སྒྲོམ་ཚང་སྨན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒྲོམ་ཚང་སྨན་ཁང་།
སྒྲོམ་ཚང་སྨན་ཁང་གི་སྒྲིག་ཆས་དེ་སྤྱིར་བཏང་སྨན་བཅོས་སམ་ཡང་ན་ལག་རྩལ་གྱི་འགན་ལེན་ནུས་པ་མི་འདྲ་བའི་སྒྲོམ་ཚང་ལས་གྲུབ་པ་ཞིག་ཡིན་པ་དང་།དུས་རིམ་སྔ་མོའི་སྨན་བཅོས་བྱེད་པའི་སྨན་བཅོས་ནུས་པ་ལྡན་ཡོད། དེས་སྐབས་བསྟུན་རང་བཞིན་ལེགས་པ་དང་། བཀོད་སྒྲིག་མྱུར་བ། ཁོར་ཡུག་འཕྲོད་ནུས་ཆེ་བ་སོགས་ཀྱི་ལེགས་ཆ་མང་པོ་ཞིག་གིས་ཐོལ་བྱུང་གི་འཕྲལ་བསྟུན་གསོ་རིག་རོགས་སྐྱོབ་ཀྱི་ལས་འགན་དང་འཚམ་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
方舱医院
སྨན་ཁང་གི་རིགས།
ཕྱོགས་བསྡུས་སྨན་ཁང་།
སྨན་ཁང་གི་རིམ་པ།
རིམ་གསུམ་ཀ་བའི་སྨན་ཁང་།
ཁྱད་ཆོས།
འགུལ་སྐྱོད་བྱས་ཆོག་པ།
1 སྨན་ཁང་ངོ་སྤྲོད།

སྒྲོམ་ཚང་སྨན་ཁང་གི་སྒྲིག་ཆས་དེ་སྤྱིར་བཏང་སྨན་བཅོས་སམ་ཡང་ན་ལག་རྩལ་གྱི་འགན་ལེན་ནུས་པ་མི་འདྲ་བའི་སྒྲོམ་ཚང་ལས་གྲུབ་པ་ཞིག་ཡིན་པ་དང་། དུས་རིམ་སྔ་མོའི་སྨན་བཅོས་བྱེད་པའི་སྨན་བཅོས་ནུས་པ་ལྡན་ཡོད། དེས་སྐབས་བསྟུན་རང་བཞིན་ལེགས་པ་དང་། བཀོད་སྒྲིག་མྱུར་བ། ཁོར་ཡུག་འཕྲོད་ནུས་ཆེ་བ་སོགས་ཀྱི་ལེགས་ཆ་མང་པོ་ཞིག་གིས་ཐོལ་བྱུང་གི་འཕྲལ་བསྟུན་གསོ་རིག་རོགས་སྐྱོབ་ཀྱི་ལས་འགན་དང་འཚམ་ཐུབ། 

སྒྲོམ་ཚང་སྨན་ཁང་དང་ཐང་འབབ་སྐབས་བསྟུན་སྨན་ཁང་གཉིས་འདྲ་ཞིང་། འགུལ་སྐྱོད་བྱེད་པའི“ཁང་པ”བསྐྲུན་པ་དང་། ཐང་འབབ་ཆ་རྐྱེན་འོག་སྨན་བཅོས་སྒྲོམ་ཚང་དང་། ལག་རྩལ་འགན་ལེན་སྒྲོམ་ཚང་། ནད་ཁང་གི་ཚན་པ། འཚོ་བའི་འགན་ལེན་ཚན་པ་དང་དེ་བཞིན་སྐྱེལ་འདྲེན་བྱེད་ཤུགས་སོགས་གཙོ་བོར་བྱས་ཏེ་སྒྲིག་ཆས་ཆ་ཚང་ལ་བརྟེན་ནས་རྨས་མ་སྐྱོབ་བཅོས་སོགས་ཀྱི་ལས་འགན་ལེགས་སྒྲུབ་བྱེད་ཐུབ་པ་རེད། སྒྲོམ་ཚང་ནང་གི་འབུ་ཕྲ་མེད་པའི་ཚད་དེ་རིམ་གསུམ་ཀ་བའི་སྨན་ཁང་གི་ཚད་གཞིར་སླེབས་ཐུབ། 

སྤྱི་ལོ2020ལོའི་ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད22ཐོག་ཝུའུ་ཧན་གྲོང་ཁྱེར་གྱིས་ལུས་རྩལ་ཐང11བསྡུས་ནས“སྒྲོམ་ཚང་སྨན་ཁང”དུ་བསྒྱུར་ཡོད། སྤྱི་ལོ2020ལོའི་ཟླ2པའི་ཚེས3ཉིན་གྱི་དགོང་མོར། “སྒྲོམ་ཚང་སྨན་ཁང”གསུམ་ཝུའུ་ཧན་དུ་བཙུགས་པ་དང་། ཟླ2པའི་ཚེས4ཉིན་གྱི་ཞོགས་པ་བར་གནས་སྐབས་ཀྱི་ནད་ཁྲི་བརྒྱ་ཕྲག་ཁ་ཤས་བཙུགས་ཡོད། ཟླ2པའི་ཚེས8ཉིན་ཝུའུ་ཧན་མགྲོན་ཁང་གི“སྒྲོམ་ཚང་སྨན་ཁང”Bཁུལ་གྱི་སྒྲིག་བཀོད་ཁག་གྲ་སྒྲིག་བྱས་ཚར་གྲབས་ཡོད་པ་རེད། དེ་སྔོན། “སྒྲོམ་ཚང་སྨན་ཁང”Aཁུལ་སྤྱོད་འགོ་ཚུགས་ཡོད། 

སྤྱི་ལོ2020ལོའི་ཟླ2པའི་ཚེས5ཉིན་གྱི་དགོང་མོ་ཆུ་ཚོད10སྟེང་ནས་བཟུང་། ཝུའུ་ཧན་ཅིང་ཧན་ཁུལ་ལ་གཏོགས་པའི་ཝུའུ་ཧན་རྒྱལ་སྤྱིའི་འགྲན་སྟོན་ལྟེ་གནས་ཡི་སྒྲོམ་ཚང་སྨན་ཁང་དངོས་སུ་སྤྱོད་འགོ་ཚུགས།ཐོག་མའི་གསུམ་ནང་གི་སྒྲོམ་ཚང་སྨན་ཁང་གཉིས་ནི་རིམ་བཞིན་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་དང་། ཡོད་ཚད་ཏོག་གསར་གློ་ཚད་གྱི་ནད་པ་ཡང་བའི་རིགས་བསྡུ་ལེན་བྱ་རྒྱུ་ཡིན།

སྒྲོམ་ཚང་སྨན་ཁང་གི་སྒྲིག་གཞི་ནི་རྒྱུན་པར་སྨན་བཅོས་སམ་ཡང་ན་ལག་རྩལ་འགན་ལེན་གྱི་ནུས་པ་མི་འདྲ་བའི་སྒྲོམ་ཚང་རབ་དང་རིམ་པ་ལས་གྲུབ་པ་དང་། དུས་རིམ་སྔོན་མར་སྨན་བཅོས་བྱེད་པའི་སྐྱོབ་བཅོས་བྱེད་ནུས་ལྡན་ཡོད།

“ལོ་ལྔའི་འཆར་གཞི་ཨང་དགུ་བ”ནས་བཟུང་རང་རྒྱལ་གྱིས་ཐང་འབབ་རབས་དང་པོའི་སྨན་ཁང་གི་མ་ལག་ཞིབ་བཟོ་བྱེད་འགོ་ཚུགས་ཡོད། རབས་དང་བོས་སྒྲོམ་ཚང་སྨན་ཁང་གིས་རྨས་མའི་རྨས་སྐྱོན་རིགས་དབྱེ་དང་། རྨས་མ་མྱུར་སྐྱོབ། ཁྲག་རྒྱག་པ། སྨན་ཁབ་དཔྱང་པ། དབྱང་དབུགས་གཏོང་བ། ལྟ་སྐྱོང་། གློ་ཡུའི་སྦུག་འཇུག་པ། གློ་ཡུའི་གཅོད་འབྱེད་གཤགས་བཅོས། ཕོ་བ་དང་རྒྱུ་མ་མཐུད་སྦྱོར་གཤགས་བཅོས། རྐང་རུས་ཆག་ནས་མལ་འཇུག་བྱེད་པ། ལྕགས་ལེབ་ནང་གི་གཏན་འཇགས་ལག་རྩལ། སྡོད་རྩའི་གནས་མཐོ་མདུད་གཅོད་གཤགས་བཅོས་སོགས་དངོས་སུ་ལག་ལེན་གཤགས་བཅོས་བྱེད་པ་རེད།

རང་རྒྱལ་གྱི་སྒྲོམ་ཚང་སྨན་ཁང་ནི་སྔ་གཞུག་ཏུ་ཝུན་ཁྲོན་ས་འགུལ་དང་མཚོ་སྔོན་ཡུལ་ཤུལ་ས་འགུལ་བཅས་མྱུར་སྐྱོབ་ཀྱི་སྨན་བཅོས་རོགས་སྐྱོབ་ལས་འགན་ལ་ཞུགས། གནོད་འཚེ་ཕོག་ཁུལ་གྱི་ནད་གཞི་ལྕི་མོ་ཕོག་པའི་རྨས་མ་དང་ལེན་དང་། དོན་དངོས་ཀྱི་ཉེར་སྤྱོད་ཞིབ་བཤེར་བྱས་པ་བརྒྱུད་ཚབ་བྱེད་སྨན་ཁང་གི་ནུས་པ་འདོན་སྤེལ་བྱས་པ་དང་། སྒྲོམ་ཚང་སྨན་ཁང་གིས་འཁྲབ་སྟོན་ནང་ཞུགས་པ་དང་འགན་ལེན་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པའི་ཁྲོད་ཕྱོགས་ཡོངས་ནས་ཉམས་ཚོད་བླངས་ཡོད།

སྒྲོམ་ཚང་སྨན་ཁང་དང་ཐང་འབབ་སྐབས་བསྟུན་སྨན་ཁང་གཉིས་འདྲ་སྟེ། གོ་བདེ་བའི་སྒོ་ནས་བཤད་ན་“ཁང་པ་”བསྐྲུན་པ་དང་། ཐང་འབབ་ཆ་རྐྱེན་འོག་སྨན་བཅོས་སྒྲོམ་ཚང་དང་། ལག་རྩལ་འགན་སྲུང་སྒྲོམ་ཚང་། ནད་ཁང་གི་ཚན་པ། འཚོ་བའི་འགན་སྲུང་ཚན་པ། སྐྱེལ་འདྲེན་བྱེད་ཤུགས་སོགས་ལས་གྲུབ་པ་གཙོ་བོར་བྱས་ཏེ། སྒྲིག་ཆས་ཆ་ཚང་ལ་བརྟེན་ནས་རྨས་མ་སྐྱོབ་བཅོས་སོགས་ཀྱི་ལས་འགན་འགན་ལེན་བྱས་ཏེ། རང་རྒྱལ་གྱི་ཡོམ་འགོག་གནོད་སེལ་སོགས་སྤྱི་པའི་འཕྲོད་བསྟེན་འཕྲལ་བསྟུན་འགན་སྲུང་ཁྲོད་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཡོད།

སྒྲོམ་ཚང་དེའི་ནང་སྐོར་སྐྱོད་བཀྲུ་པའི་འཕྲོད་བསྟེན་སྒྲིག་བཀོད་དང་། སྨན་རྫས། འབུ་ཕྲ་མེད་པའི་དངོས་རྫས་གསོག་ཉར། ཡོ་བྱད་དུག་སེལ་དང་འབུ་ཕྲ་གསོད་པ། རྒྱུན་མཐུད་ཀྱི་གློག་ཁུངས་མཁོ་འདོན་སོགས་ཀྱི་ཆ་རྐྱེན་འཛོམས་ཡོད་པ་མ་ཟད། ད་དུང་གཤགས་བཅོས་བྱས་ཏེ་ཞིབ་བཤེར་དང་། ཚོན་བརྒལ། Xབརྟག་དཔྱད་སོགས་ཀྱི་ཞིབ་བཤེར་བྱས་ཆོག

2 སྒྲོམ་ཚང་གི་གྲུབ་ཆ།

སྒྲོམ་ཚང་སྨན་ཁང་ནང་དུ་འཁྲུད་སེལ་སྒྲོམ་ཚང་དང་། གསོག་གཉར་སྒྲོམ་ཚང་། སྨན་རྫས་སྒྲོམ་ཚང་། འབུ་ཕྲ་གསོད་པའི་སྒྲོམ་ཚང་། ཞིབ་བཤེར་སྒྲོམ་ཚང་། གཤག་བཅོས་སྒྲོམ་ཚང་། མྱུར་བསྐྱོད་སྒྲོམ་ཚང་། གློག་ཚིགས་སྒྲོམ་ཚང་བཅས་ཡོད།

མྱུར་སྐྱོབ་དང་གཤག་བཅོས། ཞིབ་བཤེར། Xབརྟ་དཔྱད་སོགས་དཔེ་དུམ་ཅན་གྱི་མ་ལག་དང་རམ་འདེགས་སྒྲིག་ཆས་མང་པོ་ཡོད།

དཔེ་དུམ་ཅན་གྱི་མ་ལག་སོ་སོ་ཁེར་རྐྱང་དུ་བཀོལ་སྤྱོད་བྱས་ཆོག་ལ་སྲུབས་མེད་འབྲེལ་མཐུད་བྱས་ནས་གཞི་ཁྱོན་ཆེ་བའི་འགུལ་སྤྱོད་སྨན་ཁང་དུ་བཙུགས་ཀྱང་ཆོག སྤྱོད་མཁན་ཕྱོགས་ཀྱི་སྒྲོམ་ཚང་ནང་གི་སྒྲིག་ཆས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་མ་ཟད། རྨས་མ་དང་ནད་པར་མགྱོགས་མྱུར་དང་ནུས་ཆེའི་སྒོ་ནས་ཐག་གཅོད་བྱེད་ཐུབ།

3 ཐང་འཐབ་སྒྲོམ་ཚང་སྨན་ཁང་།

ཐང་འཐབ་སྒྲོམ་ཚང་སྨན་ཁང་སོགས་ལ་རྒྱལ་ཁབ་ཚན་རྩལ་འཕེལ་རྒྱས་བྱ་དགའ་ཨང་གཉིས་པ་ཐོབ།

3_1 སྲོག་སྐྱོབ་སྨན་བཅོས་གཙོ་བོའི་སྟེགས་བུ། 

གསར་འགོད་པ། ཐང་འཐབ་སྒྲོམ་ཚང་སྨན་ཁང་ནི་ཐེངས་འདིའི་འཕྲོད་བསྟེན་ལས་སྒྲུབ་འགན་སྲུང་ཁྲོད་ཀྱི་གཙོ་གནད་ཅིག་ཡིན། ངོ་སྤྲོད་གསལ་བོ་ཞིག་བྱས་ན་ཆོག་གམ།

པུའུ་ཀྲང་གཞོན་པ་ཁྲེན། ཐང་འཐབ་སྒྲོམ་ཚང་སྨན་ཁང་འདི་ནི་ཐེངས་འདིའི་ཡོམ་འགོག་གནོད་སེལ་བརྒྱུད་རིམ་ཁྲོད་དུ་ཆེས་གལ་ཆེ་བའི་སྲོག་སྐྱོབ་སྨན་བཅོས་ཀྱི་སྟེགས་བུ་ཞིག་ཡིན།

གཞོགས་གཉིས་སུ་རྒྱ་བསྐྱེད་པའི་སྨི6ཡི་སྨན་བཅོས་སྒྲོམ་ཚང་འབྲེལ་མཐུད་ཁ་ཟུམ་པའི་དྲང་གནོན་མ་ལག་ཞིག་གྲུབ། དེའི་ནང་དུ། གཤག་བཅོས་སྒྲོམ་ཚང2ཡོད་པ་མ་ཟད། ད་དུང་བྱེད་ནུས་སྒྲོམ་ཚང10ཡོད། དེའི་ནང་གསེས་སུ་མྱུར་སྐྱོབ་སྒྲོམ་ཚང་དང་། Xབརྟག་དཔྱད་སྒྲོམ་ཚང་།  སྨན་ཆས་དང་འབུ་ཕྲ་གསོད་སའི་སྒྲོམ་ཚང་། ཞིབ་བཤེར་སྒྲོམ་ཚང་། འཕྲིན་གཏོང་སྒྲོམ་ཚང་། ཆུ་ཚིགས་སྒྲོམ་ཚང་། གསོག་གཉར་སྒྲོམ་ཚང་། སྨན་བཅོས་རླུང་གཟུགས་སྒྲོམ་ཚང་། གློག་འདོན་སྒྲོམ་ཚང་། འཁྲུད་སེལ་སྒྲོམ་ཚང་། དུས་མཚུངས་སུ་གཤག་བཅོས་སྟེགས་བུ4དང་། མྱུར་སྐྱོབ་སྟེགས་བུ4ནད་ཁྲི100བཅས་དུས་གཅིག་ཏུ་སྤེལ་ཆོག ཉིན་མཚན་རེར་རྨས་མ200~300བརྒྱུད་ནས་གཤག་བཅོས་བྱེད་ཚད25%དང་མྱུར་སྐྱོབ་བྱེད་ཚད10%ཡི་སྐྱོབ་བཅོས་ལས་འགན་ལེགས་སྒྲུབ་བྱེད་དགོས། དྲོད་ཚད་ཁྱབ་ཁོངས- 41℃ ~ +46℃ནང་རྒྱུན་ལྡན་གྱི་ལས་ཀ་བྱེད་ཐུབ།

ཐང་འབབ་སྒྲོམ་ཚང་སྨན་ཁང་གི་འཕྲུལ་སྒུལ་ནུས་པ་ཧ་ཅང་བཟང་། ཕྱིར་འཐེན་བྱེད་པར་ཆུ་ཚོད1.5ལས་མི་བརྒལ་བ་དང་། སྤྱི་ཡོངས་རང་འདོན་ནུས་པ་ཆེ་བའི་བྱེས་བགྲོད་ཆེད་སྤྱོད་རླངས་འཁོར་ཧྲིལ་པོ་སྒྲོམ་ཚང་གི་འཕྲུལ་སྒུལ་སྐྱེལ་འདྲེན་བྱེད་ནུས་སུ་བརྩིས་ནས་དཔྱང་འཁོར་མི་དགོས་པར་རང་འདོན་བྱེད་ཐུབ་པ་མ་ཟད། བྱེས་བགྲོད་ཀྱི་ནུས་པ་ཆེ་ཙམ་ལྡན་ཡོད། ཕྱི་རོལ་དུ་འཕྲོད་ནུས་ཆེ་བ་དང་། ཆུ་ཚུགས་ཀྱི་སྒྲོམ་ཚང་དང་གློག་འདོན་སྒྲོམ་ཚང་བཀོད་སྒྲིག་བྱས་ཡོད་པས། རང་གིས་རང་ལ་འགན་སྲུང་བྱེད་ཐུབ་པ་དང་། ཕྱི་རོལ་དུ་ལས་ཀ་བྱེད་པའི་ཁོར་ཡུག་སྣ་ཚོགས་དང་འཚམ་ཐུབ། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་བ་དང་བརྙན་ཟློས་སྒྲ་ཟློས་སྒྲིག་གཅོད་མ་ལག་དང་མཐུད་ཡོད་པས་རྒྱང་ཁྲིད་སྨན་བཅོས་ནད་དཔྱད་རླངས་འཁོར་དང་སྦྲེལ་མཐུད་བྱས་ནས་རྒྱང་ཁྲིད་སྨན་བཅོས་ནད་དཔྱད་དང་དུས་ཐོག་ཏུ་གཤགས་བཅོས་ལ་མཛུབ་ཁྲིད་བྱེད་ཐུབ་པ་རེད།

ཐང་འཐབ་སྨན་ཁང་ཡང་དུས་རྒྱུན་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དང་རང་བྱུང་གནོད་འཚེའི་སྨན་བཅོས་རོགས་སྐྱོབ་ཐད་སྤྱད་ཆོག ད་ཐེངས་ང་ཚོས་པེ་ཅིང་དམག་ཁུལ255སྨན་ཁང་ནས་མངགས་གཏོང་བྱས་པའི་ཐང་འཐབ་སྨན་ཁང་གི་ཆུ་ཚོད55བེད་སྤྱད་ནས་ལྕགས་ལམ་དང་གཞུང་ལམ་ཉིན་མཚན་མེད་པར་བསྐྱོད་དེ་ཏེ་དབྱང་གི་མན་ཀྲུའུ་རྫོང་དུ་བཀོད་སྒྲིག་བྱས་པ་དང་། ཅི་ནན་དམག་ཁུལ་གྱིས153སྨན་ཁང་ནས་མངགས་གཏོང་བྱས་པའི་ཐང་འཐབ་སྨན་ཁང་གི་བརྒྱུད་རིམ་ཧྲིལ་བོར་མོ་ཐུའོ་ཅན་གྱི་རྣམ་པའི་ཐོག་ནས་ཉིན་མཚན་ཀུན་ཏུ་བསྐྱོད་དེ་མན་དབྱང་གྲོང་ཁྱེར་དུ་བཀོད་སྒྲིག་བྱས་པ་རེད། ཐང་འཐབ་སྒྲོམ་ཚང་སྨན་ཁང་གཉིས་ཀྱིས་འཕྲལ་མར་སྐྱོབ་བཅོས་ལས་དོན་སྤེལ་ནས་ས་གནས་དེ་གའི་སྨན་བཅོས་སྒྲིག་གཞིར་གཏོར་བརླག་ཚབས་ཆེན་ཐེབས་པའི་གནས་ཚུལ་འོག་ནུས་པ་གལ་ཆེན་ཐོན་ནས་ཀླད་པའི་ཕྱི་དང་། བྲང་ཕྱི། རུས་ཆག་སོགས་རྨས་མ་ཚབས་ཆེན་གྱི་ཕྱི་ནད་གཤགས་བཅོས་བྱས་པས་རྨས་མ་འབོར་ཆེན་དུས་ཐོག་དང་ནུས་ལྡན་ངང་མྱུར་སྐྱོབ་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བསྐྱབས་པ་རེད།

4 ཁྱད་པར།

ད་ཐེངས་སི་ཁྲོན་ས་ཡོམ་གྱི་གནོད་སྐྱོན་བྱུང་བའི་ས་ཁུལ་དུ་རོགས་སྐྱོབ་བྱེད་པར་ཡོང་བའི་ཨུ་རུ་སུ། འཇར་མན། དབྱི་ཐ་ལི་བཅས་ཀྱི་སྨན་བཅོས་རུ་ཁག་ཚང་མས་ཅུང་སྔོན་ཐོན་གྱི་ཐང་འབབ་སྨན་ཁང་གི་མ་ལག་ཁྱེར་ཡོང་ཡོད། ཤེས་རྟོགས་བྱུང་གསལ་ལྟར་ན། ཨུ་རུ་སུའི་ཐང་འཐབ་སྨན་ཁང་ནི་དབུགས་སྣོན་སྦྲ་གུར་རྣམ་པའི་གྲུབ་ཆ་བཀོད་སྒྲིག་བྱས་པས་སྒྲིག་ཆས་ཅུང་སྟབས་བདེ་བ་དང་རྨང་གཞིའི་མྱུར་སྐྱོབ་ཀྱི་ཆ་རྐྱེན་གཙོ་བོ་ལྡན་ཡོད། དབྱི་ཐ་ལིའི་སྦྲ་གུར་རྣམ་པའི་ཐང་འཐབ་སྨན་ཁང་ལ་མྱུར་སྐྱོབ་སྒྲིག་ཆས་ཆ་ཚང་ཡོད་པ་དང་། རྨ་འཐུམ་སང་རས་དང་གཏན་འཇགས་རྒྱུ་ཆ་ཅུང་སྤྱོད་བདེ་བ་དང་འཁྱེར་བདེ། འཇར་མན་གྱི་སྦྲ་གུར་རྣམ་པའི་ཐང་འཐབ་སྨན་ཁང་ནི་ཉིས་བརྩེགས་ཀྱི་གྲུབ་ཆ་ཞིག་ཡིན་པ་དང་བཟོ་རྩལ་ཧ་ཅང་ཡག་པོ་ཡོད། སྤྱི་ཡོངས་ནས་བལྟས་ན། ཕྱི་རྒྱལ་གྱིས་གནོད་འཚེ་ཕོག་པའི་ས་ཁུལ་གྱི་སྦྲ་གུར་རྣམ་པའི་སྨན་ཁང་དག་ནི་རང་དམག་གི་ཐང་འཐབ་སྨན་ཁང་དང་བསྡུར་ན་སོ་སོའི་ཁྱད་ཆོས་ཡོད། སྔ་མ་སྐྱེལ་འདྲེན་སྟབས་བདེ་བ་དང་ཐང་འཐབ་སྐབས་བསྟུན་བྱེད་པར་དེ་ལས་ཀྱང་ཕན། ཕྱི་མའི་བྱེད་ནུས་དེ་བས་འཐུས་ཚང་དང་རང་ངོས་འགན་ལེན་ནུས་པ་དེ་བས་ཆེ་བ་ཡོད།

5 འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་སྒྲོམ་ཚང་སྨན་ཁང་།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་སྲིད་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣའི་བཤད་པ་ལྟར་ན། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་བྱེད་ཐབས་དེ་སྤྱད་རྗེས་ཟླ2པའི་ཚེས3ཉིན་ནས་བཟུང། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སུ་བབ་བསྟུན་གྲབས་གསོག་བྱས་པའི་སྒྲོམ་ཚང་སྨན་ཁང20མྱུར་དུ་བཀོལ་སྤྱོད་བྱས།

སྤྱི་ལོ2020ལོའི་ཟླ2པའི་ཚེས4ཉིན་ནས་བཟུང་སྒྲོམ་ཚང་སྨན་ཁང་དེ་དག་གཅིག་རྗེས་གཉིས་མཐུད་ངང་ཝུའུ་ཧན་དུ་འབྱོར་རྒྱུ་རེད།

སྤྱི་ལོ2020ལོའི་ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པར་ཤང་ཡ་སྨན་ཁང་གཉིས་པའི་སྒྲོམ་ཚང་སྨན་ཁང་གི་རླངས་འཁོར་རུ་ཁག་ཝུའུ་ཧན་ཧུང་ཧྲན་ལུས་རྩལ་ཁང་གི་རླངས་འཁོར་འཇོག་སར་འབྱོར། སྨན་ཁང་དེའི་རྒྱལ་ཁབ་མྱུར་སྐྱོབ་གསོ་རིག་རོགས་སྐྱོབ་རུ་ཁག་གི་བཀོད་འདོམས་ཚོགས་པའི་ཧྥེང་གོ་ཆང་གིས་གསར་འགོད་པར་བཤད་རྒྱུར། ད་ཐེངས་ཁོང་ཚོས་འཁྱེར་བའི་རླངས་འཁོར10ཡི་ནང་དུ་བཀོད་འདོམས་རླངས་འཁོར་དང་། སྨན་རྫས་ཡོ་བྱེད་རླངས་འཁོར། འཚོ་བའི་འགན་ལེན་རླངས་འཁོར། ནུས་རྒྱུ་འགན་ལེན་རླངས་འཁོར། དམག་སྐྱེལ་རླངས་འཁོར། ཞིབ་བཤེར་རླངས་འཁོར། སྒོ་བསྟེན་རླངས་འཁོར། གཤག་བཅོས་རླངས་འཁོར། སྒྲོམ་ཚང་རླངས་འཁོར། སྨན་བཅོས་ལག་རྩལ་རླངས་འཁོར། རང་སྒར་གྱིས་ཐང་འཐབ་ཞིབ་དཔྱེད་དང་གཤགས་བཅོས་བྱེད་ཐུབ་ལ། འདི་ཡོད་ཚད་ནི་སྨན་ཁང་ཆུང་གྲས་ཤིག་དང་མཚུངས།

ཤང་ཡ་སྨན་ཁང་གཉིས་པ་དང་འདྲ་བར་སྒྲོམ་ཚང་སྨན་ཁང20གཅིག་རྗེས་གཉིས་མཐུད་ངང་འབྱོར་བ་དང་སྨན་དོན་མི་སྣ600ལྷག་ཙམ་ཡོད་པ་རེད། གཞན་ཡང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ད་དུང་རྒྱལ་ཡོངས་ནས་སྔ་རྗེས་སུ་སྨན་གཡོག1400བསྡུས་ནས་ཝུའུ་ཧན་དུ་བསྐྱོད་པ་རེད།

སྒྲོམ་ཚང་སྨན་ཁང་དེ་དག་དང་སྨན་གཡོག་རྣམས་གཙོ་བོ་ནི་ཧུང་ཧྲན་ལུས་རྩལ་ཁང་དང་། ཝུའུ་ཧན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས། ཝུའུ་ཧན་ཚོམས་ཆེན་རིག་གནས་དངོས་མང་འགྲེམས་སྟོན་ལྟེ་གནས་བཅས་ཕྱོགས་གསུམ་ལ་གཅིག་བསྡུས་སྒོས་ནད་པ་ཡང་བའི་རིགས་བསྡུ་ལེན་ཁུལ་བྱས་པ་དང་འབྲེལ་ཡོད་ཀྱི་ནད་བརྟག་སྨན་བཅོས་ལས་དོན་གྱི་འགན་འཁུར།

6 གནས་སྐབས་ཀྱི་སྒྲོམ་ཚང་སྨན་ཁང་།

སྤྱི་ལོ2020ལོའི་ཟླ2པའི་ཚེས3ཉིན་གྱི་དགོང་མོ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ཝུའུ་ཧན་གྲོང་ཁྱེར་གྱིས་ཅང་ཧན་ཆུས་དང་། ཝུའུ་ཁྲང་ཆུས། ཏུང་ཤིས་ཧུའུ་ཆུས་བཅས་སུ“སྒྲོམ་ཚང་སྨན་ཁང”བཙུགས་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་མཁན་ལ་སྨན་བཅོས་བྱེད་རྒྱུ་ཡིན་པ་རེད།

སྒྲོམ་ཚང་སྨན་ཁང་འདི་གསུམ་ནི་ཧུང་ཧྲན་ལུས་རྩལ་ཁང་དང་། ཝུའུ་ཧན་མགྲོན་ཁང་། ཝུའུ་ཧན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་བཅས་སུ་གནས་ཡོད་པ་དང་།དེའི་ནང་དུ་ཝུའུ་ཧན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་ནད་ཁྲི1000ཡོད་པས་སྒྲོམ་ཚང་སྨན་ཁང་དུ་སྒྲིག་བཟོ་བྱེད་རྒྱུ་ཡིན་ལ། མ་འོངས་པར་ཝུའུ་ཧན་གྲོང་ཁྱེར་གྱིས་ཀོང་ཀུའུ་ཚན་རྩལ་འགྲེམས་སྟོན་ལྟེ་གནས་དང་། ཝུའུ་ཧན་ལུས་རྩལ་ལྟེ་གནས། ཝུའུ་ཧན་ཚོམས་ཆེན་རིག་གནས་དངོས་མང་འགྲེམས་སྟོན་ལྟེ་གནས་སོགས་སུ་དེ་ལས་མང་བའི་སྒྲོམ་ཚང་སྨན་ཁང་འཛུགས་སྐྲུན་བྱ་རྒྱུ་ཡིན།

སྤྱི་ལོ2020ལོའི་ཟླ2པར་ཝུའུ་ཧན་ལུས་རྩལ་ལྟེ་གནས་ཀྱིས་སྒྲོམ་ཚང་སྨན་ཁང་འཛུགས་སྐྲུན་བྱས་པ་དང་། ལྟེ་གནས་དེས་ལུས་རྩལ་ཁང་གཙོ་བོ་དང་བྱ་སྒྲོ་སྤོ་ལོའི་སྦྱོང་བརྡར་ཁང་གཉིས་ཀྱིས“སྒྲོམ་ཚང་སྨན་ཁང”བྱས་པ་རེད། ཁྱོན་ཉལ་ཁྲི1100ཤོང་བ་དང་། སྨི་གྲུ་བཞི་མ4300ཡོད་པའི་ལུས་རྩལ་ཁང་ནང་དུ་ཉལ་ཁྲི600འཇོག་པ་དང་སྨི་གྲུ་བཞི་མ3400ཡོད་པའི་སྦྱོང་བརྡར་ཁང་དུ་ཉལ་ཁྲི500འཇོག་རྒྱུ་རེད། ཝུའུ་ཧན་གསར་སྤེལ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་མི་སྣའི་བསྟན་དོན། སྒྲོམ་ཚང་སྨན་ཁང་འདི་ནིསྤྱི་ལོ2020ལོའི་ཟླ2པའི་ཚེས5ཉིན་ཆུ་ཚོད0སྟེང་དངོས་སུ་སྤྱོད་འགོ་རྩོམ་རྒྱུ་ཡིན།

སྤྱི་ལོ2020ལོའི་ཟླ2པའི་ཚེས3ཉིན་གྱི་དགོང་མོ་ཝུའུ་ཧན་གྲོང་ཁྱེར་གྱིས་མཚན་མོ་དེར་ཧུང་ཧྲན་ལུས་རྩལ་ཁང་དང་། ཝུའུ་ཧན་མགྲོན་ཁང་། ཝུའུ་ཧན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་བཅས་སུ“སྒྲོམ་ཚང་སྨན་ཁང”གསུམ་བཙུགས་པ་རེད། ཉིན་དེའི(ཟླ2པའི་ཚེས4ཉིན)ཝུའུ་ཧན་དུ“སྒྲོམ་ཚང་སྨན་ཁང”8བསྐྱར་དུ་བསྐྲུན་པ་སྟེ། ཧན་དབྱང་། ཝུའུ་ཧན་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ལྟེ་གནས་ཀྱི“སྒྲོམ་ཚང་སྨན་ཁང” དོ་དགོང་བསྐྲུན་ཟིན་པ་དང་ཉལ་ཁྲི1000ཡོད།

ཅང་འན། ཐ་ཙེ་ཧོའོ་ལུས་རྩལ་ལྟེ་གནས་དོ་དགོང་བསྐྲུན་ཟིན་པ་དང་ཉལ་ཁྲི1000ཡོད། ཆའོ་ཁུ། ཝུའུ་ཧན་ལུས་རྩལ་ཁང་དུ་ཉལ་ཁྲི300ཡོད་པ་དང་། ཧོང་ཧྲན། ཧྲི་ཕེ་ལིང་དུ་རིགས་མཐོ་བའི་ཉལ་ཁྲི800ཡོད། ཝུའུ་ཧན་གསར་སྤེལ་ཁུལ་དུ་ཝུའུ་ཧན་ལུས་རྩལ་ལྟེ་གནས་སུ་ཚེས5ཉིན་བསྐྲུན་ཟིན་ནས་ཉལ་ཁྲི1100ཟིན་པ་དང་། ཀོང་ཀུའུ་མཐོ་གསར་ཁུལ་དུ་ཝུའུ་ཧན་ཀོང་ཀུའུ་ཚན་རྩལ་འགྲེམས་སྟོན་ལྟེ་གནས་སུ་ཉལ་ཁྲི1000ཡོད་པ་དང་། ཅང་ཞ་ཆུས་སུ་ཏཱ་ཧའ་རི་བོའི་ཕྱི་རོལ་ལུས་རྩལ་ལྟེ་གནས་སུ་ཉལ་ཁྲི1000ཡོད། ཧོང་པེ་ཆུས་སུ་ཧོང་ཕི་སློབ་འབྲིང་དང་པོའི་ལུས་རྩལ་ཁང་དུ་ཉལ་ཁྲི500ཡོད་པ་སོགས་སྒྱུར་བཀོད་བྱས་རྗེས་ཉལ་ཁྲི་ཁྱོན་ཁྲི་ལྷག་ཙམ་མཁོ་འདོན་ཐུབ་རྒྱུ་རེད།

སྤྱི་ལོ2020ལོའི་ཟླ2པའི་ཚེས4ཉིན་གྱི་དགོང་མོ་བར“སྒྲོམ་ཚང་སྨན་ཁང”11བར་མང་དུ་བཏང་བ་དང་ནད་གཞི་བརྟག་དཔྱད་བྱེད་པའི་ཉལ་ཁྲི་ཁྲི་གཅིག་ལྷག་ཙམ་བར་མང་དུ་ཕྱིན་ཡོད། “སྒྲོམ་ཚང་སྨན་ཁང”11ནི་ཧུང་ཧྲན་ལུས་རྩལ་ཁང་དང་། ཝུའུ་ཧན་མགྲོན་ཁང་། ཝུའུ་ཧན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས། ཀོང་ཀུའུ་ཚན་རྩལ་འགྲེམས་ཚོགས་ལྟེ་གནས། ཝུའུ་ཧན་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ལྟེ་གནས། ཐ་ཙི་ཧོའོ་ལུས་རྩལ་ལྟེ་གནས། ཝུའུ་ཧན་ལུས་རྩལ་ཁང་། ཝུའུ་ཧན་གྲོང་ཁྱེར་ཧྲི་ཕེ་ལིང་མཐོ་རིམ་ལས་རིགས་སློབ་འབྲིང་། ཏཱ་ཧྭ་རི་བོའི་ཕྱི་རོལ་ལུས་རྩལ་ལྟེ་གནས། ཧོང་ཕིའི་སློབ་འབྲིང་དང་ཝུའུ་ཧན་ལུས་རྩལ་ལྟེ་གནས་བཅས་ཡིན་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྒྲོམ་ཚང་། སྨན་ཁང་། འཕྲོད་བསྟེན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-25

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།