་དང་། སྐབས་རེར་གྲང་བ་དང་སྐབས་རེར་དྲོ་བ། ཆར་ཆུ་འབབ་ཚད་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བ་ཡིན། དབྱར་འགོར། གནམ་གཤིས་ཚ་བ་ཆེ་བ་དང་ཆར་པ་ཟིམ་ཟིམ་འབབ་པ། སྐབས་རེ་ཆར་པ་དང་དྲག་ཆར་འབབ་པ། དབྱར་གཞུང་གི་གནམ་གཤིས་ཚ་བ་ཆེ་ཞིང་སྐམ་ཤས་ཆེ་བ་དང་། སྐབས་འགར་རྒྱ་མཚོའི་རླུང་འཚུབ་བམ་ཚ་ཁུལ་རླུང་འཚུབ་ཀྱི་ཤུགས་རྐྱེན་ཐེབས་ནས་ཚ་བ་ཆེ་བ་དང་ཐན་པ་ཅུང་ཞི་ལྷོད་དུ་འགྲོ། སྟོན་ཁར། མཁའ་རླུང་གྲང་མོ་རིམ་གྱིས་ལྷོ་ཕྱོགས་སུ་འབབ་པ་དང་། སྐབས་འགར་སྟོན་ཆར་བསྟུད་མར་འབབ་པ། དྲོད་རླུང་ཅུང་ཆེ་བའི་སྐབས་སུ། མཚམས་རེར་དྲག་རླུང་ངམ་ཚ་ཁུལ་གྱི་རླུང་འཚུབ་ཡོད། དགུན་དུས་གནམ་གཤིས་དྭངས་ཤིང་གྲང་ལ་སྐམ་ཤས་ཆེ་བ་དང་། སྐབས་འགར་ཁ་བ་འབབ་པ། དཔྱིད་དུས་གྲང་ངར་ཆེ་བ་བཅས་བྱུང་ནས་གྲང་ངར་ཆེན་པོ་ཡོང་གི་ཡོད།

4 ཐོན་ཁུངས་བཤད་པ།
4_1 ཆུ་དཔྱད་ཐོན་ཁུངས།

ཡུས་ཡའོ་ཡི་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར11.3ཟིན་པ་དང་། ཆ་སྙོམས་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར11ཟིན་པ་རེད། མི་རེའི་ཆ་སྙོམས་བཟུང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1290ཟིན་པ་དང་། ཆ་སྙོམས་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར4.6ཟིན་པ་བཅས་ཀྱི་ཁྲོད་ཆུ་མཛོད་དུ་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.2ཟིན་པ་དང་དེ་བྱིངས་ས་འོག་ཆུ་ཡིན་པ་རེད།

མངའ་ཁོངས་ནང་གི་ཆུ་རྒྱུན་གཙོ་བོ18དང་ཆུ་ནུས་ཐོན་ཁུངས་ཀྱི་གསོག་ཚད་སྟོང་ཝ་ཁྲི2ཟིན་པ་དང་སྤྱི་ལོ1993ལོར་ཡུས་ཡའོ་གྲོང་ཁྱེར་གྱི་ཆུ་ཤུགས་གློག་ཁང75ཡོད་པ་རེད། འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི1.52ཟིན་པ་དང་ལོར་གློག་གཏོང་ཚད་སྟོང་ཝ་ཁྲི2900ལྷག་ཙམ་ཟིན་གྱི་ཡོད།

4_2 ས་ཆའི་ཐོན་ཁུངས།

ས་ཞིང་གི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི200.52ཟིན་པའི་ནང་རྨོ་ཞིང་མུའུ་ཁྲི77.03ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི38.4%བཟུང་བ་དང་། ནགས་ས་མུའུ་ཁྲི71.84ཡོད་པ་དེས་སྤྱིའི་རྒྱ་ཁྱོན་གྱི35.8%བཟུང་བ་རེད། ཡུལ་མིའི་སྡོད་གནས་དང་། བཟོ་གཏེར། འགྲིམ་འགྲུལ་བཅས་ལ་སྤྱོད་པའི་ས་ཆ་མུའུ་ཁྲི14.97ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི7.5%བཟུང་བ་དང་། ཆུ་ཁོངས་མུའུ་ཁྲི15.62ཡོད་པ་དེས་སྤྱིའི་རྒྱ་ཁྱོན་གྱི7.7%བཟུང་བ་དང་། ཕྱུགས་རྩྭ་མུའུ་ཁྲི0.14དང་དམིགས་བསལ་ས་ཆ(རྒྱལ་སྲུང་དང་སྐྱེད་ཚལ་སོགས)མུའུ་ཁྲི0.15བེད་སྤྱོད་བྱས་མེད་པའི་ས་ཁུལ་མུའུ་ཁྲི་10.9ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི5.6%བཟུང་ཡོད། ཡུས་ཡའོ་གྲོང་ཁྱེར་གྱི་ས་ཞིང་དང་ས་རྒྱུའི་རིགས་སྣ་ཚོགས་ཡོད་པ་དང་། བྱང་རྒྱུད་བདེ་ཐང་ནི་ཚྭ་ས་དང་མཚོ་རླབས་ས་ཡིན་པ་དང་། དབུས་རྒྱུད་ཆུ་དྲ་བདེ་ཐང་ནི་ཆུ་འབྲས་ཀྱི་ས་ཡིན་པ་དང་། ལྷོ་རྒྱུད་རི་མ་ཐང་གི་ས་རྒྱུ་ནི་ས་དམར་དང་ས་སེར་སོགས་ཡིན།

5 མི་འབོར།

སྤྱི་ལོ1949ལོར། སྤྱིའི་མི་འབོར672947ཡོད་པའི་ནང་སྐྱེས་པ349333དང་བུད་མེད323614ཡོད། སྤྱི་ལོ1954ལོའི་བར་དུ། རྫོང་མངའ་ཁོངས་ཀྱི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་ཤིང་། མི་འབོར་ལ་འགྱུར་ལྡོག་ཅུང་ཆེན་པོ་བྱུང་། ཡུས་ཡའོ་བྱང་ཕྱོགས་ཀྱི་ཧུའུ་ཧྲན་རི་བོ་དང་ཀྲོའུ་ཞང་། ཆི་ཏུང་སོགས་མི་འབོར་ཆེ་བའི་གྲོང་རྡལ་ཆེན་པོ་ཚི་ཞི་རུ་བགོས། དེའི་ཁྲོད་སྤྱི་ལོ1953ལོར་རྫོང་ཁོངས་མ་བགོས་སྔོན་དུ། དུད་ཁྱིམ170220ཡོད་པ་དང་། སྤྱིའི་མི་འབོར697788ཡོད། དེའི་ནང་སྐྱེས་པ367133དང་། བུད་མེད330655ཡོད། རྫོང་ཁོངས་དབྱེ་རྗེས་ཀྱི་སྤྱི་ལོ1954ལོར་ཁྱིམ་དུད117414བར་ཉུང་དུ་བཏང་བ་དང་། སྤྱིའི་མི་འབོར453822བར་ཉུང་དུ་བཏང་བའི་ནང་སྐྱེས་པ231449དང་། བུད་མེད222373ཡོད། རྫོང་བགོས་པའི་སྔ་རྗེས་སུ་མི་གྲངས243966བཅས་ཡོད། སྤྱི་ལོ1955ལོ་ནས་བཟུང་འཆར་ཡོད་བུ་བཙའ་དར་སྤེལ་བྱེད་འགོ་བརྩམས་པ་དང་། མི་འབོར་འཕར་ཚད་དེ་འཆར་ཡོད་བུ་བཙའི་སྲིད་ཇུས་ལག་ལེན་བསྟར་བ་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། སྤྱི་ལོ1965ལོའི་བར་མི་འབོར་602292ཟིན་པ་དང་། དུད་ཚང135790ཟིན་ཡོད། ཆ་སྙོམས་དུད་ཚང་རེར་མི་གྲངས4.38ཟིན་པ་དང་། སྤྱི་ལོ1973ལོར་མི་འབོར704641ཟིན་པ་དང་། དུད་ཚང་164363ཟིན་པ་དང་། ཆ་སྙོམས་དུད་ཚང་རེར་མི་གྲངས4.30ཟིན་ཡོད། ལོ་དེའི་ནང་མི་འབོར་ཁྲི80ལས་བརྒལ་ནས་སྤྱི་ལོ2000ལོའི་བར། མི་འབོར་ཡོངས་བཤེར་ཐེངས་ལྔ་པ་བྱས་པ་དང་ཡུས་ཡའོ་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར852719ཟིན་པ་དང་སྤྱི་ལོ2006ལོའི་ལོ་མཇུག་ཏུ་མི་འབོར་བསྡོམས་འབོར825800བར་ཉུང་དུ་ཕྱིན་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་ཏུ། གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་དུད་ཚང304897དང་ཐེམ་ཐོའི་མི་འབོར837336ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར497920ཡོད་པ་དང་། ཐེམ་ཐོའི་མི་འབོར་གྱི་ཕོ་མོའི་ཕོ་མོའི་བསྡུར་ཚད་ནི100:102.7ཡིན། ལོ18མན་གྱི་མི་འབོར103343དང་། ལོ་60ཡན་གྱི་མི་འབོར224053ཡོད། སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་སུ་མི7099སྐྱེས་པ་དང་། སྐྱེས་པའི་མི་འབོར་ཁྲོད་སྐྱེས་པ3635ཡོད་པ་དང་། བུད་མེད3464ཡོད་པ་རེད། ཕོ་མོའི་ཕོ་མོའི་བསྡུར་ཚད104.9:100ཡིན། མི་འབོར་སྐྱེ་ཚད་དང་ཤི་ཚད་སོ་སོར8.488.48‰དང 8.708.48‰ཡིན་པ་དང་། རང་བྱུང་འཕར་ཚད-0.228.48‰ཡིན་པས་ལོ་སྔོན་མ་ལས 0.698.48‰ཆག་ཡོད། སྤྱི་ལོ2017ལོའི་ལོ་མཇུག་ཏུ། གྲོང་ཁྱེར་ཡོངས་ཀྱི་འཁོར་རྒྱུག་མིའི་ཐོ་བཀོད་མི་གྲངས605208ཟིན་པའི་ནང་སྐྱེས་པ335957ཡོད། ན་སོ་དར་ལ་མ་བབས་པའི་འཁོར་རྒྱུག་མིའི་མི་གྲངས99890དང་ལོ60ཡན་གྱི་འཁོར་རྒྱུག་མིའི་མི་གྲངས12035བཅས་ཡོད་པ་རེད།

6 དཔལ་འབྱོར།

སྤྱི་ལོ2017ལོར། གྲོང་ཁྱེར་ཡོངས་སུ་ད་ཡོད་རིན་གོང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1023.23ཟིན་པ་དེ་ལོ་སྔོན་མ་ལས13.1%འཕར་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན7.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར46.07ཟིན་ནས3.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར585.67ཟིན་ནས8.0%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར391.49ཟིན་ནས7.4%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ནི4.5:57.2:38.3ཡིན། ཐེམ་ཐོའི་མི་འབོར་ལྟར་བརྩིས་ན། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར122175(ལོ་རེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ཨ་སྒོར18095ལ་ཕབ་རྩིས་བརྒྱབ་པ)ཟིན་ཡོད་པ་རེད།

7 གཟི་བརྗིད་མཚན་སྙན།

ཡུས་ཡའོ་གྲོང་ཁྱེར་ལ་སྔ་ཕྱིར། ཧྥོར་སྦི་སི་ཀྲུང་གོའི་སྐམ་ས་ཆེ་མོའི་རྫོང་རིམ་པའི་གྲོང་ཁྱེར་ཡག་ཤོས་དང་ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། ཀྲུང་གོའི་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར། ཀྲུང་གོའི་ཤེས་དཔལ་གྲོང་ཁྱེར་གྱི་མིང་འདོན། ཀྲུང་གོའི་ཆེས་བདེ་སྐྱིད་ལྡན་པའི་གྲོང་ཁྱེར། ཀྲུང་གོའི་གྲོང་ཁྱེར་གྱི་དམངས་འཚོའི་གྲུབ་འབྲས་ཀྱི་བྱ་དགའ་ཆེན་པོ།གོ་ལ་ཧྲིལ་པོའི་ལྗང་མདོག་གྲོང་ཁྱེར།ཐཱན་ཉུང་གདོང་ལེན་གྲོང་ཁྱེར་སོགས་ཀྱི་གཟི་བརྗིད་མཚན་སྙན་བཞེས་མྱོང་།  


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-20

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།