ཁའེ་ཧྥེང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁའེ་ཧྥེང་གྲོང་ཁྱེར།
ཁའེ་ཧྥེང་ནི་ཧོ་ནན་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་དང་། ཀྲུང་ཡོན་གྲོང་ཁྱེར་གྱི་གྲས་ཤིག་ཡིན། སྤྱི་ལོ2018ལོའི་བར་གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས5དང་རྫོང4ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ6266ཟིན་པ། བསྐྲུན་ཟིན་པའི་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ129.93ཟིན་པ། རྒྱུན་སྡོད་མི་འབོར་ཁྲི456.49ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི223ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་འགྱུར་ཚད48.9%ཟིན་ཡོད། ཁའེ་ཧྥེང་ནི་ཀྲུང་ཡོན་གྱི་དཀྱིལ་དབུས་དང་རྨ་ཆུའི་འགྲམ་དུ་གནས་ཡོད་ལ། ནུབ་ངོས་སུ་ཀྲེན་ཀྲོའུ་དང་ཐག་ཉེ། ཁའེ་ཧྥེང་རང་མོས་ཚོང་དོན་ཁུལ་ནི་ཀྲུང་གོའི(ཧོ་ནན)རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ཁུལ་ཆེན་པོ་གསུམ་གྱི་གྲས་ཤིག་རེད། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ4100ལྷག་ཙམ་གྱི་ལོ་རྒྱུས་ཡོད་ལ། སྔ་རྗེས་སུ་ཞ་རྒྱལ་རབས་དང་ཀྲན་གོའི་དུས་སྐབས་ཀྱི་ཝེ་གོ། རྒྱལ་རབས་ལྔའི་དུས་སྐབས་ཀྱི་ལིའང་དང་། ཅིན་ཕྱི་མ། ཧན་ཕྱི་མ། ཀྲོའུ་རྗེས་མ་བཅས་ཡོད། སུང་རྒྱལ་རབས་ཀྱི་སྐབས་སུ། རྒྱལ་ས་འདི་རུ་རྒྱལ་རབས་བརྒྱད་ཀྱི་གནའ་བོའི་རྒྱལ་ས་ཞེས་འབོད་ཅིང་། ཧྲང་ཧན་ཐང་རྒྱལ་རབས་དང་། མིང་ཆིང་། ཤུགས་རྐྱེན་གཏིང་ཟབ་ལྡན་པའི“སུང་རྒྱལ་རབས་ཀྱི་རིག་གནས”བཅས་སྐྱེད་སྲིང་བྱེད་ས་ཡིན། སུང་རྒྱལ་རབས་ཀྱི་རྒྱལ་ས་ཏུང་ཅིན་མཁར་ནི་སྐབས་དེའི་འཛམ་གླིང་གི་གྲོང་ཁྱེར་ཆེ་ཤོས་ཡིན་ལ། དྭངས་གསལ་དུས་ཚིགས་ཀྱི་ཆུ་བོའི་རི་མོ་གསར་རྩོམ་བྱེད་ས་ཡང་ཡིན། ཀྲུང་གོའི་ས་གནས་ཟློས་གར་ཆེ་གྲས་དང་པོ་ཡུས་ཁྲང་ཟློས་གར་གྱི་འབྱུང་ཁུངས་ནི་གནས་འདིར་ཡིན། རྒྱལ་ཁབ་ཀྱིA5དངA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ8དང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ19ཡོད་པ་རེད། ཀྲུང་གོའི་ཁའེ་ཧྥེང་དྭངས་གསལ་རིག་གནས་དུས་ཆེན་དང་ཀྲུང་གོའི་ཁའེ་ཧྥེང་ལུག་མིག་མེ་ཏོག་རིག་གནས་དུས་ཆེན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
开封
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་དབུས།
མངའ་ཁོངས།
གྲོང་ཁྱེར་ཐད་སྐྱོང་ཆུས5དང་རྫོང4ཡོད།
སྲིད་གཞུང་ས་གནས།
ཅིན་ཨན་ལམ་ཨང58པ།
ས་ཁོངས་ཁ་པར་ཨང་རྟགས།
(+86)0371
ས་གནས།
ཧོ་ནན་ཞིང་ཆེན་གྱི་ཤར་རྒྱུད། ཀྲུང་ཡོན་དབུས་ཁུལ། ཧོང་ཧོ་ཆུ་འགྲམ།
སྦྲག་སྲིད་ཨང་རྟགས།
475000
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ6266ཡོད།
མི་གྲངས།
མི་ཁྲི456.49ཡོད།(2018ལོའི་རྒྱུན་སྡོད་མི་འབོར། )
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མི་རེའི་ཆ་སྙོམས་ཀྱིGDP
སྒོར44012ཡོད།(2018ལོར)
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར།
སྒོར་དུང་ཕྱུར2002.23ཡོད།(2018ལོར)
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཁའེ་ཧྥེང་གི་མེས་པོའི་བྱེད་སྒོ་དེ་རྡོ་ཆས་གསར་མའི་དུས་རབས་སུ་འདེད་ཆོག   ཁའེ་ཧྥེང་གྲོང་ཁྱེར་ཤང་ཧྥུའུ་ཆུས་དབན་ལུང་ཀང་གནའ་ཤུལ་དང་ཝུའེ་ཧྲི་རྫོང་ཤིས་ཁྲོན་གྲོང་རྡལ་གྱི་ཆན་ཐོའུ་སྒང་གནའ་ཤུལ་ནས་རྡོ་ཆས་གསར་མའི་སྔ་དུས་ཀྱི་ཕེ་ལི་ཀང་རིག་གནས་ཀྱི་གནའ་ཤུལ་ཁ་ཤས་རྙེད་པ་དེའི་ཐོག་ནས་ལོ་ངོ་ལྔ་སྟོང་དྲུག་སྟོང་གི་གོང་ནས་ཁའེ་ཧྥེང་གྲོང་ཁྱེར་ཁོངས་སུ་མིའི་རིགས་ཡོད་པར་ར་སྤྲོད་བྱུང་ཡོད།

ཞ་རྒྱལ་རབས་ཀྱི་གོང་མ་ཏེ་ཏི་ཀྲི་ཏི་ཡིས་ཁའེ་ཧྥེང་རྒྱུད་དུ་རྒྱལ་ས་སྤྱི་ལོ217བཙུགས་པ་དང་། ལོ་རྒྱུས་ཐོག་ལའོ་ཆིའུ(ད་ལྟའི་ཧོ་ནན་ཞིང་ཆེན་གྱི་ཁའེ་ཧྥེང་གྲོང་ཁྱེར་གྱི་བྱང་ཤར་གོ་ཏུའུ་ལི་གྲོང་ཚོ)ཞེས་འབོད། དེ་ནི་ཁའེ་ཧྥེང་དུ་ལོ་རྒྱུས་ཐོག་བཀོད་པའི་རྒྱལ་ས་ཐོག་མ་ཡིན།

ཧྲང་རྒྱལ་རབས་ཀྱི་སྐབས་སུ་ཁའེ་ཧྥེང་དུ་རྒྱལ་ས་བཙུགས་ནས་ལོ27འགོར།

ཁྲུན་ཆིའུ་དུས་འགོའི(སྤྱི་ལོའི་སྔོན་གྱི་དུས་རབས8པར) ཁྲུན་ཆིའུ་དུས་སྐབས་ཀྱི་ཀྲེང་ཀྲོང་ཀུང་གིས་དེང་གི་ཁའེ་ཧྥེང་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྲུའུ་ཞན་གྲོང་རྡལ་གྱི་ཉེ་འདབས་སུ་འབྲུ་མཛོད་གྲོང་ཁྱེར་བསྐྲུན་པ་ཡིན།

ཧན་ནུབ་མའི་དུས་སུ་ཁོངས་གཏོགས་སུ་ཅོན་ཡེ་རྫོང་བཙུགས་པ་དང་།  ཅོན་ཡེ་ནི་ཁའེ་ཧྥེང་གི་མིང་ཡིན་པས་ད་བར་དུ་ལོ་ངོ་བརྒྱད་བརྒྱ་ཙམ་སྤྱད་ཡོད། ཧན་རྒྱལ་རབས་ནུབ་མའི་དུས་འགོར་ཧན་རྒྱལ་རབས་ཀྱི་གོང་མ་ལིའུ་ཆི་ཀྲིའི་མིང་ལས་གཡོལ་ཏེ་ཆི་ཧྥེང་རྫོང་གི་མིང་དེ་ཁའེ་ཧྥེང་རྫོང་ཞེས་པར་བསྒྱུར་པ་དེ་ནི“ཁའེ་ཧྥེང”ཞེས་པའི་མིང་དེའི་འབྱུང་ཁུངས་སྔ་ཤོས་དེ་རེད།

ཧན་ཤར་མའི་ཅོན་ཡེ་རྫོང་ནི་སྔར་བཞིན་ཁྲེན་ལིའུ་ཅུན་གྱི་མངའ་འོག་ཏུ་གཏོགས། གོང་མ་ཀོང་ཝུའུ་ཏི་ཅན་ཝུའུ་ཁྲི་ལོ་བཅོ་ལྔ་པར(སྤྱི་ལོ39ལོར)སི་ལུའུ་ཞའོ་ཝེ་པུའུ་རུ་བསྒྱུར་པ་དང་། ཧོ་ནན་ཅུན་ཧོ་ནན་དབྱིན་དུ་བསྒྱུར་བ། ཁའེ་ཧྥེང་རྫོང་ཁོངས་ཀྱི་ཁོངས་སུ་གཏོགས།

ཝེ་ཤར་མའི་ཐེན་ཕིན་ཁྲི་ལོ་དང་པོར་སྤྱི་ལོ534ལོར་གོང་མ་ཞའོ་ཅིན་གྱིས་ལིའང་ཀྲོའུ་བཙུགས་པ་དང་། དེའི་ཁོངས་སུ་ཁྲེན་ལིའུ་དང་། ཁའེ་ཧྥེང་། དབྱང་ཞ་བཅས་ཅུན་གསུམ་ཡོད།

པེ་ཆི་ཝུན་ཞོན་ཏི་ཐེན་པའོ་ཁྲི་ལོ་དྲུག་པ(སྤྱི་ལོ555ལོར)དང་ཐེན་པའོ་ལོ་བཅུ(སྤྱི་ལོ559ལོར)སོ་སོར་སྐད་གྲགས་ཆེ་བའི་ཅན་གོ་དགོན་པ(ཏ་ཞང་ཀོ་དགོན)དང་ཏུའུ་ཅུས་དགོན་པ(དེང་གི་ཁའེ་ཧྥེང་གྲོང་ཁྱེར)བཙུགས་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཕྱིན་པས་་ཕྱིས་ཀྱི་སུང་རྒྱལ་རབས་བྱང་མའི་རྒྱལ་ས་ཏུང་ཅིང་པེན་ལིའང་རིག་གནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་རྨང་གཞི་བཏིང་།

སུའེ་རྒྱལ་རབས་ཀྱིས་ཁྲེན་ལིའུ་ཅུན་ཡུས་ཅུན་དབྱི་རྫོང(དེང་གི་ཁའེ་ཧྥེང་གྲོང་ཁྱེར་ཞང་ཧྥུ་ཆུས) དང་། རྗེས་སུ་ཁྲེན་ལིའུ་ཅུན་པེན་ཀྲོའུ་རུ་བསྒྱུར། སུའེ་དབྱང་ཏིའི་དུས་སྐབས་སུ་སྔོག་འདོན་བྱས་པའི་སྨི་སྟོང་གཉིས་ལྷག་ཡོད་པའི་མིས་བཟོས་གཙང་པོ་ཆེན་པོའི་དཀྱིལ་ནི་རྨ་ཆུ་དང་ཧོའེ་ཧོ་ཆུ་བོ་དང་། པེན་ཀྲོའུ་ལ་ཁྱབ་པའི་པེན་ཧོ་གཙང་པོ་སོགས་ཡིན།

ཐང་ཀའོ་ཙུའུ་ཝུའུ་ཏེ་ཁྲི་ལོ་བཞི་པར(སྤྱི་ལོ621ལོར)པེན་ཀྲོའུ་སྤྱི་ཁྱབ་བཀོད་འདོམས་ཁང་བཙུགས་པ་དང་དེའི་མངའ་འོག་ཏུ་པེན་ཀྲོའུ་དང་། ཆི་ཀྲོའུ། ཁྲེན་ཀྲོའུ་བཅས་ཡོད། ཐང་ཐེ་ཙུང་ཀྲེན་ཀོན་ཁྲི་ལོ་དང་པོར (སྤྱི་ལོ627ལོར)ཧོ་ནན་ཏའོ་དང་ཏའོ་ཀྲི་ཐང་དབྱི་རྫོང(ད་ལྟའི་ཁའེ་ཧྥེང་གྲོང་ཁྱེར་ཞང་ཧྥུ་ཆུས)བཙུགས། ཐང་ཞོན་ཙུང་ཐེན་པའོ་ཁྲི་ལོ་དང་པོར་པིན་ཀྲོའུ་སྐབས་ཤིག་ལ་ཁྲེན་ལིའུ་ཅུན་དུ་བསྒྱུར། ཐང་ཏེ་ཙུང་ཅན་ཀྲུང་གི་ལོ་གཉིས་པར(སྤྱི་ལོ781ལོ)ལི་ཐང་གི་ཙུང་ཉེ་ལི་མིན་པེན་ཀྲོའུ་རུ་ཅེ་ཏུའུ་ཕོ་ཉར་བསྐོས་ཤིང་། པེན་ཀྲོའུ་མཁར(དེང་གི་ཁའེ་ཧྥེང་གྲོང་ཁྱེར་ཞང་ཧྥུ་ཁུལ)ལེ་དབར22གསར་འཛུགས་བྱས།

ཞིན་ཡོན་ཁྲི་ལོ་དང་པོ(སྤྱི་ལོ784ལོར)ལི་ཞི་ལེ་ཡིས་པེན་ཀྲོའུ་གྲོང་ཁྱེར་བཙན་བཟུང་བྱས་ཤིང་། དེ་ནི་གོང་མ་ཁྲི་ཡིན་ཟེར་ཞིང་། རང་ཉིད་ལ་རྒྱལ་མིང“ཁྲུའུ”ཞེས་འབོད། ཅན་ལོའི་མིང་ལ་ཝུའུ་ཁྲེང་ཞེས་འབོད། པེན་ཀྲོའུ་དེ་ཏ་ལིའང་ཧྥུ་ཡིས་སྐྱོང་།

རྒྱལ་རབས་ལྔའི་སྐབས་ཀྱི་ལིའང་ཕྱི་མ་དང་ཅིན་ཕྱི་མ། ཧན་ཕྱི་མ། ཀྲོའུ་རྗེས་མ་བཅས་སྔ་གཞུག་ཏུ་ཁའེ་ཧྥེང་དུ་གཏན་འཁེལ་བྱས་ཤིང་། དེར་ཏུང་ཏུའུ་དང་ཏུང་ཅིན་ཞེས་འབོད་པ་དང་། སྐབས་དེར་ཁའེ་ཧྥེང་གིས་ལའོ་དབྱང་གི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་སུ་གྱུར། ལིའང་ཕྱི་མ་ཏིན་ཏུའུ་ཁའེ་ཧྥེང་ཁྲི་ལོ་བཅུ་བདུན་གྱི་རིང་ལ་། དུས་ཚོད་ཐུང་རུང་། རྒྱལ་ཁབ་ཀྱི་བོགས་ཁྲལ་ཅུང་ཡང་། མི་དམངས་ལ་སོར་ཆུད་སྐྱེ་འཕེལ་བྱུང་བ་དང་། དུས་མཚུངས་སུ་ལིའང་ཕྱི་མ་ཁའེ་ཧྥེང་དུ་བཙུགས་པ་དང་། ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དམག་དོན་བཅས་ཀྱི་ལྟེ་བ་ཧོ་ལོ་ས་ཁུལ་གྱི་ལུའོ་དབྱང་ནས་ཡུས་ཏུང་བདེ་ཐང་གི་ཁའེ་ཧྥེང་ས་ཁུལ་དུ་བསྒྱུར་བས། ཀྲུང་གོའི་གནའ་རབས་ཀྱི་རྒྱལ་ས་སྤོ་སྒྱུར་དང་ཆབ་སྲིད་ལྟེ་གནས་སྤོ་སྒྱུར་བྱེད་པར་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན།

སྤྱི་ལོ923ལོར་ལིའང་ཕྱི་མ་རྩ་མེད་དུ་སོང་ཞིང་། དེའི་རྗེས་ཀྱི་ཐང་རྒྱལ་རབས་ཀྱི་ཏིང་ཏུའུ་ལུའོ་དབྱང་ནས་ཁའེ་ཧྥེང་དུ་པེན་ཀྲོའུ་བཙུགས།

སྤྱི་ལོ947ལོའི་ཟླ2པར། ཡེ་ལུའུ་ཏེ་ཀོང་ཁའེ་ཧྥེང་ཁྲི་ལ་འཁོད་ནས་ཁའེ་ཧྥེང་ནན་ཅིན་དུ་བསྒྱུར་ཞིང་། ཧན་རྒྱལ་པོར་བསྒྱུར། རྒྱལ་ཁབ་ཀྱི་མིང་ལ་ཏ་ལིའོ་ཞེས་བཏགས། དེ་ནི་ལིའོ་ཐའེ་ཙུང་ཞེས་བཏགས།

ལིའོ་དམག་གི་བྱང་ཕྱོགས་ནས་ཕྱིར་འཐེན་བྱས་རྗེས། ཧན་རྒྱལ་རབས་རྗེས་མས་སྔར་བཞིན་རྒྱལ་ས་ཁའེ་ཧྥེང་གཏན་ཁེལ་བྱས། སྤྱི་ལོ951ལོར་ཀུའོ་ཝེ་ཡིས་ཀྲོའུ་ཡི་དམག་འགྱུར་བསླངས་ཏེ་ཧན་བསྣུབས་རྗེས་ཀྲོའུ་བཙུགས། ཀུའོ་ཝུའེ་ཡིས་སྲིད་བརྩོན་དམངས་གཅེས་ཀྱིས་སྒྱུར་བཅོས་ཤུགས་ཆེན་བྱས་པས་ཀྲོའུ་རྗེས་མར་རྣམ་པ་གསར་པ་ཐོན་ཡོད།

སུང་ཅིན་ཁང་གི་སྲིད་ལོ་གཉིས་པ(སྤྱི་ལོ1127ལོར)ཅིན་ཁྲའོ་ཡིས་སུང་རྒྱལ་རབས་བྱང་མ་བསྣུབས་རྗེས། ཏུང་ཅིན་ལ་བསྒྱུར་ནས“པེན་ཅིན”ཞེས་འབོད། ཅིན་ཀྲེན་ཡོན་ཁྲི་ལོ་དང་པོར(སྤྱི་ལོ1153ལོར)ཧའེ་ལིན་རྒྱལ་པོ་ཝན་ཡན་ལིའང་གིས་རྒྱལ་ས་ཀྲུང་ཏུའུ་ཏ་ཞིན་ཧྥུ་རུ་གནས་སྤར་ནས་པེན་ཅིན་དེ“ནན་ཅིན་ཁའེ་ཧྥེང་ཧྥུ”ཞེས་པར་བསྒྱུར་བ་དང་ཅིན་ཅི་ཏུའུ་རུ་གྱུར། སྤྱི་ལོ1161ལོར་ཝན་ཡན་ལིའང་ལྷོ་ཕྱོགས་སུ་སུང་ལ་བཙན་འཛུལ་བྱས་ཤིང་། སྐབས་ཤིག་གི་རིང་ལ“ནན་ཅིན་ཁའེ་ཧྥེང་ཧྥུ”ཆབ་སྲིད་ཀྱི་ལྟེ་གནས་སུ་བྱས། ཀྲེན་ཀྲེན་ཁྲི་ལོ་གཉིས་པ(སྤྱི་ལོ1214ལོར)ཅིན་ཞོན་ཙུང་སོག་པོའི་ཅུན་ཧྥེང་ལ་གཡོལ་ཆེད་རྒྱལ་ས“ནན་ཅིན་ཁའེ་ཧྥེང་ཧྥུ”རུ་སྤོས། སྤྱི་ལོ1233ལོར་ཅིན་ཨའེ་ཙུང་གིས་ཁའེ་ཧྥེང་སོག་པོའི་དམག་གིས་སྐོར་སྐྱིལ་བྱས་ཏེ། པེན་ཅིན་ཁའེ་ཧྥེང་ནས་བྲོས་ཏེ་རྒྱལ་ས་ཀུའེ་ཏེ་ཧྥུ(དེང་གི་ཧྲང་ཆིའུ)རུ་སྤོས།

མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་དང་པོར(སྤྱི་ལོ1368ལོའི)ཟླ3པར་ཞུས་ཏ་ཡིས་བྱང་འདུལ་དམག་གི་སྣེ་ཁྲིད་དེ་ཧོ་ནན་བླངས་པ་དང་། སྐབས་དེར་མི་མང་པོ་ཞིག་གིས་ཀྲུའུ་ཡོན་ཀྲང་ལ་རྒྱལ་ས་པེན་ལིའང་ཞེས་པའི་གྲོས་འགོ་བཏོན། ཟླ4པར་ཀྲུའུ་ཡོན་ཀྲང་པེན་ལིའང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས། ཟླ5པར་པེན་ལིའང་ལུའུ་ཞེས་པ་དེ་ཁའེ་ཧྥེང་ཧྥུ་ལ་བསྒྱུར་ནས་ཁའེ་ཧྥེང་རྫོང་དེ་ཞང་ཧྥུ་རྫོང་དུ་ཟླ་སྒྲིལ་བཏང་ཞིང་། རྫོང་དེ་གཉིས་གཅིག་ཏུ་བསྒྲིལ་ནས་ཧོ་ནན་ཀྲུང་ཧྲུའུ་ཞིང་ཆེན་དུ་བགོས་ཏེ་ཞིང་ཆེན་གྱི་ཁའེ་ཧྥེང་ཧྥུ་བཅོས་འཛུགས་བྱས་པ་རེད། ལོ་དེའི་ཟླ8པར་ཁའེ་ཧྥེང་ཧྥུ་པེ་ཅིན་དུ་སྤར་བ་དང་། ཀྲུའུ་ཏུའུ་གྲོང་ཁྱེར་དུ་སྡོད་པ། ཁའེ་ཧྥེང་གྲོང་ཁྱེར་བསྐྱར་དུ་འཛུགས་པ། ཧུང་ཝུའུ་ཁྲི་ལོ་དགུ་པར(སྤྱི་ལོ1376ལོར)ཧོ་ནན་ཞིན་ཀྲུང་ཧྲུའུ་ཞིང་ཆེན་ནི་ཧོ་ནན་ཁྲེང་ཞོན་པུའུ་ཀྲེང་ཧྲི་སི་ཞེས་པར་བསྒྱུར། ཁའེ་ཧྥེང་ཧྥུ་ཁུལ་ཁོངས་སུ་ཀྲོའུ་བཞི་དང་རྫོང་སུམ་ཅུ་ཡོད། 1642ལོར་ཞིང་པའི་འོས་ལངས་དམག་ལི་ཙེ་ཁྲེང་གི་དམག་དཔུང་ཁག་གིས་ཁའེ་ཧྥེང་ཧྥུ་ལ་སྐོར་རྒོལ་བྱས་ནས་ཡུན་རིང་མ་སོང་བར་གཏོར་བ་རེད། ཟླ9ཚེས15ཉིན་མིན་དམག(འོས་ལངས་དམག)གིས་རྨ་ཆུ་བསྐོར་བ་དང་། ཆུ་འདྲེན་ཁའེ་ཧྥེང་གྲོང་ཁྱེར། གྲོང་ཁྱེར་ནང་གི་འཛུགས་སྐྲུན་མང་ཆེ་བ་གཏོར་བརླག་དང་བྱེ་འདམ་གྱིས་མནན་པ་བཅས་ཀྱི་རྐྱེན་གྱིས་མི་གྲངས་བརྒྱད་དགུ་ཙམ་ཆུས་བསྣུབས་ཡོད།

ཀྲུང་ཧྭ་མིན་གོའི་སྲིད་ལོ་གཉིས་པ(སྤྱི་ལོ1913ལོའི)ཟླ2པར་ཁའེ་ཧྥེང་ཧྥུ་མེད་པར་བཟོས་ནས་ཧོ་ནན་ཤར་ལམ་དུ་བསྒྱུར། ཞང་ཧྥུ་རྫོང་གི་མིང་དེ་ཁའེ་ཧྥེང་རྫོང་ཞེས་པར་བསྒྱུར་རྒྱུ་དང་། ཁའེ་ཧྥེང་ནི་ཧོ་ནན་ཞིང་ཆེན་གྱི་ལྟེ་གནས་དང་། ཧོ་ནན་ཤར་རྒྱུད་ཀྱི་སྨན་ཁང་ཞེས་པར་བསྒྱུར་རྒྱུ། མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོ)ཟླ6པར་ཧོ་ནན་ཤར་ལམ་དེ་ཁའེ་ཧྥེང་ཏའོ་རུ་བསྒྱུར། མིན་གོའི་སྲིད་ལོ་བཅུ་གཅིག་པར(སྤྱི་ལོ1922ལོར)ཧྥེང་ཡུས་ཞང་གིས་ཁའེ་ཧྥེང་དང་། ཧྲང་ཆིའུ། ཆིན་དབྱང་བཅས་རང་སྐྱོང་དཔེ་བཟང་རྫོང་དུ་བརྩིས་ནས་ས་གནས་རང་སྐྱོང་གི་འཛུགས་གྲབས་བྱས། མིན་གོའི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོར)ཡུས་ཏུང་ཏའོ་མེད་པར་བཟོས་པ་རེད། མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོར)ཁའེ་ཧྥེང་གྲོང་ཁྱེར་བཙུགས་པ་དང་། ཁའེ་ཧྥེང་གྲོང་ཁྱེར་དང་ཁའེ་ཧྥེང་རྫོང་ཁོངས་གཅིག་ཏུ་གཏོགས་མེད།   མིན་གོའི་སྲིད་ལོ་བཅུ་དགུ་པར(སྤྱི་ལོ1930ལོར)ཁའེ་ཧྥེང་གྲོང་ཁྱེར་ནས་ཕྱིར་འཐེན་བྱས། ཟླ5པར། ཀྲུང་ཡོན་དམག་ཆེན་ལངས་པ་དང་། ཚེས31ཉིན། ཅང་ཅེ་ཧྲིས་ཧོ་ནན་འཛུགས་སྐྲུན་ཐིན་ཀྲང་ཀྲང་ཧུའེ་གནས་སྐབས་ཧོ་ནན་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞིའི་ཚབ་བྱས་པ་དང་། ཞིང་ཆེན་ལྟེ་གནས་སུ་ཧྲང་ཆིའུ་བཙུགས་ཡོད། ཟླ10པའི་ཚེས1ལ། ཅང་དམག་ཁའེ་ཧྥེང་དུ་སོང་། ཚེས6ཉིན། ཧོ་ནན་ཞིང་ཆེན་གྱི་སྲིད་གཞུང་ཧྲང་ཆིའུ་ནས་ཁའེ་ཧྥེང་དུ་གནས་སྤོས་པ་དང་། ནན་ཅིན་རྒྱལ་དམངས་སྲིད་གཞུང་གིས་ལིའུ་ཀྲི་ཧོ་ནན་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞིར་བསྐོས། ཀྲང་ཡན་དམངས་སྲིད་ཐིང་གི་ཐིང་ཀྲང་ལ་བསྐོས། མིན་གོའི་སྲིད་ལོ་ཉི་ཤུའི(སྤྱི་ལོ1931ལོར)ཟླ1ཚེས17ཉིན་རྒྱལ་དམངས་སྲིད་གཞུང་གིས་ཁའེ་ཧྥེང་དང་ཀྲེང་ཀྲོའུ་གྲོང་ཁྱེར་གཉིས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་བཀོད།  མིན་གོའི་སྲིད་ལོ་ཉེར་བདུན་པའི(སྤྱི་ལོ1938ལོར)ཟླ3ཚེས1ཉིན་ཀྲུང་གུང་ཧོ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཁེ་ཧྥེང་དུ་བཙུགས་པ་རེད། ཟླ6པའི་ཚེས6ཉིན། འཇར་དམག་གིས་ཁའེ་ཧྥེང་ལ་ཕར་རྒོལ་བྱས(ཞིང་ཆེན་སྲིད་གཞུང་སྔ་མོ་ནས་ནན་དབྱང་དུ་གནས་སྤོས་པ་དང་། སྤྱི་ལོ1939ལོའི་ཟླ10པའི་ཚེས5ཉིན་ཡང་ནན་དབྱང་ནས་ལུའོ་དབྱང་དུ་སྤོས། )  མིན་གོའི་སྲིད་ལོ་ཉེར་བརྒྱད་པའི་(སྤྱི་ལོ1939ལོའི)ཟླ3ཚེས1ཉིན། འཇར་པན་དང་རྫུས་དམག་རྒྱལ་དམངས་སྲིད་གཞུང་གིས་ཁའེ་ཧྥེང་གྲོང་ཁྱེར་དུ་ཧོ་ནན་ཞིང་ཆེན་སྲིད་གཞུང་རྫུས་མ་བཙུགས་པ་རེད། མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོའི)ཟླ8ཚེས19ཉིན་གོ་མིན་ཏང་དམག་དཔུང་གིས་ཁའེ་ཧྥེང་ཚུར་བླངས་པ་རེད། ཟླ9པར། ཧོ་ནན་ཞིང་ཆེན་སྲིད་གཞུང་ཁའེ་ཧྥེང་དུ་སྤོས།

སྤྱི་ལོ1983ལོའི་ཟླ9པར། གྲོང་ཁྱེར་དོ་དམ་རྫོང་གི་སྒྲིག་སྲོལ་ལག་བསྟར་བྱས་ཏེ། ཁའེ་ཧྥེང་ཆེད་ཁུལ་ཕྱིར་འཐེན་བྱས་ཤིང་། སྔོན་ཆད་ཆེད་ཁུལ་གྱི་ཁོངས་སུ་གཏོགས་པའི་ཆི་རྫོང་དང་ཐུང་ཞུས། ཝེ་ཧྲི། ཁའེ་ཧྥེང་། ལན་ཁའོ་བཅས་རྫོང་ལྔ་ཁའེ་ཧྥེང་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག

སྤྱི་ལོ2014ལོའི་ཟླ9པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁའེ་ཧྥེང་གྲོང་ཁྱེར་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱས་ནས་ཁའེ་ཧྥེང་རྫོང་མེད་པ་བཟོས་པ་དང་ཁའེ་ཧྥེང་གྲོང་ཁྱེར་ཞང་ཧྥུའུ་ཆུས་བཙུགས་པ་དང་དུས་མཚུངས་ད་དུང་ཅིན་མིང་ཆུས་མེད་པ་བཟོས་པ་དང་ཁོངས་གཏོགས་སྲིད་འཛིན་ས་ཁོངས་ལུང་ཐིང་ཆུས་སུ་བཅུག་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཁའེ་ཧྥེང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་ཁྱེར་ཁོངས་གཏོགས་ཆུས5དང་རྫོང4སྟེ། ཀུའུ་ལོའུ་ཆུས་དང་། ལུང་ཐིང་ཆུས། ཡུས་ཝང་ཐའེ་ཆུས། ཧྲུན་ཧོ་ཆུས། ཞང་ཧྥུའུ་ཆུས། ཝེ་ཧྲི་རྫོང་། ལན་ཁའོ་རྫོང་། ཆི་རྫོང་། ཐུང་ཞུས་རྫོང་བཅས་རེད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཁའེ་ཧྥེང་གྲོང་ཁྱེར་ནི་ཧྭ་པེ་བདེ་ཐང་གི་དཀྱིལ་དབུས་དང་ཧོ་ནན་ཞིང་ཆེན་གྱི་ཤར་རྒྱུད། རྨ་ཆུའི་སྨད་རྒྱུད་ཀྱི་ལྷོ་ངོགས་བཅས་སུ་གནས་ཡོད། ཁའེ་ཧྥེང་ནི་ཤར་གཞུང་ཐིག113°52′15"—115°15′42"དང་། བྱང་གི་འཕྲེད་ཐིག34°11′45"—35°01′20"བར་དུ་གནས་ཡོད།

3_2 ས་དབྱིབས།

ཁའེ་ཧྥེང་ནི་དབུས་ཁུལ་དུ་གནས་པ་དང་། ས་བབ་ཁོད་སྙོམས་པ་དང་ས་རྒྱུ་གཤིན་པོ་ཡིན་ལ། མང་ཆེ་བ་ནི་ས་མྱགས་དང་། ས་གཤིན་པོ། བྱེ་ས་བཅས་ཡིན་པས། ཞིང་ལས་ལོ་ཏོག་སྣ་ཚོགས་འདེབས་པར་འཚམ་པོ་ཡོད། ཁའེ་ཧྥེང་གི་མངའ་ཁོངས་སུ་རྨ་ཆུའི་བྱེ་འདམ་ཕུང་གསོག་ཐེབས་པས་རྨ་ཆུའི་ཆུ་གཞུང་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ནས་ཆུ་བོ་གྲོང་ཁྱེར་ལས་མཐོ་བའི“ས་སྟེང་གི་དཔྱངས་ཆུ”ཆགས་པ་རེད། ཁའེ་ཧྥེང་ས་འོག་ཏུ་རྨ་ཆུའི་ཆུ་སྐྱོན་ཐེངས་མང་བྱུང་བའི་རྐྱེན་གྱིས་ཁའེ་ཧྥེང་གི་གནའ་གྲོང་དང་ཧྥུའུ་ཀྲོའུ་མཁར་རྫོང་ཁ་ཤས་ས་ངོས་ཀྱི་སྨི3ནས12བར་དུ་སྦས་ཡོད་པ་དང་། གོང་འོག་ཏུ་མཁར་རྫོང6བརྩེགས་ཡོད་པ་དེའི་ནང་རྒྱལ་ས3དང་། ཞིང་ཆེན་གྱི་གྲོང་ཁྱེར2ཀྲོའུ་གྲོང1བཅས་ཚུད་ཡོད་པས། ཀྲུང་གོར་མཐོང་དཀོན་པའི་གྲོང་ཁྱེར་གྱི་ངོ་མཚར་ཆེ་བའི་མཛེས་ལྗོངས་ཤིག་གྲུབ་ཡོད།

3_3 ནམ་ཟླ།

ཁའེ་ཧྥེང་ནི་དྲོད་ཁུལ་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དུས་བཞིའི་དབྱེ་བ་གསལ་པོ་ཡོད་ཅིང་། སྤྱིར་བཏང་གི་གནམ་གཤིས་ཀྱི་ཁྱད་ཆོས་ནི་དགུན་དུས་གྲང་ངར་ཆེ་བ་དང་སྐམ་ཤས་ཆེ་བ་དང་། དཔྱིད་དུས་ཐན་པ་ཆེ་བ། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་མང་བ། སྟོན་དུས་ནམ་མཁའ་དྭངས་ཤིང་བསིལ་བ་ཡིན་ནོ། ལོ་མང་པོའི་རིང་ཆ་སྙོམས་དྲོད་ཚད14.52℃ཡིན་པ་དང་། ལོ་མང་པོའི་རིང་ཆ་སྙོམས་སད་མེད་ཉིན་ནི221དང་ལོ་མང་པོའི་རིང་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི627.5ཟིན་ཡོད། ཆར་ཆུ་མང་ཆེ་བ་དབྱར་དུས་ཀྱི་ཟླ་བདུན་པ་དང་བརྒྱད་པར་གཅིག་སྡུད་བྱས་ཡོད།

3_4 ཆུ་དཔྱད།

ཁའེ་ཧྥེང་ས་ཁོངས་སུ་གཙང་པོ་དང་མཚེའུ་མང་པོ་ཡོད་པ་དེ་དག་རྨ་ཆུ་དང་ཧོའེ་ཧོ་ཆུ་བོའི་རྒྱུད་ཆེན་པོ་གཉིས་སུ་དབྱེ་ཡོད། རྨ་ཆུའི་ཆུ་རགས་ཆེན་པོའི་བྱང་ངོས་ས་ཁུལ་ནི་རྨ་ཆུའི་ཆུ་རྒྱུད་ཀྱི་ཁོངས་སུ་གཏོགས་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ281ཙམ་ཡོད་པ་དང་། རྨ་ཆུའི་ཆུ་རགས་ཆེན་པོའི་ལྷོ་ངོས་ཀྱི་ས་ཁུལ་ནི་ཧོའེ་ཧོ་ཆུ་བོའི་ཆུ་རྒྱུད་ཀྱི་ཁོངས་སུ་གཏོགས་པ་དང་། ཆུ་བོ་གཙོ་བོར་ཧུའེ་ཅི་ཧོ་ཆུ་བོ་དང་། མ་ཅ་ཧོ་གཙང་པོ། ཅ་ལུའུ་ཧོ་ཆུ་བོ། ཅི་ཧོ་གཙང་པོ་སོགས་ཡོད་པ་དང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ5985ཙམ་ཡོད། ཁའེ་ཧྥེང་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ནང་གི་མཚེའུ་ལྔ་དང་ཆུ་བོ་བཞི་གྲོང་ཁུལ་གྱི་མཐའ་འཁོར་དུ་གནས་པ་དང་། ཆུ་ཁོངས་རྒྱ་ཁྱོན་ལ་སྤྱི་ཆིང220ལྷག་ཙམ་ཟིན་པ་དེས་ཁའེ་ཧྥེང་ལྟེ་བའི་གྲོང་ཁུལ་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་གྱི1/10ཙམ་ཟིན་ཡོད།

4 རང་བྱུང་ཐོན་ཁུངས།
4_1 ཆུའི་ཐོན་ཁུངས།

ཁའེ་ཧྥེང་གྲོང་ཁྱེར་གྱི་ས་ཁོངས་སུ་ཆུའི་ཐོན་ཁུངས་ལ་གཙོ་བོ་ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུ་ཚུད་ཡོད་པ་དང་ཆུའི་ཐོན་ཁུངས་བསྡོམས་འབོར་ནི་ལོ་མང་པོའི་རིང་གི་ཆ་སྙོམས་ཀྱི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར8.35(ས་མཚམས་བརྒལ་བའི་ཆུ་ཚུད་མེད)ཡོད་པ་རེད། དེའི་ནང་ས་ངོས་ཀྱི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར3.51ཙམ་ཟིན་པ་དེས་ཐོན་ཁུངས་བསྡོམས་འབོར་གྱི42%ཟིན་པ་དང་ས་འོག་གི་ཆུ་སྔོག་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར4.84ཟིན་པ་དེས་ཐོན་ཁུངས་བསྡོམས་འབོར་གྱི58%ཟིན་ཡོད། 

4_2 ས་ཞིང་གི་ཐོན་ཁུངས།

ཁའེ་ཧྥེང་གྲོང་ཁྱེར་གྱི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ཆིང628,240.26ཡོད་པ་དང་། ལྡུམ་རའི་རྒྱ་ཁྱོན་ལ་སྤྱི་ཆིང10,456.84ཡོད་པ་དེས1.66%ཟིང་ཡོད། ནགས་སའི་རྒྱ་ཁྱོན་ཧ་ལམ24,026.27ཡོད་པ་དེས3.90%ཟིན་ཡོད། ཡུལ་མིའི་སྡོད་གནས་དང་དེ་བཞིན་བཟོ་གཏེར་ལ་སྤྱོད་པའི་ས་ཆ་ཧ་ལམ་སྤྱི་ཆིང83.750.85ཡོད་པ་དེས13.33%ཟིན་ཡོད། འགྲིམ་འགྲུལ་ཐད་སྤྱོད་པའི་ས་ཆ་སྤྱི་ཆིང17,822.06ཟིན་པ་དེས2.84%ཟིན་ཡོད། ཆུ་ཁོངས་ཧ་ལམ་སྤྱི་ཆིང46,964.21ཟིན་པ་དེས7.48%ཟིན་ཡོད། བེད་སྤྱོད་མ་བྱུང་བའི་ས་ཆ་ཧ་ལམ་སྤྱི་ཆིང10,487.90ཡོད་པ་དེས1.67%ཟིན་ཡོད། 

4_3 སྐྱེ་དངོས་ཀྱི་ཐོན་ཁུངས།

ཁའེ་ཧྥེང་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། སྐམ་སའི་རྩི་ཤིང་དང་ཆུ་སྐྱེས་རྩི་ཤིང་རིགས800ལྷག་ཡོད། སྲོག་ཆགས་ལ་རིགས་ཤིན་ཏུ་མང་སྟེ། གཙོ་བོ་ཕག་དང་། བ་གླང་། ལུག བོང་བུ། བྱ་དེ། ངང་པ། རི་བོང་། ཉ་རིགས། འདབ་ཆགས་རིགས་སོགས་སྲོག་ཆགས་དང་རི་སྐྱེས་སྲོག་ཆགས་རིགས60ལྷག་ཡོད་ཅིང་། ཧོ་ནན་ཞིང་ཆེན་གྱི་ཕག་དང་། བ་གླང་། ལུག་བཅས་གསོ་སྤེལ་གྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། དེ་དག་གིས་ཐོན་སྐྱེད་བྱས་པའི་ཉ་ལི་ཡུས་ནི་ཉ་མཆོག་ཏུ་གྱུར་ནས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད།

4_4 གཏེར་རྫས་ཀྱི་ཐོན་ཁུངས།

ཁའེ་ཧྥེང་གིས་རྩད་ཆོད་པའི་ས་འོག་གཏེར་ཁའི་ཐོན་ཁུངས་ལ་རྡོ་སོལ་དང་། རྡོ་སྣུམ། རང་བྱུང་སོལ་རླངས་སོགས་ཡོད་པ་དང་། སྔོན་དཔག་བྱས་ན་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར5.6དང་རང་བྱུང་སོལ་རླངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར485ཟིན་རྒྱུ་རེད། རྡོ་སོལ་ཐོན་ཁུངས་སྦས་ཚད་ཅུང་གཏིང་ཟབ་པ་དང་སྔོན་དཔག་བྱས་ན་བློས་འགེལ་ཆོག་པའི་གསོག་ཚད་ཏུན་དུང་ཕྱུར77.9ཟིན་ཡོད། གཞན་ཡང་ས་འོག་ཏུ་ད་དུང་ཕུན་སུམ་ཚོགས་པའི་རྡོ་ཐལ་བྲག་རྡོ་དང་། བྲག་ཚྭ། རྡོ་ཞོ་སོགས་གཏེར་རྫས་ཐོན་ཁུངས་ཡོད།

5 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཁའེ་ཧྥེང་གྲོང་ཁྱེར་གྱི་མི་འབོར་ཁྲི525.64ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི2.6འཕར་བ་དང་། རྒྱུན་སྡོད་མི་འབོར་ཁྲི456.49ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི1.56འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི223དང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་འགྱུར་ཚད48.9%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས1.5%འཕར་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད11.23%དང་། ཤི་ཚད6.28% རང་བྱུང་འཕར་ཚད4.95% བཅས་ཟིན་ཡོད། 

6 དཔལ་འབྱོར།

ཁའེ་ཧྥེང་ནི་ཧོ་ནན་ཞིང་ཆེན་གསར་དར་ལྟེ་བའི་གྲོང་ཁྱེར་གཞོན་པ་དང་། ཀྲུང་ཡོན་འཕེལ་རྒྱས་ཁུལ་གྱི་གྲོང་ཁྱེར། ཀྲེང་ཀྲོའུ་ཏ་ཏུའུ་གྲོང་ཁུལ་གྱི་ལྟེ་བའི་གྲོང་ཁྱེར། ཀྲེང་ཀྲོའུ་མཁའ་འགྲུལ་གྲུ་ཁ་ཁུལ་གྱི་གཙོ་གཟུགས་གྲོང་ཁྱེར། ཀྲེང་ཧུའེ་གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་ཀྱི་གཤོག་ཟུང་གལ་ཆེན་ཞིག་རེད། ཁའེ་ཧྥེང་རང་མོས་ཉོ་ཚོང་ཁུལ་ཡང་ཀྲུང་གོའི(ཧོ་ནན)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཁུལ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་དང་ཁའེ་ཧྥེང་ཡང་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང་ཁུལ་དང་། ཧོ་ནན་ཞིང་ཆེན་རིག་གནས་ཐོན་ལས་འཕེལ་རྒྱས་དང་རིག་གནས་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟའི་གྲོང་ཁྱེར། ཧོ་ནན་ཞིང་ཆེན་ཡུལ་སྐོར་མཛེས་ལྗོངས་ཁུལ་དོ་དམ་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟའི་གྲོང་ཁྱེར། ཧོ་ནན་ཞིང་ཆེན་ཞབས་ཞུའི་ལས་རིགས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་གྲོང་ཁྱེར། ཧོ་ནན་ཞིང་ཆེན་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཚོད་ལྟའི་ཁུལ་བཅས་རེད།

སྤྱི་ལོ2018ལོར་ཁའེ་ཧྥེང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར2002.23ཟིན་པ་དེ་ལོ་གོང་མ་ལས7.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར273.20ཟིན་ནས3.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར779.25ཟིན་ནས6.9%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར949.78ཟིན་ནས8.2%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ལོ་གོང་མ་ལས2.5%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར43936ཟིན་པ་དེ་ལོ་གོང་མ་ལས6.8%འཕར་ཡོད།      སྤྱི་ལོ2018ལོར་ཁའེ་ཧྥེང་གྲོང་ཁྱེར་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར210.92ཟིན་ནས་ལོ་གོང་མ་ལས22.2%འཕར་ཡོད། སྤྱིར་བཏང་གི་སྤྱིའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར140.68ཡིན་པས14.6%འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་སྒོ་སྒོར་དུང་ཕྱུར102.80ཡིན་པས18.0%འཕར་བ་དེས་སྤྱིར་བཏང་གི་སྤྱིའི་སྔོན་རྩིས་ཀྱི་ཡོང་སྒོའི73.1%ཟིན་ཡོད། སྤྱིར་བཏང་གི་སྤྱིའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར368.63ཡིན་པས10.1%འཕར་ཡོད། དེའི་ནང་དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར263.67ཡིན་པས8.7%འཕར་བ་དེས་སྤྱིར་བཏང་གི་སྤྱིའི་སྔོན་རྩིས་ཀྱི་གཏོང་སྒོའི71. %5ཟིན་ཡོད།      སྤྱི་ལོ2018ལོར་ཁའེ་ཧྥེང་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལོ་གོང་མ་ལས5.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོར་མ་འཇོག་བྱེད་ཚད་ལོ་གོང་མ་ལས19.4%འཕར་བ་དང་། ཐོན་ལས་གཉིས་པའི་མ་འཇོག11.1%འཕར་བ། ཐོན་ལས་གསུམ་པའི་མ་འཇོག2.6%འཕར་ཡོད། རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་འཇོག་གྲངས 46.5%འཕར་བ་དེས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་ཀྱི13.9%ཟིན་ཡོད། དམངས་ཁྲོད་ཀྱི་མ་འཇོག1.8%འཕར་བ་དེས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་གི་84.8%ཟིན་ཡོད། བཟོ་ལས་མ་འཇོག11.1%འཕར་བ་དེས་གཏན་འཇགས་རྒྱུ་ནོར་མ་འཇོག་གི35.9%ཟིན་ཡོད། ལོ་ཧྲིལ་པོར་སྒོར་དུང་ཕྱུར་དང་དེ་ཡན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས228བསྐྲུན་ནས་སྔ་ལོ་ལས2.2%འཕར་ཡོད།      གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་ལས་གཅིག་སྡུད་ཁུལ8ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་སྔ་ལོ་ལས10.0%ཆག་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱས་པའི56.6%ཟིན་ཡོད། དེའི་ནང་བཟོ་ལས་མ་འཇོག8.1%ཆག་ཡོད།      སྤྱི་ལོ2018ལོར་ཁའེ་ཧྥེང་གྲོང་ཁྱེར་གྱི་གྲོང་མི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19985ཟིན་པ་དེ་ལོ་གོང་མ་ལས9.3%འཕར་བ་དང་། གྲོང་མི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་གཏོང་སྒོ་སྒོར14861ཟིན་ནས7.5%འཕར་ཡོད། རྒྱུན་སྡོད་ས་ཆ་ལྟར་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29094ཟིན་ནས8.3%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་གཏོང་སྒོ་སྒོར21770ཟིན་ནས4.9%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13193ཟིན་ནས8.8%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་གཏོང་སྒོ་སྒོར9709ཟིན་ནས9.6%བཅས་འཕར་བ་རེད། 

7 འགྲིམ་འགྲུལ་སྐྱེལ་འདྲེན།
7_1 གཞུང་ལམ།

ཁའེ་ཧྥེང་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་དྲུག་ཡོད་པ་དེ་དག་ནི་ཁའེ་ཧྥེང་འབབ་ཚུགས་ཐང་ཆེན་འགྲུལ་སྐྱེལ་སྤྱི་ཁྱབ་ས་ཚིགས་དང་། མགྲོན་བསུའི་ལམ་གྱི་འགྲུལ་སྐྱེལ་ནུབ་ཚུགས། ཀྲུང་ཧྲན་ལམ་གྱི་ཤང་གོ་དགོན་འགྲུལ་སྐྱེལ་ས་ཚིགས། པེན་ཅིང་ལམ་ཆེན་གྱི་དུམ་བུ་ཤར་མའི་ཁའེ་ཧྥེང་འགྲུལ་སྐྱེལ་བབས་ཚུགས་ཤར་མ། པིན་ཧོ་ལམ་གྱི་ཁྲང་ཆིང་འགྲུལ་སྐྱེལ་ས་ཚིགས། ཅིན་མིང་ལམ་ཆེན་གྱི་ཅིན་མིང་འགྲུལ་སྐྱེལ་རླངས་འཁོར་བབས་ཚུགས་བཅས་ཡིན་པ་རེད། ཁའེ་ཧྥེང་གྲོང་ཁྱེར་ནང་གི་འགྲུལ་སྐྱེལ་འབབ་ཚུགས་ཁག་གིས་ཧོ་ནན་ཞིང་ཆེན་ཕྱི་ནང་དང་གཏན་འཇགས་གཉེར་སྐྱོང་ལམ་ཐིག་བསྐྲུན་ཡོད་པ་མ་ཟད། དུས་བཀག་ལྟར་པེ་ཅིང་དུ་གཏོང་བའི་ཉལ་ཁྲི་ཡོད་པའི་རླངས་འཁོར་ཡང་ཡོད་པ་རེད། དེའི་ནང་ཁའེ་ཧྥེང་གྲོང་ཁྱེར་འགྲུལ་སྐྱེལ་སྤྱི་ཁྱབ་ས་ཚིགས་དང་། ནུབ་ཚུགས་ས་ཚིགས། ཤང་གོ་དགོན་ས་ཚིགས། ཅིན་མིང་ས་ཚིགས་བཅས་ཀྲེང་ཀྲོའུ་རུ་བཏང་བའི་ཀྲེང་ཁའེ་གྲོང་ཁྱེར་དབར་གྱི་སྤྱི་སྤྱོད་རླངས་འཁོར་སྐར་མ10རེར་ཐེངས་རེ་བཏང་ནས་ཁའེ་ཧྥེང་དང་ཀྲེང་ཀྲོའུ་གྲོང་ཁྱེར་ཆེ་གྲས་གཉིས་བར་འགྲོ་འོང་དེ་བས་སྟབས་བདེ་བཟོས་ཡོད།  

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོའི་བྱ་གཞག

སྤྱི་ལོ2018ལོ་བར་ཁའེ་ཧྥེང་གྲོང་ཁྱེར་གྱི་ཞིབ་འཇུག་སློབ་མ3268བསྡུས་པ་དང་། ཞིབ་འཇུག་སློབ་མ7660སློབ་སྦྱོང་བྱེད་བཞིན་ཡོད་པ། སློབ་ཐོན་སློབ་མ2541སློབ་སྦྱོང་བྱས་ཡོད། མཐོ་རིམ་སློབ་གསོ་དཀྱུས་མའི་སློབ་མ་ཁྲི3.08དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི9.98  སློབ་ཐོན་སློབ་མ་ཁྲི2.59བཅས་ཡོད་པ་རེད། དར་མའི་མཐོ་རིམ་སློབ་གསོར་སློབ་མ་ཁྲི1.15བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི2.19དང་སློབ་ཐོན་སློབ་མ་ཁྲི0.8ཡོད། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོའི་སློབ་མ་ཁྲི1.31བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི3.79ཡོད་པ་དང་། སློབ་ཐོན་སློབ་མ་ཁྲི1.59ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ་ཁྲི4.04དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི11.12སློབ་ཐོན་སློབ་མ་ཁྲི3.2བཅས་བསྡུ་རྒྱུ་ཡིན། དམའ་རིམ་སློབ་འབྲིང་དུ་སློབ་མ་ཁྲི7.44བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི21.96དང་སློབ་ཐོན་སློབ་མ་ཁྲི6.8བསྡུས་ཡོད། སློབ་ཆུང་དུ་སློབ་མ་ཁྲི8.45བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི48.63དང་སློབ་ཐོན་སློབ་མ་ཁྲི7.68བསྡུས་ཡོད། དམིགས་བསལ་སློབ་གསོར་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཁྲི0.01དང་སློབ་གྲྭར་སློབ་མ་ཁྲི0.06བསྡུས་ཡོད། བུ་བཅོལ་ཁང་དུ་བྱིས་པ་ཁྲི21.61ཡོད་པ་རེད།

8_2 ཚན་རིག་ལག་རྩལ། 

སྤྱི་ལོ2018ལོར་ཁའེ་ཧྥེང་གྲོང་ཁྱེར་དུ་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་སྒྲིག་གཞི25དང་རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས1ཡོད་པ་དང་། ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས37དང་། ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང9བཅས་ཡོད། ལོ་ཧྲིལ་པོར་ཆེད་ཁེ2980རེ་ཞུ་བྱས་པ་དེ་ལོ་གོང་མ་ལས51.5%འཕར་བ། དབང་ཆ་སྤྲད་པའི་ཁེ་བེད་བདག་ཐོབ1847ཟིན་ནས65.7%འཕར་བ། ནུས་ལྡན་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ738ཡོད་པ་དེ་15.8%འཕར་བ་དང་མི་འབོར་ཁྲི་རེར་གསར་གཏོད་ཁེ་བེད་བདག་ཐོབ1.62ཡོད་པ་དེ15.7%འཕར་བ་རེད། 

སྤྱི་ལོ2018ལོར་ཁའེ་ཧྥེང་གྲོང་ཁྱེར་ལ་ལོ་ཧྲིལ་པོར་ཞིང་ཆེན་རིམ་པའི་ཚན་རྩལ་ཡར་ཐོན་བྱ་དགའི་རྣམ་གྲངས1ཐོབ་པ་དང་། ལག་རྩལ་གན་རྒྱ82བཞག་པ། ལག་རྩལ་གན་རྒྱ་ཚོང་འགྲིག་པའི་དངུལ་འབོར་སྒོར་དུང་ཕྱུར1.03ཟིན་ཡོད། ཚན་རྩལ་འཆར་གཞིའི་རྣམ་གྲངས་ཁག173ལག་བསྟར་བྱས། ཞིང་ཆེན་རིམ་པ་ཡན་གྱི་ཁེ་ལས་ལག་རྩལ་ལྟེ་གནས19ཡོད་པ་དང་། གྲོང་ཁྱེར་ཡོངས་སུ་ཞིང་ཆེན་གྱིས་ངོས་འཛིན་བྱས་པའི་མཐོ་གསར་ལག་རྩལ་ཁེ་ལས62ཡོད་པ་རེད།

8_3 རིག་གནས་ལས་དོན།

སྤྱི་ལོ2018ལོར་ཁའེ་ཧྥེང་གྲོང་ཁྱེར་དུ་གཞུང་ཁོངས་སྒྱུ་རྩལ་ཁང་གི་ཚོགས་པ8དང་། རིག་གནས་ཁང11  སྤྱིའི་དཔེ་མཛོད་ཁང6བཅས་ཡོད་པ་རེད། རྟེན་རྫས་བཤམས་མཛོད་ཁང33དང་གཞུང་ཁོངས་མིན་པའི་ལས་རིགས་རྟེན་རྫས་བཤམས་མཛོད་ཁང3མང་དུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ19དང་ཞིང་ཆེན་རིག་དངོས་སྲུང་སྐྱོང་ཚན་པ44བཅས་ཡོད་པ་རེད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང9བཅས་ཡོད་པ་རེད། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི39ཟིན་ཡོད། རླུང་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%བཅས་ཟིན་ཡོད་པ་རེད། 

8_4 ལུས་རྩལ་བྱ་གཞག

སྤྱི་ལོ2018ལོའི་བར་ཁའེ་ཧྥེང་གྲོང་ཁྱེར་གྱི་ལུས་རྩལ་གྱི་འགྲན་བསྡུར་སྣ་ཚོགས་ནང་ཁྱོན་གསེར་གྱི་རྟགས་མ11དང་། འཛམ་གླིང་གི་ཨང་དང་པོ1 ཨེ་ཤེ་ཡའི་ཨང་དང་པོ 2 རྒྱལ་ཡོངས་ཀྱི་ཨང་དང་པོ8བཅས་ཐོབ་ཡོད། 

སྤྱི་ལོ2019ལོའི་ཟླ11ཚེས15ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རྐང་རྩེད་སྤོ་ལོའི་ཐང་གི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་སྐུལ་འདེད་གཏོང་བའི་གྲོང་ཁྱེར་ཁག་གཅིག་ཡོངས་བསྒྲགས་བྱས་པ་དང་ཁའེ་ཧྥེང་གྲོང་ཁྱེར་དེའི་ནང་ཚུད་ཡོད་པ་རེད།

8_5 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2018ལོའི་བར་ཁའེ་ཧྥེང་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི3365ཡོད་པའི་ནང་སྨན་ཁང89དང་། ཤང(གྲོང་རྡལ)འཕྲོད་བསྟེན་ཁང92  གྲོང་ཚོའི་འཕྲོད་བསྟེན་ཁང2544  བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང(སོའོ་དང་ས་ཚིགས)8  རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)11  ཆེད་ཚན་འགོག་བཅོས་ཁང(སོའོ་དང་ས་ཚིགས)1  འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞི11བཅས་ཡོད་པ་རེད། འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི་ཁྲི2.91ཡོད་པའི་ནང་སྨན་ཁང་ཁྲི2.22དང་ཤང(གྲོང་རྡལ)འཕྲོད་བསྟེན་ཁང་ཁྲི0.49བཅས་ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ་ཁྲི3.19ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ་ཁྲི1.24ཡོད་པ་དང་། ནད་གཡོག་ཁྲི1.34ཐོ་འགོད་བྱས་པ། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣ464ཡོད་པ་རེད།

8_6 སྐྱེ་ཁམས་ཁོར་ཡུག

སྤྱི་ལོ2019ལོའི་ཟླ7ཚེས5ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྣོད་བཅུད་ཁོར་ཡུག་པུས་སྤྱི་ལོ2019ལོར་སྤྱི་འདོམས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི(དུས་རིམ་དང་པོ)བཙོག་ཆུ་ཆེད་དོན་གྲལ་བཤེར་བྱས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ཁའེ་ཧྥེང་དེ“བཙོག་ཆུ་གཙང་སེལ་བྱེད་ཚད80%ལས་དམའ་བའི་གྲོང་ཁྱེར་གྱི་མིང་ཐོའི”ནང་ཚུད་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས་ཁོར་ཡུག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-11

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།