ཅང་ཀན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་ཀན་ཆུས།
ཅང་ཀན་ཆུས་ནི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧང་ཀྲོའུ་ཡི་ཆེས་གནའ་བོའི་གྲོང་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ཧང་ཀྲོའུ་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཤིང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ200.00ཡོད། ཅང་ཀན་ཆུས་ནི་ཧང་ཀྲོའུ་གྲོང་ཁྱེར་གྱི་ཤར་ཕྱོགས་རྒྱ་སྐྱེད་ཀྱི་ཟམ་མགོའི་བཙན་རྫོང་ཡིན་ལ། ཧང་ཀྲོའུ་གྲོང་ཁྱེར་འཕེལ་རྒྱས་འཐབ་ཇུས་ཀྱི་སྲོག་ཤིང་གནས་ཡུལ་དང་ཧང་ཀྲོའུ་ཡི་འགྲིམ་འགྲུལ་ལྟེ་གནས་ཀྱང་ཡིན། ཧང་ཀྲོའུ་ཡི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་གསར་པ་དངCBD (ཆན་ཅང་གྲོང་གསར) ཡི་གནས་ཡུལ་ཡིན་པ་དང་། ཆུས་ནང་ཁུལ་དུ་ད་དུང་ཀྲེ་ཅང་ཞིང་ཆེན་གྱི་མཐོ་རིམ་སློབ་གསོ་གླིང་ཆེ་ཤོས་ཀྱི་ཞ་ཧྲ་མཐོ་རིམ་སློབ་གསོ་གླིང་ཡང་ཡོད། ཅང་ཀན་ཆུས་ཁོངས་སུ་སྲང་ལམ10ཡོད་པ་དང་། ཆུས་སྲིད་གཞུང་ནི་ཁྲུན་ཆང་ཤར་ལམ་ཨང1པོར་ཆགས་ཡོད། སྔ་རྗེས་སུ་རྒྱལ་ཡོངས་ཚན་རྩལ་ལས་དོན་གྱི་སྔོན་ཐོན་ཆུས་དང་། རྒྱལ་ཡོངས་འཕྲོད་བསྟེན་སྔོན་ཐོན་གྲོང་ཁུལ། རྒྱལ་ཡོངས་ཆུས་འཛུགས་སྐྲུན་དཔེ་སྟོན་ཁུལ། ཀྲེ་ཅང་ཞིང་ཆེན་ཚན་རྩལ་ཡར་ཐོན་སྔོན་ཐོན་ཆུས། ཀྲེ་ཅང་ཞིང་ཆེན་གྱི་སྟོབས་ཆེའི་ཆུས། ཀྲེ་ཅང་ཞིང་ཆེན་དུས་བདེའི་གྲོང་ཁུལ་བཅས་ལ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江干区
མི་འབོར།
ཁྲི44.5(2017ལོའི་ཁྱིམ་ཐོ)
ཕྱི་ཡིག་གི་མིང་།
Jianggan District
ཡུལ་སྐད།
ཝུའུ་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
གནམ་ཐང།
ཧང་ཀྲོའུ་ཞའོ་ཧྲན་རྒྱལ་སྤྱིའི་གནམ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0571
རླངས་འཁོར་ཚབ་ཨང་།
浙A
ས་ཁྱོན།
སྟོང་སྨི་གྲུ་བཞི་མ200.00ཡོད།
མཐོ་སློབ།
ཀྲེ་ཅང་སློབ་གྲྭ་ཆེན་མོ་ཧྭ་ཅ་ཁྲི་སློབ་ཁུལ། ཀྲེ་ཅང་རྩིས་ཚན་བཟོ་ལས་སློབ་གྲྭ་ཆེན་མོ་སོགས་ཡོད།
1 བཙུགས་པའི་འཕེལ་རིམ།

ཅང་ཀན་ས་ཆར་ལོ་ངོ་བཞི་སྟོང་གི་སྔོན་གྱི་རྡོ་ཆས་གསར་མའི་དུས་རབས་སུ་མིའི་རིགས་ཀྱི་འཚོ་སྡོད་བྱས་མྱོང་།

ཁྲུན་ཆིའུ་སྐབས་སུ། ཡེའུ་ཡི་མངའ་ཁོངས་སུ་གཏོགས་པ་རེད།

ཀྲོའུ་ཅིན་ཝང་ཁྲི་ལོ་ཉེར་དྲུག(སྤྱི་ལོའི་སྔོན་གྱི494པ)པར་ཝུའུ་ཡི་ཁོངས་སུ་གཏོགས་པ་དང་། ཁྲི་ལོ་སུམ་ཅུ་པར་སླར་ཡང་ཡེའུ་ཡི་ཁོངས་སུ་གཏོགས།

ཀྲོའུ་ཞན་ཝང་ཁྲི་ལོ་སུམ་ཅུ་སོ་ལྔ(སྤྱི་ལོའི་སྔོན་གྱི334པ)པར་ཁྲུའུ་ཡི་ཁོངས་སུ་གཏོགས་པ་ཡིན།

ཆིན་ཝང་ཀྲེང་ཁྲི་ལོ་ཉི་ཤུ་རྩ་ལྔ (སྤྱི་ལོའི་སྔོན་གྱི222ལོར)པར། ཧང་ཀྲོའུ་ཡི་ས་གནས་དེ་ཆན་ཐང་རྫོང་དུ་བཙུགས་པ་དང་། ཅང་ཀན་ས་གནས་ནི་ཆན་ཐང་རྫོང་གི་ཁོངས་སུ་གཏོགས་ཡོད།

ཅིན་རྒྱལ་རབས་ཤར་མའི་ཞན་ཧོ་ཁྲི་ལོ་གསུམ་པར། ཆན་ཐང་རྫོང་ཧྥེང་ཧོང་རི་བོའི་ཤར་འདབས་སུ་སྤར། དེའི་རྗེས་སུ། ས་ཆ་དེ་ནི་སྔ་རྗེས་སུ་སུའེ་ཐང་སྐབས་ཀྱི་ཧང་ཀྲོའུ་ཡི་ཀྲོའུ་སྐྱོང་ཡུལ་དང་།  རྒྱལ་རབས་ལྔའི་སྐབས་སུ་ཝུའུ་དང་ཡེའུ་ཡི་རྒྱལ་པོའི་མཁར་དང་སུང་རྒྱལ་རབས་ལྷོ་མའི་གོང་མའི་ཕོ་བྲང་གི་གནས་ཡུལ་བཅས་ཡིན།

སུང་ནས་ཆིང་བར་དུ། མངའ་ཁོངས་ནི་ཆན་ཐང་དང་རེན་ཧོ་རྫོང2ལ་གཏོགས།

སུང་རྒྱལ་རབས་ལྷོ་མའི་སྐབས་སུ། མཁར་ནང་དུ་ཞང་ཧྥང་བཙུགས་པ་དང་། ཀུའོ་ཡི་ཕྱི་རོལ་དུ་ཞང་ལི་བཙུགས་ཡོད།

1910ལོར་ཆན་ཐང་རྫོང་ཅང་ཀན་ཞང་དང་རེན་ཧོ་རྫོང་ཅང་ཀན་ཞང་། ཧུའེ་པའོ་ཞང་བཅས་བཙུགས་ཡོད།

ཀྲུང་ཧྭ་མིང་གོའི་དུས་སྐབས་སུ། ཆུས་མན་གྱིས་སྔ་གཞུག་ཏུ་སྲང་ལམ་དང་གྲོང་སྡེའི་ལམ་ལུགས། (སྡེ་བའི་ལམ་ལུགས།) ཁྱིམ་མཚེས་ལམ་ལུགས། པའོ་ཅའི་ལམ་ལུགས་བཅས་ལག་བསྟར་བྱས། མིང་གོའི་སྲིད་ལོ16པའི(སྤྱི་ལོ1927ལོ)ཟླ10པར་ཅང་ཀན་ཆུས་བཙུགས་ནས་སྤྱི་ལོ1949ལོའི་ཟླ5པའི་ཚེས3ཉིན་བར་ཧང་ཀྲོའུ་བཅིངས་འགྲོལ་བཏང་བ་དང་ཆུས་འཛུགས་སྐྲུན་ལ་འགྱུར་ལྡོག་མང་པོ་བྱུང་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། མངའ་ཁོངས་ཀྱི་གྲོང་གསེབ་ཏུ་ཞང(མི་དམངས་ཀུང་ཧྲེ)དང་། གྲོང་རྡལ། སྲིད་འཛིན་གྲོང་ཚོ(རུ་ཆེན)བཅས་བཙུགས་པ་དང་། གྲོང་ཁུལ་དུ་ཁྲོམ་སྲང་དང་སྡོད་དམངས་ཆུས་བཙུགས། ཅང་ཀན་ཆུས་ཀྱི་སྲིད་འཛིན་ཁུལ་དབྱེ་སྟངས་ལེགས་སྒྲིག་ཐེངས་མང་བྱས་པ་དང་། སྤྱི་ལོ1956ལོ་དང་སྤྱི་ལོ1969ལོ་ནས་སྤྱི་ལོ1975ལོའི་བར་སོ་སོར་སྲང་ལམ7དང་སྲང་ལམ5མངའ་ཁོངས་སུ་ཡོད་པ་དང་། ས་ཁོངས་ཀྱི་རྒྱ་ཁྱོན་ཆུང་ཤོས་དང་སྤྱི་ལེ་གྲུ་བཞི་མ8ཙམ་ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2014ལོའི་ལོ་མཇུག་བར། ཅང་ཀན་ཆུས་ཁོངས་གཏོགས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ10ཡོད་པ་རེད། གཞན་ཡང་ཞ་ཧྲ་ཁྲོམ་གཞུང(ཁོངས་གཏོགས་སྡེ་ཁུལ18)དང་པའེ་དབྱང་སྲང་ལམ(ཁོངས་གཏོགས་སྡེ་ཁུལ16)གྱིས་ཧང་ཀྲོའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་ལ་དོ་དམ་བྱ་རྒྱུའི་མངགས་བཅོལ་བྱས་པ་རེད།

3 ས་ཁམས་ཁོར་ཡུག
3_1 ས་རྒྱུའི་རྣམ་པ།

ས་བབ་ནི་ལྷོ་དང་བྱང་གི་སྣེ་གཉིས་མཐོ་བ་དང་། དབུས་རྒྱུད་དང་ཤར་རྒྱུད་དམའ་བ་ཡིན། ཧན་རྒྱལ་རབས་ཡར་སྔོན་དུ་མཚོ་གྲམ་གྱི་ས་སྒྲོམ་ཡིན་པ་དང་། དེ་རྗེས་བྱེ་འདམ་གྱིས་བརྡེག་ནས་ཐང་དང་རྒྱལ་རབས་ལྔའི་ཆན་ཆན་ཕུའུ་མཚོ་རྫིང་ཆགས་རྗེས། རིམ་བཞིན་བདེ་ཐང་དུ་གྱུར།

ཅང་ཀན་ཆུས་ནི་ཆན་ཐང་གཙང་བོའི་འཕྲེད་བསགས་བདེ་ཐང་དུ་གཏོགས་ལ། ས་བབ་ཁོད་སྙོམས་པ་དང་། ས་ངོས་ཀྱི་རང་བྱུང་ཚད་གཞི་ནི་སྨི5.2-6.2ཡིན་ལ། ས་ངོས་མན་གྱི་སྨི5.14ཡི་ཁྱབ་ཁོངས་སུ་ཕྱེ་མ་དང་ཕྱེ་ཞིབ་ཡིན། སའི་སྙུགས་ཤུགས་ནི100-120kpaཡིན་པ་དང་། བཟོ་ལས་དང་དམངས་སྤྱོད་འཛུགས་སྐྲུན་གྱི་རང་བྱུང་རྩིག་རྨང་དུ་སྤྱོད་ཆོག ས་གཞི་ཆེན་པོའི་ཆགས་སྟངས་སྟབས་བདེ་བ་དང་། ས་ཤུན་བརྟན་པོ་ཡོད་པ། གནོད་འཚེ་ཆེན་པོ་མེད་པའི་ས་ཡོམ་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་གྱི་ཡོད།

3_2 ཆུ་རྒྱུ།

ས་འོག་གི་ཆུ་གནས་ནི་ཆུས་ནང་ཁུལ་གྱི་ཆུ་ལམ་གྱི་ཆུ་གནས་དང་བསྟུན་ནས་ཡར་འཕར་བ་དང་། ཆུ་གནས་མཐོ་ཚད་སྨི4ཡིན་པ་དང་། རུལ་བསླད་རང་བཞིན་མེད། ཆན་ཐང་གཙང་བོའི་ཆ་སྙོམས་ཀྱི་དམའ་རླབས་ལ་སྨི3.74ཡོད་པ་དང་། ཆ་སྙོམས་ཀྱི་མཐོ་རླབས་ལ་སྨི4.35ཡོད།

3_3 ནམ་ཟླ།      

ཅང་ཀན་ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད16.27℃ཡིན་པ་དང་། ཆ་སྙོམས་བརླན་ཚད68%ཡིན། ལོ་རེར་ཆ་སྙོམས་ཆར་པ་ཧའོ་སྨི1452.5འབབ་པ་ཡིན། ལོ་རེར་ཆ་སྙོམས་ཉི་འོད་ཆུ་ཚོད1899.9ཕོག་པ་དང་། ལོ་ཧྲིལ་པོའི་རླངས་པར་འགྱུར་ཚད་ཧའོ་སྨི1235.3ཟིན་གྱི་ཡོད།  ལོ་རེར་སད་མེད་དུས་ཉིན248ཡོད། ལོ་འཁོར་མོར་རླུང་ཕྱོགས་གཙོ་བོ་ཤར་ལྷོའི་རླུང་ཡིན། ནམ་ཟླ་དྲོ་ཞིང་ཉི་འོད་ཕོག་པ། དུས་བཞི་མངོན་པར་གསལ་བ། ཆར་ཆུ་འབེལ་བ། འཁྱགས་སྐྱོན་མེད་པ་སོགས་ཀྱི་གནོད་འཚེ་མེད་པའི་ནམ་ཟླ་ཡིན་པ་རེད།

3_4 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་ཏུ། ཅང་ཀན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི77.2ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི3.1འཕར་ཡོད། སྤྱི་བདེ་སྡེ་ཚན་གྱིས་ཐོ་འགོད་བྱས་པའི་ཐེམ་ཐོའི་མི་འབོར་ཁྲི44.5ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི2.4འཕར་བའི་ནང་སྐྱེས་པ་ཁྲི22.0དང་བུད་མེད་ཁྲི22.5ཡོད་པ་རེད། ཐེམ་ཐོའི་མི་འབོར་ལྟར་བགོས་པའི་ཕོ་མོའི་བསྡུར་ཚད་ནི97.36:100ཡིན། ལོ་ཧྲིལ་པོར་མི7515སྐྱེས་པ་དང་། ཐེམ་ཐོའི་མི་འབོར་ལྟར་རྩིས་བརྒྱབ་ན་སྐྱེ་ཚད17.35%ཟིན་པ་དང་ཤི་ཚད10.02%ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད7.33%ཡིན་པ་རེད། 

4 དཔལ་འབྱོར།

སྤྱི་ལོ2017ལོར། ཅང་ཀན་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར614.3བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན། ལོ་གོང་མ་ལས5.0%འཕར་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་0.7ཟིན་ནས60.2%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར125.9ཟིན་ནས1.4%ཆག་པ་རེད། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར487.7ཟིན་ནས6.8%འཕར་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར81203ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན0.8%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི་0.1:21.8:78.1ནས་0.1:20.5:79.4བར་ལེགས་སྒྲིག་བྱས་ཡོད།

སྤྱི་ལོ2017ལོར། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར159.5ལེགས་གྲུབ་བྱུང་ནས11.7%འཕར་བ་དང་། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར88.0ཟིན་ནས8.6%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་འགྲོ་སྒོ་སྒོར་དུང་ཕྱུར65.0ཡིན་པས21.5%འཕར་ཡོད། ཞིང་ཆེན་དང་གྲོང་ཁྱེར་གྱི་ཁ་གསབ་འགྲོ་སྒོ་སྒོར་དུང་ཕྱུར7.6ཕུད་རྗེས་ཁེར་གཙང་འགྲོ་སྒོ་སྒོར་དུང་ཕྱུར57.4ཟིན་པས20.1%འཕར་ཡོད།     གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱས་ཚད1.7%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ལས་གནས་43617གསར་འཕར་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ31892གསར་འཕར་བྱུང། ལས་ཤོར་མི་སྣ15221སླར་ཡང་ལས་ཞུགས་ཐུབ་པ་བྱུང་བ། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ3802ལས་ཞུགས་ཐུབ་ཡོད། ལས་ཞུགས་ལོ་ནའི་དུས་མཚམས་སུ་ལས་ཞུགས་ནུས་པའི(ལས་ཞུགས་རེ་འདུན)དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་ཚད་ཀྱིས98.4%ཟིན་ཡོད་པ་རེད།

5 སྤྱི་ཚོགས་ལས་དོན།
5_1 ཚན་རྩལ་ལས་དོན།

2017ལོ་བར་ཅང་ཀན་ཆུས་རིམ་པའི་ཚན་རིག་ལག་རྩལ་གྱི་འགྲོ་གྲོན་སྒོར་ཁྲི65568བཏང་བ་དེས་ཆུས་རིམ་པའི་ནོར་སྲིད་ཀྱི་འགྲོ་སྒོའི་བསྡོམས་འབོར་གྱི11.4%བཟུང་བའི་ནང་ཚན་རྩལ་རྣམ་གྲངས་གསུམ་གྱི་འགྲོ་གྲོན་སྒོར་ཁྲི57537བཏང་བ་དེས་རིམ་པ་དེ་གའི་ནོར་སྲིད་ཀྱི་འགྲོ་སྒོའི10.0%བཟུང་ཡོད། ཁེ་ལས་དང་བྱ་གཞག་ཚན་པས་གྲོང་ཁྱེར་རིམ་པ་ཡན་གྱི་ཚན་རྩལ་རྣམ་གྲངས43བཙུགས་ནས་གྲོང་ཁྱེར་རིམ་པ་ཡན་གྱི་འགྲན་རྩོད་རང་བཞིན་གྱི་བགོ་འགྲེམས་མ་དངུལ་སྒོར་ཁྲི1861བརྩོན་ལེན་བྱས་ཡོད། ཆུས་ཡོངས་སུ་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད་ཁག3119དང་ཁེ་བེད་བདག་ཐོབ་སྤྲོད་དབང་ཁག1638ཡོད་པ་རེད། གསར་གཏོད་ལས་གཏོད་ཀྱི་གཞི་རྟེན20ཡོད་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི18ཡོད་པ་རེད། ཞིང་ཆེན་རིམ་པའི་ཀུན་གཏོད་བར་མཐོངས2དང་གྲོང་ཁྱེར་རིམ་པའི་ཚན་རྩལ་གསོ་སྦྱོང་ཡོ་བྱད1མང་དུ་ཕྱིན་ཡོད།

5_2 སློས་གསོའི་ལས་དོན།

སྤྱི་ལོ2017ལོ་བར་ཅང་ཀན་ཆུས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ118ཡོད་པའི་ནང་སློབ་ཆུང28དང་། དམའ་རིམ་སློབ་འབྲིང9 ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ6 ལོ་བཅུ་གཉིས་རིང་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ1 མཐོ་རིམ་སློབ་འབྲིང་དཀྱུས་མ། ལས་རིགས་མཐོ་རིམ་སློབ་འབྲིང1 དམིགས་བསལ་སློབ་གསོའི་སློབ་གྲྭ1 བྱིས་སྐྱོང་གླིང71བཅས་ཡོད་པ་རེད། ཆུས་ཡོངས་ཀྱི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ(བྱིས་པ)91595ཡོད་པའི་ནང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ57012དང་། མཐོ་རིམ་སློབ་འབྲིང་གི་སློབ་མ1986 བྱིས་པ32597བཅས་ཡོད་པ་དང་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ4806ཡོད་པ་རེད། ལོ་ཧྲིལ་པོར་སློབ་གྲྭ་འཛུགས་སྐྲུན་རྣམ་གྲངས40ལག་བསྟར་བྱས་པ་དང་། སློབ་ཆུང(བྱིས་སྐྱོང་གླིང)10གསར་དུ་བཙུགས་པ། རིམ་པ་དང་པོའི་བྱིས་སྐྱོང་གླིང4གསར་དུ་བསྣན་ཞིང་། ཞིང་ཆེན་རིམ་པའི་བུ་བཅོལ་ཁང4གསར་དུ་བསྣན་ཡོད། ཀྲེ་ཅང་ཞིང་ཆེན་གྱི་འོས་འགན་སློབ་གསོའི་ཚད་ལྡན་ཅན་གྱི་སློབ་གྲྭའི་བསྡུར་ཚད100%ཟིན་ཡོད།

5_3 རིག་རྩལ།

སྤྱི2017ལོ་བར། ཅང་ཀན་ཆུས་སུ་མང་ཚོགས་རང་བཞིན་གྱི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་སྣ་ཚོགས512དང་། རིག་གནས་ཁང1 སྤྱི་པའི་དཔེ་མཛོད་ཁང1 དཔེ་མཛོད་ཁང་དུ་དཔེ་དེབ་རིགས་ཁྲི14.3བཅས་ཡོད་པ་དང་ཁྱོན་དེབ་ཁྲི41.2ཡོད་པ་རེད། གཞི་རིམ་གྱི་རིག་གནས་དང་ལུས་རྩལ་སྒྲིག་བཀོད་སྤེལ་ས50འཛུགས་སྐྲུན་བྱས་ཡོད། ལོ་ཧྲིལ་པོར་གཞི་རིམ་དུ་རིག་གནས་འཁྲབ་སྟོན་ཐེངས93བྱས་པ་དང་། རིག་རྩལ་བྱེད་སྒོ་སྣ་ཚོགས་ཐེངས3221སྤེལ་བ། སྤྱི་ཕན་གློག་བརྙན་ཐེངས1521བསྟན་པ་རེད། ལོ་ཧྲིལ་པོར་རིག་གནས་ཁྲོམ་ར་ནས་མི་ཐེངས1783ལ་ཞིབ་བཤེར་བྱས་པ་དང་། རིག་གནས་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བརྙན་འཕྲིན། ལུས་རྩལ་གཉེར་སྐྱོང་བྱེད་ས་བཅས་ཐེངས3013ལ་ཞིབ་བཤེར་བྱས། ཁྲིམས་འགལ་གྱོད་གཞི40ལ་ཞིབ་བཤེར་ཐག་གཅོད་བྱས། ཐེར་འདོན་ཞིབ་གཅོད་བྱེད་ཚད་དང་གྱོད་ཐག་བཅད་ཚད་ཀྱིས་ཆ་སྙོམས100%ཟིན་ཡོད།

5_4 འཕྲོད་བསྟེན།

2017ལོ་བར་ཅང་ཀན་ཆུས་སུ་ཕྱོགས་བསྡུས་སྨན་ཁང9དང་། ཆེད་ཚན་སྨན་ཁང7 ཆུས་ཁོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་འཕྲོད་བསྟེན་ལྟ་སྐུལ་སུའོ1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང1 སྒོ་བསྟེན་སྨན་བཅོས་ཁང109 སྨན་བཅོས་ཁང167 འཕྲོད་བསྟེན་ས་ཚིགས28 སྨན་དོན་ཁང24 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས8 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས59བཅས་ཡོད་པ་རེད། རིགས་ཁག་གི་ཆེད་ལས་འཕྲོད་བསྟེན་ལག་རྩལ་མི་སྣ8516ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ3159དང་ཐོ་འགོད་བྱས་པའི་སྨན་གཡོག3682སོ་སོར16.0%དང་། 16.3% 12.6%བཅས་འཕར་བ་དང་། མི་སྟོང་རེར་ལས་གཉེར་སྨན་པ་དཀའ་བཅུ་པ4.3རེ་ཡོད་པ་དེ16.8%ཆག་ཡོད།

5_5 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོ་བར། ཅང་ཀན་ཆུས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་ཁྲི32.4ཟིན་ནས་མི་ཁྲི5དངོས་སུ་འཕར་ཡོད་པ་རེད། ལོ་དེར་སྤྱི་ཚོགས་ཅན་དུ་འགྱུར་བའི་དོ་དམ་ཞབས་ཞུའི་ཁོངས་སུ་བཅུག་པའི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣ་ཁྲི10.3ཡོད། ལས་ཤོར་འགན་བཅོལ་གྱི་ཐོབ་ཐང་སྒོར་ཁྲི7230.3སྤྲད་པ་དེ་མི་ཐེངས་ཁྲི3.5དང་འབྲེལ་བ་ཡོད་པ་རེད།

6 འགྲིམ་འགྲུལ།

ཅང་ཀན་ཆུས་ནི་ཧྲང་ཧའེ་ནས་ཧང་ཀྲོའུ་རུ་བསྐྱོད་པ་དང་། ཀྲེ་ཅང་ཤར་རྒྱུད། ཀྲེ་ཅང་ནུབ་རྒྱུད་བཅས་ཀྱི་འགྲིམ་འགྲུལ་དྲ་བ་དང་སྦྲེལ་མཐུད་བྱེད་པའི“Y”རྣམ་པའི་རྟེན་ས་ཞིག་ཡིན་པ་དང་། ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། མཁའ་ལམ། ས་འོག་ལྕགས་ལམ་སོགས་སྟབས་བདེའི་འགྲིམ་འགྲུལ་སྣ་ཚོགས་ཡོད། ཧྲང་ཧའེ་དང་ཧང་ཀྲོའུ་ཡི་མྱུར་བགྲོད་གཞུང་ལམ་དང་། ཧང་ཀྲོའུ་ཡི་མྱུར་བགྲོད་གཞུང་ལམ་དང་ཧང་ཀྲོའུ་ཡི་གྲོང་སྐོར་གཞུང་ལམ་བཅས་ཚང་མ་ཅང་ཀན་དུ་འཛོམས་ཡོད་པ་དང་། ཆན་ཅང་ཟམ་པ་གཉིས་པ་དང་། ཟམ་པ་གསུམ་པ། ཟམ་པ་དྲུག་པ་བཅས་ཀྱི་འཕྲེད་ཕྱོགས་སུ་ཆན་ཅང་གཙང་པོའི་ངོགས་གཉིས་སུ་ཁྱབ་ཅིང་། ཧྲི་ཏ་དང་། ཏེ་ཧྲེང་། ཧོན་པེ་ནས་ཧྲན་ཧྲན་བར་གྱི་མྱུར་བགྲོད་གཞུང་ལམ་ཕྱོགས་སུ་ཁྱབ་ཅིང་། ཆིའུ་ཧྲི་དང་ཏུང་ཧུའུ་ཡི་མྱུར་བགྲོད་ལམ་རྒྱུད་དུ་ཆུས་ཡོངས་སུ་ཁྱབ་ཡོད།

7 ལྗོངས་རྒྱུའི་ས་གནས།

ལྗོངས་རྒྱུའི་ས་གནས་ལ་ཞཱ་ཡན་གྱི་སྐུ་ཡུལ་དང་ཅན་ཆའོ་ཀྲུང་དབྱང་མཁའ་འགྲུལ་སློབ་གྲྭའི་གནའ་ཤུལ་སོགས་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-12

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།