ལའོ་ཁྲེང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལའོ་ཁྲེང་ཆུས།
ལའོ་ཁྲེང་ཆུས་དེ་ལུའོ་དབྱང་གྲོང་ཁྱེར་གྱི་དབུས་ཤར་རྒྱུད་དང་བྱང་རྒྱུད་དུ་གནས་པ་དང་། དེ་ནི་ལུའོ་དབྱང་གི་འཛུགས་སྐྲུན་ཆུས་སྔ་ཤོས་དང་། ལུའོ་དབྱང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཆེན་པོ་དྲུག་གི་གྲས་ཤིག་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་། རིག་གནས། ཚོང་དོན་བཅས་ཀྱི་ལྟེ་གནས་ཡིན། ལའོ་ཁྲེང་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ9ཡོད་པ་དེའི་ནང་སྡེ་ཁུལ་གྲོང་ལྷན32དང་སྲིད་འཛིན་གྲོང་ཚོ11ཚུད་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ56.7དང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ4.7ཡོད། མི་འབོར་ཁྲི18.5(སྤྱི་ལོ2010ལོའི་མི་འབོར་ཞིབ་བཤེར་ཐེངས་དྲུག་པ)ཟིན་པ་དང་གྲོང་ཁུལ་གྱི་མི་འབོར་ཁྲི14ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་མི་འབོར་གྱི2.5%བཟུང་ཡོད། ས་དབྱིབས་ནི་ནུབ་བྱང་མཐོ་བ་དང་ཤར་ལྷོ་དམའ་བ། ས་དབྱིབས་རྙོག་འཛིང་ཆེ་བ་དང་གནམ་གཤིས་སྣ་མང་ཡིན་པ། མི་ཤུགས་ཐོན་ཁུངས་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཐོན་ལས་གསུམ་པ་དར་རྒྱས་ཆེ་ཙམ་ཡོད་པ། བཟོ་ལས་དཔལ་འབྱོར་བལྟོས་བཅས་ཀྱིས་འཕེལ་རྒྱས་བྱུང་མེད་པ་བཅས་ནི་དཔེ་མཚོན་རང་བཞིན་ལྡན་པའི་འཚོ་བའི་འཛད་སྤྱོད་ཁུལ་དང་དེང་རབས་ཚོང་དོན་ཁུལ་ལ་གཏོགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
老城区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཆུས།
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར།
མངའ་ཁོངས།
ཤིས་ཀོན་ཁྲོམ་གཞུང་སོགས་ཁྲོམ་གཞུང9ཡོད།
སྲིད་གཞུང་གི་ས་གནས།
གྲོང་སྐོར་ནུབ་ལམ་ཨང58པ།
ས་ཁོངས་ཁ་པར་ཨང་རྟགས།
0379
སྦྲག་སྲིད་ཨང་རྟགས།
471000
ས་གནས།
ལུའོ་དབྱང་གྲོང་ཁྱེར་གྱི་དབུས་ཤར་རྒྱུད་དང་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ56.7ཡོད།
མི་གྲངས།
ཁྲི18.5ཡོད།(2010ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུན་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ཚབ་ཨང།
410302
1 ​ལོ་རྒྱུས་ཀྱི་འཕེལ་རིམ།   

ལའོ་ཁྲེང་གྲོང་ཁྱེར་གྱི་འཛུགས་སྐྲུན་ལོ་རྒྱུས་དེ་སྤྱི་ལོ་སྔོན་གྱི1042ལོའི་ཀྲོའུ་ནུབ་མའི་དུས་སྐབས་བར་གཏུག་ཆོག   སུང་རྒྱལ་རབས་བྱང་མའི་སྐབས་སུ་ཧོ་ནན་གྱི་ཧྥུ་མཁར་བཙུགས་པ་དང་། ཅིན་རྒྱལ་རབས་ཀྱི་སྐབས་སུ་ཅིན་ཁྲང་ཧྥུ་བཙུགས། སྤྱི་ལོ1948ལོར་ལུའོ་དབྱང་བཅིངས་འགྲོལ་མ་བཏང་གོང་། སྤྱི་ལོའི1217ལོར་ཅིན་གྱི་སྐབས་སུ་ལུའོ་དབྱང་དུ་བཙུགས་པའི“ཅིན་ཁྲང་ཧྥུ”ཞེས་པའི་བཟོ་སྐྲུན་རྣམ་པ་ཞིག་གཞི་རྩའི་ཐོག་སོར་ཉར་བྱས་པ་ཡིན།     

2 དབྱེ་མཚམས་དང་འཕེལ་རིམ།    

སྤྱི་ལོ1948ལོའི་ཟླ5པར་ལུའོ་དབྱང་བཅིངས་འགྲོལ་བཏང་རྗེས། ལོ8ཀྱི་རིང་ལ་སྲིད་དབང་འཛུགས་པའི་བར་བརྒལ་དུས་སྐབས་བརྒྱུད་དེ། 

སྤྱི་ལོ1956ལོའི་ཟླ1པོར་ལའོ་ཁྲེང་ཆུས་མི་དམངས་སྲིད་གཞུང་དངོས་སུ་བཙུགས། དེའི་ཁོངས་སུ་ཕྱོགས་བཞི་དང་ཀོན་བཞི་ཡོད(ཤར་ལྷོའི་མཚམས་དང་། བྱང་ཤར་གྱི་མཚམས། ནུབ་བྱང་གི་མཚམས། ལྷོ་ནུབ་ཀྱི་མཚམས་བཅས་དང་། ཤར་གྱི་ཀོན་དང་། ནུབ་ཀྱི་ཀོན། ལྷོ་ཡི་ཀོན། བྱང་གི་ཀོན་བཅས)ཡོད། 

སྤྱི་ལོ1957ལོའི་ཟླ8པར་ཏུང་ཀོན་དང་པེ་ཀོན་ནས་ཡན་ཧོ་ཆུས་བཙུགས། 

སྤྱི་ལོ1958ལོའི་ཟླ8པར་ལའོ་ཁྲེང་ཆུས་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། རྗེས་སུ་ལའོ་ཁྲེང་ཆུས་མི་དམངས་ཀུང་ཧྲེའི་དོ་དམ་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར། དེའི་ཁོངས་སུ་ཤར་ལམ་དང་ནུབ་ལམ། ནུབ་སྒོ་བཅས་ཡན་ལག་ཁང3ཡོད།

སྤྱི་ལོ1958ལོའི་ཟླ12པར་ལའོ་ཁྲེང་ཆུས་དང་། ནུབ་ལས་ཁུལ་ཟླ་སྒྲིལ་བཏང་ནས་ལོ་པེ་ཆུས་མི་དམངས་ཀུང་ཧྲེའི་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ནུབ་ལས་ཡན་ལག་ཁང་གསར་དུ་བཙུགས། 

སྤྱི་ལོ1959ལོའི་ཟླ3པར་ལོ་པེ་ཆུས་མི་དམངས་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར། དེའི་ཁོངས་སུ་སྲང་ལམ་ཤར་མ་དང་། སྲང་ལམ། འགག་སྒོ། ནུབ་ལས་བཅས་ཡན་ལག་ཁང4ཡོད། 

སྤྱི་ལོ1968ལོའི་ཟླ5པར་ལུའོ་པེ་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། དེའི་ཁོངས་སུ་ཞི་ཀོན་དང་། ནན་ཀོན། ཤར་ལྷོ། བྱང་ཤར། ལྷོ་ནུབ། ནུབ་བྱང་། ཞི་ཀུང་། ཅིན་ཀུའུ་ཡོན་བཅས་དོན་གཅོད་ཁང8ཡོད། 

སྤྱི་ལོ1975ལོའི་ཟླ12པར་ལུའོ་པེ་ཆུས་དེ་ཆུས་གཉིས་སུ་བགོས། ལུའོ་པེ་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་ཁོངས་སུ་ཤར་ལྷོའི་མཚམས་དང་། བྱང་ཤར་མཚམས། ལྷོ་ནུབ་མཚམས། ནུབ་བྱང་། ཞི་ཀོན། ནན་ཀོན་བཅས་དོན་གཅོད་ཁང6ཡོད། ཞི་ལས་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་ཞི་ཀུང་དང་ཅིན་ཀུའུ་ཡོན་དོན་གཅོད་ཁང2ཡོད།

སྤྱི་ལོ1980ལོའི་ཟླ5པར་ལུའོ་པེ་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ལུའོ་པེ་ཆུས་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར་ཞིང་། སྤྱི་ལོ1982ལོའི་ཟླ6པར་ལུའོ་པེ་ཆུས་མི་དམངས་སྲིད་གཞུང་དེ་ལའོ་ཁྲེང་ཆུས་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར།    

སྤྱི་ལོ1989ལོ་ནས་སྤྱི་ལོ1993ལོ་བར་སྲིད་གཞུང་གི་སྒྲིག་གཞི་དེ་སྔར་ཡོད་ཀྱི་རྨང་གཞིའི་ཐོག་ཨུ་ཡོན་ལྷན་ཁང(ཅུས་དང་གཞུང་ལས་ཁང)43དུ་འཕར་བ་དང་། དེའི་ཁོངས་སུ་སྲང་ལམ་དོན་གཅོད་ཁང6ཡོད། དེ་རྗེས་སུ་སྤྱི་ལོ1994ལོ་དང་སྤྱི་ལོ1997ལོར་ལེགས་སྒྲིག་དང་སྒྲིག་གཞི་སྒྱུར་བཅོས་ཐེངས་གཉིས་བྱས་པ་བརྒྱུད་ཆུས་སྲིད་གཞུང་ལས་ཁུངས་འགན་ནུས་སྡེ་ཚན17དང་ནང་བཙུགས་སྒྲིག་གཞི3བཙུགས། ལའོ་ཁྲེང་ཆུས་སྤྱི་བདེ་ཡན་ལག་ཅུས་དང་ལའོ་ཁྲེང་ཆུས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱིས་གྲོང་ཁྱེར་གྱི་ཐད་ཀའི་འགོ་ཁྲིད་ལག་བསྟར་བྱས་པ་དང་ལྟ་ཞིབ་ཅུས་ཀྱིས་སྒྲིག་ཨུད་དང་མཉམ་དུ་གཞུང་དོན་སྒྲུབ་པ་རེད། 

སྤྱི་ལོ2000ལོའི་ཟླ7པར་གྲོང་ཁྱེར་གྱི་ས་ཁོངས་དབྱེ་ཚུལ་ལེགས་སྒྲིག་བྱས་རྗེས་དེ་སྔའི་གྲོང་ཁྱེར་ཉེ་འདབས་ཀྱི་ཧྲན་ཧྲན་གྲོང་རྡལ་དང་ལོ་པེ་ཤང་གི་སྲིད་འཛིན་གྲོང་ཚོ4 ལའོ་ཁྲེང་ཆུས་ཁོངས་སུ་བཅུག་པ་དང་ལའོ་ཁྲེང་ཆུས་ལུའོ་ཕུའུ་དོན་གཅོད་ཁྲུའུ་དང་གྲོང་གསེབ་དཔལ་འབྱོར་ལས་དོན་ཨུ་ལྷན་གཞུང་དོན་ཁང(བསྡུས་མིང་ལ་ཞིང་ལས་གཞུང་དོན་ཁང)བཙུགས་པ་རེད། 

སྤྱི་ལོ2000ལོའི་ཟླ12བར་ལའོ་ཁྲེང་ཆུས་གྲོང་ཁྱེར་དང་ཆུས་ཀྱིས་ཤང་དང་གྲོང་རྡལ་ལ་དོ་དམ་བྱེད་པའི་རྩ་འཛུགས་མ་ལག་ལག་བསྟར་བྱས་ཡོད།     

3 ས་གནས།   

སྤྱི་ལོ2000ལོར་ལའོ་ཁྲེང་ཆུས་ནི་ཤར་གྱི་གཞུང་ཐིག112-17-10℃ནས112℃33-10བར་དང་། བྱང་གི་འཕྲེད་ཐིག34°46′10″ནས34°36′20″བར་ཡིན། ལུའོ་དབྱང་གྲོང་ཁྱེར་གྱི་དབུས་ཤར་རྒྱུད་ཀྱི་བྱང་རྒྱུད་དུ་གནས་ཡོད། ཤར་ནི་ཧོས་རིགས་ས་ཁལ་དང་ཐག་ཉེ་པ་དང་། ནུབ་ནི་ཞི་ཀུང་ཆུས་ཀྱི་ས་མཚམས་དང་འབྲེལ་ཡོད་ལ། ལྷོ་ནི་ལུའོ་ལུང་ཆུས་བར་ལུའོ་ཧོ་ཆུ་བོའི་གཡས་གཡོན་དང་། བྱང་ནི་མེང་ཅིན་རྫོང་དང་འབྲེལ་ཡོད།       

4 ནམ་ཟླ།  

ལའོ་ཁྲེང་ཆུས་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི14.2℃ནས་14.7℃བར་ཡིན། དུས་བཞིའི་ཆ་སྙོམས་དྲོད་ཚད་ནི། དགུན་ཁའི་(ཟླ12ནས་ཕྱི་ལོའི་ཟླ2པའི་བར་)ཆ་སྙོམས་ཀྱི་དྲོད་ཚད་ནི་ཏུའུ1.5~3.4℃ཡིན། དཔྱིད་ཀའི(ཟླ3པ་ནས་ཟླ5པའི་བར)ཆ་སྙོམས་དྲོད་ཚད12.5℃~15.5℃ཡིན། དབྱར་དུས་སུ(ཟླ6པ་ནས8པའི་བར)ཆ་སྙོམས་ཀྱི་དྲོད་ཚད་ནི22.8℃~26.8℃ཡིན། སྟོན་ཁའི་(ཟླ9ནས11བར)ཆ་སྙོམས་ཀྱི་དྲོད་ཚད་ནི་ཏུའུ12.3℃~15.2℃ཡིན།    

5 རང་བྱུང་ཐོན་ཁུངས།   
5_1 ས་ཞིང་ཐོན་ཁུངས།   

ལའོ་ཁྲེང་ཆུས་ཀྱི་ས་ཆའི་ཐོན་ཁུངས་གཙོ་བོ་ནི་ཅུན་ཧྲན་གྲོང་རྡལ་དང་ལུའོ་ཕུའུ་དོན་གཅོད་ཁྲུའུ་ཡི་སྲིད་འཛིན་གྲོང་ཚོར་ཁྱབ་ཡོད་པ་དང་ལྗོངས་ཡོངས་སུ་མུའུ38899.4གསར་སྤེལ་དང་བེད་སྤྱོད་གཏོང་ཆོག་པའི་ནང་གཏེར་ཕྱེ་སེར་པོའི་ས་མྱགས་དང་ས་མྱགས་ཕལ་པ་མུའུ3400ཡོད། ཁམ་མདོག་གི་ས་མྱགས་དང་རི་མ་ཐང་གི་རི་ལྡེབས་སུ་སོ་ཕག་དང་སོ་ཕག་གི་ཨར་ལས་རྒྱུ་ཆ་བཟོ་ཐུབ། ཁོད་སྙོམས་པའི་སྤུས་ལེགས་ས་ཞིང་མུའུ་ཁྲི3.55ལ་འབྲུ་རིགས་དང་། སྣུམ་རྒྱུའི་ལོ་ཏོགམེ་ཏོགསྔོ་ཚལ་སོགས་འདེབས་རྒྱུར་འཚམ་པོ་ཡོད་པ་རེད།    

5_2  ཆུའི་ཐོན་ཁུངས།    

གྲོང་ཁུལ་རྙིང་པའི་ས་ངོས་ཀྱི་ཆུ་ནི་གཙོ་བོ་ཆུ་ཡུར་གཉིས་པ་དང་། ཆུ་བོ་གསུམ། ཆུ་བོ་ཉེར་ལྔ་བཅས་ཀྱི་ཡུར་བུ་ལས་བྱུང་བ་རེད། ལའོ་ཁྲེང་ཆུས་ལྷོ་རྒྱུད་ཀྱི་ས་འོག་ཆུ་ཅུང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ས་ངོས་ཀྱི་ཆུ་ཆེས་གཏིང་སར་སྨ30ཙམ་ཡོད་པ། རི་བོ་དང་རི་མ་ཐང་གི་ས་འོག་ཆུ་ཅུང་དཀོན་པ། ཆུ་ཁའི་གཏིང་ཚད་མཐོ་ཤོས་ལ་སྨི230ཙམ་ཡོད་པ་བཅས་རེད། ཆུའི་བང་རིམ་གྱི་མཐུག་ཚད་ལ་སྨི7~10ཙམ་ཡོད་ཅིང་། ཐཱན་སྐྱུར་རིགས་ཀྱི་གཏེར་འགྱུར་དམའ་བའི་ཚྭ་མེད་ཆུ་ཡིན་པ་དང་། གཏེར་འགྱུར་ཚད་ཧྲེང་རེར་ཁེ0.5ལས་ཆུང་། ས་འོག་གི་ཆུའི་གནས་ཚུལ་བལྟོས་བཅས་ཀྱི་བརྟན་འཇགས་ཀྱི་རྣམ་པར་གནས་ཡོད། སྐམ་ཤས་ཆེ་དུས་སྔོག་འདོན་བྱེད་ཚད་ཆེ་རུ་འགྲོ་བ་དང་། ཆུ་ཚད་ཆག་པ། ཆུ་རྒྱས་དུས་ཆར་ཆུ་འབབ་དུས་གསབ་སྤྲོད་བྱེད་པ། ཆུ་ཚད་འཕར་མགྱོགས་པ། ལོ་མང་རིང་འགུལ་རྣམ་འགྱུར་ལྡོག་དེ་ཙམ་ཆེན་པོ་མེད་པ་བཅས་རེད། 

6 མི་གྲངས་དང་མི་རིགས།    

སྤྱི་ལོ2000ལོར་ལྗོངས་ཡོངས་སུ་དུད་ཚང41495ཡོད་པ་དང་མི་འབོར་བསྡོམས་འབོར134912(རྒྱུན་སྡོད་མི་འབོར)ཡོད་ཅིང་། ཆ་སྙོམས་བྱས་ན་ཁྱིམ་ཚང་རེར་མི་གྲངས3.25ཡོད་པ་དང་། མི་འབོར་འདུས་ཚད་སྤྱི་ལེ་ངོས་གྲུ་བཞི་རེར་མི་གྲངས849ཟིན་ཡོད།     སྤྱི་ལོ2000ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞི་ལས་མངོན་པར། ལའོ་ཁྲེང་ཆུས་ཀྱི་མི་རིགས་གྲུབ་ཆ་ནི་རྒྱ་རིགས139351ཡོད་པ་དེས98.44%ཟིན་པ་དང་། གྲངས་ཉུང་མི་རིགས་གཞན་དག18ཡོད་པའི་ནང་ཧུའེ་རིགས1981དང་། སོག་རིགས73  མན་ཇུ་རིགས98  མིའོ་རིགས3   པུའུ་དབྱི་རིགས6  བོད་རིགས4བཅས་ཡོད། ཁྲའོ་ཞན་རིགས10  ཡའོ་རིགས3  པའེ་རིགས8  ཏའེ་རིགས1  ཡུ་གུར་རིགས5 དབྱིས་རིགས1 ཏུང་རིགས1 ཐུའུ་ཅ་རིགས6 ཀྲོང་རིགས1 ཐ་ཉི་རིགས1 ཏ་ཅི་ཁེ་རིགས1 ཨོ་ལུན་ཁྲུན་རིགས2བཅས་ཁྱོན་མི2220ཡོད་པ་དེས་སྤྱིའི་མི་འབོར་གྱི1.56%ཟིན་ཡོད།    

7 དཔལ་འབྱོར།
7_1 ཐོན་ལས་དང་པོ།  

ལའོ་ཁྲེང་ཆུས་སུ་སྤྱི་ལོ2000ལོའི་སྔོན་དུ་ཞིང་ལས་མེད། སྤྱི་ལོ2000ལོའི་ཟླ6པར་ལུའོ་དབྱང་གྲོང་ཁྱེར་གྱིས་ས་ཁོངས་དབྱེ་ནས་ལེགས་སྒྲིག་བྱས་པ་དང་། དེ་སྔའི་གྲོང་ཁྱེར་ཉེ་འདབས་ཀྱི་ཧྲན་ཧྲན་གྲོང་རྡལ་དང་། ལུའོ་པེ་ཤང་གི་ཧའོ་ཀོའུ་དང་ཡུའེ་གྲོང་ཚོ། བཟོ་ཞིང་། གསར་ཐོན་བཅས་གྲོང་ཚོ4 ལའོ་ཁྲེང་ཆུས་དོ་དམ་བྱེད་ཁོངས་སུ་བཅུག་པ་མ་ཟད། གྲོང་ཚོ4རྨང་གཞིར་བྱས་ཏེ་ལུའོ་ཕུའུ་དོན་གཅོད་ཁྲུའུ་བཙུགས། དེ་ནས་བཟུང་ལའོ་ཁྲེང་ཆུས་དེ་གྲོང་གསེབ་ཀྱི་གྲོང་ཁྱེར་ཁུལ་དུ་གྱུར་ཡོད། ལོ་དེའི་ཟླ9པར་ཞིང་ལས་གཙོ་གཉེར་བྱེད་པའི་སྲིད་གཞུང་གི་འགན་ནུས་སྡེ་ཁག་སྟེ་ལའོ་ཁྲེང་ཆུས་གྲོང་གསེབ་དཔལ་འབྱོར་ལས་དོན་གཞུང་ལས་ཁང་བཙུགས། ཞིང་ལས་དོ་དམ་ཐད་ཆུས་ཨུད་དང་སྲིད་གཞུང་གིས་ཞིང་པར་ཁྲོམ་རའི་འགྱུར་ལྡོག་གཞིར་བཟུང་ཐོན་ལས་གྲུབ་ཆ་དང་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ས་ཁོངས་ཀྱི་ལེགས་ཆ་སྤྱད་དེ་ཤིང་པད་མ་ཐོན་ལས་སྔོན་ལ་འཕེལ་རྒྱས་བཏང་ནས་ཁྱད་ལྡན་གསོ་ཚགས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཁ་འདེབས་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱ་དགོས། ཞིང་པར་ཆ་འཕྲིན་དང་ལག་རྩལ་ཞབས་ཞུ་མཁོ་འདོན་བྱས་ཏེ་ཞིང་པར་ཁྲོན་པ་འདྲུ་བ་དང་། ཡུར་བུ་བཟོ་བ། ས་ཞིང་ཧྲིལ་པོ་བཟོ་བ། ཤིང་འཛུགས་ནགས་བཟོ། རྨོ་བསྐྱུར་ནགས་གསོ། ས་ཞིང་གི་སྤུས་ཚད་མཐོར་གཏོང་། གནོད་འཚེ་འགོག་ནུས་ཆེ་རུ་གཏོང་བ་བཅས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་པ། ཞང་གྲོང་ཁེ་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་སྐྱེད་གཉེར་སྐྱོང་དོ་དམ་ལམ་ལུགས་བསྒྱུར་བཅོས། ཕན་འབྲས་ཆེར་གཏོང་། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བ་བཅས་བྱ་དགོས།     སྤྱི་ལོ2000ལོའི་ལོ་མཇུག་ཏུ་སླེབས་སྐབས་ལའོ་ཁྲེང་ཆུས་ཞིང་ལས་ཀྱི་སྤྱིའི་ཐོན་ཚད་ཏུན10288ཟིན་པ་དང་། ཤང་གྲོང་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི32495.2ཟིན་པ། ཞིང་པའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཁེ་གཙང་སྒོར2450ཟིན་པ་བཅས་རེད།

7_2 ཐོན་ལས་གཉིས་པ།   

སྤྱི་ལོ1989ལོ་ནས་སྤྱི་ལོ2000ལོའི་བར་གྱི་ལོ་ངོ12རིང་ལ། ལའོ་ཁྲེང་ཆུས་བཟོ་ལས་དཔལ་འབྱོར་ཀྱག་ཀྱོག་གི་ཁྲོད་འཕེལ་རྒྱས་བྱུང་བ་དང་། ལའོ་ཁྲེང་ཆུས་ནི་སྲོལ་རྒྱུན་གྱི་ཚོང་དོན་ཁུལ་ཞིག་ཡིན་ཞིང་། མི་འབོར་མང་བ་དང་། ས་ཁོངས་དོག་པ། དེའི་ཁར་ལག་རྩལ་དང་མ་དངུལ་དཀོན་པ། བཟོ་ལས་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་པ་དང་། ལྷག་པར་དུ་ལྕི་བའི་བཟོ་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད། ལའོ་ཁྲེང་ཆུས་ཁོངས་སུ་གཏོགས་པའི་བཟོ་ལས་ཁེ་ལས་མང་ཆེ་བ་ནི་དུས་རབས20པའི་ལོ་རབས60པའི་དུས་འགོར་བཟོ་ལས་ཆེན་པོ་གཉེར་སྐབས་དར་བ་ཡིན། གཞི་ཁྱོན་ཆུང་བ་དང་། སྒྲིག་ཆས་ཞན་པ། བཟོ་རྩལ་རྗེས་ལུས་ཡིན་པ། ཐོན་རྫས་ངེས་གཏན་མེད་པ་བཅས་ཀྱི་རྣམ་པ་ལྡན་པ་དང་། བཟོ་གྲྭ་ལ་ལའི་བཟོ་དབྱིབས་ལས་གྲྭ་གཅིག་མཚུངས་ཡིན་པ་དང་། བཟོ་པ་མང་ཆེ་བ་ནི་སྲང་ལམ་གྱི་ལས་མེད་མི་སྣ་དང་ཁྱིམ་ཚང་གི་བུད་མེད་ཡིན། ལོ་བཅུ་གྲངས་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད་དུས་རབས20པའི་ལོ་རབས80པའི་དུས་འགོར་གཞི་ཁྱོན་ཅུང་ཆེ་བའི་ཁེ་ལས20ལྷག་ཙམ་གྲོང་ཁྱེར་གྱིས་དོ་དམ་བྱེད་ཀྱིན་ཡོད། བསྒྱུར་བཅོས་སྒོ་དབྱེ་བྱས་རྗེས། ཁྲོམ་རའི་དཔལ་འབྱོར་གོང་འཕེལ་འགྲོ་བ་དང་ཆབས་ཅིག་ལྗོངས་ཁོངས་གཏོགས་ཀྱི་ཁེ་ལས་ལ་རང་ངོས་ཀྱི་ཆ་རྐྱེན་དང་ཁྲོམ་རའི་འགྲན་རྩོད་ཀྱི་ཐུན་མོང་ཤུགས་རྐྱེན་འོག་ཐོན་རྫས་ཀྱི་ཁྲོམ་རའི་ཟིན་ཚད་དམའ་རུ་སོང་བ་དང་། ཕན་འབྲས་སྐབས་རེ་ཡག་པ་དང་སྐབས་རེ་ཞན་པ། ཁེ་ལས་ཁག་གཅིག་ཐོན་སྐྱེད་བྱེད་མཚམས་བཞག་པ་དང་ཐོན་སྐྱེད་བྱེད་མཚམས་ཕྱེད་ཙམ་བཞག་པའི་གནས་སུ་གྱར་ཡོད། སྤྱི་ལོ1992ལོའི་ལོ་སྟོད་དུ་ལྗོངས་ཁོངས་གཏོགས་ཀྱི་ཁེ་ལས18བར་ཉུང་དུ་ཕྱིན་པ་དང་ཁྲོམ་གཞུང་ཁེ་ལས23ལས་ལྷག་མེད། ལོ་སྨད་དུ་གྲོང་ཁྱེར་སྲིད་གཞུང་གིས་ལྗོངས་ལ་དོ་དམ་བྱེད་པའི་ཁེ་ལས22གཤམ་སྤྲོད་བྱས་པ་དང་། ཁེ་ལས་དེ་དག་ཁྲོད་ཕན་འབྲས་མི་བཟང་བའི་ཁེ་ལས་ཀྱིས་གསུམ་ཆ་གཉིས་ཟིན་ཡོད།     རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་ཁོག་ནས་མཛུབ་ཁྲིད་བྱས་པའི་རྨང་གཞིའི་ཐོག་ཁེ་ལས་ལ་ཐོན་ལས་དང་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་རོགས་བྱས་ནས་ཐོན་ལས་ཁ་སྒྱུར་ལ་རེ་བ་མེད་པ་དང་འཕེལ་རྒྱས་ཀྱི་མདུན་ལམ་མེད་པའི་ཁེ་ལས་ལ་སྒོ་རྒྱག་པ་དང་། མཚམས་འཇོག་པ། ཟླ་སྒྲིལ་གཏོང་བ། ཕྱོགས་སྒྱུར་བཅས་བྱེད་པའམ་ཡང་ན“ཕྱིར་འཐེན་གཉིས་སྐྱོད་གསུམ”(ཐོན་ལས་གཉིས་པ་ནས་ཐོན་ལས་གསུམ་པར་བསྒྱུར)བྱེད་ཀྱིན་ཡོད། སྤྱི་ལོ1998ལོའི་ལོ་མཇུག་ཏུ་སླེབས་སྐབས། ཁུལ་གཏོགས་ཁེ་ལས་བསྒྱུར་བཅོས་དང་། ལམ་ལུགས་བསྒྱུར་བཅོས་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། ཚང་མར་དོ་དམ་དང་འགན་གཙང་ལེན་བྱེད་པའི་སྒྲིག་སྲོལ་གསར་པ་ལག་བསྟར་བྱས་ཡོད།  

7_3 ཐོན་ལས་གསུམ་པ།     

ལའོ་ཁྲེང་ཆུས་སུ་སྤྱི་ལོ2010ལོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར26ཟིན་པ་དེ་དུས་མཚུངས་ལས12.5%འཕར་ནས་སྤྱི་ལོ2005ལོའི་ལྡབ2.5ཡིན་པ། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.54ལེགས་གྲུབ་བྱུང་བ་དེ19.6%འཕར་བ་དེ་སྤྱི་ལོ2005ལོའི་ལྡབ3.1ཡིན་པ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་29བཏང་ནས་25.1%འཕར་བ་དེ་སྤྱི་ལོ2005ལོའི་ལྡབ7.2ཡིན་པ། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར14ལེགས་གྲུབ་བྱུང་བ་དེ18.3%འཕར་བ་དེ་སྤྱི་ལོ2005ལོའི་ལྡབ3.8ཡིན་པ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར36ཟིན་ནས18.5%འཕར་བ་དེ་སྤྱི་ལོ2005ལོའི་ལྡབ2.3ཡིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སོ་སོར་སྒོར17500དང་སྒོར6207ལེགས་གྲུབ་བྱུང་བས་སོ་སོར7%དང6%འཕར་བ་དང་། སྤྱི་ལོ2005ལོའི་ལྡབ1.8འཕར་ཡོད།

8 སྤྱི་ཚོགས་ལས་དོན།     
8_1 ཚན་རིག་ལག་རྩལ།   

སྤྱི་ལོ1989ལོ་ནས་སྤྱི་ལོ2000ལོའི་བར་རིམ་རྩིས་བརྒྱབ་ན་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་སྒོར་ཁྲི80ལྷག་ཙམ་བཏང་བས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས30ལྷག་ཙམ་ཐོབ་པ་དང་། སྲོལ་རྒྱུན་གྱི་རྣམ་གྲངས12བསྒྱུར་བཀོད་བྱས་པ། དཔལ་འབྱོར་ཡོང་འབབ་ཁྲོད་ཀྱི་ཚན་རྩལ་ཡོང་འབབ་ཀྱི་བསྡུར་ཚད20%ཡི་མྱུར་ཚད་ཐོག་ནས་ལོ་རེ་བཞིན་འཕར་སྣོན་བྱུང་ཡོད། སྤྱི་ལོ2000ལོར་ཞིང་ལས་འདེབས་འཛུགས་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལྷག་པར་དུ་ཤིང་པད་མ་འདེབས་འཛུགས་དང་། ཁྱད་ཆོས་ལྡན་པའི་འདེབས་འཛུགས། གསོ་སྤེལ་ལས་རིགས་བཅས་ཀྱི་ཐད་འཕེལ་རྒྱས་བྱུང་བ་དང་། ཁྱད་ཆོས་ལྡན་པའི་རིགས་རྒྱུད120ལྷག་གསོ་སྐྱོང་བྱས་པས། ཕན་འབྲས་ཇེ་ཆེར་སོང་བ་དང་། ཞིང་པའི་ཡོང་འབབ་འཕར་སྣོན་བྱུང་ཡོད།   

8_2 ལུས་རྩལ།  

སྤྱི་ལོ1989ལོའི་རྗེས་སུ་ལའོ་ཁྲེང་ཆུས་ལུས་རྩལ་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་ཇེ་ཐང་དུ་སོང་ཡོད། ལུས་རྩལ་བྱ་གཞག་དོ་དམ་བྱ་རྒྱུ་དེ་སྔོན་ཆད་ཀྱི“དཔོན”གྱིས་གཉེར་བའི་རྣམ་པ་ནས“དཔོན་པོས་གཉེར་བ་དང་དམངས་ཀྱིས་གཉེར་བ”ཟུང་འབྲེལ་བྱེད་པར་བསྒྱུར་ནས་སྲིད་གཞུང་གིས་གཙོ་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཀྱིས་གཞོགས་འདེགས་བྱེད་པ། དམངས་ཡོངས་ཐེ་ཞུགས་བྱེད་པ་བཅས་ཀྱི་རྣམ་པ་གསར་པ་ཆགས་པ་དང་། ལུས་རྩལ་སྒྲིག་བཀོད་མང་དུ་ཕྱིན་པ་དང་། བྱེད་སྒོ་སྤེལ་ས་རྒྱ་ཆེ་རུ་ཕྱིན་པ། བྱེད་སྒོའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ། དཔེ་གསར་རང་བཞིན་དང་། སྤྲོ་སྣང་རང་བཞིན། འགྲན་རྩོད་རང་བཞིན་བཅས་ཀྱི་ལུས་རྩལ་རྣམ་གྲངས་རིམ་བཞིན་མི་སེར་དཀྱུས་མའི་འཚོ་བའི་ནང་ཞུགས་ཡོད། སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྣམས་ཀྱིས་ལུས་རྩལ་ཚད་ལོན་རྒྱུ་གཙོ་བོར་འཛིན་དགོས། ཆེད་ལས་ལུས་རྩལ་སློབ་གྲྭས་ལུས་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙོ་གནད་དུ་འཛིན་པ། མི་དམངས་མང་ཚོགས་ཀྱིས་ལུས་སྦྱོང་དང་རོལ་རྩེད་བྱ་རྒྱུ་དམིགས་ཡུལ་དུ་བཟུང་། 

8_3 འཕྲོད་བསྟེན།    

སྤྱི་ལོ1989ལོའི་རྗེས་སུ། འཕྲོད་བསྟེན་བྱ་གཞག་སྔར་བྱུང་མྱོང་མེད་པའི་དར་རྒྱས་བྱུང་སྟེ། སྨན་བཅོས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྒེར་སྡེམ་རྣམ་པ་གཏོར་བ་དང་། ཕྱི་རྒྱལ་དུ་འགྲོ་བ་དང་། ཐུན་མོང་། ཁེར་རྐྱང་། མཉམ་གཉེར་སོགས་གཉེར་སྐྱོང་བྱེད་པོ་མང་པོ་བྱུང་ཞིང་། ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། ཚོང་རའི་འགྲན་རྩོད་ཀྱི་རྣམ་པ་ཐོག་མར་ཆགས། ལྷག་པར་དུ་སྤྱི་ལོ1996ལོར་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་བྱས་རྗེས་ཁེ་ལས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོ་ཚོས་སྨན་བཅོས་བྱེད་སྐབས་རྒྱལ་ཁབ་དང་མཉམ་སྡེབ་ཀྱིས་འགན་ལེན་བྱས་པའི་ཕན་བདེའི་རྣམ་པ་ནས་སྤྱི་ཚོགས་ཀྱི་སྨན་བཅོས་འགན་བཅོལ་གྱི་རྣམ་པར་བསྒྱུར་ཏེ་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་དོ་དམ་རིམ་བཞིན་ཚན་རིག་དང་མཐུན་པ་བྱུང་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས་ལས་དོན། ནམ་ཟླ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-12

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།