པིན་རྫོང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

པིན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཧའེ་ལུང་ཅང་ཞིང་ཆེན་གྱི་པིན་རྫོང)

པིན་རྫོང་།
པིན་རྫོང་ནི་ཧའེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧའེ་ལུང་ཅང་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་། ཤར་ལྷོར་ཧྥང་ཀྲེང་རྫོང་དང་། ཡན་ཧྲོའུ་རྫོང་། ཧྲང་ཀྲི་གྲོང་ཁྱེར་བཅས་དང་ས་མཚམས་འབྲེལ་བ། བྱང་དུ་པ་ཡན་རྫོང་དང་། མུ་ལན་རྫོང་། ཐུང་ཧོ་རྫོང་བཅས་སུང་ཧྭ་ཅང་གཙང་པོ་དང་ཁ་སྤྲོད་དུ་གནས་ཡོད། ནུབ་ཏུ་ཡན་ཁེ་ཐུའུ་གཙང་པོའི་ས་མཚམས་དང་ཨ་ཁྲང་གྲོང་ཁུལ་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག126-55-41-128-19-17དང་། བྱང་གི་འཕྲེད་ཐིག45℃30-37-46℃01:20བཅས་བརྒལ་ནས་དྲོད་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། རྫོང་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་བཞི་མ3844.6ཟིན་ཡོད། དེའི་ཁོངས་སུ་གྲོང་རྡལ12དང་ཡུལ་ཚོ5བཅས་གཏོགས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་བསྡོམས་འབོར57216ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宾县
ཕྱི་ཡིག་གི་མིང་།
Binxian County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོང་གཏོགས་ས་ཆུས།
ཧའེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ12དང་། ཡུལ་ཚོ5
སྲིད་གཞུང་གནས་ཡུལ།
པིན་ཀྲུའུ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0451
སྦྲག་སྲིད་ཨང་རྟགས།
150400
གནས་ཡུལ།
ཧ་ཨེར་པིན་གྲོང་ཁྱེར་གྱི་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི3844.6ཡོད།
མི་གྲངས།
མི572169(2017ལོའི་ལོ་མཇུག)ཡོད།
གནམ་གཤིས།
དྲོ་རྒྱུན་དུས་རླུང་གནམ་གཤིས།
མེ་འཁོར་འབབ་ཚུགས།
པིན་རྫོང་འབབ་ཚུགས།
རླངས་འཁོར་གྱི་ཨང་རྟགས།
ཧའེL
སྲིད་འཛིན་ཚབ་གྲངས།
230125
1 ​ངོ་སྤྲོད།

པིན་རྫོང་ནི་ཧའེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧའེ་ལུང་ཅང་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་། ཤར་ལྷོར་ཧྥང་ཀྲེང་རྫོང་དང་། ཡན་ཧྲོའུ་རྫོང་། ཧྲང་ཀྲི་གྲོང་ཁྱེར་བཅས་དང་ས་མཚམས་འབྲེལ་བ། བྱང་དུ་པ་ཡན་རྫོང་དང་། མུ་ལན་རྫོང་། ཐུང་ཧོ་རྫོང་བཅས་སུང་ཧྭ་ཅང་གཙང་པོ་དང་ཁ་སྤྲོད་དུ་གནས་ཡོད། ནུབ་ཏུ་ཡན་ཁེ་ཐུའུ་གཙང་པོའི་ས་མཚམས་དང་ཨ་ཁྲང་གྲོང་ཁུལ་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག126-55-41-128-19-17དང་། བྱང་གི་འཕྲེད་ཐིག45℃30-37-46℃01:20བཅས་བརྒལ་ནས་དྲོད་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། རྫོང་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་བཞི་མ3844.6ཟིན་ཡོད། དེའི་ཁོངས་སུ་གྲོང་རྡལ12དང་ཡུལ་ཚོ5བཅས་གཏོགས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་བསྡོམས་འབོར57216ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1914ལོའི་ཟླ6པར། པིན་རྫོང་པིན་ཅང་ཏའོ་ཡི་མངའ་ཁོངས་སུ་གཏོགས། 

སྤྱི་ལོ1929ལོའི་ཟླ2པར། ཏའོ་ཆུས་མེད་པར་བཟོས་ཏེ། ཅི་ལིན་ཞིང་ཆེན་གྱི་ཐད་གཏོགས་ཁོངས་སུ་གཏོགས། སྐབས་དེར་རྫོང་ཡོངས་ཀྱི་མི་གྲངས་ཁྲི31.7ཡོད་པ་དང་རིམ་པ་གཉིས་པའི་རྫོང་ཡིན།

སྤྱི་ལོ1934ལོའི་ཟླ12པར་པིན་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་བཅུག 

སྤྱི་ལོ1945ལོར་ཟླ11པར། པིན་རྫོང་དམངས་གཙོ་སྲིད་གཞུང་བཙུགས། 

སྤྱི་ལོ1947ལོའི་ཟ་8པར་ཧ་ཏུང་ཀྲོན་ཆུས་མེད་པར་བཟོས་རྗེས་སུང་ཅང་ཞིང་ཆེན་གྱི་ཐད་གཏོགས་ཁོངས་སུ་གཏོགས། 

སྤྱི་ལོ1954ལོའི་ཟླ8པར། སུང་ཙི་ཝུན་དང་ཧའེ་ལུང་ཅང་ཞིང་ཆེན་གཉིས་ཟླ་སྒྲིལ་བཏང་རྗེས། ཧའེ་ལུང་ཅང་ཞིང་ཆེན་ནས་ཐད་སྐྱོང་བྱས། 

སྤྱི་ལོ1958ལོའི་ཟླ8པར་ཧ་ཨེར་པིན་གྲོང་ཁྱེར་གྱི་འགོ་ཁྲིད་ལ་སྤྲད། 

སྤྱི་ལོ1965ལོའི་ཟླ6པར་སུང་ཧྭ་ཅང་ས་ཁུལ་གྱི་མངའ་འོག་ཏུ་བཅུག 

སྤྱི་ལོ1991ལོའི་ཟླ2པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་ཧ་ཨེར་པིན་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱི་ཁོངས་སུ་བཅུག་པ་དང་། ཟླ4པའི་ཚེས1ཉིན་ནས་བཟུང་ཧ་ཨེར་པིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། 

3  སྲིད་འཛིན་ས་ཁོངས། 

པིན་རྫོང་གི་ཁོངས་སུ་གྲོང་རྡལ12དང་ཡུལ་ཚོ5ཡོད་པ་སྟེ། པིན་ཀྲོའུ་གྲོང་རྡལ་དང་། ཅུས་རེན་གྲོང་རྡལ། པིན་ཞི་གྲོང་རྡལ། ཐང་ཧྥང་གྲོང་རྡལ། པིན་ཨན་གྲོང་རྡལ། ཞིན་ཏན་གྲོང་རྡལ། ཧྲེང་ཧྲེང་གྲོང་རྡལ། ཉིང་ཡོན་གྲོང་རྡལ། ཕིན་ཧྥང་གྲོང་རྡལ། མན་ཅིང་གྲོང་རྡལ། ཁྲང་ཨན་གྲོང་རྡལབཅས་ཡིན། ཡུལ་ཚོ་ལྔ་ནི་ཡུང་ཧོ་ཡུལ་ཚོ། རྨིན་ཧོ་ཡུལ་ཚོ། ཅིན་ཅན་ཡུལ་ཚོ། སན་པའོ་ཡུལ་ཚོ་བཅས་ཡིན། 

4   མི་གྲངས།

སྤྱི་ལོ2017ལོར་པིན་རྫོང་གི་ཐེམ་ཐོའི་མི་གྲངས་བསྡོམས་འབོར572169ཟིན་པ་དེ་སྤྱི་ལོ2016ལོ་ལས་མི་གྲངས7134ཉུང་དུ་ཕྱིན་ཡོད། མི་འབོར་བསྡོམས་འབོར་ནང་གྲོང་གསེབ་ཀྱི་མི་འབོར467100དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར105069ཡོད་པ་དང་། སྐྱེས་པའི་མི་འབོར294432དང་བུད་མེད་ཀྱི་མི་འབོར277737ཡོད། རྒྱུན་སྡོད་མི་འབོར576327ཡོད་པ་དེ་སྤྱི་ལོ2016ལོ་ལས་མི1678མང་དུ་ཕྱིན་ཡོད། གསར་སྐྱེས་མི་འབོར3033ཡོད་པ་དང་། སྐྱེ་ཚད་ཀྱི5.3‰ཡིན་པས་སྟོང་ཆའི0.2ཆག་ཡོད། རྐྱེན་ལམ་དུ་ཤོར་བའི་མི་འབོར1795ཡོད་པ་དང་། མི་འབོར་ཤི་ཚད་ཀྱི3.1‰ཟིན་ནས་སྟོང་ཆའི0.8འཕར་བ། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི2.2ཡིན་པས་སྟོང་ཆའི1ཆག་ཡོད། 

5 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2017ལོར་པིན་རྫོང་གཞུང་ལམ་གྱི་ཟོག་འདྲེན་རླངས་འཁོར9945ཡོད་པ་དེ་དུས་མཚུངས་ལས8.2%འཕར་བ་དང་། གཞུང་ལམ་འགྲུལ་པ་སྐྱེལ་འདྲེན་རླངས་འཁོར198བཅས་ཡོད། 

6 དཔལ་འབྱོར།

སྤྱི་ལོ2017ལོར་པིན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྤྱི་ལོ2016ལོ་ལས7.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང9.4%འཕར་ནས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་ཀྱི21%ཟིན་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་བརྒྱ་ཆའི་གྲངས1.6འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང5.7%འཕར་ནས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་ཀྱི27.8%ཟིན་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་བརྒྱ་ཆའི་གྲངས2.1ལ་སྐུལ་ཁྲིད་ཐུབ་པ། ཐོན་ལས་གསུམ་པའི་འཕར་ཐང་བརྒྱ་ཆའི8འཕར་བ་དང་། དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆའི51.2ཟིན་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་བརྒྱ་ཆའི་གཞི་གྲངས་ཀྱི3.7འཕར་བར་སྐུལ་ཁྲིད་བྱས་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི16.1:33.1:50.8ཡིན། 

7 སྤྱི་ཚོགས་ལས་དོན།
7_1 ལག་རྩལ།

སྤྱི་ལོ2017ལོར་པིན་རྫོང་གིས་ཚན་རིག་ལག་རྩལ་ཐད་སྤྱད་པའི་གཏོང་སྒོ་སྒོར་ཁྲི2274ཟིན་པའི་ནང་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་གྱི་གཏོང་སྒོ་སྒོར་ཁྲི2233ཟིན་ཡོད། ཁེ་བེད་བདག་ཐོབ་ཁག33ལ་དབང་ཆ་སྤྲད་པ་དང་། ལས་གནས་ཀྱི་ཁེ་བེད་བདག་ཐོབ་ཁག11ལ་དབང་ཆ་སྤྲད།

8 སློབ་གསོ། 

སྤྱི་ལོ2017ལོར་པིན་རྫོང་དུ་སློབ་གྲྭ་ཆུང་འབྲིང125ཡོད་པའི་ནང་སློབ་འབྲིང21དང་། སློབ་ཆུང23 སློབ་ཆུང་སློབ་ཁྲིད་ས་ཚིགས81 དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད། སྤྱི་ལོ2017ལོར་ཁྱོན་མི2095མཐོ་རྒྱུགས་ནང་ཞུགས་པ་དང་མི2029བསྡུས་པ་དང་སློབ་མ་བསྡུ་ཚད་ཀྱི96.9%ཟིན་ཡོད། ལས་རིགས་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1815ཡོད་པ་དེ་སྤྱི་ལོ2016ལོ་ལས8.2%འཕར་བ་དང་། མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ7426ཡོད་པ་དེ་སྤྱི་ལོ2016ལོ་ལས2.9%འཕར་བ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་ཀྱི89.1%ཟིན་ཡོད། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ14293ཡོད་པ་དེ་སྤྱི་ལོ2016ལོ་ལས8.9%འཕར་བ་དང་སློབ་གྲྭར་ཞུགས་ཚད་ཀྱི99.2%ཟིན་ཡོད། སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ28777ཡོད་པ་དེ་སྤྱི་ལོ2016ལོ་ལས6%ཆག་ནས་སློབ་གྲྭར་ཞུགས་ཚད་ཀྱི100%ཟིན་ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ135ཡོད། བུ་བཅོལ་ཁང56དུ་བྱིས་པ5520ཡོད། 

9 ལུས་རྩལ།

སྤྱི་ལོ2017ལོར་པིན་རྫོང་གིས་ཡུལ་ཚོ་ཁག་གི་གྲོང་ཚོར་འཁྲབ་སྟོན་ཐེངས32བྱས་པར་ལྟད་མོ་བ་མི་ཐེངས་ཁྲི5ཟིན་པ་དང་། རྫོང་ཡོངས་ཀྱི་རིག་གནས་བྱེད་སྒོའི་དུས་ཚིགས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་ཐེངས14སྤེལ།  ཞབས་བྲོ་དབྱང་ཀོ་རུ་ཁག6སྒྲིག་འཛུགས་བྱས་ནས་ཧའེ་ལུང་ཅང་ཞིང་ཆེན་གྱི་སྐབས་དང་པོའི་ཞབས་བྲོ་དབྱང་ཀོ་ཡོངས་བསྒྲགས་འགྲན་བསྡུར་ནང་ཞུགས་པ་དང་། བྱ་དགའ་རིམ་པ་གཉིས་པའི་བྱ་དགའི་བུམ་པ1དང་། བྱ་དགའ་རིམ་པ་གསུམ་པའི་བྱ་དགའི་བུམ་པ1 ཏིང་ཤང་མེ་ཏོག་བྱ་དགའི་བུམ་པ2 རྒྱ་སེའི་མེ་ཏོག་བྱ་དགའི་བུམ་པ3བཅས་ཐོབ་ཡོད། ལོ་ཧྲིལ་པོར་གཞོན་ནུ་ལོ་ཆུང་གི་རིག་རྩལ་ཤེས་ལྡན་མི་སྣ་མི་ཐེངས230གསོ་སྐྱོང་བྱས་ཡོད། 
    སྤྱི་ལོ2017ལོར་པིང་རྫོང་གི་ཧ་ཨེར་པིན་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་མྱུར་ཚད་འཁྱག་ཤུད་འགྲན་བསྡུར་ནང་ཞུགས་པར་རྫོང(གྲོང་ཁྱེར)ཚོགས་ཆུང་གི་སྤྱིའི་སྐར་གྲངས་ཨང་གསུམ་པ་ཐོབ་པ་དང་། ཧ་ཨེར་པིན་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་ལྗིད་འདེགས་འགྲན་བསྡུར་ནང་ཞུགས་པར་རྫོང(གྲོང་ཁྱེར)ཚོགས་ཆུང་གི་སྤྱིའི་སྐར་གྲངས་ཨང་དང་པོ་ཐོབ་པ་དང་མི་སྒེར་གྱི་རྣམ་གྲངས་རྐྱང་པའི་གསེར་གྱི་རྟགས་མ3དང་། དངུལ་གྱི་རྟགས་མ4 ཟངས་ཀྱི་རྟགས་མ2བཅས་ཐོབ། ཧ་ཨེར་པིན་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་རྒྱལ་སྤྱིའི་རྣམ་པའི་སྦེ་ག་འགྲན་བསྡུར་ནང་ཞུགས་པར་རྫོང་དང་གྲོང་ཁྱེར་ཚོགས་ཆུང་གི་ཚོགས་པའི་སྤྱི་མིང་དྲུག་པ་ཐོབ་པ། ཧར་པིན་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་སྦེ་ག་འགྲན་བསྡུར་ནང་ཞུགས་པར་རྫོང(གྲོང་ཁྱེར)ཚོགས་ཆུང་གི་སྤྱིའི་སྐར་གྲངས་ཨང་བདུན་པ་ཐོབ། ཧ་ཨེར་པིན་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ནང་ཞུགས་པ། རྫོང(གྲོང་ཁྱེར་)ཚོ་ཆུང་གི་སྤྱིའི་སྐར་གྲངས་བརྒྱད་པ་ཐོབ་ཡོད། ལྗིད་འདེགས་དང་། མཆོང་རྒྱུག མྱུར་ཤུད། ལག་རྩལ་སྤོ་ལོ། ཁུ་ཚུར་སྣུན་རྩལ། དྲག་རྩལ། མིག་མངས་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལོ་ཧྲིལ་པོར་སློབ་མ80བསྡུས་པ་དང་ཞིང་ཆེན་དང་གྲོང་ཁྱེར་ལ་ལུས་རྩལ་གྱི་རྗེས་སྣོན་མི་སྣ8གསོ་སྐྱོང་བྱས་ཡོད།

10 འཕྲོད་བསྟེན།

སྤྱི་ལོ2017ལོར་པིན་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི26ཡོད་པའི་ནང་སྨན་ཁང2དང་། སྡེ་ཁུལ་ཞབས་ཞུ་ལྟེ་གནས3 ཡུལ་ཚོའི་འཕྲོད་བསྟེན་ཁང17 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང1 འདུས་འདྲིལ་གཅོང་ནད་འགོག་བཅོས་ཁང1 རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས1 འཕྲོད་བསྟེན་ལྟ་སྐུལ་ཁང1བཅས་ཡོད། འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི1953ཡོད་པའི་ནང་སྨན་ཁང1030དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས80 ཡུལ་ཚོའི་འཕྲོད་བསྟེན་ཁང793བཅས་ཡོད། ཆེད་ལས་འཕྲོད་བསྟེན་ལག་རྩལ་མི་སྣ1538ཡོད་པའི་ནང་ལས་རིགས(ལས་རོགས)སྨན་པ499དང་། ནད་གཡོག663 སྨན་རྫས་མི་སྣ78 ཞིབ་བཤེར་མི་སྣ62བཅས་ཡོད།

11     སྦྲག་སྲིད་འཕྲིན་གཏོང་ །

སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི3.1ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི1.8ཡོད་པ་དང་། གྲོང་གསེབ་ཀྱི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི1.3ཟིན་ཡོད། སྒུལ་བདེའི་ཁ་པར་ལོ་མཇུག་ཏུ་སྤྱོད་མཁན་དུད་ཚང་ཁྲི39.1ཟིན་ཡོད། དྲ་སྦྲེལ་སྤྱོད་མཁན་ཁྱིམ་དུད་ཁྲི7.5ཡོད། 

12 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོར་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་ཀྱི89%ཟིན་པ་དང་། ལས་ཁུངས་ཀྱི་བྱ་གཞག་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་ཀྱི95%ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་ཀྱི98.3%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་ཀྱི90%ཟིན་པ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནང་ཞུགས་ཚད་ཀྱི100%བཅས་ཟིན་ཡོད། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་མི་ཁྲི9.3ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་བཅོལ་ནང་ཞུགས་མཁན་གྱི་ལས་བཟོ་བ་ཁྲི5.7དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་བཅོལ་ནང་ཞུགས་མཁན་གྲོང་མི་ཁྲི3.6ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་གྱི་མི7545གསར་དུ་བཅུག་ནས་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི5283.5སྤྲད།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

པིན་རྫོང་། དཔལ་འབྱོར། མི་གྲངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-26

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།