ལུང་ཧྥེང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་ཧྥེང་ཆུས།
ལུང་ཧྥེང་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་ཏ་ཆིང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་པ་དང་ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་རྒྱུད་དང་ཏ་ཆིང་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཤིང་། ཏ་ཆིང་ལྟེ་བའི་གྲོང་ཁྱེར་གྱི“སྐར་མ་གསུམ”གྱི་གྲས་ཤིག་ཡིན། ལུང་ཧྥེང་ཆུས་སུ་ཁྱོན་ལུང་ཧྥེང་དང་། ཝོ་ལི་ཐུན། ཞིན་ཧྭ་བཅས་ཁུལ་གསུམ་དུ་དབྱེ་ཡོད་པ་དང་དེའི་ཁོངས་གཏོགས་སུ་གྲོང་རྡལ1དང་སྲང་ལམ5ཡོད། སྤྱི་ལོ2013ལོར་ལུང་ཧྥུང་ཆུས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ410ཟིན་པ་དང་མི་འབོར་ཁྲི20ཡོད། སྤྱི་ལོ2012ལོར། ལུང་ཧྥེང་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར137མངོན་འགྱུར་བྱུང་ཡོད། ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ཏ་ཆིང་ལུང་ཧྥུང་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དང་ལུང་ཧྥུང་སྤྱི་གླིང་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
龙凤区
ཁོངས་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིང་ཆེན་ཏ་ཆིང་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
གྲོང་རྡལ1 སྲང་ལམ5
སྲིད་གཞུང་གནས་ཡུལ།
ཏུང་ཧྥེང་ལམ་ཨང4པ།
ས་ཁོངས་ཁ་པར་ཨང་རྟགས།
0459
སྦྲག་སྲིད་ཨང་རྟགས།
163711
གནས་ཡུལ།
ཏ་ཆིང་གྲོང་ཁྱེར་ཀྱི་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ410ཡོད།
མི་གྲངས།
ཁྲི20ཡོད།(སྤྱི་ལོ2013ལོ)
གནམ་གཤིས།
དྲོད་འབྲིང་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ས་ཨེར་ཐུའུ་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཏ་ཆིང་ཤར་ཚུགས།
རླངས་འཁོར་གྱི་ཨང་རྟགས།
ཧེE
1 ​ངོ་སྤྲོད།

ལུང་ཧྥེང་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་ཏ་ཆིང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་པ་དང་ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་རྒྱུད་དང་ཏ་ཆིང་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཤིང་། ཏ་ཆིང་ལྟེ་བའི་གྲོང་ཁྱེར་གྱི“སྐར་མ་གསུམ”གྱི་གྲས་ཤིག་ཡིན། ལུང་ཧྥེང་ཆུས་སུ་ཁྱོན་ལུང་ཧྥེང་དང་། ཝོ་ལི་ཐུན། ཞིན་ཧྭ་བཅས་ཁུལ་གསུམ་དུ་དབྱེ་ཡོད་པ་དང་དེའི་ཁོངས་གཏོགས་སུ་གྲོང་རྡལ1དང་སྲང་ལམ5ཡོད། སྤྱི་ལོ2013ལོར་ལུང་ཧྥུང་ཆུས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ410ཟིན་པ་དང་མི་འབོར་ཁྲི20ཡོད། སྤྱི་ལོ2012ལོར། ལུང་ཧྥེང་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར137མངོན་འགྱུར་བྱུང་ཡོད། ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ཏ་ཆིང་ལུང་ཧྥུང་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དང་ལུང་ཧྥུང་སྤྱི་གླིང་སོགས་ཡོད། 

2 ལོ་རྒྱུས་འཕེལ་རིམ།

ལུང་ཧྥེང་ཆུས་དེ་སྔའི་ཨན་ཏ་རྫོང་གི་ཆུས་གསུམ་པར་གཏོགས་པ་དང་། དེར་མི་ཧ་ཅང་ཉུང་། སྤྱི་ལོ1960ལོར་ཏ་ཆིང་སྣུམ་ཞིང་གསར་སྤེལ་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་མི་འབོར་རིམ་བཞིན་མང་དུ་སོང་བ་དང་། སྤྱི་ལོ1960ལོའི་ཟླ6པར་ཨན་ཏ་གྲོང་ཁྱེར་དུ་ལུང་ཧྥེང་དོན་གཅོད་ཁང་བཙུགས།      སྤྱི་ལོ1961ལོའི་ཟླ7པར། ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་གནང་ནས་ཨན་ཏ་གྲོང་ཁྱེར་ལུང་ཧྥེང་ཆུས་བཙུགས་པ་དང་། སྤྱི་ལོ1965ལོར་ལུང་ཧྥེང་གྲོང་རྡལ(རྫོང་རིམ་པ)དུ་བསྒྱུར།      སྤྱི་ལོ1968ལོའི་ཟླ3པར། ཨན་ཏ་རྫོང་ལུང་ཧྥེང་ཀུང་ཧྲེའི་ཐོན་སྐྱེད་རུ་ཆེན3སོགས་ཨན་ཏ་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག་པ་དང་། ལུང་ཧྥེང་གྲོང་རྡལ་གྱི་མངའ་ཁོངས་སུ་གཏོགས།      སྤྱི་ལོ1974ལོའི་ཟླ7པའི་ཚེས2ཉིན། ཧེ་ལུང་ཅང་ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་དེ་ལུང་ཧྥེང་ཆུས་སླར་གསོ་བྱས་པ་དང་། ཨན་ཏ་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས།      སྤྱི་ལོ1979ལོའི་ཟླ12པར། ཨན་ཏ་གྲོང་ཁྱེར་ལ་ཏ་ཆིང་གྲོང་ཁྱེར་ཞེས་པར་མིང་བསྒྱུར། ཏ་ཆིང་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས།      སྤྱི་ལོ1992ལོར་ལུང་ཧྥེང་ཆུས་ནི་ཏ་ཆིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲོང་ཁྱེར་ཁོངས་གཏོགས་ཡིན།

3 སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།

སྤྱི་ལོ2017ལོའི་བར་ལུང་ཧྥུང་ཆུས་ཀྱི་ཁོངས་གཏོགས་སུ་སྡེ་ཁུལ6དང་གྲོང་རྡལ1ཡོད་པ་སྟེ། ལུང་ཧྥུང་སྡེ་ཁུལ་དང་། ཏུང་ཀོང་སྡེ་ཁུལ། ཞན་ཧྭ་སྡེ་ཁུལ། སན་ཡུང་ཧུའུ་སྡེ་ཁུལ། ཝོ་ལི་ཐུན་སྡེ་ཁུལ། ལུང་ཀྲེང་སྡེ་ཁུལ། ལུང་ཧྥུང་གྲོང་རྡལ་བཅས་ཡིན། 

4 གནས་ཡུལ།

ཧེ་ལུང་ཅང་ཞིང་ཆེན་ཏ་ཆིང་གྲོང་ཁྱེར་ལུང་ཧྥེང་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་རྒྱུད་དང་ཏ་ཆིང་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཡོད། ཤར་ཕྱོགས་སུ་ཏ་ཆིང་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དང་ཁ་སྤྲོད་དུ་གནས་ཡོད། ནུབ་ཏུ་ཏ་ཆིང་རྡོ་སྣུམ་དོ་དམ་ཅུས་ཀྱི་རྡོ་སྣུམ་སྔོག་འདོན་བཟོ་གྲྭ་གཉིས་པ་དང་བཟོ་གྲྭ་བཞི་པར་ཁྱིམ་མཚེས་ཡིན། བྱང་དུ་ཏ་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་བརྟེན་ཡོད། ལྷོ་རུ་ཨན་ཏ་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། 

5 གནམ་གཤིས།

ལུང་ཧྥེང་ཆུས་ནི་ཚ་ཁུལ་ཕལ་བའི་བར་བརྒལ་རང་བཞིན་གྱི་ས་ཁུལ་དུ་གནས་པ་དང་། དྲོད་ཁུལ་གྱི་སྐམ་སའི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་ཤིང་། དུས་བཞི་གསལ་བ་དང་། ཉི་འོད་ཕོག་ཚད་མང་བ། ཚ་ཚད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ལོ་རེའི་ཆ་སྙོམས་ཀྱི་དུས་ཚོད་ཆུ་ཚོད2821ཟིན་གྱི་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད3.2 ℃ཡིན་པ་དང་སད་མེད་དུས་ཉིན130-150ཡིན། ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི440ཡས་མས་ཡིན། 

6 རང་བྱུང་ཐོན་ཁུངས།    
6_1  གཏེར་རྫས།   

ལུང་ཧྥེང་ཆུས་ཀྱི་ས་འོག་ཏུ་རྡོ་སྣུམ་དང་། རང་བྱུང་སོལ་རླངས། ས་བུལ། ས་ཚྭ། ས་ཞོ་སོགས་རང་བྱུང་ཐོན་ཁུངས་ཡོད།      ས་ཞིང་།      ལུང་ཧྥུང་ཆུས་ཀྱི་ས་ངོས་ཀྱི་ས་ཞིང་མུའུ་ཁྲི་ཡི་སྟེང་དུ་མ་རྨོས་ལོ་ཏོག་དང་། སྲན་ཆེན། སྔོ་ཚལ་བཅས་ཐོན་གྱི་ཡོད། རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི3.6ཟིན་ཡོད། 

6_2 ཆུའི་ཐོན་ཁུངས།    

ལུང་ཧྥུང་ཆུས་ཀྱི་རང་བྱུང་ཆུ་ཁོངས་ཀྱི་རྒྱ་ཁྱོན་མུའུ་ཁྲི10ཟིན་པ། 

7 མི་གྲངས།

སྤྱི་ལོ2013ལོའི་བར་ལུང་ཧྥུང་ཆུས་ཀྱི་མི་འབོར་ཁྲི20ཟིན་ཡོད། རྒྱ་རིགས་དང་། ཧུའེ་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས་སོགས་ཡོད། 

8 དཔལ་འབྱོར།

སྤྱི་ལོ2012ལོའི་བར་ལུང་ཧྥུང་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར137ཟིན་པ་དེ་སྤྱི་ལོ2011ལོ་ལས21.5%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར82.5བཏང་བ་དེ་སྤྱི་ལོ2011ལོ་ལས62.7%འཕར་ཡོད། ཆ་ཚང་བའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར17.1དང་ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར11.4ཟིན་ཡོད། 

9 སྤྱི་ཚོགས་འགན་སྲུང་།
9_1 འཕྲོད་བསྟེན།

སྤྱི་ལོ2012ལོར་ལུང་ཧྥུང་ཆུས་སུ་འཕྲོད་བསྟེན་ཞབས་ཞུ་བྱ་ཡུལ8གསར་སྐྲུན་དང་ཉམས་བཟོ་སྒྱུར་བཀོད་བྱས་པ་དང་ལོ65ཡན་གྱི་རྒན་རྒོན་ལ་རིན་མེད་གཟུགས་པོ་བརྟག་དཔྱད་དང་གཅོང་ནད་དོ་དམ་སོགས་རིགས10ཡི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཁག་41སྤེལ་ཡོད། མངལ་མ་ཆགས་གོང་གི་ལེགས་བཙའི་བདེ་ཐང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་འགོ་བཙུགས་པ།      སྤྱི་ལོ2014ལོའི་བར་ལུང་ཧྥུང་ཆུས་སུ་སྤྱི་པའི་སྨན་བཅོས་སྒྲིག་གཞི58ཡོད་པའི་ནང་སྨན་ཁང་གསུམ(རིམ་པ་གསུམ་པའི་ཀ་པ་རིམ་པའི་སྨན་ཁང་གི་སྡོད་གནས། རིམ་པ་གཉིས་པའི་ཀ་པ་རིམ་པའི་སྨན་ཁང1)ཡོད་པ་དང་སྨན་བཅོས་ལག་རྩལ་མི་སྣ828ཡོད། ལུང་ཧྥེང་ཆུས་སུ་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན1(ལུང་ཧྥེང་ཆུས་འཕྲོད་བསྟེན་ཅུས)དང་། རྒྱལ་ཁབ་ལ་དབང་བའི་བྱ་ལས་སྡེ་ཚན4(ལུང་ཧྥེང་ཆུས་འཕྲོད་བསྟེན་ཅུས་འཕྲོད་བསྟེན་ལྟ་སྐུལ་སུའོ་དང་། ལུང་ཧྥེང་ཆུས་ཀྱི་མ་བུ་བདེ་སྲུང་ས་ཚིགས། ལུང་ཧྥེང་ཆུས་ཀྱི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས། ལུང་ཧྥེང་ཆུས་ཀྱི་སྨན་ཁང)བཅས་ཡོད། ལུང་ཧྥེང་གྲོང་རྡལ་དུ་གྲོང་ཚོའི་འཕྲོད་བསྟེན་ཁང9(མདུན་སྐྱོད་གྲོང་ཚོ་དང་། ཅན་ཤིང་གྲོང་ཚོ། ཤང་དབྱང་གྲོང་ཚོ། ཡུན་ཡུང་གྲོང་ཚོ། ཅིའུ་ཆིང་གྲོང་ཚོ། ཐེ་ཏུང་གྲོང་ཚོ། པའོ་ཐེན་གྲོང་ཚོ། ལིའུ་ཅུན་གྲོང་ཚོ། ཡུང་ཆོན་སྡེ་ཁུལ་བཅས)དང་ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་རིམ་པའི་སྨན་ཁང1(ཏ་ཆིང་གྲོང་ཁྱེར་གྱི་སྨན་ཁང་ལྔ་པ)ཡོད། 

9_2 སློབ་གསོ།

སྤྱི་ལོ2012ལོར་ལུང་ཧྥུང་ཆུས་ཀྱིས་གཞུང་བཙུགས་བུ་བཅོལ་ཁང5གསར་སྐྲུན་བྱེད་འགོ་བཙུགས་པ་དང་། སློབ་འབྲིང་བཅུ་དགུ་པའི་སློབ་གྲྭ་གསར་པ་དང་ཧུའུ་ཡུན་ཤིན་གྲོང་ཚོའི་སློབ་ཆུང་གི་གཙོ་གཟུགས་ལས་མཇུག་འགྲིལ་བ། ཆུས་ཁོངས་གཏོགས་ཀྱི་སློབ་གྲྭ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལེགས་གྲུབ་ཟིན་པ། སློབ་འབྲིང་ཞེ་དགུ་པ་དང་། སློབ་ཆུང་བཞི་བ། སློབ་འབྲིང་བཅུ་དགུ་པ་བཅས་ཀྱི་མཐོ་འབྲིང་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་གསོ་ལྟེ་གནས་ཀྱི་སློབ་གྲྭ་རིམ་བཞིན་སྡེབ་སྒྲིག་བྱས་ཡོད། སློབ་ཁྲིད་བསྒྱུར་བཅོས་དང་དགེ་རྒན་གྲགས་ཅན་གྱི་ལས་གྲྭ་ལག་ལེན་བསྟར་བ་དང་། བྱང་ཚད་སློབ་གསོར་སྐུལ་སྤེལ་གཏིང་ཟབ་བཏང་བས། མཐོ་རིམ་སློབ་འབྲིང་གཙོ་གནད་ཀྱི་དུས་རིམ་དུ་སླེབས་ཚད་ཀྱི56%ཟིན་ཡོད། 

9_3 རིག་གནས།

ལུང་ཧྥུང་ལ་ཚད་གཞི་མཐོ་བའི་དཔེ་མཛོད་ཁང་དང་། གློག་བརྙན་ཟློས་གར་ཁང་། རིག་གནས་ལུས་རྩལ་ལྟེ་གནས། རྒྱལ་ཁབ་རིམ་པའི་ཆུ་རྐྱལ་ཁང་། བྱིས་པའི་ཕོ་བྲང་། ལུས་རྩལ་ཁང་སོགས་རིག་གནས་རོལ་རྩེད་བྱ་ཡུལ་མང་པོ་ཡོད། སྤྱི་ལོ2014ལོའི་བར་ལུང་ཧྥུང་ཆུས་སུ་ཞབས་བྲོ་དབྱང་ཀོ་དང་། ཡིག་གཟུགས། མཛེས་རྩལ། ཐའེ་ཅི་དྲག་རྩལ། མུའུ་ལན་རླུང་གཡབ། ཅིང་ཅུས་ཁྲང་ཞི། ཤོག་བྱ། འཕྲིན་སྐྱེལ་ཕུག་རོན་སོགས་མཐུན་ཚོགས་བཅུ་ལྷག་ཙམ་བཙུགས་ཡོད། ཁོངས་གཏོགས་ཁུལ་དུ་ལུང་ཧྥུང་སྲང་ལམ་ལྟེ་བའི་སྤྱི་གླིང་རིག་གནས་བྱེད་སྒོའི་ཐང་ཆེན་དང་། ཨོ་ལི་ཐུན་ཤིན་ཧྭ་སྲང་ལམ་ལྟེ་བའི་སྤྱི་གླིང་རིག་གནས་བྱེད་སྒོའི་ཐང་ཆེན། དབྱི་ཤིས་སྲང་ལམ་ལྟེ་བའི་སྤྱི་གླིང་རིག་གནས་བྱེད་སྒོའི་ཐང་ཆེན་སོགས་རིག་གནས་ཐང་ཆེན10དང་། རིག་གནས་དང་ལུས་རྩལ་བྱེད་སྒོའི་ལྟེ་གནས8(རྡོ་སྣུམ་རྫས་འགྱུར་སྤྱི་ཁྱབ་བཟོ་གྲྭའི་རོལ་རྩེད་ར་བ་དང་། རྡོ་སྣུམ་རྫས་འགྱུར་སྤྱི་ཁྱབ་བཟོ་གྲྭའི་བྱེད་སྒོའི་ལྟེ་གནས། ལུང་ཧྥེང་ཚ་གློག་བཟོ་གྲྭའི་བྱེད་སྒོའི་ལྟེ་གནས། སྣུམ་ཞིང་ཚ་གློག་བཟོ་གྲྭའི་བྱེད་སྒོའི་ལྟེ་གནས། དབྱི་ཞི་ཚན་རིག་ཕོ་བྲང་། ལུང་ཧྥེང་ས་ཁུལ་རིག་གནས་སྒྱུ་རྩལ་གསོ་སྦྱོང་ལྟེ་གནས་ལུང་ཧྥེང་བྱིས་པའི་ཕོ་བྲང་། གྲོང་ཁྱེར་ཅན་ཨེར་ཀུང་སིའི་བྱེད་སྒོ་ཁང་། ལུང་ཧྥེང་ཆུས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་བྱེད་སྒོའི་ལྟེ་གནས་བཅས་ཡོད) གློག་བརྙན་ཁང7(ལུང་ཧྥེང་ལོ་ཆུང་ཕོ་བྲང་གློག་བརྙན་ཁང་དང་། ཁ་ཞི་གློག་བརྙན་ཁང་། ཏ་ཧྭ་གློག་བརྙན་ཟློས་གར་ཁང་། གྲོང་ཁྱེར་ཅན་དབྱི་ཀུང་སིའི་སྤྲོ་སྐྱིད་ཁང་། གྲོང་ཁྱེར་ཅན་ཨེར་ཀུང་སིའི་སྤྲོ་སྐྱིད་ཁང་། སྣུམ་ཞིང་ཚ་གློག་བཟོ་གྲྭའི་བྱེད་སྒོའི་ལྟེ་གནས། ལུང་ཧྥེང་ཚ་གློག་བཟོ་གྲྭའི་སྤྲོ་སྐྱིད་ཁང་བཅས་ཡོད) ལུས་རྩལ་ཁང2(དབྱི་ཤིས་ལུས་རྩལ་ཁང་དང་ལུང་ཧྥུང་ལུས་རྩལ་ཁང) དཔེ་མཛོད་ཁང་གཉིས་བཅས་ཡོད། 

10 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2012ལོར་ལུང་ཧྥུང་ཆུས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི6000བཏང་ཡོད། མ་དངུལ་སྒོར་ཁྲི2000བཏང་ནས་བདེ་འཇགས་འཛུགས་སྐྲུན་དང་ཀྲུའུ་ཨན་སོགས་སྡོད་ཁུལ་རྙིང་པའི་ཁོར་ཡུག་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་བ་དང་གོང་ཁེ་གོ་ཆོད་ཀྱི་སྡོད་ཁང་སྟར་པ3བསྐྲུན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས3847གསར་དུ་བྱུང་བ་དང་། ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད་བརྒྱ་ཆཟི4.2ནང་ཚུན་དུ་ཚོད་འཛིན་བྱས་ཡོད། གྲོང་གསེབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པ་རྒྱལ་ཡོངས་སུ་ཚོད་ལྟ་བྱས་ཏེ་མི3011འགན་བཅོལ་ནང་ཞུགས་ཡོད། མ་མཐའི་འཚོ་བ་འགན་ལེན་གྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི2002དང་། ལོ་ན་མཐོ་བའི་རྒན་རྒོན་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི208ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི791བཅས་སྤྲད་ཡོད། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་ངོ་གྲངས158ཐག་གཅོད་བྱས་པ་དང་། རོགས་སྐྱོར་དང་ལེན་བྱས་པའི་མིའི་ཐེངས་གྲངས386ཡོད། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱས་ནས་ཡིག་བསྐུར་ངོ་བཅར་གྱི་དཀའ་གནད་ཆེ་བའི་གྱོད་གཞི43ཐག་གཅོད་འོས་འཚམ་བྱས་ཏེ་ཚོགས་ཆེན་བཅོ་བརྒྱད་པ་སོགས་གཙོ་གནད་དུས་སྐབས་ཀྱི་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱས་ཡོད། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་བས་བདེ་འཇགས་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཚད96.9%ཟིན་ནས་ཉེས་དོན་གྱོད་གཞི968རྩད་ཆོད་ཡོད། “ཁྱབ་ཁོངས་ཆེན་པོ་བརྒྱད་”ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། “ནག་ངན་བཞི་གཏོར་ནས་གནོད་འཚེ་བཞི”སེལ་བ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། ཟས་རིགས་ཉེན་མེད་བཅོས་སྐྱོང་སོགས་ཀྱི་ཆེད་དོན་བྱ་སྤྱོད་མཉམ་འབྲེལ་ཐོག་སྤེལ་ཏེ། འཆམ་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་སྲུང་སྐྱོང་བྱས་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-18

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།